བསྟན་འཛིན་བཀྲ་ཤིས།
ལོ་འདིའི་ཁང་པ་དཀར་པོའི་གསར་འགོད་པའི་སྐྱིད་སྡུག་དགུང་ཚོགས་ཀྱི་སྐབས་སུ་སྲིད་འཛིན་ཨོ་བྷ་མས་འདི་ལྟར་བརྗོད། “ཉི་མ་འདི་དག་གི་རིང་ལ་༼ཁོང་གི་སྲིད་འཛིན་ཟུར་པ་ཡིན་པའི་དུས་ལ་ཆ་བཞག་ནས་༽ངས་མེ་ལོང་ལ་བལྟས་སྐབས། ང་ནི་དེ་སྔོན་གྱི་ཁ་ཆེའི་སྤྱི་ཚོགས་རིང་ལུགས་པའི་ན་གཞོན་དར་མ་ཞིག་བྱས་མྱོང་བ་དེ་མིན་པ་གཞི་ནས་ཤེས་བྱུང་།” ཞེས་བཤད་པ་རེད། སྐད་ཆ་འདི་ཨོ་བྷ་མས་རྩེད་མཚར་གྱི་ཆེད་དུ་བརྗོད་ཅིང་། རྩེད་མཚར་གྱི་ཤུགས་བསྟན་ལ། ཨ་རིའི་ཚོགས་པ་ཁག་གཅིག་དང་མི་མང་གིས་ཁོང་ཡི་ཤུའི་ཆོས་པ་མ་རེད། ཁ་ཆེ་རེད་ཅེས་བཤད་པ་དང་། དེ་བཞིན་མ་རྩ་རིང་ལུགས་པ་མ་རེད། སྤྱི་ཚོགས་རིང་ལུགས་པ་རེད་ཅེས་འདས་པའི་ལོ་ངོ་བཞི་ལྷག་གི་རིང་ལ་རྒྱུན་མ་ཆད་པར་བཤད་པ་དེ་སྟོན་པ་རེད། མཚར་གཏམ་འདི་བཤད་སྐབས་སུ་ཨ་རིའི་ཆབ་སྲིད་པ་དང་སྒྱུ་རྩལ་པ་སྣ་ཚོགས་འཛོམས་ཡོད་ལ། མཚར་གཏམ་རེ་རེ་ཡིས་དེར་འདུས་པའི་མི་ཡོད་ཚད་ལ་དགོད་བཅུག་པ་རེད། ཡང་ཁོང་གིས་ “ངས་ངའི་དཔེ་མཛོད་ཁང་དེ་འཛུགས་སྐྲུན་གྱི་འཆར་གཞི་བྱེད་ཀྱི་ཡོད་ལ། མི་ཁ་ཤས་ཀྱིས་ང་ལ་དཔེ་མཛོད་ཁང་དེ་ངའི་སྐྱེས་ཡུལ་དུ་བརྒྱབ་ན་ཞེས་བསམ་འཆར་བཤད་བྱུང་མོད། ངས་དཔེ་མཛོད་ཁང་འདི་ཨ་མི་རི་ཀ་རང་ལ་རྒྱག་འདོད་བྱུང་།” ཞེས་བཤད་པ་རེད། འདི་ནི་ཨ་རིའི་སྤྱི་མཐུན་ཚོགས་པས་རྗེས་འཇུག་པ་དག་གིས་ཁོང་ཨ་རིར་སྐྱེས་མེད་སྟབས་སྲིད་འཛིན་གྱི་འོས་ཆོས་ཚང་མེད་ཅེས་སྙོན་འཛུགས་བྱས་པ་དེ་ལ་རྩེད་མཚར་བྱས་པ་ཞིག་རེད། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ལྟ་ཚུལ་མ་གཅིག་པར་རྩོད་པ་མཐའ་འཁྱོལ་བ་བར་བྱས་པའི་རྗེས་སུའང་སླར་ཡང་གྲོགས་པོ་དང་སྤུན་ཟླའི་འདུ་ཤེས་ཀྱི་སེམས་གུ་ཡངས་བྱེད་པ་འདི་ནི་ཧ་ཅང་ཡ་མཚན་པ་ཞིག་དང་ཡིད་དུ་འོང་བ་ཞིག་རེད།
༢༠༡༢ ཟླ་ ༢ ཚེས་ ༡༢ ཉིན་ནིའུ་ཡོག་ཉིན་བོད་མི་ཞིག་གིས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ལ་དྲི་བ་ཞུས་པའི་ལན་དུ། བློ་བཟང་སེང་གེ་མཐོང་གསལ་གྱི་ཐོག་ནས་སྐུ་རླུང་བཞེངས་ཏེ་དྲི་བ་འདྲི་མཁན་ལ་བཀའ་བཀྱོན་བཏང་བ་རེད། ད་དུང་བོད་ནས་སྐུ་ལུས་མེར་སྲེག་བཏང་ན་བཙན་བྱོལ་ནས་མཆོད་འབུལ་ཅིག་བྱས་པ་དེ་ཡུས་ཆེན་པོ་བཤད་སོང་། ཁོང་ཆོས་པ་ཞིག་མིན་སྟབས། མཆོད་འབུལ་གྱིས་འདས་པོ་ལ་ཕན་ཐོགས་པའི་ཁུངས་སྐྱེལ་གང་ཡོད་དམ། ད་འདི་ “བོད་ཀྱི་ཨོ་བྷ་མའི་”བྱེད་ཕྱོགས་རེད།
བཙན་བྱོལ་གྱི་མི་ཚེའི་ནང་དམངས་གཙོ་འདིའི་བྲོ་བ་ཆེ་ཙམ་བྱུང་བའི་དུས་ཚོད་དེ་ནི་བློ་བཟང་སེང་གེ་དང་འོས་མི་གཞན་རྣམས་ཀྱིས་བཀའ་བློན་ཁྲི་པ་འགྲན་རྩོད་བྱས་པ་དེ་རེད། མཐའ་མའི་འོས་མིར་ལངས་པའི་མི་ཚང་མ་ཨ་རི་དང་ཡུ་རོབ་ཏུ་ཡོད་པ་ཤ་སྟག་ཡིན་པ་དེས་ཡིན་ནམ་གང་ལྟར་འོས་མི་རང་རང་གིས་དམངས་ཚོགས་འཛོམས་ས་ཁག་ལ་སྐད་འབོད་བྱས་པ་མ་ཟད། དྲ་རྒྱ་དང་གདོང་དེབ། ཡུ་ཊུབ་དང་ཊི་ཝེ་ཊར་སོགས་བརྒྱུད་ནས་འགྲན་རྩོད་བྱས་པ་རེད། དངོས་གནས་བཤད་ན་འོས་འདེམས་འདི་ནི་བཙན་བྱོལ་བ་ཞིག་གི་གནས་ཚད་ལས་བརྒལ་ཏེ། བོད་རྒྱལ་ཁབ་ཆེན་མོའི་འོས་འདེམས་བྱེད་པ་དང་ཧ་ཅང་མཚུངས་སྟབས། མི་ཚང་མས་ཡི་རངས་བྱས་པ་མ་ཟད། མི་ཚང་མའི་སེམས་ནང་ལ་དགའ་སྣང་སླེབས་པར་བྱས་ཡོད། བློ་བཟང་སེང་གེ་ལ་འོས་ཤོག་གི་བརྒྱ་ཆ་ ༥༥ དང་ཡང་ན་འོས་གྲངས་ ༢༧༠༥༡ ཐོབ་ནས་རྒྱལ་བ་རེད། ངས་ཀྱང་འོས་འདེམས་ཀྱི་རྒྱལ་ཁ་དེ་ཡོངས་སུ་ངོས་ལེན་བྱས་པ་ཡིན། དེ་དང་ཕྱོགས་མཚུངས་པར་ཁོས་བཙན་བྱོལ་གྱི་ཆབ་སྲིད་འདི་དང་གཞུང་འདི་ངོ་བོ་མི་འདྲ་བ་ཞིག་དང་བྱེད་ཕྱོགས་མི་འདྲ་བ་ཞིག་ཏུ་འཁྲིད་པའི་རེ་བ་ཡང་བྱས་པ་ཡིན། དེ་ཡང་རྙོག་དྲ་དང་གྲུབ་འབྲས་གཉིས་ཀ་འགན་ལེན་བྱེད་པའི་དབུ་འཁྲིད་ཅིག་བྱེད་པའི་རེ་བ་བྱས་པ་ཡིན། ང་གཅིག་པུ་ག་ལ་ཡིན། སྐབས་དེ་དུས་བཙན་བྱོལ་གྱི་བོད་མི་མང་ཆེ་བ་ལ་བསམ་ཚུལ་དེ་འདྲ་ཞིག་ཡོད་པ་རེད།
བོད་མི་ཚང་མ་དགའ་ཡོད་པ་དེས་འོས་འདེམས་ཀྱི་སྔ་ཕྱི་དེ་ན་གླེང་ཤུགས་ཆེ་བའི་བློ་བཟང་སེང་གེའི་རྙོག་དྲ་སྐོར་ཞིག་རང་བཞིན་གྱིས་ཡལ་བར་གྱུར། ཁོང་རྒྱ་ནག་ལ་རྒྱ་ནག་གི་ལག་འཁྱེར་བཟུང་ནས་སོང་བ་དང་། ཁོང་གི་འབུམ་རམས་པའི་ཆེད་རྩོམ་ལ་མཁས་པའི་རིན་ཐང་མེད་པ། ཁོང་གིས་མཁས་དབང་གི་རྩོམ་ཡིག་སོགས་འབྲི་ནུས་ཀྱི་མེད་པ། མཐའ་ན་ཁོང་གིས་ཨིན་ཡིག་ཐོག་རྩོམ་ཡིག་བྲིས་ན་ཡང་ཞུ་དག་པ་གཞན་གྱིས་བྱེད་དགོས་པ་ལས་རང་རྐྱ་འཕེར་བ་མེད་པ་སོགས་ལྟ་བུ་རེད། དེ་ཚོ་རིམ་གྱིས་ཡལ་བར་གྱུར།
