ཚེས་༥སྟེ། རེས་གཟའ་ཉི་མའི་ཉིན་ཝ་ཤིན་ཏུང་གྲོང་ཁྱེར་སྲང་ལམ་ ༡༨ སྟེང་། ལོ་ན་གཉིས་དང་ཕྱེད་ཀར་སོན་པའི་བུ་ཆུང་ཉི་ཟླ་དང་། ངེད་གཉིས་དཔེ་དེབ་རྙིང་བ་བཙོང་སའི་ཚོང་ཁང་ཞིག་ཏུ་སོང་བ་ན། ༼ལྷ་ས་ནས་ཕེབས་པའི་སྨན་པ།༽ བློ་བཟང་རམས་པས་བརྩམས་ཞེས་པའི་དེབ་རྙིང་ཞིག་མཐོང་། དེབ་འདིས་ངའི་ཡིད་ཀྱི་དྲན་པ་ལོ་བཅུ་བཞི་ཡར་སྔོན་དུ་ཕྱིར་འཁྲིད་བྱས་སོང༌། དེ་ནི་༡༩༩༤་ལོའི་དབྱར་ཁའི་ཉིན་ཞིག་ལོན་དོན་གྲོང་ཁྱེར་ནང་དུ་དགོང་དྲོ་གསོལ་ཚིགས་ཞིག་གི་སྐབས་སུ། ལོ་ན་བཞི་བཅུ་ཡས་མས་ལ་སོན་པའི་དབྱིན་ཇུའི་བུད་མེད་ཞིག་གིས། “ངས་བློ་བཟང་རམས་པས་བརྩམས་པའི་སྦྱན་མིག་གསུམ་པ་དང༌། ལྷ་ས་ནས་ཕེབས་པའི་སྨན་པ་ཅེས་པའི་བོད་སྐོར་གྱི་དེབ་གཉིས་བཀླགས་མྱོང་། བོད་ནི་མཛེས་སྡུག་ཡིད་ཏུ་འོང་བའི་གནས་ཞིག་རེད། ཡིན་ནའང་བོད་མི་ཞིག་ལ་མཇལ་བ་ཐོག་དང་པོ་ཡིན་པས་ཧ་ཅང་དགའ་བོ་བྱུང་།” ཟེར།
དེ་ནི་ངའི་བློ་བཟང་རམས་པ་ཞེས་པའི་མིང་འདི་གོ་བ་ཐོག་མ་ཡིན། དེ་ནས་ངས་བློ་བཟང་རམས་པའི་སྐོར་ལ་ཉམས་འཇོག་བྱས་པ་ཡིན། ཁོང་ནི་དབྱིན་ཇུ་བ་ཞིག་ཡིན་པ་ལས་བོད་པ་མ་རེད། ཁོང་གི་དབྱིན་ཇུའི་མིང་ལ་Cyril Henry Hoskin (8 April 1910 – 25 January 1981)ཟེར་བ་དང་། བོད་ལ་ཕེབས་མྱོང་མེད་ནའང་། བོད་པའི་གྲྭ་བ་ཞིག་ལ་བརྫུས་ནས་བོད་ནང་གི་གནས་སྟངས་སྐོར་གྱི་དེབ་ཁ་ཤས་བརྩམས་འདུག དེབ་དེ་དག་གིས་སྤྱི་ལོ་༥༠་དང་༦༠་ནང་འཛམ་གླིང་དང་ཁེར་ཆད་དུ་གནས་པའི་བོད་གྱི་རྣམ་པ། གསང་བ་ལྐོག་གྱུར་ལྟ་བུའི་འཛམ་གླིང་མི་མང་དཀྱུས་མ་ཚོར་ངོ་སྤྲོད་བྱས་འདུག དེ་རིང་དཔེ་དེབ་རྙིང་བ་བཙོང་ས་དེ་རུ ༼ལྷ་ས་ནས་ཕེབས་པའི་སྨན་པ།༽ བློ་བཟང་རམས་པས་བརྩམས་ཞེས་པའི་དེབ་དེ་ངས་བསམ་བློ་ཅི་ཡང་གཏོང་མ་དགོས་བར་རང་བཞིན་གྱིས་ཉོས་ཡོང་བ་ཡིན།
