ཨ་རིག་དགེ་མཐོང་།
ད་ལྟ་གསར་དུ་བདམས་ཐོན་བྱུང་བའི་སྤྱི་འཐུས་ཚོ་ཚོགས་འདུ་ལ་དངོས་སུ་ཞུགས་ཏེ་རང་རང་གི་དགོངས་ཚུལ་གསུངས་བཞིན་པའི་སྒང་རེད།ད་དུང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་ཡང་བདམས་ཐོན་བྱུང་བ་རེད། དེའི་ཐད་ནས་མི་མང་བརྒྱ་ཆའི་དགུ་ཅུའི་འདོད་བློ་གང་ཡོད་རེད། སྤྱིར་བཏང་ད་ལོའི་མི་མང་གི་སེམས་ཁྲལ་ནི་བཀའ་ཁྲི་སུ་ཁས་དང་སྤྱི་འཐུས་ལ་སུ་སུ་ཐོབ་དེ་རེད། དེའི་ཐད་ནས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་ཐོབ་པ་དེ་གྲྭ་བ་དང་གཞོན་སྐྱེས། རྒན་པ་རེ་ཟུང་། བོད་ནང་གི་སྤུན་ཟླ་གང་མང་ཞིག་གི་འདོད་ཐོག་ཏུ་སོང་བས་དགའ་བཞིན་སྤྲོ་བཞིན་རེ་བས་བསུས་ཡོད་རེད། ཁག་ཅིག་གི་སོ་སོའི་འདོད་མོས་ཀྱི་བཀའ་ཁྲི་ཞིག་མ་བསླེབས་ནས་སེམས་ཤུགས་ཆག་མདོག་དང་རེ་ཐག་ཆད་འདོད་བྱེད་ཀྱིན་འདུག ཕྱོགས་གཅིག་ནས་བསམ་བློ་བཏང་ན་དེ་ཡང་ཡིན་རྒྱུ་རེད་བསམ། བསམ་བློ་གཏིང་ཟབ་ས་ནས་བཏང་ན་སོ་སོའི་འདོད་མོས་དེ་མ་ཐོབ་པ་ཙམ་གྱིས་སེམས་ཤུགས་ཆགས་ན་ལྐུགས་རྟགས་རེད། སུ་ལ་ཐོབ་ན་དེ་ལ་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་རེད་སྙམ། ང་རང་གིས་དེ་ལྟར་བྱེད་ཀྱིན་ཡོད། ད་ནི་དངོས་གནས་སེམས་ཁྲལ་བྱེད་ས་ནི་བཀའ་བློན་ཚོའི་སྐོར་རེད། བཀའ་བློན་འདེམས་སྟངས་ཐད་ནས་ཁ་སང་ཚོགས་ཆེན་སྐབས་སུ་བཅའ་ཁྲིམས་ལ་འགྱུར་བ་བཏང་སྟེ་བཀའ་ཁྲི་རང་གི་ཐུགས་འདོད་ལྟར་བྱེད་རྒྱུ་ལས། གྲོས་ཚོགས་སུ་མཚན་གཞུང་ཁྱེར་ནས་འོས་མི་འོས་བལྟ་མི་དགོས་པ་བཟོས་པ་རེད། བཅའ་ཁྲིམས་ལ་འགྱུར་བ་འགྲོ་གི་ཡོད་དང་མེད་འདི་ཡང་ད་ལྟའི་དུས་སུ་ང་འདྲ་བ་ཚོས་མི་ཤེས་པ་ཞིག་རེད། མདོར་ན། བཅའ་ཁྲིམས་ལ་འགྱུར་བ་སོང་དང་ཆོག་མ་སོང་ཡང་རུང་། ངའི་སེམས་ཁྲལ་ནི་བློ་བཟང་སེང་གེས་བཀའ་བློན་སུ་འདེམས་དང་དྲུང་ཡིག་སུ་འཇོག་དེ་རེད། དེའི་ཐད་ནས་ནོར་ན་བློ་བཟང་སེང་གེ་ཤེས་ཡོན་དང་འཇོན་ཐང་། སེམས་ཤུགས་ཡོད་ཀྱང་ཕྱག་ལས་གནང་རྒྱུའི་ཐད་ནས་རྒྱབ་སྐྱོར་བྱེད་མཁན་དཀའ་བས་གཟབ་དགོས་པ་འདྲ་བསམ་གི