སྟག་སྨྱོན་གྱིས།
——–
བོད་ཀྱི་མཛངས་མ་འགྲན་སྡུར་གྱི་ལས་འགུལ་འདི་ཚད་ལྡན་ཡོང་ཆེད། ད་ལྟའི་གོ་སྒྲིག་བྱེད་མཁན་བློ་བཟང་དབང་རྒྱལ་ཟེར་བ་འདི་བོད་པའི་སྤྱི་ཚོགས་ནང་བག་ཆགས་དང་བྱ་སྤྱོད་ཆེས་མི་ལེགས་པའི་མི་ཐ་ཤལ་ཞིག་ཡིན་སྟབས། ཡིད་དུ་འོང་ཞིང་མཛེས་སྡུག་ལྡན་པའི་ལས་འགུལ་འདི་བཞིན་ལོ་རེ་བཞིན་ཆེས་ཉམས་ཐག་གི་རྣམ་པ་ཞིག་གི་འོག་ནས་ཚོགས་ཀྱི་འདུག་པས་གོ་སྒྲིག་བྱེད་མཁན་བརྗེ་དགོས། གོ་སྒྲིག་བྱེད་མཁན་ཚད་ལྡན་མེད་པའི་དབང་གིས་ལས་འགུལ་ཡག་པོ་ཡོང་གི་མེད་པ་ཕར་བཞག་ནས། ཕྱི་ནང་གི་མི་རིགས་ཚང་མར་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་ལས་འགུལ་འདི་བཞིན་ལམ་ལྷོངས་ཡོང་གི་མེད་པ་བོད་གཞུང་དང་བོད་མིའི་ཚོའི་སྤྱི་ཚོགས་གུ་དོག་དྲག་པས། བུ་མོ་ཚོའི་ཐོག་གནོན་ཤུགས་ཆེ་བ་དང་བུ་མོ་ཚོའི་བསམ་བློ་དམའ་དྲགས་པ་སོགས་ཀྱིས་འགྲན་བསྡུར་ནང་ཞུགས་མཁན་མེད་ལུགས་དང་། ཞུགས་ཁ་ཤས་ཡོད་པ་ཚོ་ཕ་མ་འགྲམ་ན་མེད་མཁན་དང་ཡང་ན་བུ་མོ་འཁྲེབ་ཏོ་ཚོ་ལས་བུ་མོ་ཚད་ལྡན་ཞིག་འགྲན་སྡུར་དེའི་ནང་ཞུགས་ཀྱི་མེད་སྐོར་གང་སར་ཁྱབ་འདུག་པས་། བློ་བཟང་དབང་རྒྱལ་གྱིས་ལས་དོན་ཡག་པོ་ཡོང་གི་མེད་པ་བོད་མིའི་སྤྱི་ཚོགས་ལ་འགེལ་བཞིན་པའི་ནག་ཉེས་འདི་སྣང་མེད་དུ་འཇོག་མི་འོས་པ་མཐོང་། ལྷག་པར་བུད་མེད་ཚོའི་མཛེས་སྡུག་དང་མཁས་རྩལ་འགྲན་སའི་ལྡིང་ཆ་འདི་བཞིན་བློ་བཟང་དབང་རྒྱལ་གྱི་ལག་ནས་རྩེད་སྤྱད་བྱེད་དུ་བཅུག་ནས་འཇོག་མི་འོས། དེའི་ཕྱིར་ལས་དོན་འདི་ངེས་པར་བོད་མིའི་ཚད་ལྡན་གྱི་ཚོགས་སྡེའམ་གང་ལྟར་འགྲན་སྡུར་འདི་བཞིན་བཟི་བརྗིད་དང་སྤོབས་པ་ལྡན་པའི་སྒོ་ནས་གོ་སྒྲིག་བྱེད་ཐུབ་མཁན་ཞིག་ལ་རྩིས་སྤྲོད་དགོས་ཀྱི་འདུག ད་ལྟ་གོ་སྒྲིག་བྱེད་མི་ཆེས་ཐ་ཤལ་དང་སྤྱི་ཚོགས་ནང་བག་ཆགས་ཡག་པོ་མེད་སྟབས། བུ་མོ་ཚད་ལྡན་ཞིག་དེའི་ནང་ཞུགས་རྒྱུར་ངོ་ཚ་དང་ཞེད་སྣང་བྱེད་ཀྱི་ཡོད་པ་རེད། བོད་མིའི་སྤྱི་ཚོགས་ཀྱི་དགའ་བསུ་ལས་འགོག་རྐྱེན་བྱེད་མི་སྲིད།
བོད་མིའི་སྤྱི་ཚོགས་ཀྱིས་གོ་སྒྲིག་བྱེད་མཁན་བློ་བཟང་དབང་ལ་ལྟ་སྟངས་ཡག་པོ་མེད་པ་དང་ཡིད་མ་ཚིམ་པ་ལས། མཛེས་མའི་འགྲན་བསྡུར་ལ་མ་དགའ་བ་མ་ཡིན་པ་བདེན་དཔང་བྱེད་ཆེད་དང་། གོ་སྐབས་འདི་བཞིན་བོད་ཀྱི་བུ་མེད་ཚོའི་ཆེད་དུ་ཚད་ལྡན་ཡོང་ཆེད་གོ་སྒྲིག་བྱེད་མཁན་བརྗེ་དགོས་ཀྱི་འདུག དེ་ནི་བོད་ཀྱི་བུད་མེད་ཚོའི་ཐོབ་ཐང་ཨང་དང་པོ་ཞིག་རེད་འདོད། འདིར་ཕྱོགས་ཙམ་ལས་རྒྱས་པ་མཆན་བུ་ནང་ག་ལེར་གླེང་ཆོག གང་ཡིན་ཟེར་ན་དེ་རིང་ངས་ཡོས་ཏྲུབ་ནང་བོད་མིའི་སྤྱི་ཚོགས་དང་བོད་གཞུང་གི་གནོན་ཤུགས་འོག་ལས་འགུལ་འདི་ལམ་འགྲོ་ཡོང་གི་མེད་པའི་སྐྱོན་བརྗོད་བྱེད་བཞིན་གོ་ནས་འདི་བྲིས་ཡིན། དེ་ནི་རྦད་དེ་དཀར་ནག་གོ་ལྡོག་གི་སྐད་ཆ་ཞིག་རེད།
ཕོ་གསར་ཚོའི་མཇེ་ཆེ་ཆུང་གི་འགྲན་བསྡུར་ཞིག་བྱས་ན་ཅི་འདྲ་འདུག དེའི་ནང་ཆོལ་ཁ་གསུམ་དང་ཆོས་བརྒྱུད་བཞི་གཡང་དྲུང་བོན་དང་བཅས་པའི་སྐུ་ཚབས་འདུས་པ་ཞིག་དགོས་པ་འདྲ། སྤྲུལ་སྐུ་གྲགས་ཆེན་ཚོ་དེའི་ནང་ཞུགས་པར་དམིགས་བསལ་ཡོད།
ཧཧཧཧ ད་ཡིན་ན་མགོན་པོ་ཕྱག་གཉིས་བས་གསུང་འདུག དངོས་ནས་སྐད་ཆ་འདི་འདྲ་བཤད་དེ་ཉིན་མ་གཏོང་དགོས་པ་ལོས་ཡིན་འདོད། མགོན་པོ་ཕྱག་གཉིས་བ་ལ་གུས་བས་མདུད་་་་་
སྟག་སྨྱོན་དེ་རིང་ང་ལ་བྲེལ་བ་ཡོད། རྗེས་སུ་ཐུག་ཡོང་
མགོན་པོ་ཕྱག་གཉིས་ཁྱེད་ཀྱི་སྨྲ་བརྗོད་རང་དབང་རིན་ཐང་ལྡན་པའི་སྒོ་ནས་བེད་སྤྱོད་གཏོང་མིན་དོ་བདག་གི་འདོད་པ་རེད། འོན་ཀྱང་སྐད་ཆ་ཁྱིའི་སྐྱག་པ་འདྲ་བོ་རྐྱང་བཤད་ནས་དུས་ཚོད་ཆུད་ཟོས་བཏང་བར་དགོས་པ་གང་ཡང་མེད་པ་འདྲ།
བློ་བཟང་དབང་རྒྱལ་གྱི་བྱེད་སྟངས་འགྲིག་མི་འདུག་ཅེས་མི་མང་གིས་སྐད་ཅོར་རྒྱག་རུང་བ་ཞིག་རེད། འོན་ཀྱང་མི་མང་གི་སྐད་ཅོར་ནི་སྐད་ཅོར་རང་རེད། ང་ཚོའི་སྤྱི་ཚོགས་ནང་མི་སྒེར་གྱི་བྱེད་ཕྱོགས་ནོར་བ་ལ་བརྟེན་ནས་སྤྱི་པ་ལ་དོ་ཕོག་འགྲོ་བ་དེའི་གྲས་མང་པོ་ཡོང་གི་ཡོད། ང་ཚོ་ལ་འདི་ལ་སྟངས་འཛིན་བྱེད་མཁན་ཞིག་མེད་པ་རེད། གྲོས་ཚོགས་ཀྱི་ཐོག་ནས་འདི་དག་ལ་ཚུལ་མཐུན་གྱིས་གླེང་སློང་དང་བཅོས་སྒྲིག་གནང་ཐུབ་ན་ཡང་ལེགས་ཆ་ཡོད་པ་རེད་སྙམ།
བློ་བཟང་དབང་རྒྱལ་ཀུན་སྤྱོད་ཐ་ཤལ་གྱི་མི་ཞིག་ཡིན་ཕྱིར་བོད་ཀྱི་འཛངས་མ་འགྲན་སྡུར་གྱི་བྱེད་སྒོ་འདི་བཞིན་ཆུད་ཟོས་སུ་སོང་འདུག་པས། འདི་ནི་བོད་ཀྱི་བུ་མེད་དང་བཙན་བྱོལ་བོད་མའི་སྤྱི་ཚོགས་ལ་མཚོན་ན་ཕམ་ཁ་དང་གྱོང་གུད་ཆེན་པོ་ཞིག་རེད། ལྷག་པར་དུ་བུད་མེད་ཚོའི་གོ་སྐབས་ཆེན་པོ་ཞིག་ཤོར་ཡོད་པ་མཐོང་། དེ་ནི་བློ་བཟང་དབང་རྒྱལ་གྱི་ཀུན་སྤྱོད་དང་འཛངས་མ་འགྲན་སྡུར་གྱི་དམིགས་ཡུལ་གཉིས་དག་དག་རྒྱབ་འགལ་ཏུ་ཕྱིན་ཡོད་པའི་རྒྱུ་མཚན་གྱི་རེད། སྤྱིར་བྱེད་སྒོ་འདི་ནི་དགེ་མཚན་སྣ་ཚོགས་ལྡན་པའི་དང་རབས་ཀྱི་འཚོ་བའི་ཆ་ཤེས་ཆེས་ཡིད་དུ་འོང་བ་ཞིག་རེད། ཅི་ཕྱིར་འདི་བཞིན་ཤི་མིན་གསོན་མིན་ངང་ལུས་པ་རེད་དམ།
དེང་ཐོག་ལས་གཞི་འདི་བློ་བཟང་དབང་རྒྱལ་ཁོ་རང་བརྩམ་པ་རེད་དམ། ཡང་ན་གཞུང་གི་བཀའ་གྲོལ་འོག་ཁོ་རང་ལ་གོ་སྐབས་དེ་འདྲ་ཞིག་རེག་པ་ཡིན་ནམ། དེ་སུས་གསལ་བོ་ཤེས་ཀྱི་ཡོད་དམ།
ངས་སྨྲ་བརྗོད་རང་དབང་དགའ་སྣང་ཆེན་པོ་དང་རིན་ཐང་ལྡན་པའི་ངང་བེད་སྤྱོད་གཏོང་གི་ཡོད། ངའི་སྨྲ་བརྗོད་འདི་དག་འགའ་རེའི་སྣང་ངོར་བདུད་རྩི་དང་འགའ་རེའི་སྣང་ངོར་ཁྱི་སྐྱག་ཡིན་པ་མ་བཤད་སྔོན་ནས་ངས་ཤེས་ཡོད། དེ་ནི་ཀློག་མཁན་ཚོའི་བསོད་ནམས་དང་བློ་དཀྱེལ་ཆེ་ཆུང་ལ་ཐུག་པ་ཞིག་རེད།
ངས་ཁྱེད་རང་ནང་བཞིན་མི་རབས་གསུམ་པས་ཨ་མ་ལ་རྒྱོ་ཟེར་བ་དེ་འདྲ་བཤད་མེད།
ཨ་ལེ།བློ་བཟང་དབང་རྒྱལ་གྱིས་སྤྱོད་པ་ཐ་མལ་བ་ག་རེ་བྱས་པ་རེད། དེ་ཚོ་འདིར་ཁོད་དང་དེ་ནས་དེའི་སྐོར་བགྲོ་གླེང་བྱེད་ཆོག
སྤྱིར་དབང་རྒྱལ་གྱི་ལོ་རྒྱུས་སྙིང་བོ་བསྡུས་ན་འདི་འདྲ་རེད། བྱ་བརྒྱའི་ཁ་ཡར་ལ་འཁོར་ནས་འཕུར་དུས། བྱེའི་འཕོང་བའི་ཁ་ཐུར་ལ་འཁོར་ནས་འཕུར་མཁན་ཞིག་རེད། ཁོའི་སྐོར་ལ་མང་པོ་བྲིས་ནས་སྡུག་དག་དོན་ཨེ་འདུག
སྤྱིར་བཏང་གི་བློ་བཟང་དབང་རྒྱལ་གྱི་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་མ་དངུལ་དེ་དག་གང་ནང་བྱུང་བ་ཡིན་མིན་ཤེས་ཀྱི་ཨེ་ཡོད། ཁོ་རང་སྒེར་ངོས་ནས་ཐབས་ཤེས་བྱས་པ་ཞིག་རེད་འདུག་གམ། ཡང་ན་བོད་གཞུང་གི་རོགས་དངུལ་ཐོབ་པ་ཞིག་རེད་འདུག་གམ། དེ་སུས་ཤེས་ཀྱི་ཡོད་ན་གསལ་བོ་ཞིག་བྲིས་དང་། དེ་ནས་ད་གཟོད་ངེད་ཅག་གི་ཁོ་རང་ལ་སྡོམ་ཚིགས་བརྒྱབ་ན་ཅི་འདྲ་རེད་འདུག
ཁོས་བོད་ཀྱི་འཛངས་མ་འགྲན་བསྡུར་གྱི་ཆེད་དུ་མ་དངུལ་ཐབས་འཚོལ་བྱེད་ཀྱི་ཡོད་པ་མརེད། ཁོས་བོད་ཀྱི་འཛངས་མའི་འགྲན་བསྡུར་སྤྱད་ནས་ཁོ་རང་གི་མ་དངུལ་བཟོ་གི་ཡོད་པ་རེད། དེ་ནི་དེ་ཙམ་གྱི་ཚབས་ཆེན་མིན་ཡང་ཁོས་བྱེད་སྒོ་འདི་བཞིན་སྤོབས་པ་དང་གཟི་བརྗིད་ལྡན་པ་གོ་སྒྲིག་བྱེད་མ་ཐུབ་པར་ཤི་མ་གསོན་དུ་ལུས་ཡོད་པ་རེད། ད་དུང་ཁོས་བོད་པའི་སྤྱི་ཚོགས་གུ་དོག་པ་དང་བསམ་བློ་དམའ་དྲགས་པ་སོགས་ཀྱིས་འགོག་རྐྱེན་བཟོས་པ་འདྲ་བོ་བཤད་ཀྱི་འདུག བཤད་སྟངས་འདི་ཐོག་ནས་བོད་པའི་སྤྱི་ཚོགས་ལའང་་ལྟ་སྟངས་སྐྱོ་བོ་བཟོ་གི་ཡོད་པ་རེད།
མཛེས་མའི་འགྲན་བསྡུར་ཐེངས་དང་པོའི་སྐབས་བུད་མེད་ཚོགས་པས་སྐད་འབོད་བྱས་པ་མ་རེད་དམ། ཟམ་གདོང་རིན་པོ་ཆེས་ཀྱང་དེ་ལ་ཡག་པོ་ཞིག་ལབ་མེད་བསམ་སོང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་དཔལ་ལྡན་རྒྱལ་གྱི་སྐྱེས་སྨན་སྔོན་མ་བློ་བཟང་ལ་དེའི་སྐོར་བཅར་འདྲིའི་སྐབས། དེ་ནི་བུད་མེད་རྣམས་བུམ་པའི་ནང་གི་མེ་ཏོག་བཞིན་བཤམས་སྟོན་བྱ་ཡུལ་དུ་གྱུར་པའི་གོམས་སྲོལ་རྙིང་པ་ཞིག་ཡིན་པ་ལྟ་བུ་ཞིག་བཤད་ནས་ཡག་པོ་བཤད་མ་སོང་། སྤྱི་ཚོགས་ནང་ཡང་དེ་ལ་ངན་གླེང་གང་འཚམས་སླེབས་པའི་ཚོར་སྣང་བྱུང་།