ཁོང་གི་ལོ་རྒྱུས་དང་ད་དུངyou forever. དང་living with the Lama,Wisdom of the Ancients,Thrid eye, སོགས་དབྱིན་དེབ་མང་པོ་ཡོད་ས་རེད་པ། དེ་ཚོའང་ངོ་སྤྲོད་རགས་བསྡུས་རེ་གནང་ན་གང་འདྲ་འདུག
བློ་བཟང་རམས་པས་བརྩམས་པའི་དེབ་མང་པོ་དེབ་ཁང་དེ་འདྲའི་ནང་མཐོང་མྱོང་ཡང་ཁོ་བོ་དབྱིན་ཡིག་གི་སྦྱང་ཚད་མཐོ་བའི་དབང་གིས་ལག་པས་རེག་པ་ཙམ་ལས་ནང་དོན་གང་ཡོད་མ་རྟོགས། སྔོན་དུས་ནས་ཁོང་གིས་འཛམ་གླིང་ནང་བོད་ཀྱི་སྐོར་ཤེས་བྱ་མང་པོ་སྦྱིན་ཐུབ་པ་མྱོང་ཡོད།
བློ་བཟང་རམས་པས་བརྩམས་པའི་དེབ་དེ་དག་བཀླགས་ཏེ། བོད་ཀྱི་རིག་གཞུང་དང་ཆོས་ལ་འཇུག་མཁན་མང་པོ་ཡོད་པ་ཐོས། སྔར་ལྡི་རི་ལ་དྭགས་པ་སློབ་གྲྭ་པ་ཞིག་གིས་བློ་བཟང་རམས་པའི་དེབ་བཀླགས་ཏེ། བོད་ནང་པའི་ཆོས་ངོ་མཚར་ཅན་ཡིན་པར་ངེས་པ་རྙེད་པ་ལྟ་བུའི་རྣམ་འགྱུར་བསྟན། ལྷ་སའི་སྨན་པ་ཕྱི་ལོགས་ཀྱི་ཡུལ་དུ་འབྱོར་སྐབས་མི་དག་གིས་ཤ་ཟ་བ་མཐོང་ནས། སྨན་པ་རང་གི་སེམས་ལ་གཞན་དང་རྣམ་འགྱུར་ཞིག་སྐྱེས་ཞེས་བཤད་པ་ནི་ཅི་འདྲ་བྱས་ཁོང་གིས་དེབ་དེ་བྲིས་འདུག་ཀློག་པོས་དཔྱོད་ཤེས་ཀྱང་། འབྲི་བ་རང་གི་ཡིད་ལ་བོད་ལ་དག་སྣང་ཞིག་ཡོད་པ་ལ་མེད་དོ་ཞེས་སུས་བཤད་ཐུབ། ང་ལ་རྒན་མོ་ལོ་བརྒྱད་ཅུ་གྱ་གྲངས་མ་ཞིག་གིས་བཤད་པ་ལྟར་ན། མོ་དེ་ཡིས་བླ་མ་ཆེན་མོའི་རིགས་རང་ཉིད་ཀྱི་་སྒོམ་གྱི་སྒོ་ནས་གདན་འདྲེན་ཞུ་ས་ཏེ། བྱིན་རླབས་ཞུ་བ་ན་གཅིག་བློ་བཟང་རམས་པ་ཡིན་ཞེས་བཤད་པ་ལ་ལེགས་སོ་ཞེས་པ་ལས་གཞན་ཞིག་བཤད་པ་ལ་དགོས་པ་ཅང་མི་འདུག་སྙམ་པ་བྱུང་། གནས་ཚུལ་དངོས་མ་ཡིན་ནོ།