ཨ་རི་བའི་གསར་འགོད་པ་བུ་མོ་ཞིག་གིས་མུ་མཐུད་ནས་འདི་དག་གི་སྐོར་བཤད་ཅིང་། ་བློ་བཟང་སེང་གེའི་སྒེར་གྱི་དངུལ་འབོར་དེ་ཚོའི་ཡོང་འབབ་བརྩད་གཅོད་བྱས་པ་མ་ཟད། ཁོང་གི་སྒེར་ནས་ཁང་པ་ཞིག་ཉོས་ཡོད་པ་དེའི་བུ་ལོན་ (Mortgage)ལོ་ཡུན་སུམ་བཅུ་དང་ཉི་ཤུ་སོགས་ཀྱི་རིང་ལ་རིམ་འཇལ་བྱེད་དགོས་པ་དེ་ལོ་གཅིག་ལོ་གཉིས་ཀྱི་དུས་ཡུན་ལ་སྤྲད་ཟིན་པའི་བྱུང་རིམ་ལ་དྭོགས་འདྲི་བྱས་ཡོད། ཁང་པའི་སྐོར་གྱི་རྩོམ་ཡིག་དེའི་ནང་། “གང་ལྟར་ཡང་ ༢༠༡༡ ལོའི་ཟླ་ ༧ ཚེས་ ༢༩ ཉིན་ཁོང་གི་ཁང་པའི་བུ་ལོན་ཨ་སྒོར་འབུམ་གཉིས་དང་ཆིག་ཁྲི་ཆིག་སྟོང་དེ་སྤྲད་ཐུབ་པར་གྱུར།” ཅེས་བྲིས་ཡོད། འོན་ཀྱང་སྐད་ཆ་འདི་ལྟར་བརྗོད་རྒྱུ་ནི་ལས་སླ་བོ་ཞིག་ག་ནས་ཡིན། སྐད་ཆ་འདི་ལྟར་བཤད་སྐབས་བོད་མི་ཚོས་བློ་བཟང་སེང་གེ་ལ་གུས་ཞབས་མ་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་པ་རེད། བློ་བཟང་སེང་གེ་མི་མང་གི་བཀའ་བློན་ཁྲི་པ་དང་མི་མང་གི་ཆེད་ཀྱི་བཀའ་བློན་ཁྲི་པ། མི་མང་ནས་འདམས་པའི་བཀའ་བློན་ཁྲི་པ་བཅས་ཡིན་པའི་རྣམ་པ་མེད་ཅིང་། བོད་མི་ཡོད་དོ་ཅོག་གིས་ཁོང་ལ་སྒུར་ཅིང་། ཁོང་གིས་མཛུབ་མོ་ནུབ་ལ་བཙུགས་ནས་ཤར་རེད་ཅེས་བརྗོད་ནའང་ལྕེ་བསྣར་ནས་ལགས་སོ་ཟེར་དགོས་པའི་ཚད་དུ་སླེབས་འདུག་ལ། དེ་ལྟར་ཧ་ལམ་གནང་བཞིན་པ་ཡང་རེད་འདུག བོད་མི་རྣམས་ཀྱིས་ཁོང་ལ་གུས་ཞབས་བྱས་པ་དེས་ཁོང་གིས་རང་ཚོད་མ་ཟིན་ནས་མཐའ་ན་དེང་སང་ཁོང་སྤྲུལ་སྐུ་ཞིག་ཡིན་རབས་ཀྱི་འཆལ་གཏམ་འགྲོ་བཞིན་པ་དེ་འདྲའི་བསམ་ཚུལ་ཁོང་ལ་མེད་པའང་ཤེས་དཀའ་བར་གྱུར་པ་རེད།
སྲིད་འཛིན་ཨོ་བྷ་མ་ཐེངས་གཉིས་པའི་སྲིད་འཛིན་རྒྱལ་ཁ་ཐོབ་སྐབས་ཁོང་ནི་བྱིས་པ་ཆུང་ཆུང་ཞིག་ཅི་བཞིན་ངུས་པ་རེད། དེ་ནི་ཁོང་ལ་རྒྱབ་སྐྱོར་དང་དགའ་བོ་བྱེད་མཁན་གྱི་དྭང་བླངས་པ་ཚོར་ཐུགས་རྗེ་ཆེ་ཞུས་སྐབས་ཡིད་སྐྱོ་ནས་ངུས་པ་རེད། ཨ་རིའི་མི་ཞིག་གིས་མེ་མདའ་སྤྱད་ནས་སློབ་ཆུང་གི་སློབ་མ་མང་པོ་བསད་སྐབས་ཀྱང་མིག་ཆུ་བཏང་བ་རེད། བོད་མི་ ༡༡༧ ཙམ་གྱིས་རང་ལུས་མེར་སྲེག་བཏང་སྐབས་བློ་བཟང་སེང་གེ་ངུས་པའི་སྐད་ཆ་གོ་རྒྱུ་འདུག་གམ། འདི་ཡང་བཤད་ཆོག་གི་མ་རེད། བོད་མི་རྣམས་བློ་བཟང་སེང་གེའི་ཆེད་དུ་ངུ་དགོས་པ་ལས་བློ་བཟང་སེང་གེ་བོད་མིའི་ཆེད་དུ་ངུ་མི་རུང་བ་རེད། དངོས་གནས་བཤད་ན། བོད་ནང་གི་མེར་སྲེག་རེ་རེ་བཞིན་བྱུང་སྐབས་བློ་བཟང་སེང་གེས་ཀྱང་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ་མིག་ཆུ་དང་བཅས་གདུང་འབོད་བྱས་ན་ཅི་མ་རུང་།
སྲིད་འཛིན་བྷུ་ཤི་ནི་དབྱིན་ཇིའི་སྐད་ཡིག་ལ་ཡག་པོ་ཡོད་མ་རེད་ཅེས་བཤད་སྲོལ་ཡོད་པ་རེད། ཐེངས་མང་པོར་མི་རྣམས་ཀྱིས་འཕྱ་སྨོད་བྱས་པ་རེད། བློ་བཟང་སེང་གེའི་བོད་སྐད་དེ་ “སློབ་གྲྭ་བུ་གུའི་”བོད་སྐད་འདྲ་ཞིག་ཡོད་པ་ནི་༧གོང་ས་མཆོག་གིས་ཀྱང་གསུངས་པ་རེད། འོན་ཀྱང་འདི་ཡང་བོད་མི་དཀྱུས་མ་ཞིག་གིས་བཤད་ཆོག་གི་མ་རེད། འདི་བཤད་ན་ང་ཚོས་བོད་ཀྱི་ཆིག་སྒྲིལ་ལ་གནོད་པ་བསྐྱལ་གི་ཡོད་པ་མ་ཟད། མཐའ་ན་༧རྒྱལ་བའི་བཀའ་དགོངས་མ་སྒྲུབ་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད།
བཀའ་བློན་ཁྲི་པ་ནས་བཀའ་བློན་ཁྲི་པའི་དམ་འབུལ་དང་སྲིད་སྐྱོང་དམ་འབུལ་སོགས་སུ་ཤིན་ཏུ་ལྕི་བའི་ལས་འགུལ་འདི་མཆོག་གསུམ་དཔང་བཙུགས་ཀྱིས་སྒྲུབ་རྒྱུའི་དམ་བཅའ་བརྟན་པོ་ཕུལ་ཡོད་པ་རེད། འོན་ཀྱང་དམ་བཅའ་དེ་ལ་བརྟེན་ནས་བོད་མིའི་བདེ་སྡུག་ལས་བཙན་བྱོལ་ནང་གི་བདེ་སྡུག་ལ་འགོ་བོ་འཐོམས་ཡོད་པ་མ་ཟད། དྲ་རྒྱ་སོགས་སུ་ཁོང་ལ་དགའ་དང་མི་དགའ་དང་། བསྟོད་པ་དང་སྨད་པའི་རྩོམ་དང་ཡིག་འཆལ་རེ་སླེབས་སྐབས་དེ་ལ་དངོས་ཤུགས་ནས་གནོན་ཤུགས་སྤྲོད་རྒྱུ་ལ་བརྩོན་པར་སྣང་ལ། བློ་བཟང་སེང་གེའི་འཛིན་སྐྱོང་ལ་དངོས་འབྲེལ་གྱི་རྙོག་ཟིང་རེ་བྱུང་སྐབས་ལག་པ་འཕྱི་ས་དེ་༧རྒྱལ་བ་རིན་པོ་ཆེ་ཡིན་པ་ནི་ཧ་ཅང་ཐབས་སྐྱོ་བ་ཞིག་རེད། ༧གོང་ས་མཆོག་གིས་ཁོང་ལ་སྲིད་དབང་ཚང་མ་རྩིས་སྤྲོད་བྱས་ཟིན་པའི་རྗེས་ལ། ད་ཆབ་སྲིད་ཀྱི་གནད་དོན་ཐོག་ལ་མུ་མཐུད་ནས་༧གོང་ས་མཆོག་ལ་བཀའ་སློབ་གནང་འཇུག་པ་འདི་ཧ་ཅང་ཡི་མ་རངས་པ་ཞིག་རེད། ༧གོང་ས་མཆོག་ནི་བླ་མ་ཞིག་རེད། འགྲོ་བ་སྤྱི་དང་ལྷག་པར་བོད་མི་རྣམས་ཀྱིས་ལས་དོན་གང་ཞིག་གི་ཆེད་དུ་གསོལ་བ་བཏབ་ཚེ། དེ་ལ་ཕལ་ཆེར་མིན་ཞེས་གསུངས་གི་མེད་པ་རེད། རིག་གནས་གསར་བརྗེའི་མཇུག་ཏུ་བོད་ཕྱི་ནང་གཉིས་ཀ་ནས་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་དར་སྲོལ་བྱུང་བའི་སྐབས་ལ་གནས་ཚུལ་འདི་ཧ་ཅང་གསལ་པོར་བྱུང་ཡོད་པ་རེད་ལ། དགེ་བཤེས་ཉི་མ་ཞེས་པའི་མཚན་ཅན་གྱིས་གྲུབ་ཆེན་དེས་སྤྲུལ་སྐུ་ངོས་འཛིན་བྱས་མ་ཐག་ ༧གོང་ས་མཆོག་གིས་ཀྱང་ཕྱག་རྟགས་གནང་བ་དེ་ཚོ་ཧ་ཅང་གསལ་པོ་རེད།
ལོ་འདིའི་ནང་རང་བཙན་དང་དབུ་མའི་ལམ་གྱི་སྐད་ཆ་རིང་པོ་དང་སྣ་ཚོགས་པ་ཞིག་འབྱུང་བཞིན་ཡོད་པ་དེ་དག་ལའང་། ༧གོང་ས་མཆོག་གི་དགོངས་བཞེད་ཅེས་པའི་ཚིག་འདི་སྤྱད་ནས་སྤྱི་ཚོགས་ཐོག་བཀྲམས་པའི་རྐྱེན་གྱིས་བཙན་བྱོལ་སྤྱི་ཚོགས་ནི་ཧ་ཅང་ཟིང་ཚ་པོ་ཞིག་ཆགས་ཡོད་པ་རེད། ༧གོང་ས་མཆོག་གི་དགོངས་བཞེད་ནི་བྱང་ཆུབ་སེམས་དཔའ་ཞིག་གི་དགོངས་བཞེད་ཡིན་སྟབས། འདིའི་ནང་ན་འཚེ་མེད་ཞི་བའི་བདུད་རྩི་འཁྱོམ་བཞིན་པ་དེ་སུས་ཀྱང་ཤེས་ངེས་པ་རེད། ང་ཚོས་སྐད་ཆ་བཤད་དོན་ནི་སྲོང་བཙན་སྒམ་པོའི་གདུང་རྒྱུད་དེ་ཉམས་ཐག་ཆོད་ནས་མཐའ་ན་རང་གི་རྩ་བའི་བླ་མའང་རང་ས་ནས་བཞུགས་འཇུག་མི་ཐུབ་པའི་གནས་ཚད་འདི་ལ་ལྷུང་ཡོད་པ་རེད། འདི་ནི་མི་ཞིག་དང་ཡང་སྒོས་འཇིག་རྟེན་པ་ཞིག་གི་བསམ་བློ་གཏོང་སྟངས་ཐོག་ན་ཡོད་པ་རེད།
བོད་མི་ཚང་མས་ད་ལྟའི་ཆབ་སྲིད་ཀྱི་དཀའ་ངལ་འདི་ལ་ཆོས་པའི་མིག་གིས་ལྟ་བཞིན་ཡོད་པ་མ་རེད་ལ། ཆོས་པའི་མིག་གིས་མི་ལྟ་བ་འདི་ཡང་དམངས་གཙོའི་རང་དབང་ལོངས་སྤྱོད་པའི་འདུ་ཤེས་ཤིག་གི་ཐོག་ནས་ཡོང་གི་ཡོད་པ་རེད། གནས་ཚུལ་དེ་འདྲ་བྱུང་སྐབས་དེ་དག་ལ་དགག་པ་རྒྱག་པའམ་མཐའ་ན་དམའ་འབེབས་དང་། རང་རིགས་ཀྱི་གྲས་ནས་ཕྱིར་འབུད་གཏོང་བ། མིང་སྣ་ཚོགས་སྤྱད་ནས་མེད་པ་བཟོ་བ་འདི་དག་ནི་ཧ་ཅང་མ་འོས་པ་ཞིག་རེད། སྤྱི་ཚོགས་ཐོག་ན་བསམ་ཚུལ་སྣ་ཚོགས་ཡོད་ན་དེ་ནི་སྤྱི་ཚོགས་དེའི་གཟི་བརྗིད་རེད། ལྷག་པར་བོད་ཀྱི་རྩ་དོན་ལ་ཐུག་པའི་གནད་དོན་སྒང་ལ་བསམ་ཚུལ་སྣ་ཚོགས་པ་ཡོང་དགོས་པ་དེ་ནི་ཧ་ཅང་དགོས་ངེས་པ་ཞིག་རེད། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཚང་མ་ལ་བསམ་ཚུལ་དང་ཤོག་ཁག་མི་འདྲ་བ་དག་གིས་རང་རང་གི་འདོད་པ་ཅི་ཙམ་རྩོད་པ་དེ་ང་ཚོས་མ་མཐོང་བ་ཨེ་ཡིན།
བློ་བཟང་སེང་གེ་བཀའ་བློན་ཁྲི་པ་ནས་སྲིད་སྐྱོང་ཆགས་པའི་རིམ་པ་དེ་ལ་འཇམ་དབྱངས་ནོར་བུས་རྩོམ་ཞིག་བྲིས་པ་དེ་ལ་བཙན་བྱོལ་ནང་ནས་སྨྱོ་འཚུབ་ཅིག་ལངས་སོང་། དེ་བཞིན་བཙན་བྱོལ་ནང་རང་བཙན་དང་དབུ་མའི་ལམ་གྱི་རྩོད་པ་འཕེལ་བ་དེ་ཡོན་ཏན་དུ་བལྟ་བ་ལས་སྐྱོན་དུ་བལྟས་ཏེ། ཕན་ཚུན་དགྲར་འཛིན་གྱི་ཚོར་བ་རྣོན་པོ་ཆགས་པ་དེ་ཚོ་ཡག་པོ་ཁྱོན་ནས་མ་རེད། དབྱིན་སྐད་ཀྱི་བཤད་སྲོལ་ “the buck stops here”ཞེས་པ་ལྟར། བློ་བཟང་སེང་གེས་བོད་ཀྱི་ཆབ་སྲིད་ཀྱི་ཟིང་ཆ་ལ་འགན་འཁྱེར་དགོས་པ་རེད། བློ་བཟང་སེང་གེ་ལས་བརྒལ་ཏེ་༧གོང་ས་མཆོག་ལ་ལག་པ་འཕྱི་ས་མེད་པའི་འགན་ཞིག་མ་འཁྱེར་བ་དང་ཡང་འཁྱེར་ཐུབ་གི་མེད་པ་ཡིན་ན། བཀའ་བློན་ཁྲི་པ་དང་སྲིད་སྐྱོང་གི་ལས་ཀ་དེ་འགྲུབ་གི་མེད་པ་རེད། སྲིད་འཛིན་བྷུ་ཤི་ཡིས་རྒྱལ་ཁབ་གཉིས་ལ་དམག་བརྒྱབ་པ་དེ་ལ་ཨོ་བྷ་མས་ངོས་ལེན་བྱས་མེད་པ་རེད། འོན་ཀྱང་ཨོ་བྷ་མས་དེ་དག་སྲིད་འཛིན་ཟུར་པའི་འགན་རེད་ཅེས་འཇོག་ས་མེད་པར་འགན་དེ་དག་རང་གི་ཐོག་ལ་ལེན་བཞིན་ཡོད་པ་རེད། བློ་བཟང་སེང་གེས་ ༢༠༡༡ ལོར་འཛིན་སྐྱོང་གི་དབུ་འཁྲིད་དུ་ཕེབས་པའི་དུས་ཚོད་དེ་ནས་བཟུང་། དབུ་མའི་ལམ་ལ་གྲུབ་འབྲས་བྱུང་ན་ཡང་བློ་བཟང་སེང་གེའི་དབུ་འཁྲིད་ལས་བྱུང་བ་རེད། དབུ་མའི་ལམ་ལ་མ་འགྲུབ་ན་ཡང་བློ་བཟང་སེང་གེའི་དབུ་འཁྲིད་ལས་བྱུང་བ་རེད། འདིའི་འགན་འཁྱེར་དགོས་པ་རེད། མི་གཞན་པ་ལ་ཁག་དཀྲི་ས་ཡོད་པ་མ་རེད།
བོད་གཞུང་དང་སྒྲིག་འཛུགས་ཀྱི་མིང་གང་བཏགས་རུང་རང་གི་ལྟ་བ་ལ་ཁ་གཏད་བྱེད་མཁན་རྣམས་ནི་རང་གི་ན་ཚ་གསོ་པ་ལ་དགོས་པའི་སྨན་ཇི་བཞིན་དགའ་བསུ་དང་དང་ལེན་བྱེད་དགོས་པ་རེད། འདི་དག་ལ་ཧ་ཅང་དགའ་བསུའི་ཐོག་ནས་བསམ་ཞིབ་བྱེད་པའི་གཤིས་ཀ་དེ་མེད་ན་བོད་དང་ཡང་ན་རྒྱ་ནག་གི་ཨོ་བྷ་མ་ཅི་ལྟར་བྱེད།