བོད་མི་རྣམས་ཡ་རབས་ཡིན་པས་ཡིན་ནམ་བསམ་བློ་གུ་དོག་ཡིན་པས་ཡིན་གང་ཡིན་མི་ཤེས་ཀྱང་ཁོ་ལ་རྒྱབ་སྐྱོར་བློ་ཁ་ཁེངས་པ་ཞིག་སླེབས་མེད་པ་ངོ་མ་རེད་བསམས། ཡིན་ན་ཡང་ད་བར་དུ་ཁོ་རང་གིས་ཐབས་ཤེས་འདྲ་མིན་བྱས་ནས་ཤུགས་བརྒྱབས་པ་རེད།
ད་ཆ་ཁོའི་སྤྱོད་པ་སྟག་སྨྱོན་གྱིས་བཤད་པ་བཞིན་ཐ་མལ་དུ་གྱུར་ཡོད་པ་བདེན་ན་ང་ཚོས་ཅི་བྱེད་དགོས་རེད། ཁོས་ཁྲིམས་འགལ་གྱི་བྱ་བ་བྱས་ཡོད་ན་ཁྲིམས་ཤིག་ལ་གཏུགས་ས་ཡོད་པ་རེད། དེ་མིན་ཁོ་རང་གིས་དེབ་སྐྱེལ་གྱིས་བཙུགས་བཞག་པའི་ལས་འགུལ་ཁང་དེ་ཕྱིར་བསྡུ་བྱེད་པའམ་གཞན་ཞིག་ཁོའི་ཚབ་ཏུ་བསྐོ་བའི་ཐོབ་ཐང་སུ་ལ་ཡོད་པ་རེད། དེ་ལ་ཞུས་ན་ཡག་པོ་མ་རེད་དམ། ངས་ནི་ས་ཐག་རིང་པོ་འདི་ནས་ཁོའི་སྐོར་གང་ཡང་ཤེས་ཀྱི་མེད།
སྐྱེས་པ་ཁྱེད་ཚོ་ལ་ཡོད་པ་ཁ་གསོན་པོ་ཞིག་རེད། ལས་ཀའི་སྒང་ལ་བབ་ན་སུས་་ཀྱང་འཇོན་གི་མེད་གི རང་གི་ལྟོ་གོས་ཀྱང་རང་གི་ཚོར་བ་བཙོང་ནས་ཉོ་གི་འདུག དབྱིན་མོ་ཚོའི་ཐུགས་དེ་སྤྲོ་ཕྱིར་རང་ཉིད་ཞབས་ཞུ་བ་ཆུང་ཆུང་ཞིག་ཡིན་པ་བརྗེད་དེ་ད་རུང་ལབ་རྒྱག་གི་འདུག
སྟག་སྨྱོན་ཟེར་བ་ལ། ཁྱེད་ཀྱི་བཤད་སྟངས་ཡིན་ན་མཛངས་མའི་འགྲན་བསྡུར་ནང་དུ་ཕ་མ་ཡོད་པ་དང་རྒྱབ་རྩ་ཡོད་པ ཡ་རབས་སྤྱོད་བཟང་རྐྱང་རྐྱང་ཡོང་དགོས་པ་ཨེ་རེད། ཕ་མ་འཁྲིས་ན་ཡོད་པའི་བུ་མོ་ཚང་མ་ཡ་རབས་དང་མཛངས་མ་རེད་དམ། དེས་ན་ལས་འགུལ་འདི་བོད་རང་བཙན་ཡིན་དུས་སྤེལ་ན་འགྲིག་ས་རེད་མ་གཏོགས་མི་རིགས་དང་རང་གི་སྤྱི་ཞོགས་ལ་འགན་ཁུར་བའི་བུད་མེད་དེ་ཚོ་ཕ་མ་རྒྱང་རིང་དུ་ཡོད་པའི་ད་ཕྲུག་མ་དེ་ཚོ་ཡིན་པ་ལས་ཕ་མའི་ལག་འོག་ན་དཀའ་སྡུག་གི་དྲི་མ་མི་ཚོར་བའི་བུ་མོ་དེ་ཚོ་མ་རེད མི་རིགས་ཟེར་ནས་ཤ་དང་རུས་པའི་གཏིང་ན་ན་ཟུག་ཡོད་མཁན་ཡང་ཕ་མ་རྒྱང་རིང་ན་ཡོད་པའི་བུ་མོ་ཚོ་རེད།
བོད་གཞུང་མ་གཏོགས་ཨ་རིའི་གཞུང་གིས་བོད྄ཀྱི་མཛངས་མའི་འགྲན་བསྡུར་བཙུགས་དང་བོད་རང་གི་དྲི་མ་དྲོ་བའི་བུ་མོ་ཡོད་གི་མ་རེད ཕྱུག་པོ་དང་དཔོན་པོའི་བུ་མོ་ཚོས་སྒང་ནས་འཕྲེད་བཤད་རྒྱག་གི་རེད། བོད་ལ་མ་གཞི་ནས་ཁེར་ཚིགས་ཀྱི་བསམ་བློ་མེད་དུས་དེའི་ནང་གི་བུད་མེད་བསམ་བློ་བ་ཉུང་ཉུང་རེད།
བློ་དབང་གི་ལས་འགུལ་ནོར་ཡོད་ན་ཁྱེད་ཀཐྱིས་ལས་ཀ་དེ་མ་ནོར་བ་ཞིག་བཟོས་ན་འགྲིག་གི་རེད བོད་གཞུང་གིས་རགྱབ་སྐྱོར་བྱེད་ནི་ཞིག བུད་མེད་ཚོགས་པས་ཁས་ལེན་ནི་ཞིག བུད་མེད་ཚོགས་པས་བོད་རིགས་བུད་མེད་སྤྱིའི་ཉམས་དམའ་བའི་ཆ་མ་མཐོང་བར་སྲིད་སྟེགས་ན་རྒྱལ་ཁབ་སྐྱོང་གི་ཡིན་ཟེར་གི་ཡོད་པ་རེད། རྒྱལ་ཁབ་སྐྱོང་ན་མི་རབས་གསར་བའི་ཨ་མ་དག་ལ་ཤེས་རིག་དང་སློབ་གསོའི་ཐད་ནས་རོགས་རམ་གནང་དང་།
ངས་ལྟོས་ན་སྟག་སྨྱོན་གྱིས་སྤྱི་ཚོགས་ནང་གི་མི་ཞིག་བྱེད་པ་དེ་ལས་སླ་བོ་མཐོང་གི་ཡོད་པར་སྣང་ དམིགས་བསལ་གྱིས་བོད་ཀྱི་སྤཡི་ཞོགས་ནང་གི་མི་བྱ་རྒྱུ་ལས་སླ་བོ་མིན་འདུག་ཡ
ཕྱག་གཉིས་ཀྱི་བརྗོད་སྟངས་འདི་ངའི་བསམ་ཚུལ་གྱི་རྒྱབ་སྐྱོར་ཡིན་མིན་ལ་མ་ལྟོས་པར་བརྗོད་སྟངས་ཡག་པོ་ཞིག་རེད་འདུག གང་ལྟར་འགྲན་སྡུར་འདི་ཐོག་མར་འཛུགས་སྐབས་བཙན་བྱོལ་སྤྱི་ཚོགས་ཀྱི་ངོས་ནས་རྒྱབ་སྐྱོར་འདོད་ཁེངས་མ་བྱས་པ་བདེན་ཤས་ཆེ། དེ་ལ་རྒྱུ་མཚན་ཆེན་པོ་གཉིས་མཐོང་གི་འདུག དང་པོ་བྱེད་སྒོ་གསར་བ་ཞིག་སྤེལ་དུས་དེ་ལ་བསམ་ཚུལ་མི་མཐུན་ཡོང་བ་ཆོས་ཉིད་རེད། འོན་ཀྱང་བྱེད་སྒོ་དེ་ངོ་མ་དགའ་བསུ་འོས་པ་ཞིག་ཡིན་ན་རིམ་པས་བསམ་ཚུལ་མི་མཐུན་དེ་མིག་མཐོང་གི་དངོས་པོའི་སྟོབས་ཀྱིས་སེལ་འགྲོ་གི་རེད། འཛངས་མའི་འགྲན་སྡུར་ལ་ལྟ་སྟངས་ངན་པ་མུ་མཐུད་རྒྱུན་གནས་བྱུང་དོན་རྒྱུ་མཚན་གཉིས་པ་དེ་སྟོབས་ཆེ་དྲགས་པའི་དབང་གིས་རེད། དེ་ནི་བྱེད་སྒོ་སྤེལ་མཁན་གྱི་གང་ཟག་ལ་སྤྱི་ཚོགས་ནང་ངོས་ལེན་དང་དགའ་བསུ་མེད་པའི་བསམ་བློ་ཤུགས་ཆེན་པོ་ཡོད་པ་དེ་ལ་ཐུག་ཡོད་པ་རེད། བློ་བཟང་དབང་རྒྱལ་བོད་མིའི་སྤྱི་ཚོགས་ནང་ངོ་མི་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་སྲིད། འོན་ཀྱང་ཁོ་དེ་ལྟར་ཚང་མས་ངོ་ཤེས་པ་ཞིག་ཏུ་གྱུར་སྟངས་ཡ་རབས་ཀྱི་ལས་ཀ་ཞིག་བྱས་པ་ལ་བརྟེན་ནས་མིང་གྲགས་བྱུང་བ་མ་ཡིན་པར། ཧམ་པ་དང་འཆལ་སྤྱོད་ཁོ་ན་ལ་བསྟེན་ནས་སྤྱི་ཚོགས་ནང་གོ་གནས་ལོན་མཁན་ཞིག་ཡིན་སྟབས། ཚད་ལྡན་གྱི་མི་སུ་གཅིག་གིས་ཀྱང་ཁོས་ཡ་རབས་དང་སྤྱི་ཕན་གྱི་ལས་ཀ་ཡག་པོ་ཞིག་སྒྲུབ་སྲིད་སྙམ་པའི་ཡིད་ཆེས་ཡོད་པ་མ་རེད། དེའི་ཕྱིར་ཁོ་དང་ཁོའི་ལས་ཀ་ག་རེ་ཡིན་ནའང་དགའ་བསུ་དང་ཡིད་ཆེས་མི་བྱེད་ལ་རྒྱབ་སྐྱོར་དང་དགའ་བསུ་མེད་ན་ལས་དོན་གང་ཡང་འགྲུབ་ཁག་པོ་རེད། དེའི་ཕྱིར་འཛངས་མའི་འགྲན་སྡུར་འདི་བཞིན་ལམ་ལྷོངས་དང་གཟི་བརྗིད་ལྡན་པའི་སྒོ་ནས་སྤེལ་དགོས་ན་སྤྱི་ཚོགས་ཐོག་དུས་རྒྱུན་ནས་ངོས་ལེན་དང་དགའ་གུས་ཡོད་མི་ཞིག་གིས་སྤེལ་དགོས་རྒྱུ་གལ་ཆེ་སྙམ།
མི་རབས་གསུམ་པར་ཨ་མར་རྒྱོ་ཟེར་བ་དེ་ཧ་ཅང་གི་ཚིག་སྡུག་སྐྱག་ཅིག་རེད། འོན་ཀྱང་ངས་མི་རབས་གསུམ་པར་དེ་ལྟར་ཟེར་དོན་མི་འདི་ཚོར་བསླབ་བྱ་ཡག་པོ་བརྒྱབ་ན་ངོས་ལེན་བྱེད་མཁན་རིགས་མ་རེད། དེང་རབས་དང་གསར་བ་ཟེར་ནས་གང་ལྟར་མི་མཐུན་པ་ཞིག་བྱེད་འདོད་པ་མི་འདི་ཚོའི་མཐུན་མོང་གི་བསམ་བློ་ཞིག་རེད། དེའི་ཕྱིར་ཁོ་ཚོ་ལས་ལྷག་པའི་མ་རབས་ཀྱི་སྐད་ཆ་ཞིག་བཤད་པ་ཡིན་ན་ད་བཟོད་ཁོ་ཚོས་སེམས་ནང་གཞན་པ་ཚོས་མ་ལས་མ་གཏོགས་མ་ཤེས་པ་རེད་མི་འདུག་བསམ་ནས་ངོ་ཚའི་བསམ་བློ་ཞིག་སྐྱེས་སྲིད་པ་རེད། འདི་ནི་དུག་གཉེན་པོར་དུག་བསྟེན་དགོས་པ་དང་གཅིག་རེད།
ནོར་བཅོས། ་་་་་་་་་་་གཞན་པ་ཚོས་མ་རབས་མ་ལས་པ་མ་གཏོགས་མ་དྲན་པ་རེད་མི་འདུག་བསམ་ནས་ངོ་ཚ་གསར་བ་ཞིག་སྐྱེས་སྲིད།
གནམ་ལོ་གསར་བའི་ནང་ཀླུ་སྨྱོན་གྱི་སྨྱོ་དྭངས་ནས་མི་རིགས་ཀྱི་ཁེ་ཕན་ལ་སྨན་པའི་བསམ་ཚུལ་ཚང་མ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ། དེ་ལྟར་བྱུང་ན་གུས་པ་རྩོམ་པ་པོའི་གྲས་སུ་ཚུད་རྒྱུའི་རེ་བ་མེད་ཀྱང་ཀློག་པ་པོ་ཞིག་བྱེད་སྲིད། འདོད་པ་མེད་སར་གདོང་ལེན་པ་ངར་མ་ཞིག་ཏུ་འགྱུར་བའི་ཡིད་ཆེས་ཡོད། ཁྱེད་ཚོའི་དམིགས་ཡུལ་དང་སྒྲིག་གཞི་དྲ་ཐོག་ལ་དང་པོ་ནས་གཏོང་རོགས། ངས་མཐོང་དགོས་ཀྱི་འདུག
རང་གི་བསམ་ཚུལ་དང་མི་ཐུན་པར་ཐད་ཀད་གདོང་ལ་བུད་ནས་བཤད་ཕོད་མཁན་གྱི་ཨ་མདོའི་བུ་མོ་སྤོབས་པ་ཅན་པོ་ཁྱེད་ལ་བསྔགས་བརྗོད་ཞུ། ཁྱེད་ཀྱིས་བསམ་པར་བློ་དབང་གི་བྱ་སྤྱོད་ཀྱི་དབང་གིས་བྱེད་སྒོ་འདི་ལ་དོ་ཕོག་སྣ་གཅིག་ཡོང་གི་མེད་པའི་ཡིད་ཆེས་ཡོད་དམ། མུ་མཐུད་ན་ཆུང་བུད་མེད་འཛངས་མ་ཚོའི་ཐོབ་སྐལ་གྱི་གོ་སྐབས་ཆེན་པོ་འདི་བཞིན་མུ་མཐུད་བློ་དབང་གི་ལག་པ་ནས་ཤི་མ་གསོན་ཞིག་བྱས་ནས་ལྷག་ཀྱང་འགྱོད་པ་མེད་པ་ཡིན་ནམ། གོ་སྐབས་འདི་བློ་དབང་གི་ཐོབ་ཐང་ཞིག་རེད་དམ་ཡང་ན་བོད་ཀྱི་བུད་མེད་ཚོའི་ཐོབ་ཐང་ཞིག་རེད་གསུངས་དང་། ངས་ལྟོས་ན་གོ་སྐབས་འདིའི་བདག་པོ་བོད་ཀྱི་བུད་མེད་ཚོ་ཡིན་པ་ལས་བློ་དབང་གི་ཐོབ་ཐང་ཞིག་མ་རེད་བསམ། ལས་འགུལ་འདི་ལེགས་འགྲུབ་ཀྱི་ཆེད་དུ་གོ་སྒྲིག་བྱེད་སྟངས་དང་བྱེད་མཁན་གཉིས་ཀ་བརྗེ་འདོད་མེད་དམ། ཁྱེད་ཀྱི་ཚིག་ཁ་ཤས་ལ་རྗེས་སུ་གསལ་བཤད་ཡོང་གི་རེད།
ཨ་མདོའི་བུ་མོ་ང་ཁྱོད་ལ་འདྲི་རྒྱུ་ཞིག་ཡོད། ཁྱེད་ཀྱིས་མཆན་བུ་ ༡༣ ནང་ “སྐྱེས་པ་ཁྱེད་ཚོ་ལ་ཡོད་པ་ཁ་གསོན་པོ་ཞིག་རེད། ལས་ཀའི་སྒང་ལ་བབ་ན་སུས་་ཀྱང་འཇོན་གི་མེད་གི རང་གི་ལྟོ་གོས་ཀྱང་རང་གི་ཚོར་བ་བཙོང་ནས་ཉོ་གི་འདུག དབྱིན་མོ་ཚོའི་ཐུགས་དེ་སྤྲོ་ཕྱིར་རང་ཉིད་ཞབས་ཞུ་བ་ཆུང་ཆུང་ཞིག་ཡིན་པ་བརྗེད་དེ་ད་རུང་ལབ་རྒྱག་གི་འདུག” ཟེར་བ་འདི་བློ་བཟང་དབང་རྒྱལ་ལ་ལབ་པ་ཡིན་ནམ། ཁོ་ལ་དེ་འདྲ་ལབ་ན་ཕྲིགས་སེ་རེད།
Gandhi and One World
http://www.youtube.com/watch?v=UE03ULLVPoI&feature=related