བཀའ་བློན་ཐད་ནས་ཆོལ་ཁ་རེའི་མི་སྣ་རེ་འདེམས་རྒྱུ་ཡིན་པ་ཁོང་ལ་ཀུན་གླེང་ཚང་གིས་བཅར་འདྲི་བྱས་པའི་སྐད་ཆའི་ཤུགས་ལས་དཔོག་ནུས། ཡིན་ནའང་།དཀའ་ངལ་ཆེ་ཤོས་དེ་བཀའ་བློན་ནང་གི་ཤེས་རིག་བཀའ་བློན་དང་ཆོས་རིག་བཀའ་བློན་དེ་རེད། དེ་མིན་གཞན་དག་ཚོ་འགྲིག་འགྲོ་གི་རེད། བདེན་སྲུང་བཀའ་བློན་ནི་ནང་ཆོས་ལྟར་ན་བདེན་པར་གྲུབ་པའི་སྲོལ་རེད། དེ་ལ་འགྱུར་བ་མེད་ཁོ་ཐག་རེད། ཆོས་རིག་བཀའ་བློན་འདི་ཡང་དཀའ་ངལ་ཆེ་སེ་བ་འདུག དེའི་ཐད་ནས་སུ་འདེམས་རྒྱུ་ཡིན་ན་བསམ་ནས་སེམས་ཁྲལ་ཡོད། སྔར་བཞིན་སོང་ན་དེ་ནི་མི་མང་ཉོབ་བྱེད་ཅིག་ལས་ཅང་མ་རེད། གཙོ་བོ་ངས་བལྟས་ན་བློ་བཟང་སེང་གེས་དྲུང་ཡིག་དེ་ནོར་མི་ཉན་གི ད་ལྟའི་བཀའ་ཁྲི་རིན་པོ་ཆེའི་དྲུང་ཡིག་ལྟ་བུ་ཞིག་ངེས་པར་དགོས་པ་རེད། དྲུང་ཡིག་ནི་བཀའ་ཁྲི་ལ་མཚོན་ན་ལག་པ་གཡས་པ་རེད། བསམ་བློ་གཏོང་ཕྱོགས་དང་འབྲེལ་འདྲེས་བྱེད་སྟངས་གང་ལ་བལྟས་ན་དྲུང་ཡིག་དེ་ནི་གལ་ཆེན་རེད་བསམ། དཔེར་ན། སྔོན་མའི་བཀའ་ཁྲི་ཟུར་བ་ཚོས་ཕྱག་གནས་མ་གནང་བ་མིན་ཡང་། ད་ལྟའི་བཀའ་ཁྲི་རིན་པོ་ཆེ་ནང་བཞིན་ལོ་རྒྱུས་ཀྱི་བདེན་དབང་སྟོན་རྒྱུ་ཅན་དཀའ་སེ་རེད། ད་ལྟའི་བཀའ་ཁྲི་རིན་པོ་ཆེའི་གསུང་ཚིག་གཅིག་ཡིན་ན་ཡང་ལོ་རྒྱུས་ཀྱི་ཡིག་ཚང་དུ་ཉར་ཡོད་རེད། དེ་ཚོ་ནི་བཀའ་ཁྲིའི་དྲུང་ཡིག་གི་བཀའ་དྲིན་རེད། དེས་ན་བློ་བཟང་སེང་གེས་དྲུང་ཡིག་ལེགས་པོ་ཞིག་མ་ནོར་མ་འཆུགས་པར་འདེམས་རྒྱུ་རེ་བ་ཆེ། ཨོ་ན་དྲུང་ཡིག་སུ་འོས་རེད་ཟེར་ན། ཁོང་ལ་འཆར་གཞི་ཞིག་ཡོད་རྒྱུ་རེད་མོད། འཆར་གཞི་དེ་ནོར་མི་ཉན་གི བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ལ་མཚོན་ན་སྐད་ཡིག་མང་བོ་ཞིག་ལ་བྱང་ཆུབ་པ་རེད།བློ་བཟང་གེ་ལ་མཚོན་ན་དེ་འདྲ་མེད་པ་གསལ་བོ་ཡིན་པས་དྲུང་ཡིག་མ་མཐའ་སྐད་གཉིས་སྨྲ་པ་ཞིག་དགོས་གལ་ཆེ། ལྷག་པར་བོད་ཡིག་གི་སྟེང་དུ་བྱང་ཆུབ་པ་ཞིག་དགོས་པ་རེད། བློ་བཟང་སེང་གེས་བོད་ཡིག་གི་སྦྱོར་ཀློག་ཤེས་པ་དང་རྩོམ་ཡིག་རེ་སྤེལ་ཐུབ་པའི་དབང་དུ་བཏང་རུང་། བཀའ་ཁྲིའི་མཚན་ཐོག་ནས་གཞུང་སྒེར་ལ་གསུང་འཕྲིན་རེ་ཕུལ་ན་ཁོང་གིས་གཙང་མ་ཞིག་འབུལ་མི་ཐུབ་པ་གསལ་བོ་རེད། དེའི་ཕྱིར་དྲུང་ཡིག་གལ་ཆེན་རེད། དེ་འདྲའི་དྲུང་ཡིག་ཅིག་གཅིག་ཐེངས་ན་ཁོང་གིས་སེམས་ནང་ནས་བདམས་ཚར་ཡོད་རྒྱུ་རེད། གཅིག་ཐེངས་ན་འགྲིག་ཨེ་འགྲོ་བསམ་ནས་བོད་ཡིག་དང་དབྱིན་ཡིག་ཆ་གང་འཚམ་ཡོད་པ་ཞིག་འདེམས་ན་ནོར་བ་རེད། དཀའ་ངལ་རྗེས་སུ་བློ་བཟང་སེང་གེ་ཁོང་ལ་འཕྲད་རྒྱུ་རེད། དེའི་ཕྱིར་རང་ཉིད་ཀྱི་བསམ་འཆར་ཙམ་མ་འོངས་བཀའ་ཁྲི་མཆོག་ལ་ཕུལ་བ་ཡིན། ཤེས་རིག་དང་ཆོས་རིག་བཀའ་བློན་མ་གཏོགས་བཀའ་བློན་གཞན་དག་ཚོ་འདེམས་རྒྱུ་རག་རག་པ་རེད་འདུག་པས་དཀའ་ངལ་ཁྱོན་ནས་མེད ། དེ་གཉིས་ཐད་ནས་ནོར་འཆུགས་མི་ཡོང་བར་ཞུ་ཞུ།
མི་རབས་གསར་པ་དང་གཞོན་སྐྱེས་ཀྱི་རེ་བའི་དམིགས་པ་བཏོད་སའི་་མ་འོངས་པའི་བཀའ་ཁྲི་ལགས། ད་གཟབ་གཟབ་གནང་རོགས། ལོ་རྒྱུས་ཀྱི་སྐྱོག་མཚམས་ཤིག་ཏུ་སླེབས་ཡོད། ཕར་དགྲ་བོ་རྒྱ་དམར་མཉམ་དུ་འཛིངས་དགོས་ལ། ཚུར་ཕྱོགས་སུ་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱ་དགོས། མཐོ་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་སློབ་ལ་རྩི་བཀུར་དང་། བར་བཀའ་ཤག་གི་འཛིན་སྐྱོང་ཚག་ཚུད། དམའ་གུས་པ་སྐྱུ་རྩིས་གཙོས་པའི་བོད་མི་རྩམ་གཟན་ཡོངས་ཀྱི་བདེ་དོན་ལ་ཐུགས་བསམ་བཞེས་ཐུབ་མཁན་་ཞིག་གནང་དགོས་བོད་རྒྱལ་ལོ།