བློ་བཟང་སེང་གེས་རང་གི་དགོས་འདུན་གྱི་དམིགས་ཡུལ་ཨང་རིམ་དང་པོ་ཡིན་པའི་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་དེ་ནི་དངོས་སུ་མི་འགྲུབ་པ་ཐག་ཆོད་པ་ཞིག་རེད། ད་ཁོང་ལ་བོད་མི་དམངས་ཀྱི་བཀའ་བློན་ཁྲི་པའམ་སྲིད་སྐྱོང་ཡིན་ཞེས་བརྗོད་རྒྱུ་ལས། བཙན་བྱོལ་བ་འབུམ་གཅིག་གི་སྲིད་སྐྱོང་ཡིན་ཞེས་སྨྲས་ན་གནས་སྐབས་ཤིག་ལ་མིང་དོན་མཚུངས་པ་ཆགས་ཀྱི་རེད། ད་བཙན་བྱོལ་ནང་གི་དཀའ་རྙོག་གི་འགན་ཡང་འཁྱེར་ཐུབ་ཀྱི་མེད་པར། དེ་ཡང་༧གོང་ས་མཆོག་ལ་འཕྱིས་པ་ཡིན་ན། བློ་བཟང་སེང་གེ་ནི་ཁོང་ལ་དང་འདོད་ཧ་ཅང་ཆེ་བའི་གྱོན་པ་ཁྱབ་བསྒྲགས་པ་ཞིག་༼a fashion model༽ལས་གཞན་ཅི་ཡང་མ་རེད།
ད་དུང་བློ་བཟང་སེང་གེས་རང་གི་རྒྱ་མིའི་སྤ་སེའི་སྐོར་དེ་ཚོ་མཚར་གཏམ་གྱི་རྒྱུ་བྱས་ཏེ། རང་ལ་མི་དགའ་མཁན་གྱི་དབུ་འཁྲིད་དང་མཁས་པ། གཞོན་སྐྱེས་དེ་ཚོ་དང་ལྷན་དུ་ཆང་ཞིག་འཐུང་ནས་རྩེད་མོ་ལ་རོལ་ཐུབ་བམ། གལ་སྲིད་དེ་ཐུབ་ཀྱི་མེད་ན། བློ་བཟང་སེང་གེ་ནི་ཆབ་སྲིད་པ་ལྐུགས་པ་ཞིག་རེད། མ་མཐའ་ལའང་བཙན་བྱོལ་གྱི་དམངས་གཙོའི་ནང་དེ་ལྟར་རེད། ཡང་ན། བཙན་བྱོལ་དུ་འཚར་ལོངས་བྱུང་བའི་ཤེས་ཡོན་པ་ཞིག་གིས་བརྗོད་དོན། “བློ་བཟང་སེང་གེ་བཀའ་བློན་ཁྲི་པར་བསྡད་དགོས་པའི་རྒྱུ་མཚན་ལྟེ་བ་ནི་རང་ལ་ལས་ཀ་ཡག་པོ་ཞིག་འཐོབ་ཕྱིར་དེའི་རྒྱུ་རྐྱེན་དང་ཡིག་ཚགས་བསྒྲུབ་བཞིན་པ་རེད།”ཅེས་བཤད་པ་ལྟར་ལས་མ་འདས་པ་ཡིན་ནོ།།
ཉེ་ཆར་ཀྲུང་གོའི་གཞུང་འབྲེལ་ཆབ་སྲིད་ཁྱབ་བསྒྲགས་པོ་ཏ་ལ་དུས་དེབ་སྟེང་སྲིད་སྐྱོང་བློ་སེང་གི་གི་ཁང་པ་དེ་ཁོ་རང་གི་མིང་ཐོག་ན་མེད་པར་ཁོ་རང་གི་སྲིང་མོའི་མིང་ཐོག་ན་ཡོད་ཚུལ་ཞིག་བྲིས་འདུག་བསམ། ངས་དེབ་དེ་གཡུག་ཚར་འདུག སྤྱིར་ན་རྒྱ་ནག་གིས་བློ་བཟང་སེང་གེ་ལ་ཞེད་སྣང་འདྲ་ཞིག་བྱེད་ཀྱིན་ཡོད་པ་འདྲ།
བཀའ་ཤག་ནས་ཡིག་ལན་འབྱོར་བ། ༡
ཅོག་རོང་གི་མྱི།
ལྷག་བསམ་ཅན་ཅོག་རོང་བ་ལགས་སུ།
ཁྱེད་ཀྱིས་བསྐུར་གནང་བའི་ཞུ་ཡིག་གསུམ་པོ་དེ་རིམ་གྱིས་བཀླགས་ཟིན་པ་དང་སྐུ་ཉིད་ཀྱིས་བོད་དོན་ལ་བཅིངས་བའི་སེམས་ཤུགས་དང་ཐབས་ལམ་ལ་བརྒྱབ་སྐྱོར་ཡོད། ཡིན་ན་ཡང་བཀའ་ཤག་ནི་བདག་ཁོ་ནའི་བཀའ་ཤག་ཅིག་མ་ཡིན་ཏེ། བདག་གིས་ཅི་འདོད་དུ་ལས་རུང་བ་ཞིག་ཀྱང་གཏན་ནས་མིན། བཀའ་ཤག་ལ་ལོ་ངོ་གསུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་དང་ལོ་རྒྱུས་དེའི་ཁྲོད་དུ་འབྲེལ་ཐོགས་ཆགས་པའི་མངོན་ལྐོག་གི་མི་སྣ་ནི་བགྲངས་ཀྱིས་མི་ལང་བ་ཞིག་ཡོད་པས་བཅོས་བསྒྱུར་གྱི་ཐབས་ལམ་གང་དང་གང་ཡིན་རུང་ཁོང་ཚོའི་ཁེ་ཕན་ལ་ངེས་པར་དུ་གཟིགས་དགོས་པ་དང་བསྟུན་དགོས་པ་ཞིག་ཏུ་ཆགས་བསྡད་ཡོད། བོད་དོན་གྱི་ཡང་སྙིང་ཡང་གནད་འདི་ལ་ཐུག་ཡོད་པ་འདིས་བདག་གི་དེང་རབས་ཆབ་སྲིད་ཀྱི་རྩལ་འདོན་པའི་ཐད་ལ་ཡང་འགལ་རྐྱེན་ཕྲན་བུ་ཙམ་ཐེབས་སོང་། ཁྱེད་ཀྱིས་གསུངས་གནང་བ་ལྟར་ངོས་ནས་ཀྱང་ཏན་ཏན་གྱི་བོང་བུ་ལ། ཏིག་ཏིག་གི་ཁལ་བཞིན་སྐུ་སྒེར་དང་སྐུ་ཚབ་རྣམས་དང་ལྷན་ཏུ་བོད་རྒྱ་གྲོས་མོལ་གྱི་འབྲེལ་ལམ་ཆད་ཤོར་བ་དེ་མཐུད་བསམས་ནས་ཁོང་ལྷན་རྒྱས་རྣམས་དང་དཀའ་ལས་ཏོག་ཙམ་རྒྱག་བཞིན་ཡོད། བོད་རྒྱ་འབྲེལ་ལམ་གྱི་གཏིང་ན་གནས་བའི་ལྐོག་གྱུར་གྱི་དོན་དག་དེ་དག་ནི་ཁྱེད་གཞོན་ནུ་རྣམས་ཀྱི་བློ་ཡུལ་དུ་ཚུད་དཀའ། རྒྱ་ནག་དང་འབྲེལ་ལམ་བཟོ་བ་དེ་རྒྱ་ནག་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མུ་མཐུད་དུ་གནང་དགོས་པ་ཞིག་ཡིན། བདག་གིས་ཀྱང་རྒྱ་ནག་གི་རྩ་ཁྲིམས་ལ་སློབ་སྦྱོང་བྱས་མྱོང་བས་རྩ་ཁྲིམས་ལྟར་རྒྱ་ནག་གིས་ལས་ཐུབ་ན་གུང་བྲན་ཚོགས་པ་སྔར་ནས་རྒྱ་མིས་མགོ་ལྟིང་སློག་ཟིན་པས་རྒྱ་གཞུང་གིས་རྩ་ཁྲིམས་ལྟར་ལག་བསྟར་འཕྲད་དུ་བྱེད་མི་སྲིད། བོད་དོན་ནི་རྩ་ཁྲིམས་ལྟར་འཕྲད་དུ་ཐག་གཅོད་དགོས་ཞེས་པ་ནི་སྟོང་བཤད་ཙམ་དུ་ཟད་པས་དེར་རེ་བ་ཆེན་པོ་བརྒྱག་རྒྱུ་ཡོད་པ་མ་རེད། རྗེས་སུ་སྟེར་དགོས་ཟེར་ཡང་དགའ་མི་དགོས། རྗེས་སུ་རྡུང་དགོས་ཟེར་ཡང་སྡུག་མི་དགོས་ཟེར་བ་ལྟར་རོ། དེ་མིན་བོད་ནས་རང་ལུས་མེར་སྲེག་ཐད་ལ་ཁྱེད་ཀྱིས་བདག་གིས་བསྐུལ་བ་རེད་ཅེས་བརྗོད་མོད། བཀའ་ཤག་གིས་བོད་