དྲ་གྲོགས་ཚོ་ཁྱེད་ཅག་གི་བློ་བཟང་དབང་རྒྱལ་གྱིས་སྤྱི་ཚོགས་མེ་ལོང་འདོན་ཐེངས་ཤིག་གི་སྟེང་དུ་གསར་འགོད་པས་དྲི་ལན་བཏབ་པ་ཞིག་ལ། ཁོས་ལོ་གཅིག་གི་ནང་དུ་བུ་མོ་འདྲ་མིན་བརྒྱ་ལྷག་ལ་ཆགས་པ་སྤྱད་རབས་བརྗོད་འདུག་པ་གོ་མྱོང་ངམ། ད་དུང་བོད་ནས་ཡོང་མཁན་གྱི་བུད་མེད་དེ་ཚོ་སྟུ་ཚ་བོ་ཡོད་རབས་གླེང་ཡོད་པ་གོ་ཨེ་མྱོང་།
བུད་མེད་བརྒྱ་ལྷག་ལ་ཆགས་པ་སྤྱད་ཡོད་པ་བདེན་ན་དེ་ཁོའི་འཇོན་ཐང་གི་དཔེ་མཚོན་ཞིག་རེད། ཁོས་དེ་ཡོངས་བསྒྲགས་བྱས་པ་དེ་ནི་ཁོའི་བློ་སྤོབས་ཀྱི་མཚོན་བྱེད་ཅིག་རེད། ཡིན་ན་ཡང་ཆགས་པ་སྤྱོད་རྒྱུར་བསླུ་བྲིད་དང་མགོ་སྐོར་བྱས་ཡོད་མེད་དེ་ཁོའི་རང་གཤིས་ངོ་མ་མཇལ་བྱེད་ཀྱི་ཚད་ཐིག་ཚད་ལྡན་དེ་མིན་ནམ།
བློ་བཟང་དབང་རྒྱལ་གྱི་ཐོག་ནས་ཁོའི་གྲོགས་པོ་ཚོ་དང་མི་འདྲ་བའི་ཁྱད་ཆོས་ཁ་ཤས་ཤིག་མཐོང་སོང་། དེ་ནི་ཁོ་བོད་ཀྱི་སྤྱི་ཚོགས་དང་ཁ་བྲལ་འདོད་མེད་པ་མ་ཟད། ད་དུང་ཁོས་བོད་ཡིག་གི་ཐོག་ནས་གསར་འགྱུར་དང་རྩོམ་འབྲི་བའི་འབད་བརྩོན་ཡང་བྱེད། ཁོང་གིས་རྟག་པར་མི་གཞན་པ་ཚོ་དང་མི་འདྲ་བའི་ཁྱད་ཆོས་ལོགས་ཀ་ཞིག་བཙལ་ཏེ། མི་ཚོགས་ཀྱི་དོ་སྣང་འགུག་ཐབས་བྱེད། དེ་ནི་ཁོའི་གྱོན་ཆས་ཀྱི་བཟོ་ལྟ་དང་དེའི་ཁ་དོག་གི་གདམ་ཀའི་ཐོག་ནས་ཀྱང་གསལ་བོར་མཐོང་ཐུབ། ཁོང་གི་རང་གཤིས་དེ་དང་ལྷག་པར་དུ་གཞན་ལ་ལྟོས་མི་དགོས་པའི་རང་དབང་གི་འདོད་པ་ཆེན་པོ་དེས། ཁོང་ལ་བོད་གཞུང་གི་ལྷན་ཁང་གང་རུང་གི་སྒྲིག་འོག་ཏུ་སྡོད་པའི་ལམ་ཁ་འགག་པར་གྱུར་ཡོད་པ་མ་ཟད། ཨ་མྱེས་རྨ་ཆེན་དུ་དམངས་གཙོ་ཚགས་པར་གྱི་གསར་འགོད་པ་བྱེད་དུས་བློ་དབང་གིས་གླུ་གར་གྱི་མཚན་ཚོགས་དེ་འདྲ་ནས་རྟ་མཆོག་སྒྲོག་ལས་ཤོར་བ་ལྟར་རང་དབང་གི་
རྩེད་འཇོ་ལ་རོལ་བར་བཀྲ་ཤིས་ཚེ་རིང་གི་ཁ་རྡུང་ཡང་ཡང་གསེད་མྱོང་བ་རེད་ཟེར། སྙིང་རྗེ། རྡ་རམ་ས་ལའི་སྤྱི་ཚོགས་ཀྱིས་ཁོང་ལ་སྡང་སྡིགས་ཡང་ཡང་སྟོན་མོད། ཁོང་དེ་དང་ཁ་བྲལ་མི་ཐུབ་པའི་བརྩེ་དུང་ཞིག་ཆགས་འདུག
མཛངས་མའི་འགྲན་སྡུར་ཐོག་མར་ཚུགས་སྐབས་སུ་དེ་ནི་བློ་བཟང་དབང་རྒྱལ་གྱི་བྱ་བ་སྤྱོད་པ་རེད་བསམ་ནས་དེ་ལ་དོ་སྣང་དང་དགའ་སྣང་གང་ཡང་མ་བྱས། ཡིན་ནའང་ཁོས་རླུང་འཕྲིན་ཐོག་ཏུ་བུད་མེད་ཞིབ་འཇུག་པ་བློ་བཟང་རབ་རྒྱས་ཀྱི་ཁ་གཏད་གཅོག་པ་གོ་ནས་བློ་དབང་ཁོ་འགྲིག་ཤག་བསམ་ཏེ། དེའི་སྐོར་ལ་རྩོམ་ཡིག་རེ་ཟུང་ཡང་བྲིས་མྱོང་། ཞིབ་ཕྲའི་གནས་ཚུལ་མི་ཤེས་མོད། ཕྱིའི་མཐོང་སྣང་ལ་མཛངས་མའི་ལས་དོན་འདིའི་སྐྱོན་བརྗོད་ཆེ་ཤོས་གཅིག་ནི། གཟུགས་བྱད་ངོམ་པར་ཆུ་འགྲམ་ནས་རྡ་སའི་མིག་ལམ་དུ་ཤོངས་དཀའ་བའི་ཁྲུས་ཞུགས་ཀྱི་ཆས་སྤྲས་པའི་ལེ་ཚན་དེ་རེད། དེ་ལ་ཁོང་གིས་མགོ་ནས་མཇུག་བར་དུ་ཨུ་ཚུགས་མཐའ་སྐྱེལ་གྱིས་སྤྱི་ཚོགས་ཀྱི་བསམ་ཚུལ་ལ་སྣང་མེད་བཏང་སོང་།
བློ་བཟང་དབང་རྒྱལ་ལ་མཛའ་བའི་ལས་ཀ་ཞིག་ལ་མཛངས་མའི་འགྲན་སྡུར་ཟེར་བ་འདི་ལས་ལྷག་ཅི་ཡང་མཐོང་མ་སོང་། ཁོས་ལས་འགུལ་འདི་བཀོད་སྒྲིག་བྱེད་པའི་ཐོག་ནས་ཁོའི་འདོད་པ་ཆེ་ཤོས་གཉིས་ཏེ། གཅིག་ནི་སྤྱི་ཚོགས་ཀྱི་དོ་སྣང་ཁོའི་ཐོག་ལ་འགུག་ཐུབ་པ་དང་། གཉིས་ནི་བུད་མེད་ཀྱི་སྐྱེས་གཟུགས་ལ་བརྟེན་ནས་ཚོང་ལས་གཉེར་རྒྱུ་དེ་རེད། ང་ཚོ་ནོར་ས་ནི་ཁོས་འགྲེལ་བཤད་བརྒྱབ་པ་ལྟར་ཁ་ཤས་ཀྱིས་འདི་ནི་ཆབ་སྲིད་ཀྱི་ལས་འགུལ་དང་། རིག་གཞུང་གི་ལས་སྒོ། སྤྱི་ཚོགས་ཀྱི་ཞབས་ཞུ་ལྟ་བུ་ཞིག་ཏུ་གོ་ནོར་དང་ཡང་ན་རེ་བ་བརྒྱབ་པ་དེ་རེད། དེ་ལྟར་ག་ལ་ཡིན་ཏེ། མཛངས་མའི་འགྲན་སྡུར་ཟེར་བ་འདིའི་ངོ་བོ་ནི་ཚོང་ལས་ཡིན་ཞིང་། འགྲན་སྡུར་དེར་ཞུགས་མཁན་ཚོ་ནི་མ་རྩ་རིང་ལུགས་ཀྱི་ཚོང་རྫས་ཡིན། དེ་མིན་ན་ཁོས་གོང་དུ་བཤད་པའི་གཟུགས་བྱད་ངོམ་པའི་ཚན་པ་དེར་དེ་འདྲའི་ཨུ་ཚུགས་བརྒྱག་དོན་ཅི་ཡིན་ནམ།
ལྕགས་རྒྱ། ཁྱེད་ཀྱིས་ ་་བློ་དབང་གི་འདོད་པ་ཆེ་ཤོས་གཉིས་་ དེ་ཁོང་གི་གཏམ་བརྗོད་དེ་འདྲའི་ནང་ནས་ཤེས་པ་ཡིན་ནམ་ཡང་ན་ཁོས་ཁྱོད་ལ་ཐད་ཀར་བཤད་པ་ཡིན། ཡང་ན་ཁྱེད་རང་གིས་ཁོ་ལ་དཔྱད་པ་བཏང་ནས་འདི་འདྲ་ཞིག་ཏན་ཏན་རེད་བསམ་ནས་རང་ཉིད་ཀྱི་སེམས་ངོར་ཤར་བ་ཡིན།
ལྕགས་རྒྱ། ཁྱེད་རང་གིས ་་མཛངས་མའི་འགྲན་སྡུར་ཟེར་བ་འདིའི་ངོ་བོ་ནི་ཚོང་ལས་ཡིན་ཞིང་། འགྲན་སྡུར་དེར་ཞུགས་མཁན་ཚོ་ནི་མ་རྩ་རིང་ལུགས་ཀྱི་ཚོང་རྫས་ཡིན།་་ ཞེས་བཤད་འདུག་པས་དེ་ལྟར་ཡིན་ལས་ཆེ། ཁྱེད་རང་གིས་ཤེས་ནས་སྐད་ཆ་བཤད་ཡོད་པའི་ཡིད་ཆེས་ཡོད། ངས་དེའི་སྐོར་མི་ཤེས།
ཡིན་ན་ཡང་། ཁོའི་ཐོག་མའི་དམིགས་ཡུལ་ནི་བོད་དོན་དྲིལ་བསྒྲགས་ཀྱི་ཐབས་ལམ་གསར་པ་ཞིག་ལ་བསམ་བློ་བཏང་བ་ཡིན་བསམ་སོང་། དྲིལ་བསྒྲགས་ཀྱི་ཐབས་ལམ་གསར་པ་དེའི་ལག་ཆ་མཛེས་མ་ཚོ་ཆགས་པ་རེད། དེ་ཡང་རྒྱལ་སྤྱིའི་ཐོག་འགྲོ་ཐུབ་པའི་རེ་བ་བྱས་པ་རེད། ཡིན་ན་ཡང་། རྒྱ་ནག་གིས་ངོ་རྒོལ་བྱས་པ་ལ་བརྟེན་ནས་རེ་བ་ལྟར་ཏག་ཏག་འགྲོ་མ་ཐུབ་པ་མ་རེད་དམ། རིམ་པས་བོད་དོན་གྱི་ལས་འགུལ་དེ་ཚོང་གི་ངོ་བོར་ཕྱིན་པ་རེད་དམ། ཚོང་གི་ངོ་བོར་ཕྱིན་པ་ཡིན་ན་ཡང་མ་འགྲིགས་པ་མི་འདུག་སྙམ།
སྟག་སྨྱོན་ལྟར་ན། ཁོས་ཐ་མལ་བའི་བྱ་བ་བྱེད་ཀྱི་ཡོད་ཚུལ་འདུག དེ་དངོས་གནས་གཟབ་དགོས་ཀྱི་འདུག
བློ་བཟང་དབང་རྒྱལ་གྱིས་བོད་ལ་ཕན་པའི་བྱ་བ་ཆེན་པོ་འདི་བྱས་ཟེར་བ་ཞིག་མེད་རུང་ཐ་ཤལ་གྱི་སྤྱོད་པ་འདི་བྱས་སོང་ཟེར་བ་ཞིག་ང་ལ་ནི་སྟོན་རྒྱུ་མེད། ཁོས་པར་ཡག་པོ་རྒྱག་གིན་འདུག གསར་འགོད་པའི་ལས་ཀ་ཡང་བྱེད་ཀྱིན་འདུག མཛངས་མའི་འགྲན་བསྡུར་ནི་ཁོ་རང་སྒེར་ངོས་ནས་ནུས་པ་བཏོན་ཏེ་བཙུགས་པ་ཡིན་སྟབས་དེ་ལ་དགོང་པ་ཞུ་དགོས་པའི་བསམ་འཆར་འདོན་དབང་ང་ཚོ་ལ་ཨེ་ཡོད། གལ་སྲིད་བློ་བཟང་དབང་རྒྱལ་ལས་དྲག་ཅིག་སུས་འཇོན་ན་དེ་ལྟར་བྱས་ན་རང་དབང་རེད།
བློ་བཟང་དབང་རྒྱལ་ཟེར་བ་འདི་རང་ཉིད་རྟག་ཏུ་མིའི་བཟང་སྤྱོད་ཀྱི་ཚད་ཐིག་ལས་བརྒལ་ནས་སྨྱོན་རྟགས་བསྟན་མཁན་ཞིག་ཡིན་པར་མ་ཟད། རང་ཉིད་ཀྱི་སྨྱོན་རྟགས་ལ་མོས་པ་མེད་མཁན་དང་། སྨྱོན་རྟགས་འདི་དང་ལེན་མི་བྱེད་མཁན་ཚོ་སེམས་ཁུང་དོག་མོ་དང་། རྗེས་ལུས། བག་འཁུམས་ཡིན་ཚུལ་གྱི་སྨྱོ་ལབ་བརྒྱབ་མཁན་ཞིག་ཡིན། མ་གཞི་ནས་མི་འདི་ང་ཚོས་གླེང་དགོས་པ་དང་གླེང་རིན་ཡོད་པའི་མི་ཞིག་གཏན་ནས་མ་ཡིན་ཡང་། ཁོས་ཤི་འཐབ་རོ་འཐབ་བྱས་ནས་བོད་ཀྱི་མཛངས་མའི་འགྲན་བསྡུར་ཟེར་བ་འདི་རྒྱུན་སྐྱོང་བྱ་དགོས་པ། བོད་མི་རིགས་ཀྱི་ལས་དོན་ལ་ཤ་ཚ་ཆེ་བ་རེད་དམ། ཁོ་རང་གི་ལྟོ་རྒྱབ་ཀྱི་ཁེ་ཕན་བློས་གཏོང་མ་ཐུབ་པ་རེད། རང་གི་ལྟོ་རྒྱབ་ཀྱི་ཆེད་དུ་མི་རིགས་ཀྱི་མཚན་སྙན་བཙོང་ཐུབ་པའི་དཔའ་བོ་ངོ་མ་འདི་ཚོ་རེད། འདིས་གསེར་གྱི་མགོ་རྒྱན་གཡོགས་པའི་བུད་མེད་ཚོའི་རྒྱབ་ལྗོངས་ལོག་ན་ང་ཚོས་གཞི་ནས་མཛངས་མ་ཡིན་མིན་ཤེས་ཐུབ། གངས་ཅན་པའི་མཛངས་མ་འདི་ཚོ་ལ་ལྟོས་དཱ། ཨ་ཤི་རེ་གོ འགྲན་ཡ་མེད་པའི་བསྡུར་གྱི་ལས་རིམ་འདི་ལས་རིམ་འདི་མཇུག་བསྡུས་ན་མི་བཟང་ངམ། མི་རིགས་གཞན་ལ་མཛངས་མ་འགྲན་བསྡུར་ཡོད་པ་རྒྱུ་མཚན་དུ་བྱས་ནས་ང་ཚོ་ལ་ཡང་བུད་མེད་གཅེར་བུ་མའི་འགྲན་བསྡུར་གཏན་ནས་ཡོད་དགོས་མེད། མི་རིགས་ལ་ཁ་གཡར་ནས་ལས་དོན་སྣ་ཚོགས་བྱེད་མཁན་འདི་ལ་ཚོ་བཏང་འཛིན་ཚད་ལྡན་ཞིག་ངེས་པར་བྱེད་དགོས་ཀྱི་འདུག