བཀའ་ཁྲི་མཆོག་ཁྱེད་ཀྱི་མཁྱེན་དཔོད་སོགས་བརྗོད་མ་དགོས་པ་ཞིག་ཡིན་པ་འདྲ་གཙོ་བོ་དྲང་བདེན་དང་ལྷགས་བསམ་གྱི་ཆ་རེད། དེ་ལ་གཟབ་གཟབ་གནང་དགོས་པ་ཞིག་རེད་གང་ཡིན་ཞེ་ན་ཁྱེད་གཞིས་བྱེས་གཉིས་ཀྱི་རེ་བའི་མིག་འབེན་གཏད་ཡོད་པ་རེད་མ་ཟད་༧གོང་ས་མཆོག་གི་ཐུགས་འགན་ཡང་ཁྱེད་ཀྱི་འཁྲག་པར་སླེབ་ཡོད་པ་རེད་དེ་འདྲ་ཡིན་དུས་ང་ཚོས་རེ་བ་བཞིན་འབད་བརྩོན་ལྷོད་མེད་གནང་རོགས་ཞུ།
ཁ་བརྡ་རྩོམ་སྒྲིག་པས་ངའི་བསམ་འཆར་དྲ་ཐོག་ཏུ་བཀོད་པ་དགའ་ཡོད། གཞན་དྲ་གྲོགས་ཚོས་གནས་ཚུལ་འདིའི་ཐད་ནས་བསམ་འཆར་རེ་བཤད་ན་ཁོང་གིས་ཐུགས་བསམ་བཞེས་རྒྱུར་ཕན་ངེས་རེད།
ཨ་རིགས་དགེ་མཐོང་ཞུས་མཁན་འདི་ཆབ་སྲིད་མ་ཤེས་ཤེས་མདོག་དང་དཀྲོག་གཏམ་བཤད་མཁན་ཞིག་རེད་འདུག། བཀའ་བློན་ཁྲི་པ་བློ་བཟང་སེང་གེའི་བཀའ་བློན་སུ་འདེབས་མིན་ཇུས་གཏོག་བྱེད་མཁན་བོད་མི་མང་སྤྱི་འཐུས་ལས་ཁྱེད་རང་ལ་ཇུས་གཏོག་བྱེད་པའི་དབང་ཚད་ཡོད་པ་མ་རེད་། གལ་སྲིད་མ་འགྲིག་པ་ཡིན་ན་འདི་འགྲིག་མ་སོང་ཅེས་བཤད་ཆོག་པ་ལས་ཆོལ་ཁ་རེ་ནས་བཀའ་བློན་མི་རེ་རེ་དགོས་པ་དང་སྒེར་དྲུང་ཐོག་དེ་བས་ཇུས་གཏོག་བྱེད་རིན་ཡོད་པ་མ་རེད། ཁྱེད་རང་ཨ་མདོའི་ས་གནས་དབུས་རྒྱུན་པའི་ཆ་ནས་ཆོལ་ཁའི་རྩོད་པ་རྒྱབ་འདོད་ཡོད་པ་གསལ་པོ་འདུག། ང་རང་གི་བལྟས་ན་དེར་རྩ་བ་རང་ནས་ཡག་པོ་མ་རེད་ཅེས་ཞུས་འདོད་བྱུང་། ཁྱེད་རང་ཆོས་གོན་གྱོན་པའི་གྲ་བ་ཞིག་ཡིན་དུས་དེ་བས་གནང་སྟངས་དེར་ཡག་པོ་མ་རེད་།
ཁ་བའི་སྒྲོན་མེ་མིང་ཅན་ལགས། སྙིང་རྗེ་བོད་ཡིག་ཀློག་མི་ཤེས་པ་དང་ནང་དོན་དེ་བས་ཀྱང་མི་གོ་ནི་ཞིག་ལ་ངས་འབྲེལ་བཤད་ཇི་ལྟར་རྒྱག དེའི་གཞན་ལ་དྲིས། གལ་སྲིད་ཁྱེད་རང་སྒྲོན་མེ་ཞིག་ཡིན་པའི་དབང་དུ་བཏང་ན་བོད་ཡིག་ཀློག་མི་ཤེས་པའི་དྲི་མ་ཞིག་ནང་དུ་ལྷུང་འདུག་པས་སྦྲགས་འདུག བདེ་མོ། དང་པོ་བོད་ཡིག་སྦྱོངས། ཀློག་མ་ཤེས་གོང་ནས་མཆན་འདེབས་རྒྱུ་མ་ཟེར་ལོ།