ནང་གི་རང་ལུས་མེར་སྲེག་ཐད་ལ་ཇུས་གཏོགས་དང་བཀོད་འདོམས་གང་ཡང་གནང་ཡོད་པ་མ་རེད་ལ་གནང་བསམ་པ་ཡང་མེད། བདག་ལ་མཚོན་ན་གྲྭ་ས་ནས་སློབ་གསོའི་གོ་སྐབས་འཐོབ་མ་མྱོང་མོད་རྒྱ་གར་དང་ཨ་རི་སོགས་ནས་སློབ་གྲྭ་འགྲིམས་ཏེ་འཚར་ལོངས་བྱུང་བ་དང་། ༧རྒྱལ་བའི་བཀའ་དང་དྲིན་ཆེན་ཕ་མའི་བྱང་སེམས་ཐད་ཀྱི་བསླབས་བྱ་རྣ་ལམ་དུ་ཉེ་བར་བསྒྲོགས་པའི་རྐྱེན་ལས་བདག་ལའང་སེམས་པ་བཟང་པོ་ཞིག་ཡོད་པས་གཞན་གྱི་ཚེ་སྲོག་ལ་གནོད་པའམ་གནོད་དུ་བསྐུལ་བའི་ལས་ཇི་རིགས་ལ་འཇུག་མི་སྲིད་ལ་མི་འཇུག་པའི་དམ་བཅའ་ཡང་ཡོད། ཡིན་ན་ཡང་བླ་མ་དང་བཀའ་བློན་གཞན་དག་གི་གསུངས་དང་མཛད་པ་དང་དགོངས་པ་ནི་འདི་འདྲ་ཞིག་ཡིན་དགོས་པའི་ངེས་པ་མེད། ངའི་ར་ལུང་པའི་ཕུ་ལ། ངས་རའི་བརྡ་ལན་མ་ཆོད་ཟེར་མཁན་ཡོད་སྲིད་པས་ཁོང་དག་གི་མཛད་པ་འཕྲིན་ལས་ནི་ཨ་ཕོ་བདག་གི་གཞལ་བྱ་མིན། རང་ལུས་མེར་སྲེག་གིས་རྒྱལ་སྤྱིའི་དོ་སྣང་བྱུང་བ་ནི་གདོན་མི་ཟ་བ་ཞིག་ཡིན་མོད་རྒྱ་ནག་བཙན་དབང་གིས་དོ་སྣང་འདི་དག་ལ་སྟོབས་ཤུགས་མེད་པར་བཟོས་ཡོད། དེའི་ཕྱིར་དུ་རང་སྲེག་བྱུང་ཚེ་ངོས་ནས་ཀྱང་དཔའ་བོ་དཔའ་མོའི་མཛད་པ་ཆུད་མི་ཟ་བའི་ཕྱིར་དུ་རྒྱལ་སྤྱིར་སྒྲག་ཅི་ཐུབ་དང་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཅི་ཐུབ་བྱེད་བཞིན་ཡོད། ཁྱེད་ཀྱིས་རང་སྲེག་ཐད་ལ་འཁྲབ་གཞུང་ཞིག་བྲིས་ཡོད་པ་དེ་ངོས་ནས་ཀློག་བཞིན་ཡོད་པ་དང་བདག་གི་བོད་ཡིག་གི་ཆུ་ཚད་ཅུང་ཞན་པས་གོ་བ་བརྒྱ་ཆ་བརྒྱ་ཐམ་པ་མ་ལོན་ཡང་སྙན་མོ་ཞིག་བྲིས་བཞག ཕྱིས་སུ་དུས་ཚོད་ཡོད་དུས་ངོས་ནས་སྐུ་སྒེར་ཡིག་ཚང་དང་བསྟན་འཛིན་བསོད་ནམས་བཟའ་ཚང་སོགས་ལ་མཚམས་སྦྱོར་བྱེད་ངེས་ཡིན། ལར་ཡུ་རོབ་གསར་ལམ་ཞིག་གི་བཅར་འདྲིར་འགྲོ་རན་པས་འདི་ཙམ་གྱིས། ཁྱེད་ཀྱི་ང་ཕོད་འཇིགས་མེད་སྐོར་གྱི་དྲི་བ་ལ་ངས་རྗེས་མར་ལན་བསྐུར་ཡོང་། ཁ་བྲོ་བཀྲ་ཤིས་ཞེས་བློས་ཐུབ་པ་བློ་མིང་འཛིན་པ་ནས་ཟླ་ཚེས་བཟང་པོར།
གོ་རྒྱུ་མེད་པའི་ཡིག་ཉོག་ལུང་པ་གང་བྲིས་འདུག གནད་དོན་འདི་ཚོ་ཚང་མ་སྔར་ནས་སྐབས་འཚོལ་བ་ཚོས་ཁ་ན་ན་བར་བཤད་ཟིན་པ་རེད། འོན་ཀྱང་བོད་མི་མང་གིས་བདག་སྤྲོད་བྱས་མེད། དེང་སང་བོད་མི་མང་རྣམས་ཆབ་སྲིད་པ་མགོ་བདེ་ཚོས་མཛུབ་མོ་གར་བསྟན་ཤར་ལ་བརྩི་མཁན་ཞིག་མ་ཡིན་པ་ཤེས་པར་གྱིས། བློ་བཟང་སེང་གེ་ཅི་འདྲ་ཞིག་ཡིན་མིན་བོད་མི་མང་གིས་ཤེས་ནས་བཀའ་ཁྲིར་གདམས་པ་རེད།
བློ་བཟང་སེངྒེ་ཅི་འདྲ་ཞིག་ཡིན་ནས་མ་ཡིན་པར་རེ་བ་ཆེ་ཙམ་བྱས་ཏེ་གདམས་པ་རེད། ད་རེ་བ་ལྟར་བྱས་དང་བྱེད་བྱ་ཏོག་ཙམ་མཐོང་བ་འདི་རེད།
ཅི་འདྲ་ཞིག་ཡིན་པ་ཟེར་ན་སྔོན་ནས་ལས་ཀ་གང་འཚམས་བྱས་པ་ཞིག་དགོས་རེད། དེ་འདྲ་རང་ཅ་ཨ་ཡིན། བདག་ཅག་བོད་དག་དགའ་ན་དགའ་ཚོད་བཟུང་མི་ཤེས་པར་ཨ་སྔོན་དགུང་ལ་བསྐྱལ་གི་རེད།
བློ་བཟང་སེང་གེ་ནི་སྤྱིར་བཏང་བ་ཞིག་རེད། བོད་མིའི་སྤྱི་ཚོགས་ན་སྤྱིར་བཏང་བ་ཞིག་མིན་པས་མི་བུ་ཞིག་རགས་ཚོད་མི་འདུག། འཛིམ་གླིང་གི་རྒྱན་གཅིག་ཟེར་བ་ཞིག་ག་བ་ག་བ། མཐའ་ན། ཁ་ཡོད་ན་ངག་ལྐུག་བསྡད་པའི་ཚུལ་འདྲ་པོ། ངག་ཡོད་ན་ལག་ཞ་བསྡད་པའི་ཚུལ་འདྲ་པོ། ཆོས་ཤེས་ན་སྲིད་མི་ཤེས་བ། སྲིད་ཤེས་ན་ཆོས་མི་ཤེས་བ། ཚང་མ་ཁ་ཆག་སྣ་རལ་རྐྱང་རྐྱང་མ་བྱས་མི་འདུག། ག་རེ་ཡིན་ན་ཨ།
རང་བསྟོད་འུར་བསྟོད་རྐྱང་ལ་མགོ་འཁོར་ནས། ཅིག་ཅིག་ཅིག་མཁས་དབང་། མུག་མུག་མུག་རྩ་ཆེན། ཕར་ལ་བཏད་ན་སྐྱག་སྒོང་སྐམ་པོ་ཞིག་མ་གཏོགས་ཡོད་པ་མ་རེད། ང་ཚོ་ལ་ག་རེ་བྱུང་བ་རེད་དམ།
མཁས་དབང་བློ་བཟང་སེང་གེ་ནི་སྔོན་བོད་ཀྱི་ལོ་རྒྱུས་་ལ་བྱུང་མ་མྱ྄ོང་པའི་ཨ་་རའི་ཧ་ཝར་ནས་ཐོན་པའི་མཐས་དབང་ཆེན་་པོ་ཞིག་རེད། བློ་བཟང་སེང་གེ་ནི་གསར་གཏོད་ཆིག་སྒྲིལ་རང་ཁ་རང་གསོ་ཡི་རྩ་བ་རེད། ཁྱོད་རང་མིག་ཚ་ན་བྱེད་ཡག་ཡོད་མ་རེད། ཁོང་ནི་བོད་དམངས་ཀྱིས་འོས་སྡུས་ལམ་ནས་གདམ་པའི་སྲིད་སྐྱོན་དང་པོ་དེ་རེད། ཁོང་གི་ཁང་ཆུང་ཞིག་ཉོ་མི་ཐུབ་པའི་འུས་ཐུག་ཐབས་ཟད་དེ་འདྲ་མ་རེད། མིས་ལབ་ཙམ་ལ་ཆག་གཞག་ཆོག་ན་བཀྲས་མཐོང་ལ་རྐུ་མ་རྐུ་མ་ཆེན་པོ་ཞེས་པའི་རབ་སྙིང་པོ་གསར་པ་རྩམ་པ་དྲན་པར་བྱོས། ཁོང་ཧ་ཝར་སློབ་གྲྭ་ཆེན་མོའི་ཡིག་ཚད་རྒྱ་ཕྲག་མང་པོ་རྒྱུག་འཕྲོད་ནས་མཁས་དབང་ཆེན་མོ་ཕྱག་འཁྱེར་ལེན་དུས་ཞུ་དག་པ་མི་དགོས་པར་ད་ལྟ་དགོས་ཨ་ཡོད་ན། ཁྱོད་རང་ལབ་དྲན་ན་དབྱིན་ཤེས་གི་མ་རེད་ལོབ། ཁྱོད་ནི་གཞི་མེད་ཀྱི་འཆལ་གཏམ་སྨྲ་པོ་ཡིན་པས་དེ་ལས་མང་བ་མི་སྤྲོས་སོ།