རྒྱ་བལ་དུ་སྐྱེས་པའི་བོད་པའི་གསར་བུ་ཚོའི་ནང་དུ་བསྟན་འཛིན་བརྩོན་འགྲུས་དང་བློ་བཟང་དབང་རྒྱལ་ལྟ་བུར་བོད་སྐད་བདེ་ཐག་ཆོད་རེ་རྒྱག་བཞིན་གང་ནུས་ཀྱིས་བོད་པའི་ཕྱོགས་སུ་ལས་ཀ་རེ་བྱེད་མཁན་དཀོན་པོ་རེད། གོང་གི་མཆན་༢༥ནང་དུ་བློ་དབང་གིས་འདི་འདྲ་ཞིག་བྱས་སོང་ཟེར་ནས་ནག་ཉེས་ཐེར་འདོན་བྱས་པ་ཞིག་མཐོང་མ་སོང་། བློ་དབང་གིས་བོད་ཀྱི་མཛངས་མ་འགྲན་སྡུར་སྤེལ་མགོ་བཙུགས་པའི་རྗེས་སུ་རྒྱ་ནག་ཀྱང་གཉིད་ལས་སད་དེ་ལྷ་ས་ནས་བོད་ཀྱི་མཛངས་མའི་འདྲ་བསྡུར་སྤེལ་སོང་ལ། རྒྱལ་སྤྱིའི་སྟེང་ཕྱི་སྡོད་བོད་ཀྱི་མཛངས་མའི་ལམ་ཁ་འགོག་རྒྱུའི་ངལ་བ་བསྟེན་སོང་བས། འདི་དག་ནི་བློ་དབང་དང་ཕྱི་སྡོད་བོད་ཀྱི་མཛངས་མ་ཚོའི་བྱས་རྗེས་རེད། ངས་བསམས་ན་བློ་དབང་ལ་མུ་མཐུད་དེ་ཁོ་རང་གིས་མགོ་བཙུགས་པའི་ལམ་ཁ་དེ་མཇུག་སྐྱོང་བྱེད་དུ་བཅུག་ན་ཡག་གི་རེད། ཁོ་རང་ལ་ལོ་འདི་ཚོའི་རིང་གི་ལས་ཀ་འདིའི་ཕྱོགས་ཀྱི་ཉམས་མྱོང་ཡོད་པ་དེ་ང་ཚོས་ཁས་ལེན་དགོས་པ་རེད། ཁོ་བུ་མོ་ཅི་ཙམ་ཞིག་དང་མཉམ་དུ་ཉལ་བ་དེ་ཁོ་རང་གི་ཕོ་གསར་གྱི་ཁྱད་ཆོས་ཟེར་ན་འཇོན་ཐང་ཟེར་ན་དེ་རེད། གང་ལྟར་ཁོ་རང་གྲྭ་པ་དང་དགེ་བསྙེན་མིན་ས་ཞིག་ནས་ཁོའི་རང་དབང་རེད། ང་ཚོས་དེ་ལ་མིག་སེར་རམ་ཕྲག་དོག་བྱེད་དོན་མི་འདུག བཙན་བྱོལ་སྤྱི་ཚོགས་འཁྲུག་པོ་འདིའི་ནང་དུ་བློ་དབང་ལྟ་བུའི་མི་འཁྲུག་པོ་དེ་དག་ང་ཚོར་དགོས་མཁོ་འདུག གལ་སྲིད་ཁོས་ཚོགས་དངུལ་ཧམ་ཟ་ལྟ་བུ་བྱས་ཚེ་བླ་བྲང་སྐལ་བཟང་བོད་ཀྱི་རྩོམ་པ་པོའི་ཚོགས་གཙོའི་ལས་གནས་ནས་ཉི་མ་གཅིག་ལ་རྒྱང་འཕུད་བཏང་བཞིན་ཁོ་རང་ཕྱིར་འབུད་གཏོང་རྒྱུའི་གྲ་སྒྲིག་བྱེད་ཆོག ཡིན་ན་ཡང་ཁོ་བོས་ད་ལྟ་བར་དུ་བློ་བཟང་གིས་བོད་ཀྱི་མཛངས་མ་བེད་སྤྱོད་བཏང་སྟེ་རྒྱུ་ནོར་བསགས་པའི་ལོ་རྒྱུས་ཤིག་ཐོས་རྒྱུ་མ་བྱུང་། ང་ཚོས་བློ་དབང་ལ་ཟ་རུ་བཅུག་ནས་ཁ་ལ་བལྟ། འགྲོ་རུ་བཅུག་ནས་རྗེས་ལ་བལྟ་ཡ།
མགྲོན་ཤོག།
༄༅།། ཀླུ་སྨྱོན་དང་ལྕགས་རྒྱ། སྤོབས་པ་དང་ཨ་མདོའི་བུ་མོ། ཤ་ཁྲག་དང་ལྷ་ཀླུ་གཉན་གསུམ། གཡང་རྒྱལ་དང་གངས་ཐིག མགོན་མགོ་ཕྱག་གཉིས་སོགས་སྟག་སྨྱོན་གྱི་རྒྱབ་སྐྱོར་དང་བློ་དབང་རྒྱལ་གྱི་ཕྱོགས་ཁག་ཚང་མ་དུས་བབ་ཀྱི་ངའི་ཟིན་བྲིས་ནང་ལ་ཕེབས་དང་ཁྱེད་རྣམ་པར་ཕོ་རོག་དཀར་པོ་གཏམ་རྒྱུད་ཅིག་བྲིས་ཡོད། ད་དུང་ཀླུ་སྨྱོན་ཁྱེད་ཀྱིས་བུ་མོ་དེ་སྐྱེས་དམན་ཡིན་མིན་ཁས་ལངས་མི་འདུག་ད། གོང་གི་ལྕགས་རྒྱའི་འབྲི་སྟངས་དེ་གུས་ཞབས་ཡོད། ཁ་བརྡའི་ནང་གི་དང་ལངས་རྒྱུན་སྟག་སྨྱོན་ནས།
སྟག་སྨྱོན་ཁྱེད་རང་གིས་འདི་ནས་ཁ་བརྡ་བཞག་ནས་དུས་བབ་ཚང་གི་ནང་དུ་བྲོས་འགྲོ་དགོས་དོན་གང་རེད། ང་ནི་དྲ་ཚིགས་འདི་བ་ཚང་གི་ལས་བྱེད་དང་འདྲ་བར་དྲ་ཚིགས་འདིའི་ནང་དུ་རང་དབང་དང་བཀག་རྒྱ་མེད་པས་སྐད་ཆ་བཤད་རྒྱུ་ལ་ཁོམ་ཡོད་སྟབས། ས་ཆ་གཞན་ན་གནས་སྤོར་བྱེད་འདོད་མི་འདུག སྐད་ཆ་བཤད་རྒྱུ་ཡོད་ན་འདི་ནས་ཤོད་དང་ལན་རེ་རྒྱག་དགོས་བ་ཞིག་ཐུག་དུས་ལན་རེ་འདེབས་ངེས་ཡིན། དེ་མིན་བློ་བཟང་དབང་རྒྱལ་གྱི་སྐོར་ལ་སྐད་ཆ་རེ་བཤད་འདོད་འདུག་ཀྱང་མི་མང་བོ་ཞིག་གིས་སྐྱོན་ཆ་བཤད་པ་ལས་བློ་དབང་གི་བྱས་རྗེས་གང་ཡང་གླེང་མི་འདུག དེ་ནི་ཐབས་སྐྱོ་བོ་ཞིག་རེད། བོད་པ་ཚང་གི་མི་མང་བོ་ཞིག་གིས་བྱེད་སྟངས་འདི་ལ་ང་རང་དངོས་ནས་སྐྱུག་མེར་བཞིན་ཡོད།
སྟག་སྨྱོན། ངེད་ཚོ་ཁྱེད་རང་གིས་བློ་དབང་སྐོར་བརྗོད་པའི་གླེང་སྟེགས་འདིའི་ནང་མགྲོན་འབོད་མ་བྱས་ཀྱང་དགའ་སྤྲོ་དང་བཅས་ཡོང་ནས་མི་སྐད་ཤོད་ཀྱི་ཡོད། ཁྱེད་རང་གིས་བློ་དབང་གིས་ཐ་མལ་བའི་བྱ་བ་བྱེད་ཀྱི་འདུག་ཟེར་བ་ཙམ་ལས་དེ་ལ་ཁུངས་སྐྱེལ་མ་བྱས་པར་འགག་བསྡད་ཡོད་པའི་སྐབས་འདིར་ཧོབ་དེ་སྒང་ལ་གླེང་སྟེགས་གཞན་ཞིག་ཏུ་ངེད་ཚོ་གདན་འདྲེན་བྱས་པ་ཡིན་ན་ང་ཕེབས་ཐུབ་ས་མ་རེད།
སྔོན་མ་སུ་ཞིག་ནས་རྒྱ་ལོ་དོན་གྲུབ་ལ་སྐྱོན་བརྗོད་བྱེད་སྐབས་ཤིག་ཁྱེད་རང་གིས་ཁོང་གི་མི་ཚེ་ནག་པོ་བཟོ་འདོད་རེད་ཟེར་བ་ལྟ་བུ་ཞིག་བཤད་ནས་མི་དེའི་ཁ་གཏད་དུ་ལངས་པ་དྲན་གི་འདུག མི་ཚང་མ་ལ་མི་ཞིག་ཡིན་པའི་རིན་ཐང་གཅིག་པ་རེད། དེའི་ནང་མཐོ་དམན་ཡག་བཙོག་དབྱེ་བ་འབྱེད་རྒྱུ་གང་ཞིག་ཡོད་མེད་ངས་མི་ཤེས།
ང་བློ་དབང་གི་རྒྱབ་རྩར་ལངས་དགོས་པ་ཅུང་ཟད་ཙམ་ཡང་མེད། འདིར་ཁྱེད་ཚོ་འགའ་ཞིག་གི་ཁ་གཏད་དུ་ལངས་དགོས་པའི་དོན་ནི་ཁྱེད་ཚོར་ད་རུང་སྐྱོན་བརྗོད་བྱེད་པའི་རྒྱུ་མཚན་གྱིས་འདང་གི་མི་འདུག ཉི་མ་རིང་པོ་དཔྱིད་ལ་ཡོད། རྩིག་གུ་རིང་པོ་སྒུར་ལ་ཡོད། དོན་དངོས་ཀྱི་སྟག་ཅིག་ཡིན་ནམ་ཡང་ན་སྟག་ཏུ་བརྫུས་པའི་ལོའུ་ལི་ཞིག་ཡིན་རིམ་པས་ལྟ་ཆོག
མགོན་པོ་ཕྱག་གཉིས་ལགས། སྟག་སྨྱོན་ནི་བོད་དོན་ལ་སེམས་འཁུར་ཆེ་དྲགས་ནས་སྐད་ཆ་དེ་འདྲ་ཞིག་བློ་དབང་གི་སྐོར་ལ་འབྲི་དགོས་བྱུང་བ་ལས། ཁོ་རང་སྒེར་ངོས་ནས་མི་སུ་ལ་ཡང་སྙིང་ནད་མེད་པར་འདོད། གང་ཡིན་ཟེར་ན། ཁོ་རང་ནི་ག་དུས་ཡིན་ཡང་བོད་དོན་འཐུས་ཤོར་དུ་གཏོང་མཁན་གྱི་སྐབས་འཚོལ་བ་དག་གི་བྱེད་སྟངས་ལ་འགག་པ་བྱེད་མཁན་ཞིག་ལས། ཕྲག་དོག་དང་དམའ་འབེབས་བྱེད་རྒྱུར་དགའ་མཁན་ཞིག་ཡིན་རབས་མི་འདུག
རེད་མི་ཡིན་མ་འདྲ་ན་ཡང་། མིས་འཇོན་ཐང་དང་ནུས་པ་མི་འདྲ་སྟབས། དེའི་ཐད་དུ་སྐད་ཆ་བཤད་ལུགས་དང་བྱེད་སྟངས་མི་འདྲ་བའི་སྐོར་ལ་ཡང་སྐད་ཆ་ཡོང་གི་ཡོད་པ་ལས། རྒྱ་ལོ་དོན་འགྲུབ་དང་བློ་དབང་གཉིས་བསྡུར་བ་ནི་ཁྱི་རྒན་སེང་གེ་ལ་འགྲན་པ་ལས་མི་འདུག འོན་ཀྱང་། གཉིས་ཀ་སྲོག་ཆགས་ཡིན་པ་འདྲ་འདྲ་མ་རེད་ཟེར་གྱི་མེད་པ་ཤེས་པར་གྱིས་ཤིག མགོན་པོ་ཕྱག་གཉིས་ཅན། མྱུར་མཛད་སྤྱན་རས་གཟིགས་་་
བོད་དོན་ལ་ཤ་ཚ་བས་ཁ་ན་གཏམ་སྙན་མེད་ངེས་ཡིན།
དེ་རེད། ཁྱི་རྒན་ལ་ཁྱི་རྒན་གྱི་ཁྱད་ཆོས། སེང་གེ་ལ་སེང་གེའི་ཁྱད་ཆོས་ཡོད་རེད། མི་ཚང་ཞིག་དང་དེའི་རྟ་ནོར་ལུགས་གསུམ་དང་བཅས་པའི་སྲུང་བྱ་ལ་སེང་གེ་ཞིག་ལས་ཁྱི་རྒན་ཞིག་ཡག་པོ་ཡོད་པ་རེད། སེམས་ཅན་དང་སེམས་ཅན་བར་འཁྲུག་པ་ཤོར་བ་ཡིན་ན་སེང་གེ་ཡག་པོ་ཡོད་པ་ལྟ་བུ་རེད།
༄༅།། ཕོ་རོག་དཀར་པོ་དུང་འདྲ་བོ་སྤུ་རྩེ་ན་འོད་ཤིག་ཤིག་ཡོད་པ་ཞིག་མཐོང་ན་དེ་ནི་ཧ་ཅང་སྙིང་བརྗེ་བོ་དང་དཀོན་པོ། དམིགས་བསལ་གྱི་ལྟད་མོ་ལྟ་ས་དང་། ཕྲུ་གུ་ཚོས་ལྷག་པར་དུ་དགའ་བོ་བྱེད་སའི་བྱ་རིགས་རྩ་ཆེན་ཞིག་ཏུ་བརྩི་ན་འདོད། སྤྱན་གཟིགས་ཁང་ལ་བཞག་ན་ལྟ་མོ་བ་རྒྱུན་མི་ཆད་པར་ཡོང་ནས་ཡ་མཚར་མཚར་བྱེད་སྲིད། འོན་ཀྱང་ལན་འདེབས་མི་ཤེས་པའི་མགོ་རྙོག་ཡ་མཚན་ཞིག་ཡོད་པ་ནི། བོད་མི་ཚོས་ཕོ་རོག་དཀར་པོ་ཟེར་དུས་མི་ཞིག་གི་བྱ་སྤྱོད་འགྲེལ་བཤད་བརྒྱག་སྟངས་ཤིག་རེད། མི་ཁོ་ཕོ་རོག་དཀར་པོ་ཐོན་རྒྱུར་དགའ་བོ་ཡོད་པ་རེད་ཟེར་དུས་མི་དེ་ནི་ཆེས་ཡིད་དུ་འོང་ཞིང་གཅེས་སུ་རུང་བ། ཡང་ན་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང་འབུར་དུ་ཐོན་པའི་མི་སྣ་དམིགས་བསལ་ཅན་ཞིག་མ་ཡིན་པར། དེ་ལས་ལྡོག་དེ་དུས་རྒྱུན་མིའི་སྤྱི་ཚོགས་དང་འཆམ་མཐུན་མེད་པ། གཞན་གྱི་འདོད་མོས་ལ་བསམ་ཤེས་དང་བསྟུན་མཁས་མེད་པ། ག་དུས་ཡིན་ན་གནས་སའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་དག་དག་ལྡོག་ཕྱོགས་དང་མི་མཐུན་པ་རྐྱང་ལས་ནས་རང་གི་ཁེ་ཕན་དང་མིང་གྲགས་བཟོ་མཁན་གྱི་མིའི་རིགས་ཐ་ཤལ་ཞིག་ལ་གོ་བ་དེ་རེད། དཔེར་ན་གོན་པ་ལ་དཔེ་བཞག་ན་ཚང་མས་གོན་པ་དཀར་པོ་ལ་དགའ་བོ་བྱེད་ཅིང་དཀར་པོ་གོན་དུས་ཕོ་རོག་དཀར་པོས་ནག་པོ་གོན་ནས་འགྲོ་གི་རེད། མི་ཚང་མས་གོན་པ་ཁ་དོག་ནག་པོ་ལ་དགའ་མོས་བྱེད་ཅིང་ནག་པོ་གོན་ཚེ་ཕོ་རོག་དཀར་པོས་དཀར་པོ་ཉིས་བརྩེགས་གོན་ནས་འགྲོ་གི་རེད། ཕོ་རོག་དཀར་པོའི་བྱེད་སྟངས་དེ་ལ་དམིགས་བསལ་གྱི་དགེ་མཚན་དང་མཛེས་སྡུག་ལྡན་པའི་འབུར་ཐོན་གྱི་རྣམ་པ་ཞིག་མ་ཡིན་པར། རིན་ཐང་མེད་ཀྱང་སྐྱུག་བྲོ་བོ་ལམ་ནང་གི་སྐྱག་པ་འདྲ་བོ་མིག་ལ་ཐོགས་ཡོང་གི་རེད། འོན་ཀྱང་མི་འདི་འདྲ་ལ་ཆེད་དུ་ཁྲིམས་འགལ་གྱི་ནག་ཉེས་བགྲང་རྒྱུ་མེད་པ་མ་ཟད། ཁོའི་བྱ་སྤྱོད་དེ་ཐ་ཤལ་ཞིག་རེད་ཟེར་ནས་ཁྲིམས་ཁང་ནང་རྩོད་པ་བརྒྱབ་པ་ཡིན་ནའང་ང་ལ་ཐོབ་རྒྱུའི་གདེངས་ཚོད་མེད་མོད། འོན་ཀྱང་བྱ་སྤྱོད་དེ་ནི་དང་ལེན་དང་མགོ་སྒུར་ནས་སྣང་མེད་དུ་འཇོག་བདེ་བོ་ཞིག་ཀྱང་མ་རེད། གང་ཡིན་ཟེར་ན་ཁོ་ཚོས་ཆེད་མངགས་སྤྱི་ཚོགས་ཀྱི་གོམས་སྲོལ་དང་དགའ་མོས་འབེན་ལ་བཙུགས་ནས་དེ་ལ་གཏོར་རྒོལ་བྱེད་ཀྱི་ཡོད་པ་རེད། ཀུན་སློང་དང་འཆལ་སྤྱོད་དེ་འདྲ་ལ་དགའ་བསུ་དང་བཟོད་སྒོམ་མི་བྱེད་པ་འཛམ་གླིང་སྤྱིའི་རང་བཞིན་ཞིག་ཡིན་པ་ལས་བོད་མིའི་སེམས་པ་དོགས་དྲགས་པ་རེད་ཟེར་ན་བདེན་པ་མ་རེད། དེ་བཞིན་མི་འདི་འདྲ་མཚོན་བྱེད་ཀྱི་དཔེ་ཕོ་རོག་དཀར་པོ་ཟེར་བ་དེ་ཡང་མཐར་ཐུག་ཡག་ཉེས་གང་ཡིན་ཁ་ཚོད་གཅོད་དཀའ་བའི་མགོ་རྙོག་ཞིག་ཡིན་ནའང་། དེ་ནི་བརྒྱ་ཆ་ ༩༩% དང་མི་མཐུན་པའི་ཁ་གཏད་ཀྱི་རྣམ་པ་ཞིག་ཡིན་པ་ཁས་མི་ལེན་རང་ལེན་རེད།