ཨ་རིགས་དགེ་མཐོང་ལགས། བོད་ཡིག་ཀློག་མི་ཤེས་ན་གོ་བ་འདི་རག་མི་འདུག་ཅེས་བཤད་ན་འགྲིག། ཧཧཧ ཁྱེད་རང་གི་གསང་བསྔགས་སྐོར་བཤད་ཡོད་རྒྱུ་མ་རེད། དྲང་པོ་བཤད་ན་བླ་རྒན་ཁྱེད་རང་བོད་ཡིག་ཡག་པོ་འབྲི་ཤེས་ཀྱི་མི་འདུག། ཡོད་ཚོད་ཧམ་པ་དང་གཞན་གྱི་རྗེས་དྲང་འོག་ཆབ་སྲིད་ཤེས་མདོག་བྱས་ནས་དཀྲོག་གཏམ་དང་དབྱིན་དཀྲུག་བྱས་ཆེ་བའི་སྐྱོན་ཆེ་པོ་འདུག། གནས་སྟངས་འདིའི་བོད་མིའི་ཆིལ་སྒྲིག་གཏོར་བ་དང་བཟང་སྤྱོད་ཉམས་པ་སོགས་ཀྱི་སྐྱོན་ཆ་ཆེན་པོ་ཡོང་བ་བཤད་མི་དགོས་རུང་ཁྱེད་རང་ལ་མཚོན་ན་རང་སྒེར་ལ་ཁེ་ཕན་གང་ཞིག་ཡོད་མེད་ལ་དོགས་ཆར་མེད་རུང་ང་ཚོར་འདིར་གསལ་པོ་བཤད་ན་ཆེས་དོགས་གནས་ཅན་ཞིག་ཆགས་ཡོད།
ཁྱེད་རང་གི་ཀློག་མ་ཤེས་ན་མཆན་འདེབས་རྒྱུ་བཞག་ན་འགྲིག། ངས་འདིར་ཁ་བརྡ་དྲ་གྲོགས་མང་ཚོགས་ལ་གསལ་བཤད་སམ་དངོས་ཡོད་ཁྱེད་རང་གི་རྣམ་ཐར་ངོ་སྤྲོད་ཙམ་བྱེད་པ་ལས་ཐ་ན་སྐྱོན་བརྗོད་ཚིག་གཅིག་ཡང་མེད།
ཁ་བའི་སྒྲོན་མེ་ཟེར་བ་འདུ་ལྷོ་ཕྱོག་ཉི་མས་ཚིག་པས་མ་ཧེ་ནག་པོ་ཞིག་རེད།རྩོམ་པ་པོ་ཨ་རིག་དགེ་མཐང་ལ་སྐྱོན་རྗོད་བྱེད་ཁུལ་བྱེད་།ངོ་ཚ།གླེན་པ་ལུག་རོ།ཁྱི་ཁ་ཚིམ།
རིག་བཟང་ལགས། ད་བར་ང་རང་གི་བསམ་ངོར་མི་གཞན་ལ་སྐྱོན་འཛུགས་བགྲང་མྱོང་བསམ་པ་མེད། ཡིན་ཡང་ཁྱེད་རང་གི་མཐོང་སྣང་བཞིན་དངོས་ཡོད་གནས་ཚུལ་ལ་ལོག་འགྲེལ་བྱེད་ན་ཐབས་ཤེས་མི་འདུག། མ་གཞི་མི་སུའི་དྲང་གཏམ་བཤད་ན་གནས་སྟངས་ཀྱི་རྐྱིན་པས་སྐྱོན་སྐྱོན་བརྗོད་དུ་མཐོང་སྲིད་པ་རེད་ལ་རྩིས་ན་ཆོག། དོན་དངོས་ཨ་རིགས་དགེ་མཐོང་གི་བོད་ཡིག་ཡག་འབྲི་མི་ཤེས་པ་ཡོངས་གྲགས་རེད་། འདི་གོང་ཏུ་ཁོ་པས་བྲིས་པའི་ནང་དོན་ཁག་གཟིགས་ན་ཁ་གྲགས་ངེས་རེད། མ་གཞི་སྐད་ཆ་ངར་བཤད་འདོད་མེད་དེ་ཁོས་པས་ངར་སྐྱོན་བརྗོད་ཚད་ལས་བརྒལ་པར་ཐ་ན་བོད་ཡིག་ཀློག་ཤེས་ཀྱི་མི་འདུག་ཅེས་བརྗོད་བྱུང་བས་ཧམ་བཤད་འདི་འདྲ་ཞིག་ངས་་འཁྱེར་དགོས་དོན་མི་འདུག། དྲང་གཏམ་ཡིན་ན་ཡིན་མཉམ་དང་སྐྱོན་བརྗོད་ཡིན་ན་ཡིན་མཉམ་ཐོག་སྐད་ཆའི་བྱུང་རིམ་འདི་རེད། ཁྱེད་རང་མིག་ཡ་བ་ཞིག་མིན་ན་ཁྲིམས་དང་སྒྲིག་གཞི་འགོ་འཇུག་བང་སྒྲིག་ནས་བལྟས་ཤིག།