གནམ་ཁྱོད་རང་གིས་ལབ་གཏང་དེ་ལ་བལྟས་ན་མགྱོག་པོ་སྨྱོ་ནད་སྨན་ཁང་ལ་འགྲོ་ན་བཟང་། ( I think you got disturbance of mind )ཁྱོད་ཚ་སྨྱོ་ཐེབ་པ་འདྲ། བོད་་མི་ཅིག་ཡིན་ནའང་སེམས་ཐང་ཐང་ཡོད་ན་དགའ་འོ།
ང་སྨྱོ་མེད། སྤྲོ་ལངས་ཡོད། ཁོ་རེ་ཤར་པ།
མེ་ཏོག་དཀར་པོ་ཁྱོད་རང་བོད་པ་རྫུན་མ་ཡིན་པ་མ་ཟད་བོད་ལ་ཤ་ཞེན་ཡང་མེད་པའི་རྐྱེན་གྱིས་དོ་སྣང་མ་བྱུང་བ་རེད། བློ་བཟང་སེང་གེ་ལགས་བཀའ་ཁྲིར་གདམ་ཐོན་མ་བྱུང་སྔོན་ནས་བོད་དོན་ཆེད་ཕྱག་ལས་མང་པོ་གནང་ཡོད་རེད། ཁྱོད་རང་ཡིད་མ་ཆེས་ན་ཁོང་གི་ལོ་རྒྱུས་ལ་ལྟོས། མི་ཤེས་བཞིན་དུ་གང་དྲན་བཤད་མ་ཡོང་ཨ། གནམ་འདི་ཡང་དངོས་གནས་སྨྱོ་ནད་སྨན་ཁང་ལ་བསྐྱལ་རེན་འདུག གོང་ས་མཆོག་ཀྱང་སྤྱིར་གཏང་བའི་མི་བུ་ཞིག་ཡིན་པ་འདྲ། དེ་ལྟར་ན་སྤྱིར་གཏང་བ་མིན་པའི་མི་བུ་ཞིག་འཛམ་གླིང་ནང་རག་ཁག་ཙམ་རེད།
ལུང་རྟོགས་ཁྱོད་ང་བོད་པ་མ་རེད་ཟེར་རྒྱུ་དེ་མཚམས་བཞག་དགའ་ཡོང་།
སྲིད་སྐྱོང་གི་དམ་བཞེས་ཉིན་མོ་དམ་བཅའི་རྩ་ཚིག་ཀློག་སྟངས་མཐོང་རྗེས་དང་ཁ་སང་མོན་གོཌ་ཏུ་༧གོང་ས་མཆོག་གི་གསུང་ཆོས་སྐབས་མཛད་རིམ་ཞིག་བཀླགས་པ་སོགས་ཀྱིས་ད་ནི་༧མི་དབང་སྲིད་སྐྱོང་མཆོག་གིས་བཀའ་རྩ་བསྒྲགས་ཡོང་དུས་ངའི་རྩ་ཚང་མ་ཁུམས་པ་དང་། ལག་པར་ཅ་དངོས་ཞིག་ཡོད་ཚེ་དེ་བཙིར་ཆེས་པས་ལག་པ་རྔུལ། མཇིང་པའི་རྩའི་་བྱེད་ལས་ཡལ་ནས་མགོ་མི་འཁྱོགས་པར་ཐུར་དུ་ལྷུང་པ་སོགས་ཡོང་གི་འདུག
ད་བྱས་ན་ང་སྨན་ཁང་གོབ་ཏོ་ཞིག་ལ་འགྲི་འི་ཡིན་ཐལ། གཅིག་ལ་མ་ཆ་ན་མྱིའི་སྐྱོན། གཉིས་ལ་མ་ཆ་ན་རང་གི་སྐྱོན། གངས་ཅན་པ་ཡི་གཏམ་དཔེ་རེད།
ལགས་མ་རེད། བློ་བཟང་སེང་གེ་ལགས་ཆབ་སྲིད་པ་ལྐུགས་པ་ཞིག་མ་རེད།
དང་པོ་ང་ནད་པ་མིན། གཉིས་པ་ན་སོང་ན་སྨན་ཁང་deluxe དེ་འདྲ་ལ་མ་གཏོགས་གོབ་ཏོ་ལ་འགྲོ་མཁན་ཞིག་ག་ཡིན། ཧ་ཧ་
རྩ་བའི་རྩོམ་གྱི་ནང་དོན་ལ་དེ་ཙམ་ལྗིད་ཁོག་མི་འདུག་ཀྱང་རྩོམ་འབྲི་བྱེད་ཕྱོགས་དེ་ཅུང་མི་འདྲ་བ་ཞིག་འདུག དེ་མིན་རྩོམ་གྱི་བརྗོད་བྱའི་ནང་དོན་ཕལ་མོ་ཆེར་དེ་ཙམ་གོ་རྒྱུ་དང་གནས་ལུགས་མི་འདུག བློ་སེང་ལགས་མི་ཅི་འདྲ་ཞིག་ཡིན་ཀྱང་ཁོང་བོད་མིའི་ལོ་རྒྱུས་ཐོག་གི་མང་གཙོའི་སྲིད་སྐྱོང་ཐོག་མ་དེ་རེད། མང་གཙོའི་ལམ་ལུགས་ཐོག་ནས་ཁོང་ལ་སྲིད་དབང་ཐོབ་པ་རེད། དེ་མང་གཙོ་རེད། བྱས་ཙང་ང་ཚོས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་རེད། དེ་ནི་རང་ཉིད་ལ་རྒྱབ་སྐྱོར་བྱས་པ་དང་གཅིག་པ་རེད། བློ་སེང་ཕམ་ཉེས་ཤོར་ན་ཐ་མའི་ཕམ་ཤེས་ཤོར་མཁན་དེ་བོད་མི་རིགས་རེད་མ་གཏོགས་བློ་སེང་མ་རེད། དེར་བརྟེན། རང་ཉིད་དགའ་མི་དགར་བརྟེན་ནས་བློ་སེང་དང་བོད་དོན་བསྲེས་ནས་དཀྲུགས་པ་ཡིན་ན་ཉེན་ཁའི་རང་བཞིན་རེད་ལ་འགན་མ་ཁྱེར་བའི་བྱ་བ་ཞིག་རེད། ད་ལྟའི་ཆར་བློ་སེང་གིས་རང་ནུས་ཡོད་ཚད་ཀྱིས་བོད་དོན་ཐོག་ཕྱག་ལས་གནང་གི་འདུག དེར་རྒྱབ་སྐྱོར་བྱེད་དགོས་རེད། ད་ལྟ་ང་ཚོའི་སྨྱུག་རྩེ་གཏོད་ས་དེ་རྒྱ་དམར་པོ་རེད། དེ་སྔོན་ངས་འཇམ་ནོར་གྱི་རྩོམ་ཡིག་མང་པོ་བཀླགས་མྱོང་ལ་ཁོང་ལ་གུས་བཀུར་ཡང་ཡོད། འོན་ཀྱང་། ཁོང་གི་ཁ་གཏད་ངོ་མ་དེ་རྒྱ་ནག་མིན་པར་རང་གཞུང་དང་བཙན་བྱོལ་བའི་སྤྱི་ཚོགས་ཆགས་པའི་ཚོར་བ་ཞིག་སྤྲད་སོང་། དེ་ནས་བཟུང་ངས་ཁོང་གི་བཤད་པ་དང་བྲིས་པ་ཚང་མར་དེ་ཙམ་གནས་ལུགས་མཐོང་མ་སོང་། སྤྱི་ཚོགས་ཅི་འདྲ་ཞིག་ཡིན་ཀྱང་དགེ་དང་སྐྱོན་ཡོད་པ་རེད་ལ་ཡོད་ཀྱང་དགོས་ཀྱི་རེད། ང་ཚོའི་སྤྱི་ཚོགས་ལའང་དགེ་སྐྱོན་གཉིས་ཀ་ཡོད་པ་རེད། འོན་ཀྱང་། ད་ལྟའི་ཆར་ང་ཚོ་གཅིག་སྒྲིལ་བྱས་ནས་བོད་དོན་བརྩོད་དགོས་པའི་དུས་ཚོད་རེད་ལ་རྩོམ་པ་པོ་རྣམས་ཀྱིས་དེའི་ཐད་ཤུགས་སྣོན་དང་མི་མང་རྟོགས་སད་ཀྱི་རྩོམ་ཡིག་སྤེལ་དགོས་པའི་དུས་ལ་བབ་ཡོད། རེད་དེ། ངས་དེ་ལྟའི་རྩོམ་པ་པོ་མང་པོ་ཞིག་མཐོང་མ་སོང་།