གང་ལྟར་དེང་སང་བོད་པའི་ན་གཞོན་ཚོའི་ནང་ནའང་ཕོ་རོག་དཀར་པོ་ཐོན་མཁན་མང་དུ་འགྲོ་གི་འདུག ཐབས་ལམ་འདི་ལ་བརྟེན་ནས་རང་ཉིད་ལ་མིང་གྲགས་དང་དོ་སྣང་འགུག་མཁན་ཡང་ཉུང་ཉུང་མ་རེད་ལ། དེ་ལ་ལྡོག་ཕྱོགས་ཀྱི་སྤྱི་ཚོགས་གི་གནོན་ཤུགས་ཀྱི་ལྗིད་ཁོག་དེའང་ཡང་དུ་བཏང་མེད་སྟབས། དཔེར་ན་རྡ་རམ་སའི་ཕོ་རོག་དཀར་པོའི་ངོ་ཚབ་བློ་བཟང་དབང་རྒྱལ་དང་འབྲེལ་བའི་གླེང་གཞི་སྐྱུར་མོ་དེ་དག་ཀྱང་རྒྱུན་མ་ཆད་པར་ཡོད་པ་རེད། དཔེར་ན་ཁོས་ལོ་གཅིག་ནང་བུ་མོ་བརྒྱ་ལ་རྒྱོ་ཡིན་ཟེར་སྟངས་དེ་ཕོ་རོག་དཀར་པོའི་གཞས་འཁྲབ་སྟངས་ཡོད་ན་མེད་ན་གཅིག་རེད། ངོ་མ་བུ་མོ་བརྒྱ་ལ་རྒྱོ་ཡོད་མེད་མི་ཤེས་ཀྱང་གང་ལྟར་གྲངས་ཀ་ངེས་ཅན་ཞིག་ལ་རྒྱོ་ཡོད་མདོག་ཁ་བོ་རེད། འོན་ཀྱང་འདི་ནི་བློ་བཟང་དབང་རྒྱལ་གཅིག་པོའི་ཁྱད་ཆོས་ཞིག་མ་ཡིན་པར། ང་ཚོ་བུ་ལྟེ་ཐོག་ཚང་མས་རྒྱོ་གི་ཡོད་པ་མ་ཟད། རྒྱོ་སྟངས་ཀྱང་སྣ་ཚོགས་རེད། སྐབས་རེ་སེམས་པ་མཐུན་ནས་རྒྱོ་གི་ཡོད་ཀྱང་སྐབས་རེ་དངུལ་སྤྲད་ནས་རྒྱོ་གི་རེད། ལན་རེ་སྐྱེས་དམན་ལོ་ཆེན་པོ་དང་མི་རིགས་གཞན་པ་དེ་འདྲ་ལ་རྒྱོ་གི་རེད། ད་དུང་ཁ་དང་རྐུབ་སོགས་འཇམ་པོ་དང་མཇེ་ཤོངས་ས་ཡོད་ཚད་ལ་རྒྱོ་ཆོག་གི་རེད། རྒྱོ་ནི་མི་རེ་རེའི་འཚོ་བའི་ཆ་ཤས་གལ་ཆེན་མེད་ཐབས་བྲལ་བ་ཞིག་ཡིན་སྟབས། མ་རྒྱོ་བསྡད་ཡོད་མཁན་ཧ་ཅང་ཉུང་ཉུང་དང་རྒྱོ་ས་མ་རག་པའི་དཀའ་ངལ་ཡང་ཆུང་ཆུང་རེད། འོན་ཀྱང་ངས་རྒྱོ་བརྒྱབ་ཡིན་ཟེར་ནས་ཁྲོམ་སྒྲག་དང་ངོམ་སོ་བྱེད་མཁན་བློ་བཟང་དབང་རྒྱལ་ལྟ་བུ་རེ་གཉིས་རེད། ངོ་མ་ཡིན་ན་སྐྱག་པ་ག་ཚོད་བཏང་དང་རྒྱོ་ག་ཚོད་བརྒྱབ་པ་ཁྲོམ་སྒྲག་དང་ངོམ་རིན་ཡོད་པ་མ་རེད། དེ་ནི་མི་ཚང་མར་ཉམས་མྱོང་དང་ཆ་རྒྱུས་ཡོད་བཞིན་དུ་ངོ་ཚའམ་གང་ལྟར་གསང་བ་བྱེད་སྲོལ་ཡོད་པ་འཛམ་གླིང་སྤྱི་སྲོལ་ཞིག་རེད། རྒྱོ་བརྒྱབ་ནས་ལོངས་སྤྱོད་དགོས་པ་ལས་མ་ནི་ནང་བཞིན་ཁ་ནས་འདོན་རྒྱུ་ཞིག་ཨེ་ཡིན་ན།
དེའི་ཕྱིར་བློ་བཟང་དབང་རྒྱལ་དང་ཁོའི་ལས་ཀར་བོད་མིའི་སྤྱི་ཚོགས་ནང་མང་མོས་རྒྱབ་སྐྱོར་མེད་པ་འོས་མཐུན་རེད་བསམ། ཁོས་བོད་མིའི་སྤྱི་ཚོགས་དང་བསམ་བློ་གུ་དོག་དྲགས་པ་ལ་བརྟེན་ནས་ཁོ་རང་གི་ཚོང་ལས་མཛངས་མའི་འགྲན་བསྡུར་ལམ་ལྷོངས་མ་ཡོང་བ་རེད་ཟེར་ནས་སྐྱོན་བརྗོད་བྱེད་བཞིན་པ་དེ་དྲང་བདེན་གྱི་སྐད་ཆ་གཏན་ནས་མ་རེད་ཟེར་གྱི་ཡོད་པ་ལས། གཞན་ང་ལ་ཁོ་དང་སྙིང་ནག་རྩོད་རྒྱུ་གང་ཡང་མེད། བོད་མིའི་སྤྱི་ཚོགས་ཁོའི་བྱ་སྤྱོད་ལ་མང་མོས་དགའ་དད་དང་རྒྱབ་སྐྱོར་བྱེད་མཁན་ཆགས་ན་དེ་ནས་བོད་མི་རིགས་ཚར་ཚར་བ་རེད། ཤར་ནུབ་ཀྱི་མི་འཆལ་པོ་ཚོའི་ལད་མོ་བྱས་ནས་སྡོད་རྒྱུ་ལས་མེད་པ་དེ་རེད།
མཐར་ཨོཾ་ཨ་ལ་བསྡུས། ཨ་ཧྲྰི་ལ་བསྡུས་ན་བློ་བཟང་དབང་རྒྱལ་ཉེས་ཅན་གྱི་མི་ནག་པོ་ཞིག་རེད་ཟེར་གྱི་མེད་པར། ཁོ་བོད་མིའི་སྤྱི་ཚོགས་ཁྲོད་ལས་རྒྱུ་མང་བའི་ཕོ་རོག་དཀར་པོ་ཞིག་རེད་ཟེར་ན་འདོད། བོད་མིའི་སྤྱི་ཚོགས་ཀྱིས་ཕོ་རོག་དཀར་པོ་ལ་ལས་སླ་བོ་ངོས་ལེན་མེད་པ་དང་། ཕོ་རོག་དཀར་པོས་ཀྱང་རང་གི་སྤྱི་ཚོགས་ཀྱི་འདོད་མོས་དང་ཡུལ་སྲོལ་གོམས་གཤིས་རྩ་ཆེན་པོར་བརྩི་མི་སྲིད་པའི་འགལ་ཟླ་དེ་རེད། འོན་ཀྱང་ཕོ་རོག་དཀར་པོའི་ཕྱོགས་ནས་བསྡད་དེ་སྤྱི་ཚོགས་ཡོངས་རྫོགས་ལ་ཁ་གཏད་དང་འགྲན་རྒོལ་བྱེད་རྒྱུའི་འདོད་པ་མེད་པ་མ་ཟད། འཆལ་པོ་ཉུང་ཉུང་ཞིག་གི་རྒྱབ་རྩར་ལངས་ནས་མི་སྣ་དྲག་ཞན་བར་གསུམ་གྱིས་གྲུབ་པའི་སྤྱི་ཚོགས་ཡོངས་རྫོགས་ནོར་འདུག་ཟེར་རྒྱུ་དེ་བས་ཀྱང་ལས་སླ་བོ་མ་རེད།
མགོན་པོ་ཕྱག་གཉིས་ལགས་ཀྱིས་དེ་ཙམ་གྱི་གནས་ལུགས་ཤེས་ཡོད་པ་ནི་བཟང་གི རྗེས་ཕྱོགས་ཀྱང་དེ་ལྟར་ཡིན་པར་ཤོག ཁོམ་པ་ཡོད་དུས་སུ་སྐད་ཆ་རེ་མུ་མཐུད་དུ་གླེང་མོལ་བྱེད་ཆོག
སྐར་ཆ་ཁ་ཤས་ཀྱི་སྔོན་དུ་བོད་། ཤ་ཁྲག་རུས་གསུམ་ཡང་འདིར་སྐོར་སྲུང་བྱེད་དུ་ཡོང་འདུག ཡིན་ཡང་། ཁོས་སྐད་ཆ་དེའི་མགོན་པོ་ཕྱག་གཉིས་ཚང་གི་རྒྱབ་སྐྱོར་ཤིག་ལས། བསམ་ཚུལ་གང་ཡང་རེད་མི་འདུག ཕྱག་གཉིས་བ་སྐད་ཆ་བཤད་ན་ཁ་བདེ་བོ་རེ་ཡོད་ས་རེད། དེ་ལས་བློ་དབང་གི་ཁྱད་ཆོས་རེ་སྟག་སྨྱོན་ལ་ངོ་སྤྲོད་ཡག་པོ་ཞིག་གནང་ན་མ་གཏོགས། འདི་འདྲ་རིང་བོ་ཞིག་བྲིས་འདུག སྙིང་རྗེ་སྟག་སྨྱོན་འདི་བ་ཚང་ལ་དངོས་ནས་སྡུག་རེ་ཆེ་གི
རིག་གཞུང་གཅིག་གི་ནང་དུ་འཚར་བས་བསམ་སྤྱོད་གཅིག་ཅན་གྱི་མི་རིགས་འདི་ལྟ་སྤྱོད་གཅིག་ཁོ་ན་ཡིན་པའི་དམར་གཞུང་གཅིག་གི་དབང་འོག་ཏུ་ཚུད་པས་བསམ་བློ་སྣ་མང་དང་སྤྱོད་པ་སྣེ་མང་བློ་ཡིད་དུ་ཤོང་དཀའ་བ་དེ་སྤྱིར་བཏང་གི་གནས་ཚུལ་ཞིག་ཡིན་པས་ཡ་མཚན་དགོས་པ་གང་ཡང་མི་འདུག
ཡིན་ན་ཡང་། སྐབས་འདི་འདྲར་ང་ཚོས་ཤེས་དགོས་པ་ཞིག་ནི་ད་ལྟའི་དམངས་གཙོ་དང་ཚན་རིག་གི་ལྟ་གྲུབ་གསར་བའི་རིགས་མང་པོ་ཞིག་འཇིག་རྟེན་འདིར་དང་པོ་ཁྱེར་ཡོང་མཁན་ཚང་མ་ཕོ་རོག་དཀར་པོ་རྐྱང་རྐྱང་ཡིན་པ་དེ་རེད།
ང་ཚོས་ནང་པ་སངས་རྒྱས་ཀྱི་ཆོས་ཟེར་ནས་རྩ་ཆེ་ཆེར་བརྩི་བའི་རྒྱལ་མཚན་རྩེ་ཡི་ནོར་བུ་འདི་ཡང་བོད་ནང་ལ་རྩ་བ་འཛུགས་མཁན་ནི་ཕོ་རོག་དཀར་པོ་སྐོར་ཞིག་ཡིན་པ་དང་། བོད་ཀྱི་དེང་རབས་རྩོམ་རིག་པ་དགེ་ཆོས་སྨྱོན་པ་དང་དོན་གྲུབ་རྒྱལ་སོགས་ཀྱང་ཕོ་རོག་དཀར་པོ་ཡིན་པ་རེད། བོད་ནང་གི་ཐེངས་དང་པོར་དབྱིན་ཡིག་སྦྱོང་མཁན་ཚོ་དང་ཐེངས་དང་པོར་རྐང་རྩེད་སྤོ་ལོ་རྩེད་མཁན་དེ་ཚོ་ཡང་ཕོ་རོག་དཀར་པོ་ཡིན་པ་རེད། ཐ་ན་ཐེངས་དང་པོར་མི་རིགས་གཞན་ཞིག་གི་ཆས་སྤྲས་མཁན་དེ་ཡང་ཕོ་རོག་དཀར་པོ་རེད། ཕོ་རོག་དཀར་པོ་འདི་ཚོས་སྲོལ་རྒྱུན་ལ་རྒོལ་བ་ཉུང་ན་ཡང་སྲོལ་རྒྱུན་ལ་ཕོག་པ་མང་།
ད་ལྟ་ང་ཚོས་ཕོ་རོག་དཀར་པོ་ཉུང་ཤས་ཤིག་གིས་དཀའ་ལས་མང་པོ་བརྒྱབས་ནས་ཁྱེར་ཡོང་བའི་དེང་རབས་ཀྱི་རིག་པའི་དཔལ་ཡོན་དང་ཚན་རིག་འཕྲུལ་ཐབས་ཀྱི་དཔལ་ལ་ཇི་དགར་ལོངས་སུ་སྤྱོད་བཞིན་པར་ཕོ་རོག་དཀར་པོ་ལ་སྐྱོན་བརྗོད་ན་ལས་རྒྱུ་འབྲས་དང་མི་མཐུན་པ་ཞིག་རེད།
ང་ཚོའི་བསམ་སྤྱོད་སྣ་གཅིག་ཅན་གྱི་ཁོར་ཡུག་ཁེར་རྐྱ་འདིའི་ནང་ཕོ་རོག་དཀར་པོ་མང་ཞིག་མཁོ། ཕོ་རོག་དཀར་པོ་དག གཤོག་རླབས་སྒྱུར་ཅིག གཤོག་རླབས་བསྒྱུར་ཏེ་སྟག་སྨྱོན་གྱི་མགོ་ནས་འཕུར་ཅིག གཤོག་རླབས་བསྒྱུར་ཏེ་པོ་ཏ་ལའི་རྩེ་ནས་འཕུར་ཅིག མགོན་པོ་ཕྱག་གཉིས་པས་ཕྱག་གཉིས་ཀྱིས་གཡབ་གཡོབ་བྱས་ནས་ཁྱེད་ཚོར་བསུ་བ་ཡོད་ལ། མགོན་པོ་ཕྱག་གཉིས་ཀྱིས་ཕྱག་གཉིས་ཐལ་མོ་སྦྱར་ནས་སྲོལ་རྒྱུན་ལ་གུས་བརྩི་ཡང་ཡོད། མགོན་པོ་ཕྱག་གཉིས་པའི་ཕྱག་གཉིས་པོ་དེ་རྒྱུ་མཚན་ཤེས་ནས་སྐྱོན་བརྗོད་བྱེད་མཁན་ཚོའི་ཕྱག་རོགས་ཡིན། མགོན་པོ་ཕྱག་གཉིས་པའི་ཕྱག་གཉིས་གནས་ཚུལ་མ་ཤེས་པར་སྐྱོན་བརྗོད་བྱེད་མཁན་དང་། ཕྱོགས་སུ་ལྷུང་ནས་སྐྱོན་བརྗོད་བྱེད་མཁན། བསམ་སྤྱོད་གང་ཞིག་སེམས་ནང་ལ་མ་ཤོང་བར་སྐྱོན་བརྗོད་བྱེད་མཁན་ཚོའི་འགྲམ་པར་འབྲབ་བྱེད་ཀྱི་ཕྱག་ལྩག་ཡིན།
མཆལ་པོ་དང་གསར་གཏོད་པ་གཉིས་ནོར་མི་ཉན། ཁྱེད་ཀྱིས་བཤད་པ་ལྟར་མིན་ལོག་བྱེད་མཁན་ཚང་མ་གསར་གཏོད་པ་རེད་ཟེར་ན། འཇིག་རྟེན་ན་ཆོལ་པོ་ཟེར་བ་ཞིག་མེད་པས་ཆོལ་མེད་ཟེར་བའི་ཚིག་འདི་སྔོན་ཡང་དར་མི་འོས་ཤིང་འཕྱིས་སུ་ཡང་བེད་སྤྱོད་ཡོད་པ་མ་རེད། མཆུ་རིང་ཕག་གི་མིག་ལམ་ལ། ཕྱི་ས་གསེར་གྱི་མཆོད་རྟེན་འདྲ། ཟེར་བ་ཕྱག་གཉིས་པས་འཆལ་པོ་ལ་གསར་གཏོད་པའི་དག་སྣང་དེ་ཙམ་ཡོད་པ་ཡག་པོ་རེད། འོན་ཀྱང་འཆལ་པོ་ལ་གསར་གཏོད་པའི་གོ་ཐོབ་སྤྲད་ན་ལས་འབྲས་གོ་ལོག་པ་མིན་འགྲོ། ཐ་ན་མཚོ་འགྲམ་གྱི་གོན་པ་དང་ལས་ཁུངས་ནང་གི་གོན་པའི་བཟོ་དབྱིབས་དང་ཁ་ཏོག གོན་ལུགས་སོགས་ལ་ཁྱད་པར་དཔེ་ཡོད་པ་རེད། དེ་ཙམ་གྱི་ཁྱད་པར་ཡང་མི་ཤེས་པར་ལས་ཁུངས་ནང་ལ་མཚོ་འགྲམ་གྱི་བཟོ་ལྟ་དོད་ནས་སོང་ན་དེ་ནི་གསར་གཏོད་པ་མ་ཡིན་པར། སྨྱོ་སྤྱོད་དམ་འཆལ་པོ་རེད།