བློ་སེང་སྲིད་སྐྱོང་ལ་བསྡད་ནས་ལོ་གཉིས་ཙམ་འགྲོ་གི་ཡོད་པ་རེད། ཁོ་མི་ཇི་འདྲ་ཞིག་ཡིན་མིན་དང་ཁོས་ཅི་བཤད་མིན་སོགས་ཤེས་རྒྱུ་གལ་ཆེན་པོ་རེད། དེ་ལས་ཀྱང་གལ་ཆེ་བ་ནི་ད་བར་དུ་གོ་གནས་དེའི་ཐོག་ལ་ལས་དོན་གང་དག་བསྒྲུབས་ཡོད་པ་དང་། མི་དམངས་ཀྱི་ཁ་ཡོད་ལག་ཡོད་ཀྱི་དཀའངལ་སེལ་བའི་ལས་དོན་ཅི་ཙམ་བསྒྲུབས་ཡོད་པ་ཤེས་རྒྱུ་གལ་ཆེན་པོ་རེད། ང་ཚོས་སྲིད་དོན་ལ་བསྐོས་པ་ནི་ལས་དོན་བསྒྲུབ་ཆེད་དུ་བསྐོས་པ་རེད། བློ་སེང་གིས་བོད་ནང་ལ་ལས་དོན་བསྒྲུབ་མི་ཐུབ་ན་དེ་ལ་ཁག་མི་འདུག ཡིན་ན་ཡང་བཙན་བྱོལ་སྤྱི་ཚོགས་ནང་ལ་ད་ཕན་འབྲས་ཁ་ཤས་ཐོན་རན་རེད། འདི་འི་ཐོག་ནས་དོན་དངོས་ཁ་ཤས་བགྲང་ཐུབ་པ་རེ་ཡོད་དམ།
ཚར་གཅིག་བཀླགས་པ་ཡིན། གོང་འོག་འགལ་འདུས་བཀང་འདུག སྲང་ལམ་གྱི་ཅ་ཅོ་སྐོར་ཅིག་བཏུས་ཏེ་བློ་སེང་གི་གདོང་པར་ནག་རྩི་བྱུག་ཐབས་བྱས་འདུག བློ་སེང་ལྷ་རུ་རང་གིས་བཅོས་ཤིང་འདྲེ་རུའང་རང་ཉིད་ཀྱིས་གྲུབ་འདུག བློ་སེང་ལ་དམའ་འབེབ་སའི་ཁོར་ཡུག་མེད་པར་རང་གིས་གླེང་གིན་གླེང་གིན་ལ། སུ་ཞིག་གི་བློ་ཡུལ་དུའང་མེད་པའི་བྱུང་རྒྱལ་གྱི་གཏམ་གྱི་དུམ་བུ་བསྒྲིགས་ཏེ་ཁོང་ལ་དམའ་ཕབ་འདུག ཨོ་བྷ་མ་མགོན་དུ་བཀུར་ཅིང་བློ་སེང་འདྲེ་རུ་བཅོས་འདུག མདོར་ན་མི་འདིས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་བློ་སེང་ལ་རེ་བ་དང་། ཡིད་ཆེས། རྒྱབ་སྐྱོར་བཅས་བྱས་པར་སྙིང་ནས་མི་བཟོད་པ་འདྲ། བློ་སེང་ལྐུགས་པར་བསྒྲུབས་པའི་གྲུབ་དོན་དུ་རང་ཉིད་གླེན་ལྐུགས་སུ་གྱུར་བར་བྱས་འདུག་སྙམ།
གང་ལྟར་དེང་སང་དྲ་ལམ་བརྒྱུད་ནས་མི་མངོན་པའི་ཚུལ་གྱིས་འཆལ་གཏམ་སྤེལ་མཁན་ཇེ་མང་རེད། དེ་སྔོན་བྱ་སྤྱོད་དེ་རིགས་ཀྱིས་སྤྱི་ཚོགས་དཀྲུགས་པའི་ནུས་པ་གང་ཙམ་བཏོན་ཐུབ་ཡོད། འོན་ཀྱང་། དེང་གི་དུས་འདིར། མི་མང་པོ་གཉིད་ལས་སད་ཚར་བ་རེད་ལ་འགན་ཁྲི་མེད་པའི་སྐད་ཆར་བདག་པོ་རྒྱག་མཁན་ཀྱང་ཉུང་ཏུ་ཕྱིན་ཡོད། དེར་བརྟེན་ཆོ་མེད་ཀྱི་རྩོམ་འཆལ་དེ་རིགས་ནི་མི་མེད་ལུང་སྟོང་དུ་སྐད་བཅོར་རྒྱབ་པ་དང་གཅིག་མཚུངས་རེད། སུ་ཞིག་གིས་ཀྱང་བདག་སྤྲོད་བྱེད་ཀྱི་མ་རེད། དེ་གཅིག་ཡིན།
སྲིད་སྐྱོང་གིས་གཏམ་བཤད་གནང་དུས་མེ་ཏོག་དཀར་པོ་ལ་རྩ་གྲིབ་ཕོག་འགྲོ་ཡི་ཡོད་པ་འདྲ། ཧཧཧ
མི་འདི་ཚོས་གཅིག་འགྲིག་གི་མི་འདུག གཉིས་བྱེད་ཀྱི་མི་འདུག་རྐྱང་རྐྱང་གླེང་བཞིན་འདུག སོ་སོས་བོད་མི་རིགས་ལ་ཕན་པའི་བྱ་བ་གང་ཞིག་སྒྲུབ་བཞིན་ཡོད་ཐེ་ཚོམ་རེད། འོན་ཀྱང་སྲིད་སྐྱོང་སོགས་ཀྱིས་འདི་བྱས་མ་སོང་པས་དེ་ལ་འདི་བྱ་དགོས་ཀྱི་ཐབས་ལམ་ཞིག་སྟོན་རྒྱུ་ནི་དེ་བས་ཉིན་སྐར་རེད།
རྩོམ་བྲིས་པ་རང་ཉིད་ཀྱིས་དྲངས་པའི་བརྙན་འཕྲིན་དེ་དག་ལས་སྲིད་སྐྱོང་མཆོག་གིས་གསལ་པོར་གསུངས་འདུག བཀའ་ཤག་དང་བཙན་བྱོལ་བོད་མའི་སྒྲིག་འཛུགས་ལ་སྒུག་དགོས་མ་རེད། མི་མང་ངོས་ནས་ག་རེ་གནང་དགོས་ཀྱི་འདུག་ན་གནང་རོགས། ཞེས་གསལ་པོར་གསུངས་འདུག ཁྱི་གཞོང་སྟོང་པར་ཁྱི་འཛིན་གཏུག་སྡད་ན་ཕར་རོལ་དགྲ་བོར་དགོས་ཀྱི་ནི་དེ་རེད་དོ། །
འདིའི་སྐོར་རྒྱ་གུང་བྲན་ནས་བཀོད་པའི་སྐབས་ལནབརྒྱབ་ཡོད།
མཁས་དབང་བློ་བཟང་སེང་གེ་སྲིད་སྐྱོང་ཡིན་ན་རང་ཁྱིམ་ལ་བསྡད་ཆོག་གི་མ་རེད་དམ། སྲིད་སྐྱོང་ཆགས་ན་ཁང་པ་ཉོ་མི་ཆོག་པའི་ཁྲིམས་དེ་སུས་བཟོས་སམ། རྒྱ་གུང་བྲན་ལ་ཁྲིམས་གང་ནས་ཡོད། ཉེ་ཆར་རྒྱའི་ཉེན་རྟོག་པ་ཞིག་ནས་ཁྲིམས་འགལ་ཁང་པ་ཉིས་བརྒྱ་སྐོར་ཞིག་ཉོས་ནས་འཛིན་བཟུང་བྱས་པ་བརྒྱུད་གོ་བྱུང་ཡོད། ཨ་རིའི་རང་དབང་ལུང་པར་མི་སུ་ཡིན་ནའང་ཁང་པ་ཉོ་ཆོག་གི་རེད། ཁང་ཉོའི་དངུལ་དེ་ལྐོག་ཟ་བྱས་པ་ཡིན་ན། དཔང་རྟགས་དངོས་ར་འཕེར་ཤོགས་དང་དེ་ནས་གནས་བབ་ཅིག་སྒང་ལ་འགྲོ་གི་རེད།
ཁོང་བོད་སྐད་ཤེས་ཀྱི་འདུག་ལ་གོ་རྟོགས་ཀྱང་ཟབ་པོ་ཡོད་ངེས། བོད་སྐད་བདེ་འཁྱུག་དགོས་ངེས་ཅན་མ་རེད། འོན་ཀྱང་རྒྱལ་སྤྱིའི་ལྡིང་ཆའི་སྟེང་བཏང་འགྲོ་བཞག་འཕེར་ཡིན་པར་ཟུར་ཟ་ཡིན་ན་རང་མོས་རེད།
སྲིད་སྐྱོང་བློ་བཟང་སེང་གེ་ལྐུགས་པ་མ་ཡིན་ཏེ། ཁྱེད་རང་སྤྱང་པོ་ཡིན་པས་སོ།།
ཡང་ན། ཁྱེད་རང་ལྐུགས་ཕྲུག་ཡིན་ཏེ། རང་གི་འགོ་ཁྲིད་ལྐུགས་པ་ཡིན་པས་སོ།།
ཚིག་ཐལ་ཤོར་ན་དགོངས་འགལ་མེད་འཚལ།།
བློ་སེང་ལྐུགས་པ་ཡིན་ན་འདྲ་སྤྱང་པོ་ཡིན་ནའང་འདྲ། གང་ལྟར་རྒྱལ་སྤྱིར་སྐད་གྲགས་ཡོད་པའི་ཚད་ལྡན་གྱི་ལག་འཁྱེར་དེ་བཏོན་ཤོག། དེ་ནས་ལྐུགས་པ་སུ་རེད་འདུག་སྤྱང་པོ་སུ་རེད་བལྟོས་ཨ། དེ་ཡང་བོད་མི་རིགས་ཕོངས་སའི་དེང་དུས་ཤེས་ཚད་དེ་བཤད་ཀྱི་ཡོད་དཱ།
སྲིད་སྐྱོང་བློ་སེང་ངུ་དགོས་ཟེར།