མཆལ་པོ་དང་གསར་གཏོད་པ་གཉིས་ནོར་མི་ཉན། ཁྱེད་ཀྱིས་བཤད་པ་ལྟར་མིན་ལོག་བྱེད་མཁན་ཚང་མ་གསར་གཏོད་པ་རེད་ཟེར་ན། འཇིག་རྟེན་ན་འཆལ་པོ་དང་མི་ཆོ་མེད་པོ་ཟེར་བ་ཞིག་ཡོད་མི་སྲིད་པས་འཆལ་པོ་དང་ཆོ་མེད་མེད་ཟེར་བའི་མིང་ཚིག་འདི་སྔོན་ཡང་དར་མི་སྲིད་ཅིང་འཕྱིས་སུ་ཡང་བེད་སྤྱོད་ཡོད་མི་སྲིད་པ་མ་རེད་དམ།། མཆུ་རིང་ཕག་གི་མིག་ལམ་ལ། ཕྱི་ས་གསེར་གྱི་མཆོད་རྟེན་འདྲ། ཟེར་བ་ཕྱག་གཉིས་པས་འཆལ་པོ་ལ་གསར་གཏོད་པའི་དག་སྣང་དེ་ཙམ་ཡོད་པ་ཡག་པོ་རེད། འོན་ཀྱང་འཆལ་པོ་ལ་གསར་གཏོད་པའི་གོ་ཐོབ་སྤྲད་ན་ལས་འབྲས་གོ་ལོག་པ་མིན་འགྲོ། ཐ་ན་མཚོ་འགྲམ་གྱི་གོན་པ་དང་ལས་ཁུངས་ནང་གི་གོན་པའི་བཟོ་དབྱིབས་དང་ཁ་ཏོག གོན་ལུགས་སོགས་ལ་ཁྱད་པར་དཔེ་ཡོད་པ་རེད། དེ་ཙམ་གྱི་ཁྱད་པར་ཡང་མི་ཤེས་པར་ལས་ཁུངས་ནང་ལ་མཚོ་འགྲམ་གྱི་བཟོ་ལྟ་དོད་ནས་སོང་ན་དེ་ནི་གསར་གཏོད་པ་མ་ཡིན་པར། སྨྱོ་སྤྱོད་དམ་འཆལ་པོ་རེད།
དགེ་ཆོས་དང་དོན་གྲུབ་རྒྱལ་སོགས་ཁྱད་འཕགས་ཀྱི་ཤེས་ཡོན་ལྡན་མཁན་ཡིན་པ་ཁ་གཅིག་གྲགས་རེད། འོན་ཀྱང་སྟབས་ཉེས་པ་ཞིག་ལ་ཁོང་གཉིས་ཀར་ལྷན་ཀྱིས་འཆལ་སྤྱོད་དང་ང་རྒྱལ་ཚད་མེད་ཅིག་ཡོད་པར་སུས་ཀྱང་བཟོད་སྒོམ་བྱེད་ཁག་པོ་རེད། “མགོ་ལྷ་སྐུས་བཅག་ན་བྱིན་རླབས་མེད། སེམས་མཁས་པས་བསད་ཀྱང་དགའ་རྒྱུ་མེད” ཟེར་ན་འོས་མཚམས་ཡིན་པ་འདྲ། ཁོ་ཚོའི་ཤེས་ཡོན་དེ་ཕྱོགས་གཅིག་ནས་བཤད་ན་དུག་དང་འདྲེས་པའི་སྨན་འདྲ་བོ་རེད། ཁོ་གཉིས་ཕོ་རོག་དཀར་པོའི་གྲས་སུ་མི་ཚུད་ཀྱང་ཕོ་རོག་དཀར་ཁྲ་ཞིག་ཡིན་ཚོད་འདུག ད་དུང་ཤེས་དགོས་པ་ཞིག་ལ་ཁོང་གཉིས་ཀར་ཤེས་ཡོན་ཡོད་པ་མ་ཟད་རང་ཉིད་ཀྱི་ཤེས་ཡོན་འཕྲོ་བརླག་གཏོང་བྱེད་ཀྱི་འཆལ་སྤྱོད་དང་ང་རྒྱལ་ཡང་ཚད་མེད་ཅིག་ཡོད་པ་འདྲ། དེ་ནི་བརྒྱ་ཆ་ལྔ་ཅུ་རང་སྡུག་རང་གིས་ཉོས་པ་འདྲ་བོ་མཐོང་གི་འདུག
མི་མང་པོ་ཅིག་གིས་བློ་དབང་གི་སྐྱོན་ཆ་བཤད་རྒྱུ་ཡིན་ཟེར་ནས་མདོར་ན་བློ་དབང་མ་འདྲ་བ་ཞིག་ཏུ་བཟོས་སོང་། གང་ལྟར་མཛངས་མའི་གར་སྟེགས་དེ་ཚོང་རྫས་ཡིན་ཡང་རུང་ལ་ཆབ་སྲིད་ཀྱི་ལག་ཆ་ཞིག་ཡིན་ཡང་རུང་། གར་སྟེགས་དེ་བོད་རིགས་བུད་མེད་ཚོ་ལ་དབང་ན་བོད་ཡིན་པའི་ངོ་གདོང་ཁུར་བའི་བུ་མོ་ཚོ་ཡོང་དགོས་པ་རེད། ལོ་འདི་དག་གི་ནང་ལ་མཛངས་མ་ཚོར་རང་ལ་རྒྱབ་སྐྱོར་དང་བློ་སྟོབས། ཡང་ན་འགན་ཁུར་གྱི་བསམ་བློ་མེད་པ་ཡིན་པ་ལས་བློ་དབང་ཁོ་རང་གིས་བུད་མེད་ལ་ལམ་ཀ་ཞིག་བཟོས་པ་རེད།
བློ་དབང་གིས་མི་འཆལ་བོ་ཞིག་ཡིན་པ་དེ་སྒེར་དོན་ཞིག་རེད། ཁོས་གནང་བཞིན་པའི་མཛངས་མའི་གར་སྟེགས་དེ་ཡང་སྒེར་དོན་ལ་བརྩི་ཆོག ཡིན་ན་ཡང་སྒེར་དོན་དེ་ཡིས་བོད་ཀྱི་གང་ལ་གནོད་གི་འདུག བོད་པ་ཚོའི་མི་ཚེ་སྐྱེལ་ས་རྡ་རམ་ས་ལའི་སྲང་ཆུང་ཆུང་འདི་ཁོ་ན་ཨེ་རེད། བོད་པ་ཚོས་གནས་འདི་ནས་ཀྱང་རྩམ་པ་ཟོས་ནས་ལྤགས་པ་གྱོན་ནས་འདུག་དགོས་པ་ཨེ་རེད། དུས་རབས྄ཀྱི་རྗེས་ལ འགྲོ་དགོསན་དུས་རབས་དང་མཐུན་པའི་ལས་ཀ་བྱ་དགོས་པ་རེད ཟམ་གདོང་བླ་མའི་གསུངས་དེ་གཅིག་པུའི་བོད་སྤྱི་ཚོགས་ཡོངས་ཀྱིས་རེ་འདོད་མཚོན་པ་ཨེ་རེད། དེས་ན་བོད་གཞུང་གིས་བོད་ཀྱི་བུད་མེད་ཚོའི་རྩ་བའི་བསམ་བློ་དང་སློབ་གསོ་སོགས་ཡར་རྒྱས་གཏོང་རྒྱུ་ཕར་བཞག་ཏེ་བུད་མེད་ལ་ས་མིག་དམིགས་བསལ་སྤྲོད་་སྟངས་བྱེད་ན་བོད་མིའི་སྤྱིའི་སྤྱི་ཚོགས་ཀྱི་སྤུས་ཀ་ཉམས་ཞན་ལ་འགྲོ་གི་མ་རེད་དམ། འདི་ལོ་རྒྱུས་ཀྱི་ནག་ཉེས་ལ་འགྲོ་གི་མ་རེད་དམ།
བོད་གཞུང་གི་སྐུ་དྲག་དང་ལས་བྱེད་ཚོས་བོད་ཡིག་སྦྱོང་དགོས་པ་རེད་ཟེར་ནས་བོད་ནས་ཡོང་བའི་ཕ་མེད་མ་མེད་དེ་ཚོར་བོད་ཡིག་སྦྱོང་དུ་བཅུག རང་གི་བུ་དང་བུ་མོ་ཕྱི་ཡུལ་ལ་བརྫངས། སྐུ་དྲག་དང་ལས་བྱེད་ཚོས་བོད་ལ་ཞབས་ཞུ་སྒྲུབ་དགོས་རེད་ཟེར་ནས་ཉམས་ཆུང་ནུས་མེད་ཚོ་གཡོག་ལ་བཀོལ་ནས་རང་གི་ཚ་བོ་ཚ་མོ་དང་བཅས་པ་གཞན་ཡུལ་བརྫངས་དོན་ག་རེད་དམ། དོན་དངོས་སུ་ཁ་ཡོད་ལག་ཡོད་བྱེད་ནས་ལས་ཀ་བྱེད་མཁན་དང་བོད་བསམ་མཁན་ག་ཚོད་ཅིག་འདུག་གམ
བོད་པའི་མཛངས་མ་དེ་ཚོའི་ཁྲོད་ནས་ལོ་རྒྱུས་དང་དུས་རབས་ཀྱིས་བོད་ཀྱི་བུད་མེད་ཚོར་བཞག་པའི་སྟོང་ཆ་དང་གནོན་ཤུགས་ངོ་ཤེས་པའི་ཐོག་ནས་ཡར་ལངས་ནས་འགན་ལེན་མཁན་སུ་འདུག་གམ ང་ཚོས་ལས་ཁ་ག་རེ་བྱེད་ན་ང་ཚོ་སྐྱབས་བཅོལ་བ་རེད། ང་ཚོ་ལ་རྒྱལ་ཁབ་ཡོད་པ་མ་རེད། ང་ཚོ་ལ་སེམས་ཤུགས་དང་འགན་ཁུར་གྱི་བསམ་བློ་ཡོད་ཀྱང་རྒྱལ་ཁབ་མེད་པའི་མི་ལ་གང་ཞིག་ཏུ་རྒྱལ་ཁབ་གཞན་པ་ནང་བཞིན་ལས་ཆོག་ཆོག་ཡོད།
དེ་ལྟར་རུང་ལོ་འདི་དག་གི་ནང་དུ་མཛངས་མ་ཚོས་འཇོན་པ་མིན་རུང་མིང་འདི་ལ་ལྟོས་ནས་རྒྱལ་ཁབ་ཆེ་ཆུང་མང་པོའི་བརྙན་འཕྲིན་དང་ཚགས་པར་ངོས་སུ་བོད་ཀྱི་མཛངས་མ་ཞེས་པའི་མིང་འདི་ཡིས་བོད་ཟེར་བ་འདི་ལ་གོ་བ་གཞན་པ་ཞིག་དང་དྲིལ་བསྒྲགས་གསར་བ་ཞིག་ཕྱིན་ཡོད། བོད་གཞུང་གི་སྐུ་དྲག་ཁ་ཤས་དང་ལས་བྱེད་ཁ་ཤས་སོང་ནས་མི་གཉེས་རེ་གསུམ་རེ་ལ་སྐད་ཆ་བཤད་ནས་ཡོང་ན་བོད་དོན་གླེང་དུ་སོང་བ་ཡིན་ཟེར་ཆོག་གི དེ་ན་བོད་ཀྱི་མཛངས་མ་ཚོས་མི་༤༠༠ དང་ ༥༠༠ ལྷག་གི་མདུན་ནས་རང་གི་ཆེད་གོས་གྱོན་ནས་རང་གི་གླུ་དབྱངས་བླངས་ནས། རང་གི་མི་རིགས་གླེང་ན་དེ་དྲིལ་བསྒྲགས་ལ་མི་འགྲོ་འམ དེ་བོད་དོན་གླེང་བ་མ་རེད་དམ།
བོད་ཀྱི་མཛངས་མ་ཚོས་རྒྱ་བལ་འབྲུག་གསུམ་གྱི་བོད་པའི་སྤྱི་ཚོགས་སུ་འགྲུལ་བཞུད་ཀྱིས་རང་རང་གི་མི་ཚེའི་ལྟ་བ་དང་ཆབ་སྲིད་ཀྱི་ལྟ་བ་འཁྱེར་སྟངས་སོགས་འགྲེལ་བརྗོད་གནང་ཐུབ་ན་ཡག་པོ་འདུག་ལ། དེ་བཞིན་གལ་སྲིད་དཔལ་འབྱོར་གྱི་མཐུན་རྐྱེན་རེ་འཛོམས་པ་ཡིན་ན་བོད་ཀྱི་མཛངས་མའི་སྤྱི་ཚོགས་ཞབས་ཞུའི་ལྟེ་གནས་ཁང་ལྟ་བུ་གསར་འཛུགས་ཀྱིས་བོད་པ་དང་ས་གནས་ཡུལ་མིར་དམིགས་པའི་མི་བཟང་དོན་བཟང་རེ་བསྒྲུབ་ཐུབ་ན་ཡག་པོ་འདུག འདི་ལྟར་བྱེད་ཐུབ་པ་ཡིན་ན་མ་འོངས་པར་བོད་ཀྱི་མཛངས་མའི་ཁས་ལེན་དོན་སྨིན་གྱི་ཆེ་མཐོང་ཡག་ཏུ་འགྲོ་རྒྱུ་ཡིན་པ་ཙམ་དུ་མ་ཟད། བོད་ཀྱི་མཛངས་མའི་འགྲན་བསྡུར་ལ་ཞུགས་མཁན་གྱི་རི་དྭགས་མིག་ཅན་ཚོ་ཡང་རང་གཞན་གཉིས་ཕན་གྱི་ལས་འགུལ་སྤེལ་ཐུབ་པའི་གོ་སྐབས་བཟང་པོ་འདི་ལ་དམིགས་ཏེ་མཛངས་མའི་འགྲན་བསྡུར་ནང་ཞུགས་ཚད་མཐོ་རུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད།།
བློ་དབང་སྐོར་གླེང་ན་བོད་ཀྱི་ཞི་མོ་འགའ་རེ་ལ་མཛེས་མ་ཞེས་པའི་མིང་་རྫུན་མ་རེ་བཏགས་ནས་ཁོ་པས་ལོང་སྤྱོད་པ་དེ་ཚོ་གླེང་རྒྱུ་མ་བརྗེད །ཨ་ཁུ་ཀླུ་སྨྱོན་དངསྟག་སྨྱོན།ལྕགས་རྒྱ་འགྲམ་ནག་ཚེ་རིང་བུ་སོགས་ལ་སྐད་འདི་བཤད་རོགས །
ཨ་རོགས། ཨ་མདོའི་བུ་མོ། སྐབས་རེར་བསམ་ཚུལ་རེ་སྤེལ་བཞིན་ཡོད་པ་དེ་ནི་ཡག་པོ་རེད། ཡིན་ནའང་དག་ཆར་གཟབ་གཟབ་ཅིག་བྱེད་དགོས་ཀྱི་འདུག དཔེར་ན། རྣམ་དབྱེ་དང་། ཚིག་ཕྲད། བྱེད་སྒྲ་དང་འབྲེལ་སྒྲ། ད་དུང་བྱ་ཚིག་གི་སྐོར་རེད། བྱ་ཚིག་དེ་ཡང་གཟུགས་འགྱུར་པ་རེད། གཟུགས་འགྱུར་པ་མ་རེད་སོགས་ལའང་བསམ་བློ་ཞིག་ཅིས་ཀྱང་གཏོང་རོགས། དེ་མིན་སྐད་ཆ་གཞན་ཉོ་དགོས་ཟེར་ནའང་མེད། བདེ་མོ་བྱོས།
བོད་ཀྱི་མཛངས་མའི་འགྲན་སྡུར་ཞེས་མི་སྒེར་བ་ཞིག་གིས་གོ་སྒྲིག་བྱས་པའི་ལས་སྒོ་ཞིག་གི་ཐོག་ལ་ང་ཚོས་ཆབ་སྲིད་དང་རིག་གཞུང་སོགས་ཀྱི་རེ་བ་དང་ཁལ་འགེལ་རྒྱུ་མང་དྲགས་ཀྱི་མེད་དམ་བསམ། བོད་ཀྱི་མིང་བཙོང་ནས་འཚོ་བ་སྐྱེལ་མཁན་གྱི་མི་ནི་ཁ་དོག་སྣ་ཚོགས་དང་མཐོ་དམའ་བར་གསུམ་མང་པོ་ཞིག་ཡོད་པས། འདིར་བློ་བཟང་དབང་རྒྱལ་གཅིག་པུའི་ཐོག་ལ་མང་པོ་ཞིག་བཤད་ནས་རྩོད་པ་བྱེད་འདོད་དང་དུས་ཚོད་སྐྱེལ་འདོད་མི་འདུག གོང་དུ་བློ་བཟང་དབང་རྒྱལ་གྱི་སྐོར་ལ་བསམ་ཚུལ་བཤད་ཚད་རང་གི་མཐོང་སྟངས་ཤིག་ཡིན་མ་གཏོགས། ཁོང་ལ་ཐད་ཀར་དེའི་སྐོར་གྱི་ཁ་བརྡ་བྱས་མ་མྱོང་། ཡིན་ནའང་བློ་དབང་དང་ལོ་ཁ་ཤས་ཀྱི་རིང་ལ་འགྲོགས་འདྲིས་བྱས་མྱོང་མཁན་ཞིག་ཡིན་པས། རང་གིས་གང་བཤད་པ་རྣམས་ཁུངས་ལུང་གང་ཡང་མེད་པའི་དཀྲོག་གཏམ་དེ་འདྲ་མིན།
ཕོ་རོག་དཀར་པོ་ཟེར་བའི་མིང་འདི་ཧ་ཅང་སྙན་པོ་འདུག ད་དུང་ཁ་སྔོན་སྦལ་བ་གླུ་ལེན་ཟེར་བའི་མིང་ཞིག་ཀྱང་ཐོན་སོང་། ཨ་རིག་དགེ་མཐོང་གིས་འཇང་དགུན་ཆོས་ལ་སོང་བའི་གནས་ཚུལ་དང་བསམ་ཚུལ་ཞིག་ཤོད་དང་།
ལྕགས་རྒྱ། ཁྱེད་ཀྱི་བྱེད་སྟངས་དེ་ངོ་མ་ཡག་པོ་མཐོང་སོང་། རྩོམ་ཡིག་ཀློག་རྗེས་དེའི་ནང་ན་བསྟོད་འོས་པའི་ཆ་དང་། སྨད་དགོས་པའི་ཆ་ག་རེ་ཡོད་པ་མ་འདྲེས་པར་དབྱེ་ཐུབ་ན་རྣམ་དཔྱོད་ཟེར་བ་དེ་ཡིན་པ་འདྲ། ངའི་ཕོ་རོག་དཀར་པོ་ཞེས་པའི་་རྩོམ་ཐུང་འདི་མཐོང་བ་ཀློག་མཁན་ལ་ཚོར་བ་ག་རེ་ཡོང་མིན་སྔོན་མ་ནས་ཚོད་དཔག་ཐུབ་ཀྱི་ཡོད། རྒྱུ་མཚན་དེའི་ཕྱིར་ཚུད་ཚོད་བཏང་ནས་མང་ཉུང་འབྲིང་ཙམ་བྲིས་པ་ཡིན། རྩོམ་ཡིག་འདི་ཀློག་པ་དང་དེ་འདྲའི་མིང་སྙན་པོ་དང་ལས་སླ་བོ་ཞིག་སྟག་སྨྱོན་ལ་རག་འདུག་བསམ་སྲིད་པ་མ་ཟད། ད་དུང་བོད་པའི་སྐད་ཡིག་གི་ནང་ལ་དེ་དང་ཆ་འདྲ་བའི་ཡིད་དབང་འཕྲོག་པའི་ཕྱོགས་མང་པོ་ཡོད་ངེས་སྙམ་ནས་བོད་སྐད་ལ་དུང་ཞེན་དང་བོད་སྐད་ལ་དོ་སྣང་ཞིབ་ཙམ་བྱེད་འདོད་ཀྱི་བློ་ཞིག་ཀྱང་སྐྱེས་སྲིད། ང་ལ་མཚོན་ན་བོད་ཀྱི་སྐད་ཡིག་འདི་ལང་ཚོའི་མཛེས་མདངས་ཡོངས་སུ་སྨིན་པའི་ན་ཆུང་སྨིན་ལེགས་མ་ཞིག་དང་ལུས་སེམས་ཡོངས་སུ་འདྲེས་ཤིང་ཟློག་མེད་ཀྱི་བརྩེ་དུང་ཟབ་མོ་ཞིག་ཆགས་ཚར་བས་ནམ་ཡང་བྲལ་མི་ཕོད་པ་ལྟ་བུར་གྱུར་འདུག བོད་ཀྱི་སྐད་ཡིག་ཁྲོད་ཨ་སྒོར་དུང་ཕྱིར་སྤྲད་ན་མི་ཁུག་པའི་ཡ་མཚན་མང་པོ་ཞིག་སྣང་མེད་དུ་བཞག་ནས་རུལ་འགྲོ་བ་མཐོང་ཚེ་འཕང་ཡོང་གི་འདུག མ་ཟད་མིང་ཚིག་སྙན་པོ་འདི་ས་འོག་ནས་བླངས་ཏེ་གཙང་མ་འཕྱིས་ནས་འོད་ཤར་དུ་བཅུག་ནས། དྭངས་གསལ་གྱི་དྲ་རྒྱའི་ཤེལ་ཁང་ནང་བཞག་ཏེ་སེམས་ནད་ཅན་གྱི་བོད་རིགས་ཁྱུ་གཅིག་ལ་གཟིགས་མོ་ཕུལ་བའང་ཁྱེད་དང་བོད་ཤ་ཁྲག་དང་བོན་རྒྱ་ཁྱེད་ཚོས་བསུས་པ་རེད། དེ་མིན་ན་དྲ་རྒྱ་ཡི་ལྗོན་བཟང་འདིའི་རྩེ་ལ་ཡིད་འོང་གི་ཕོ་རོག་དཀར་པོའི་གཏམ་དཔེ་དེ་མ་བབ་སྔོན་ལ་ཁོ་བོ་ངལ་གསོ་བརྒྱབ་ཚར་བ་ཡིན། གང་ལྟར་ཁྱེད་ཅག་བསུས་བ་རེད།
དྲ་གྲོགས་སྟག་སྨྱོན་དེ་རིང་ཁྱེད་རང་འདི་ནས་མཐོང་དུས། ཁྱེད་རང་གི་ཟིན་བྲིས་བཀླགས་མ་ཐག ཁྱེད་རང་ནི་བོད་པ་ཁྲེལ་ཡོད་ཀྱི་འཁྲིས་སུ་གཏོགས་པ་ཤེས་སོང་། ད་ནས་བཟུང་རང་ཚུགས་དེ་ནས་ས་གང་ནས་བསྡད་ཀྱང་འགྱུར་དུ་མ་འཇུག་རོགས། བོད་པ་ཚང་གི་མི་རྒྱུད་འདི་འུ་ཅག་གི་གླེན་པ་ཁ་ཤས་ཀྱི་འཛིན་སྐྱོང་བྱེད་མི་ཐུབ་པ་ནས་གཏན་ནས་རེ་བ་མེད་པ་ཞིག་ཀྱང་ཡིན་མི་སྲིད། དེའི་ཕྱིར་ས་གང་ནས་བསྡད་ཀྱང་རང་སྐད་གཙང་མ་དང་རང་ཚུགས་བརྟན་པོ་འབོར་དུ་མ་འཇུག་རོགས། དེ་ནས་ལས་ཀ་ག་རེ་བྱེད་ཐུབ་པ་དེ་དག་ནི་ངེད་ཅག་གི་ཕན་ཚུན་ལ་སེམས་པའི་ནང་དུ་སེམས་པ་བཞག་ནས་དྲ་ཚིགས་འདི་ནས་རང་རང་གང་ཐུབ་པ་དེ་ཕན་ཚུན་ལ་བསམ་བློའི་རམ་འདེགས་གང་ཐུབ་ཐུབ་རེ་ལོས་བྱེད། དེ་ནི་ངེད་ཅག་དྲ་ཚིགས་འདིར་ཞུགས་དགོས་པས་དམིགས་ཡུལ་དང་གྲུབ་འབྲས་ཡིན་ཞེས་གླེང་ན་འགྲིག་གི་ཡོད། དེ་ལྟར་སེམས་ནང་གི་དཀའ་ངལ་གང་ཞིག་དང་འཕྲད་ན་དྲ་ཐོག་འདིར་ཕྱོགས་དང་ངེད་ཅག་གི་ཐུན་མོང་ནས་སེལ་ཨེ་ཐུབ་ལྟོས་ཆོག
ཁྱེད་ཚོས་ཨ་མདོའི་བུ་མོ་འདི་ལ་ཁ་རྡུང་མ་གཏོང་། ཨ་མདོའི་བུ་མོ་ཟེར་མཁན་འདི་ཡང་བློ་དབང་གིས་འདེམས་ཐོན་བྱས་བའི་གྲས་ཀྱི་གཅིག་རེད་འདུག་ག།
དྲ་གྲོགས་སྐར་ཆེན་ལགས། ཁྱེད་རང་གི་ཡིག་གཟིགས་ཚང་མ་འགྱུར་འདུག དེ་ལ་ཐབས་ཤེས་རེ་ཡོད་ན་བལྟ་རོགས་གནོང་།
དེ་རིང་སང་ཉིན་ང་སློབ་གྲར་མེད། སློབ་གྲ་གུང་གསེང་ཡིན་ཙང་ཕྱི་ལོགས་ཤིག་ན་ཡོད། གནས་སྐབས་ལ་ཧུ་ཡིག་འདེབས་ཐུབ་ཀྱི་མི་འདུག དགོངས་དག
དྲ་གྲོགས་ཚོས་ཡིག་གཟུགས་བསྒྱུར་གནང་བར་བཀའ་དྲིན་ཆེ། ད་དུང་༸ཐྲྤཀླད་པར་དྲི་རྟགས་སྣ་ཚོགས་ཀྱིས་ཁེངས་བའི་ཉིན་འདི་ཚོར་ཞེས་བའི་རྩོམ་ཡིག་དེའི་མཆན་བུ་གཅིག་བསྒྱུར་མི་འདུག
དེ་ཡང་བསྒྱུར་རོགས་གནང་། བསྐྱར་དུ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། སྐར་ཆེན་ནམ་རིག་འབྱུང་དོན་གྲུབ་བཀྲ་ཤིས་འབོད་པས།
(TCRC བོད་ཡིག་སྤྱོད་མཁན་དག་གི་ཡིག་གཟུགས་རྣམས་ཧི་ཡིག་ཏུ་མ་བསྒྱུར་ན། ཀློག་ཐུབ་ཀྱི་མེད་ཙང་། དྲ་གྲོགས་ཚོས་མུ་མཐུད་ནས་ཧི་ཡིག་ཏུ་བསྒྱུར་རོགས་ཀྱི་རམ་འདེགས་གནང་རོགས། ཁ་བརྡས།)
སྐར་ཆེན་ལགས་༤༩བོད་ཡིག་དུ་འགྱུར་ཚར་འདུག་ཀྱང་། ཡང་གོང་གི་༥༡འདི་ཡིག་གཟུགས་འགྱུར་འདུག ཐབས་ཤེས་ཡོད་ན་ཐང་།
གཤམ་འཁོད་ཨ་མདོའི་བུ་མོའི་སྐད་ཆ་འདི་ལན་ཞིག་དགོས་པ་མཐོང་སོང་སྟེ། གཅིག་བྱས་ན་དྲ་གྲོགས་གཞན་པ་ཞིག་གིས་ལན་བཏབ་ཡོང་བསམ་ནས་གཡོ་བྱས་ནས་བསྡད་ཀྱང་། སུས་ཀྱང་ལན་མ་སྤྲད་པའི་ཚོད་ཡིན། མ་ཟད་ང་ཡང་ཀླུ་སྨྱོན་གྱི་ལག་ནས་བོད་ཀྱི་ལོ་རྒྱུས་མྱུར་སྐྱོབས་ཀྱི་ལས་དོན་དེ་ཛ་དྲག་དུ་བརྩིས་ནས་འདིའི་ནང་གི་དྲི་བ་ཁ་ཤས་སྣང་མེད་འཞག་པ་ཡིན་ལ། དེ་རིང་ཡང་འབྲི་སྙིང་བྲོ་གི་མི་འདུག་པས་རྗེས་སུ་འབྲི་ཆོག སྔ་གཞུག་ཙམ་མ་གཏོགས་གང་ལྟར་ལན་ཡོད་བསམ་ནས་བསྡད་ཆོག
“སྟག་སྨྱོན་ཟེར་བ་ལ། ཁྱེད་ཀྱི་བཤད་སྟངས་ཡིན་ན་མཛངས་མའི་འགྲན་བསྡུར་ནང་དུ་ཕ་མ་ཡོད་པ་དང་རྒྱབ་རྩ་ཡོད་པ ཡ་རབས་སྤྱོད་བཟང་རྐྱང་རྐྱང་ཡོང་དགོས་པ་ཨེ་རེད། ཕ་མ་འཁྲིས་ན་ཡོད་པའི་བུ་མོ་ཚང་མ་ཡ་རབས་དང་མཛངས་མ་རེད་དམ། དེས་ན་ལས་འགུལ་འདི་བོད་རང་བཙན་ཡིན་དུས་སྤེལ་ན་འགྲིག་ས་རེད་མ་གཏོགས་མི་རིགས་དང་རང་གི་སྤྱི་ཞོགས་ལ་འགན་ཁུར་བའི་བུད་མེད་དེ་ཚོ་ཕ་མ་རྒྱང་རིང་དུ་ཡོད་པའི་ད་ཕྲུག་མ་དེ་ཚོ་ཡིན་པ་ལས་ཕ་མའི་ལག་འོག་ན་དཀའ་སྡུག་གི་དྲི་མ་མི་ཚོར་བའི་བུ་མོ་དེ་ཚོ་མ་རེད མི་རིགས་ཟེར་ནས་ཤ་དང་རུས་པའི་གཏིང་ན་ན་ཟུག་ཡོད་མཁན་ཡང་ཕ་མ་རྒྱང་རིང་ན་ཡོད་པའི་བུ་མོ་ཚོ་རེད།
བོད་གཞུང་མ་གཏོགས་ཨ་རིའི་གཞུང་གིས་བོད྄ཀྱི་མཛངས་མའི་འགྲན་བསྡུར་བཙུགས་དང་བོད་རང་གི་དྲི་མ་དྲོ་བའི་བུ་མོ་ཡོད་གི་མ་རེད ཕྱུག་པོ་དང་དཔོན་པོའི་བུ་མོ་ཚོས་སྒང་ནས་འཕྲེད་བཤད་རྒྱག་གི་རེད། བོད་ལ་མ་གཞི་ནས་ཁེར་ཚིགས་ཀྱི་བསམ་བློ་མེད་དུས་དེའི་ནང་གི་བུད་མེད་བསམ་བློ་བ་ཉུང་ཉུང་རེད།”
བློ་བཟང་དབང་རྒྱལ་མི་སྐད་གྲགས་ཆེན་པོ་རེད། ཨ་མདོའི་རྩོམ་པ་པོ་ཡིན་ཟེར་མཁན་ཚང་མས་སྨྱུག་ཁ་ཁོང་གི་ཐོག་ལ་བསྐོར་འདུག དོན་དངོས་ཁོང་རྩོམ་པ་པོ་མང་པོ་ཞིག་གི་སྨྱུག་རྩེའི་བརྗོད་བྱ་གཙོ་བོ་དེ་ཆགས་པ་ཁོང་གི་གཟི་བརྗིད་ཡིན་སྲིད། འོན་ཀྱང་ང་ལ་བློ་དབང་དང་འབྲེལ་བའི་གཏམ་རྒྱུད་ཁྱད་མཚར་ཞིག་ཤོད་རྒྱུ་ཡོད། བློ་དབང་གི་མཛངས་མའི་འགྲན་སྡུར་ཐོག་མ་ཕྱི་ལོ་༢༠༠༢ ལོར་འགོ་འཛུགས་བྱས་པ་རེད།
༡༽ མཛངས་མ་སྒྲོལ་མ་ཚེ་རིང་ཟེར་བ་དེ་དང་པོ་རེད། འགྲན་སྡུར་དུ་ཞུགས་པའི་སྐབས་ཁོང་གི་ཕ་གྲོངས་ནས་དུས་ཚོད་རིང་པོ་སོང་མེད།
༢༽ ཚེ་རིང་སྐྱིད་ཟེར་བ་དེ་རེད། ཕ་ཡུལ་ནས་ཁོང་གི་ཕ་ན་སྟེ་སུ་ཇ་སློབ་གྲྭ་ནས་དགོངས་མ་ཞུས་ཀ་མེད་ཆགས་སོང་བ་དང༌། བལ་ཡུལ་དུ་སླེབས་པའི་སྐབས་ཁོང་གི་ཕ་གྲོངས་ཟིན་པ་རེད། དུས་དེ་ནས་ཅང་མ་འགོར་བར་མཛངས་མའི་འགྲན་སྡུར་དུ་ཞུགས་པ་དང་མོ་རང་གཅིག་པུ་ལས་འགྲན་སྡུར་ནང་ཞུགས་མཁན་སུ་གཅིག་མེད་པར་བརྟེན་རྒྱལ་ཁ་དེ་མོ་ལ་སྤྲད་པ་རེད།
༣༽ ལོ་དེའི་རྗེས་ཀྱི་མཛངས་མ་ཕལ་ཆེར་བཀྲ་ཤིས་དབྱངས་ཅན་ལགས་ཡིན་པ་ཡོད། ལོ་འདིར་བློ་བཟང་དབང་རྒྱལ་ལགས་ཀྱི་ཕ་ཕག་ཤ་ཟོས་ཏེ་གྲོངས་ནས་རྒྱུན་རིང་པོ་སོང་མེད་མཛད་སྒོའི་བློ་དབང་ཁོ་རང་གིས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
༤༽ དེའི་རྗེས་ཀྱི་ལོ་དེར་ཡང་བུད་མེད་གཅིག་ལས་མེད་པར་མོ་ལ་རྒྱལ་ཁ་བ་སྤྲད་པ་དང་ལོ་རྗེས་མ་མོ་རང་གྲོངས་པ་རེད།
༥༽ དེའི་རྗེས་ཀྱི་ལོ་དེ་ལ་མཛངས་མའི་འགྲན་སྡུར་ལ་ལྟད་མོ་ལྟ་རུ་ཡོང་མཁན་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ལས་བྱེད་ཅིག་སྦག་སྦག་བརྡབ་ནས་བསད་པ་རེད།