སྲིད་སྐྱོང་བློ་སེང་སྤྲང་དགོས་ཟེར།
སྲིད་སྐྱོང་བློ་སེང་ལྐུགས་དགོས་ཟེར།
བསྟན་འཛིན་བཀྲ་ཤིས་སྨྱོའམ་ཅི།
བཙན་པོའི་བུ་ཡིས་བློ་གཟུ་བོར་གནས་བའི་གཏམ་སྨྲ་བཞིན་འདུག་ལ་མིང་དོན་མཚུངས་བའི་བཙན་པོའི་བུ་རེད་འདུག
ཁ་ནས་ཅི་བཤད་འདི་བཤད་མེད་པའི་སྨྱོན་པ་འགས་མང་ཐག་ཆོད་ཞིག་བྲིས་འདུག ཨ་ར་ར། ད་ལྟ་ཚོད་ར་མེད་ཀི གང་ལྟར་ཨ་མའི་བུས་འབྱོན་ན་དགའ་ལྡན་གསེར་ཁྲི་ལ་བདག་པོ་མེད་པས་ད་ཁྱེད་ཚོ་མངོན་ཐོན་བྱས་ནས་ཕྱི་སྡོད་བོད་མིའི་སྣ་ཁྲིད་ན་འགྲིག་གི་མ་རེད་དམ།
ད་གང་ལྟར་མདོར་བསྡུས་བཞག་ན་རྩོམ་ཉོག་འདི་སྤེལ་མཁན་བསྟན་འཛིན་བཀྲིས་ཡིན་ན་དེས།
དོན་ངོ་མ་༧་སྐྱབས་མགོན་རིན་པོ་ཆེ་ལ་ཟུར་ཟ་དང་ཁྲག་དོག་གི་སྐད་ཆ་ཞིག་གླེང་གི་འདུག
ཆབ་སྲིད་ཀྱི་མགན་དབང་རྩིས་སྤྲོད་ཚར་ནའང་ད་དུང་ཆབ་སྲིད་ཀྱི་བཀའ་སློབ་གནང་གི་འདུག་ཟེར་བ་དང་།
ཆབ་སྲིད་ཀྱི་རྩིས་སྤྲོད་གནང་ས་དེ་ཆབ་སྲིད་པ་ལྐུག་པ་རེད་ཟེར་བ་སོགས་ནི་བསམ་བཞིན་དུ་༧་སྐྱབས་མགོན
ཡིད་བཞིན་གྱི་ནོར་བུ་ཁོང་ལ་རྒྱ་གུང་ཁྲན་གྱི་རྗེས་ཟློས་བཞིན་མཚན་དམོད་ཞུས་པ་ཞིག་རེད།
བོད་ཀྱི་བླ་མ་༧་སྐྱབས་མགོན་རིན་པོ་ཆེ་དང་སྲིད་སྐྱོང་བློ་བཟང་སེང་གེ་ཁོང་གཉིས་ལ་ཁྱོད་མ་དགའ་ཤི་སོང་
རུང་བྱ་ཐབས་ཡོད་པ་མ་རེད་བསྟན་འཛིན་བཀྲིས། ང་ཚོ་བོད་ཁ་བ་ཅན་ལ་བླ་མ་དང་དཔོན་པོ་ཟེར་ན་ཁོང་
རྣམ་གཉིས་རེད། ཁྱོད་ཀྱིས་རོ་ཁ་སྤྲང་ལག་གིས་བཀབ་ནས་འདུག་ཨེ་ཐུབ་ལྟོས། དོན་དགའ་ནས།
སྲིད་སྐྱོང་བློ་སེང་ཞི་ཅིན་ཕིང་ལས། དབང་ཤུགས་ཆུང་ཡང་།
སྲིད་སྐྱོང་བློ་སེང་ཞི་ཅིན་ཕིང་ལས། སྙན་གྲགས་ཆེ་བ་ཡོད།
ཀརྡོས།
བོད་ཀྱི་ལོ་འགའི་སྲིད་སྐྱོང་རྒྱལ་འགྱུར་ཅིག །
བདག་གིས་ཅི་འདོད་དུ་
ལས་རུང་བ་ཞིག་ཀྱང་གཏན་ནས་མིན། བཀའ་ཤག་ལ་ལོ་ངོ་གསུམ་
བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་དང་ལོ་རྒྱུས་དེའི་ཁྲོད་དུ་འབྲེལ་ཐོགས་
ཆགས་པའི་མངོན་ལྐོག་གི་མི་སྣ་ནི་བགྲངས་ཀྱིས་མི་ལང་བ་ཞིག་
ཡོད་པས་བཅོས་བསྒྱུར་གྱི་ཐབས་ལམ་གང་དང་གང་ཡིན་རུང་ཁོང་
ཚོའི་ཁེ་ཕན་ལ་ངེས་པར་དུ་གཟིགས་དགོས་པ་དང་བསྟུན་དགོས་པ་
ཞིག་ཏུ་ཆགས་བསྡད་ཡོད། བོད་དོན་གྱི་ཡང་སྙིང་ཡང་གནད་འདི་
ལ་ཐུག་ཡོད་པ་འདིས་བདག་གི་དེང་རབས་ཆབ་སྲིད་ཀྱི་རྩལ་འདོན་
པའི་ཐད་ལ་ཡང་འགལ་རྐྱེན་ཕྲན་བུ་ཙམ་ཐེབས་སོང་། ཁྱེད་ཀྱིས་
གསུངས་གནང་བ་ལྟར་ངོས་ནས་ཀྱང་ཏན་ཏན་གྱི་བོང་བུ་ལ། ཏིག་
ཏིག་གི་ཁལ་བཞིན་སྐུ་སྒེར་དང་སྐུ་ཚབ་རྣམས་དང་ལྷན་ཏུ་བོད་རྒྱ་
གྲོས་མོལ་གྱི་འབྲེལ་ལམ་ཆད་ཤོར་བ་དེ་མཐུད་བསམས་ནས་ཁོང་དྲ་གྲོགས་ཚོ་ཁྱེད་རྣམ་པས་ཡི་གེ་འདི་
ལྷན་རྒྱས་རྣམས་དང་དཀའ་ལས་ཏོག་ཙམ་རྒྱག་བཞིན་ཡོད།ལ་ལྟས་དུས་ཚུལ་སྣང་གང་འདྲ་ཞིག་སྐྱེས་སོང་ངེས་ལྟས་ན་ཆོས་སྲིད་ཟུང་འབྲིལ་བཤད་ཡ་དེ་རྫུན་མ་ཞིག་ཡིན་པ་དུསདུས་རྟག་ཏུ་ངོས་འཛིན་བྱེད་བཞིན་ལྷག་དོན་དུ་དེ་རིང་གི་ཡི་གེ་མཐོང་ནས་སྔར་ལས་ལྷག་པའི་ཚུལ་བ་ཞིག་སྐྱེས་སོང་ད་ངེས་མདོར་བསྡུས་དེ་བཤད་ན་ཆོས་ཀྱི་དབུ་འཛིན་པ་རྒྱལ་ཁབ་ཀྱི་སྲིད་འཛིན་ནམ་སྲིད་སྐྱོང་བྱས་པ་ཡིན་ན་རྒྱལ་ཁབ་དེ་ཉམས་གུད་འགྲོ་རྒྱུ་ལྷག་པར་དུ་ང་ཚོ་བོད་པ་ཚང་ལ་གནོད་རྐྱོན་ཆེན་པོ་ཞིག་རེད་གང་ཡིན་ཟེར་ང་ཚོའི་ལོ་རྒྱུས་སྔོན་བྱུང་ལ་ལྟས་ན་ཤེས་ཐུབ་ང་ཚོ་ད་དུང་ལམ་ཁ་དེ་ལྟ་བུར་ཕྱིན་པ་ཡིན་ན་ང་ཚོ་བོད་རང་ཟེར་བ་ཕྲུ་གུའི་འཇའ་དེད་པ་སྣང་བཞིན་རེད་
སྲིད་བློ་སེང་ལགས། རྗེས་མ་བསྐྱར་དུ་སྲིད་བསྐོ་དགོས་དང་མི་དགོས། ཡང་ན། སླར་ཡང་མཁས་དབང་ཟམ་གདོང་སླར་སྲིད་སྐྱོང་ལ་གདན་འདྲེན་རྒྱུ་ཡིན་ནམ། ཁོང་གཉིས་ཀ་སུ་ཡང་མི་དགོས་ན། ད་ང་ཚོར་དགོས་པའི་སྲིད་སྐྱོང་རྗེས་མ་དེ་ད་ལྟ་ནས་འཚོལ་ཞིབ་གྱིས། དེ་མིན་འབུམ་རམས་པ་ཅིག ལྐུགས་པ་རེད་དང་མ་རེད། དྲི་ནས་བསྡད་ན། དྲི་མཁན་ཁོ་རང་ལྐུགས་པར་བརྩིས་ཉེན་ཡོད་པས། ནར་ནར་ལྕེ་ལ་བདག་པོ་ཡག་པོ་རྒྱོབས།
ངེས་བྱས་ན་ཁྱེད་རང་ཚོ་སྐད་ཆ་མང་པོ་བཤད་དགོས་དོན་གང་ཡང་མི་འདུ་བློ་སེང་བསྐྱར་དུ་འོས་འདེམས་བྱ་དགོས་དང་མི་དགོས་ཟེར་ཡ་ལོ་འཁོར་གཉིས་ཀྱི་ལས་བསྡོམས་ལ་བསྐྱར་ཤིབ་ཐིལ་ཕྱིན་པ་ཞིག་བྱས་ཏེ་རྩོད་པ་བརྒྱབ་དགོས་པ་དང་བགྲོ་གླེང་བྱེད་དགོས་པ་ཡོད་ན་གཞི་ནས་གོ་བསྡུར་ལྷུག་པོ་བྱེད་དགོས་ཀྱི་མི་འདུག་གམ།