༦༽ དེའི་རྗེས་ཀྱི་ལོ་དེ་ལ་འགྲན་སྡུར་ནང་ཞུགས་མཁན་བུ་མོ་དྲུག་བྱུང་བའི་ནང་ནས་གཅིག་འགྲན་སྡུར་གྱི་ལས་རིམ་ཁ་ཤས་ནང་ཞུགས་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་དང༌། ལོ་དེའི་ལོ་སར་སྐབས་ཨོ་རི་ས་གཞིས་ཆགས་ནས་མོ་ཊ་བརྡབ་ནས་གྲོངས་ཡོད་པ་རེད།
ཕལ་ཆེར་དེ་དག་གི་གོ་རིམ་ཅུང་ཙམ་རེ་འཁྲུག་ཡོད་སྲིད་ཀྱང་གནས་ཚུལ་བདེན་པ་ཡིན། བཟང་ངན་གང་ཡིན་ཤེས་བཤད་ཤེས་ས་མ་རེད། དྲ་གྲོགས་རྣམ་པས་བགྲོ་གླེང་གནང་རོགས།
འདི་དང་འབྲེལ་ནས་ཀླུ་སྨྱོན་ལ་དྲི་བ་ཞིག་ཡོད། ཁྱེད་ཀྱིས་སྔོན་མ་ཨ་ནེའི་འགྲན་བསྡུར་དང༌། གྲྭ་པའི་འགྲན་ཞིག་གོ་སྒྲིག་བྱེད་རྒྱུ་ཡིན་ཚུལ་གསལ་བསྒྲགས་བྱས་པ་མིན་ནམ། དེ་ག་རེ་བྱས་སོང༌། མི་མང་པོ་ཞིག་གིས་ཀླུ་སྨྱོན་གྱིས་ག་དུས་དེ་གོ་སྒྲིག་བྱས་ཡོང་བསམ་ནས་བསྒུག་བསྡད་འདུག
ད་ནི་བློ་དབང་གི་བསྐོར་ལ་བཟང་ངན་མང་བོ་ཞིག་བཤད་སོང་། ཡིན་ཡང་། མི་ཁ་ཤས་ཀྱི་བློ་དབང་ལ་བྱས་རྗེས་དང་གསར་གཏོད་ཀྱི་རང་དབང་འདུག་ཟེར་བ་སོགས་བསྟོད་པ་བྱེད་ཀྱི་འདུག་ལ། མི་ཁ་ཤས་ཀྱི་བློ་དབང་ནི་མི་ངན་གཡོ་སྒྱུ་ཅན་ཞིག་ཡིན་རབས་སོགས་བཤད་ཀྱི་འདུག འོན་ཀྱང་། དྲ་ཚིགས་འདིས་ནང་གི་མི་སུ་གང་གིས་ཀྱང་བློ་དབང་ལ་བཅར་འདྲི་ཞིག་ཀྱང་བྱས་མེད་པར་ཁོང་ལ་རྒྱུས་མངའ་ཡོད་འདོག་འདོག་གི་སྐད་ཆ་མང་བོ་ཞིག་བཤད་བཞིན་འདུག་ལ། ཁ་ཤས་ཀྱི་བཀྲ་མི་ཤིས་པའི་རྟགས་མཚན་མང་བོ་དྲངས་འདུག རྒྱུ་མཚན་དངོས་ཡོད་ནི་ངེད་ཅག་གི་སྒྲུབ་མ་ཐུབ་པ་རེད་དམ། ངེད་ཅག་གི་བློ་དབང་དེ་འདྲ་བྱེད་ཐུབ་ན་ཡང་རྒྱུ་མཚན་མེད་པར་མཐོང་བ་རེད་དམ། འདི་ནི་ངེད་ཅག་ལ་འབབ་པའི་དྲི་རྟགས་ཤིག་རེད། རྒྱུ་མཚན་མེད་ན་མེད་རབས་ཀྱི་སྐོར་དང་ཡོད་ན་དེ་བྱེད་མཁན་གྱི་མི་སྣ་ཞིག་བློ་དབང་གཞན་པའི་སུས་འཇོན་ངེས་ཡིན་མིན་ཐད་དུ་བསམ་ཚུལ་ཞིག་བཀོད་མ་ཐུབ་པ་ཡིན་ན། ད་ནས་བཟུང་བློ་དབང་སྐོར་ལ་ཁོ་རང་གི་མི་ཤེས་ས་ནས་སྐད་ཆ་མང་བོ་ཞིག་བཤད་རྒྱུ་བཞག་ན་ཡག་པོ་རེད། བོད་པ་ཚང་གི་ནད་འདི་ལྟར་མུ་མཐུད་དུ་སོང་ན། བོད་ལ་རེ་བ་མེད་པ་ཁོ་ཐག་རེད། དེ་ལས་ལས་ཀ་གང་ཞིག་མགོ་རྩོམ་མཁན་གྱི་མི་དེ་དག་གི་དམིགས་ཡུལ་དང་ཁོ་རང་གི་ལས་ཀ་བྱེད་སྐབས་ཀྱི་མི་དང་འབྲེལ་བ་འཛིན་སྟངས་ལ་གསལ་པོ་ཞིག་རྒྱུས་ལོན་བྱས་རྗེས་ད་གཟོད་སྐད་ཆ་བཤད་ན་ཡག་པོ་འདུག དེ་མིན་རང་རང་གི་བྱེད་མི་ཐུབ་པ་ཞིག་ལ་གཞན་གྱིས་བྱེད་བཞིན་པར་སྐྱོན་རྐྱང་རྐྱང་བཙལ་ནས་བསྡད་ན། མི་ཟེར་བ་འདི་ལ་སྐྱོན་མེད་མཁན་ཞིག་གང་ན་ཡོད།
ལྷ་སྨོན་འདི་རྣམ་རྟོག་ཚ་པོ་ཞིག་ཡིན་པ་འདྲ། འཆི་བ་མི་རྟག་པ་འདི་སྔ་ཕྱི་མེད་པར་ཚང་མ་ལ་ཡོང་དགོས་པ་ཞིག་ཡིན་སྟབས་བཟང་ངན་གྱི་བགྲོ་གླེང་ག་རེ་བྱ་རྒྱུ་ཡོད། མི་དེ་ཚོ་བློ་བཟང་དབང་རྒྱལ་གྱིས་བསད་པ་ནི་མ་རེད། བོད་ཀྱི་མཛངས་མའི་ལས་གཞི་དང་འདི་ལ་འབྲེལ་བ་སྤུ་ཙམ་ཡང་མེད་སྟབས་དེ་ལྟ་བུའི་སྐད་ཆ་ལ་ཆོ་མི་འདུག
རྡ་སའི་བློ་དབང་འབའ་བ་ཕུན་དབང་གཉིས། །
ལས་མགོ་རྩོམ་གྲགས་ཆེ་ཡང་ལམ་འགྲོ་དཀོན། །
གཉིས་ཀ་སྤྱི་ཚོགས་ཤིག་གི་དགྲ་བོ་སྟེ། །
གཉིས་ཀ་མུན་ནག་ཁྲོད་ཀྱི་སྐར་མདའ་འང་རེད། །
དགུ་རོང་གྲུབ་ཆེན་ལགས། ཁྱེད་ཀྱིས་བློ་དབང་ཕུན་དབང་དང་སྤྱར་ན་ནི་དངོས་ནས་སྟབས་བདེ་བོ་ཞིག་ཡིན་མིན་ཡང་བཤད་དཀའ་ཡང་། བློ་དབང་ཁོ་རང་ལ་ཡང་ཁོ་རང་གི་ཚོད་ཀྱི་འཇོན་ཐང་ཞིག་ཡོད་པ་ལས་ཕུན་དབང་ལྟ་བའི་བསམ་བློའི་ནུས་ཤུགས་དང་བློ་རྩ་བརྟན་པོ་དེ་འདྲ་ཡོད་འདོག་ཁ་བོ་མེད། ཁོ་ནི་དེང་རབས་ཟེར་ནས་སྨྱོ་ལ་བྱེད་མཁན་ཞིག་དང་། རིག་གསར་ལ་དགའ་བ་ནས་བོད་ཀྱི་སྲོལ་རྒྱུན་མི་ཤེས་བ་ནས་བོད་ཀྱི་སྲོལ་རྒྱུན་ལ་གུས་བརྩི་མེད་མཁན་ཞིག་ཡིན་ཚོད་འདུག མི་དེ་དག་གི་རང་ཉིད་བོད་ལ་སྐྱེ་བ་ལས་བོད་ཀྱི་སྲོལ་རྒྱུན་ལ་བཟང་ངན་གང་ཡོད་ཀྱང་དེ་ལ་རྒྱུས་ལོན་བྱེད་ཐུབ་ཀྱི་མེད་པ་དེ་ནི་ཁོང་ཚོས་ནོར་འཁྲུལ་དུ་ངོས་འཛིན་བྱེད་ཆོག་གི་ཡོད་པ་རེད། ཡིན་ཡང་། ཁོ་རང་བོད་དོན་དུ་སེམས་ཤུགས་གཏན་ནས་མེད་མཁན་ཞིག་མ་ཡིན་པར་བོད་དོན་ལ་སེམས་འཁུར་ཡོད་པ་ནས་སེམས་འཁུར་དང་འགན་འཁུར་ལེན་སྟངས་དེ་ལ་ཕྲན་བུ་སྐྱོན་ཆ་བྱུང་གི་ཡོད་པ་དེ་རེད།
ངས་མི་དེ་ཚོ་བློ་བཟང་དབང་རྒྱལ་གྱིས་བསད་པ་ཞིག་རེད་ཅེས་བཤད་མེད་ལ། དེ་ཚོ་མཛངས་མའི་འགྲན་ཟེར་བ་དང་འབྲེལ་བ་ཡོད་མེད་ཀྱང་བཤད་མེད། འོན་ཀྱང་གནས་ཚུལ་དེ་ཚོ་བྱུང་བ་དངོས་ཡོད་གནས་ཚུལ་རེད། དངོས་ཡོད་གནས་ཚུལ་བརྗོད་པ་ཙམ་ལས་རྣམ་རྟོག་རྐྱང་པའི་སྐད་ཆ་མིན། མཛངས་མའི་འགྲན་སྡུར་མགོ་འཛུགས་པའི་སྐབས་ཟམ་གདོང་རིན་པོ་ཆེས་མཛངས་མའི་འགྲན་སྡུར་དེ་བཀྲ་མི་ཤེས་པ་ཞིག་རེད་ཅེས་རྒྱ་གར་གྱི་གསར་འགོད་པ་ལ་ཞིག་བརྗོད་པའི་སྐད་ཆ་ཞིག་བྲིས་འདུག རྗེས་སུ་རྩད་གཅོད་བྱེད་དུས་Unfortunately ཞེས་པ་བོད་བསྒྱུར་བྱས་པ་རེད་འདུག དེ་ཏག་ཏག་བསྡད་ཡོད་མེད་མི་ཤེས་ཀྱང༌། སྐབས་དེ་དུས་ནས་སྐད་ཆ་ཞིག་གོ་རྒྱུ་ཡོད་པ་རེད།
བློ་དབང་གིས་འཛམ་གླིང་སྤྱི་དང་མཐུན་པར། བུད་མེད་མཛེས་མ་རྣམས་སྤྱི་ཚོགས་ནང་བསྟོན་ནས། མང་ཚོགས་ལ་སུ་མཛེས་ཤོས་ཡིན་མིན་འདེམས་ག་བྱེད་དུ་བཅུག འདི་ནི་ད་ལྟ་རྒྱལ་ཁབ་ཕལ་མོ་ཆེར་དར་ཁྱབ་ཆེ་བའི་སྲོལ་རྒྱུན་ཡིན་པ་དང་། ད་ན། ཡེ་ཤུའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་ཁག་གི་ནང་ལ་ཡང་དེ་ལྟར་བྱེད་སྲོལ་འདུག
བཙན་བྱོལ་བོད་གཞུང་གིས། ནམ་ཡིན་ཡང་མི་དམངས་ཀྱི་འདོད་པ་དང་རྒྱབ་འགལ་བྱས་ནས་བསྡོད་པ་འདིར་ཧ་ལས་ཡག་མིན་འདུག བཙན་བྱོལ་བོད་གཞུང་གི་འགོ་པ་དེ་ཚོ་ནི་ནམ་ཡིན་ཡང་རང་འདོད་ཤ་སྟག མང་ཚོགས་ཀྱི་འདོད་པར་སྡུག་གནོན་བྱེད་གང་ཐུབ་བྱས་པའི་འབྲས་བུར། ད་ཆ་བོད་མི་མང་ཆེ་བའི་རྒྱལ་བ་རིན་པོ་ཆེ་ལ་གུས་ཞབས་ཡོད་པ་ལས། བཙན་བྱོལ་བོད་གཞུང་ཟེར་བ་འདི་ལ་གཏིང་ནས་གུས་ཞབས་མེད་ཚོད། འདི་བདེན་པ་རེད། དངོས་ཡོད་རེད། བོད་མི་ཨ་རིའི་ནང་ལ་སླེབས་རྗེས་ལོ་ལྟར་དེབ་ལྗང་བུའི་དངུལ་སྤྲོད་མཁན་བརྒྱ་ཆ་༥༠༇ཙམ་ཆགས་འགྲོ་གི་འདུག་ཅེས་གོ་མྱོང་། རྒྱུ་མཚན་གཙོ་བོ་ནི་བཙན་བྱོལ་བོད་གཞུང་གི་འགོ་པ་ཚོས་མང་ཚོགས་ཀྱི་བསམ་བློ་དང་རྒྱབ་འགལ་ཤ་སྟག་བྱས་པར་རྟེན། མང་ཚོགས་ཀྱིས་ཁོང་ཚོར་ཡིད་ཆེས་བརླགས་འགྲོ་བཞིན་ཡོད། དེ་བཞིན་དུ་བོད་ནང་གི་བོད་མི་རྣམས་ཀྱིས་ཀྱང་རྒྱལ་བ་རིན་པོ་ཆེ་སྲོག་ལས་གཅེས་པར་འཛིན་པ་ལས། བཙན་བྱོལ་བོད་གཞུང་ཟེར་ན་དེ་ཙམ་དགའ་བོ་མི་བྱེད།
ཨ་རོགས་ཚོ། ཁ་ནས་བཤད་ར྄ྒྱུ་ཁོ་ན་ལས་ས྄ླ་པོ་རེད་ཀྱང་དོན་དངོས་ལག་ལེན་ལ་འགེལ་ར྄ྒྱུུ་དཀའ་མོ་རེད་ཡ། བ྄ློ་བཟང་དབང་ར྄ྒྱལ་ ལ་མཚོན་ན་མི་གཅིག་གིས་གང་ཐུབ་ཅི་ཐུབ་ཀྱིས་ངོ་མ་ལས་ཀ་དེ་འད྄ྲ་མང་པོ་ཞིག་བྱེད་བཞིན་འདུག་ སོ་སོའི་ངོས་ནས་དོན་དག་ཆུང་ཆུང་ཞིག་བྱེད་པར་དཀའ་ལས་གང་འད྄ྲ་འདུག་ བསམ་གཞིགས་ཡག་པོ་བྱེད་ར྄ྒྱུ་གལ་ཆེན་པོ་རེད་བསམ། དེ་འད྄ྲ་ས྄ྤྱི་དོན་ལ་ཁ་ཡོད་ལག་ཡོད་ཀྱིས་ནུས་པ་ཐོན་ཐུབ་མཁན་མི་ཅི་བྱུང་ལ་ངན་ཁག་ཁོ་ན་དཀ྄ྲི་ན་ར྄ྗེས་སུ་ས྄ྤྱི་ར྄ྟ་ར྄ྒལ་རལ་འག྄ྲོ་ར྄ྒྱུ་ཉེན་ཁ་ཆེན་པོ་འདུག་པས་བསམ་བ྄ློ་ཐོངས་ཡ། ཚང་མ་ར྄ྩོམ་པ་པོ་ཡིན་མདོག་བྱེད་ཀྱི་འདུག་པས་དོན་དངོས་ཡིན་མིན་ལ་མ་བལ྄ྟོས་པར་འགན་འཁུར་དགོས་ར྄ྒྱུ་གལ་ཆེན་པོ་རེད་དོ།
ཨ་རོགས་ཚོ། ཁ་ནས་བཤད་ར྄ྒྱུ་ཁོ་ན་ལས་ས྄ླ་པོ་རེད་ཀྱང་དོན་དངོས་ལག་ལེན་ལ་འགེལ་ར྄ྒྱུུ་དཀའ་མོ་རེད་ཡ། བ྄ློ་བཟང་དབང་ར྄ྒྱལ་ ལ་མཚོན་ན་མི་གཅིག་གིས་གང་ཐུབ་ཅི་ཐུབ་ཀྱིས་ངོ་མ་ལས་ཀ་དེ་འད྄ྲ་མང་པོ་ཞིག་བྱེད་བཞིན་འདུག་ སོ་སོའི་ངོས་ནས་དོན་དག་ཆུང་ཆུང་ཞིག་བྱེད་པར་དཀའ་ལས་གང་འད྄ྲ་འདུག་ བསམ་གཞིགས་ཡག་པོ་བྱེད་ར྄ྒྱུ་གལ་ཆེན་པོ་རེད་བསམ། དེ་འད྄ྲ་ས྄ྤྱི་དོན་ལ་ཁ་ཡོད་ལག་ཡོད་ཀྱིས་ནུས་པ་ཐོན་ཐུབ་མཁན་མི་ཅི་བྱུང་ལ་ངན་ཁག་ཁོ་ན་དཀ྄ྲི་ན་ར྄ྗེས་སུ་ས྄ྤྱི་ར྄ྟ་ར྄ྒལ་རལ་འག྄ྲོ་ར྄ྒྱུ་ཉེན་ཁ་ཆེན་པོ་འདུག་པས་བསམ་བ྄ློ་ཐོངས་ཡ། ཚང་མ་ར྄ྩོམ་པ་པོ་ཡིན་མདོག་བྱེད་ཀྱི་འདུག་པས་དོན་དངོས་ཡིན་མིན་ལ་མ་བལ྄ྟོས་པར་འགན་འཁུར་དགོས་ར྄ྒྱུ་གལ་ཆེན་པོ་རེད་དོ།