ཤ་ཀླན་འཇམ་དབྱངས་གྲགས་པ།
འདུས་བྱུང་ཕུན་ཚོགས་ཚེ་རིང་ལགས་ཀྱི་རྩོམ་ཡིག་༼ང་ཚོས་བདམས་པའི་མི་དེ་བཀའ་བློན་ཁྲི་བ་རྩེ་ཕུད་ཅིག་ཨེ་ཡིན་༽ཞེས་པ་བཀླགས་རྗེས།
(རྩོམ་ཡིག་འདིའི་འགན་ཡོངས་རྫོགས་རྩོམ་པ་པོས་ཁུར་རྒྱུ་ཡིན།)
དེ་རིང་ངས་གླེང་བར་བྱ་བ་ནི་འདུས་ཕུན་ལགས་ཀྱིོ་རྩོམ་ཡིག་དེ་ཡིན་ལ་དགོས་དབང་གིས་བློ་སེང་གི་ལོ་རྒྱུས་ཀྱང་མི་ཉུང་བ་ཞིག་བཤད་དགོས་བྱུང་ན། དགོངས་དྭངས་སྔོན་ནས་ཞུ་རྒྱུ་ཡིན། འདུས་ཕུན་གྱི་རྩོམ་ཡིག་འདི་འོག་ནས་ཡར་བཀླགས་ནས་དཔྱད་པ་ཞིག་བཏང་ན་དོན་ངོ་མཚར་བ་མང་པོ་དང་། བློ་ཕྱོགས་གཅིག་པའི་གཏམ་མང་དུ་ཡོད་པ་ཤེས་ངེས་པས། ད་རེས་ངས་ཀྱང་འོག་ནས་མགོ་བཙུགས་ཏེ་དཔྱད་པ་ཞིག་བྱེད་འདོད། འདུས་ཕུན་གྱི་རྩོམ་ཡིག་མཇུག་བསྡུས་རྗེས་རྩོམ་འབྲི་ཡུལ་ཁ་གསལ་བྱས་པ་དེས། རང་ཉིད་ནི་བློ་སེང་ལ་འོས་ལྡུག་མཁན་གྱི་བོད་མི་ཁྲི་ཚོ་གཉིས་བཞིན་ལྐུགས་པ་ཞིག་མ་ཡིན་པར་ཡར་ཐོན་རྒྱལ་ཁབ་ཅིག་ལ་གནས་ཡོད་པའི་བོད་མི་ཤེས་འཇོན་གཉིས་ལྡན་ཞིག་ཡིན་པ་གསལ་བར་མཚོན་པས་ང་ཚོ་སུ་ཞིག་གིས་བལྟས་ན་ཡང་མིག་སྔར་བཀྲམས་ཟིན་པའི་མཇུག་སྡུད་དེ་ལ་དགག་བཞག་མི་འགྲོ་ཞིང་ཁས་མི་ལེན་མཐུ་མེད་ཡིན།
དེ་ནས་ཤོ་ལོ་ཀ་མཐའ་མ་དེར་བལྟས་རྗེས་ང་ཚོའི་སྙིང་ལ་ཙག་ཤ་ལང་དགོས་པའི་དོན་རྐྱེན་ཞིག་བྱུང་འདུག་སྟེ། ང་ཚོས་རྩོམ་པ་པོས་གཏན་ནས་མི་འདོད་ཅིང་མིང་གོ་ན་མགོ་བོ་ན་ཞིང་མི་མཐོང་ན་མིག་ལ་གཟན་པའི་མི་ཞིག་ལ་འོས་ཤོག་བླུགས་པས།
། ད་ལྟ་མི་དེར་འོས་ཤོག་བརྒྱའི་དྲུག་ཅུ་བརྒལ་འདུག མི་དེའི་འགྲན་ཡ་ཡོངས་རྫོགས་ཀྱི་འོས་ཤོག་བསྡམས་ཀྱང་ད་དུང་མི་དེ་ལྷོད་ལྷོད་ཀྱིས་བཀའ་ཁྲིར་བསྡད་རྒྱུ་རེད་འདུག་པས། རྩོམ་པ་པོས་སྐད་ཤོར་བ་ཅི་ཁག མི་དེ་ནི་གཞན་སུ་ཡང་མ་ཡིན་པར་འབུམ་རམས་རྫུན་མ་༼རྩོམ་པ་པོའི་འདོད་པ་ལྟར་ན༽བློ་སེང་ཟེར་བ་དེ་རེད། ཁྱེད་ཀྱིས་དེ་ལ་འོས་མ་བླུགས་པར་དགུན་སར་སུ་ཊ་འཚོང་བཞིན་པའི་རང་གི་ཨ་ཕ་ལ་འོས་བླུགས་རུང་རྩོམ་པ་པོས་རྩོམ་ཡིག་འདི་གཏན་ནས་འབྲི་ཚོད་མི་འདུག་སྟེ། ཁོང་གིས་མཐའ་མར་བོད་ཀྱི་རྩ་དོན་ཁོང་གི་ལག་ཏུ་བཞག་མི་རུང་ཞེས་ནན་སྐུལ་བྱ་རྒྱུ་དང་། གཞན་སུ་འདེམ་རུང་བདག་གིས་ཁྱད་པར་མི་མཐོང་ངོ་།།ཞེས་བོད་གངས་ཅན་པ་ཡོངས་ཀྱི་མགྲིན་ཚབ་ཀྱིས་སྐད་གསོང་མཐོན་པོས་བསྒྲགས་འདུག
ད་ང་ཚོའི་བློ་ལ་རྩོམ་པ་པོ་དེ་ཡང་སྙིང་སུ་ཡིན་པ་དང་། མི་ཅི་འདྲ་ཞིག་ཡིན་པ། བློ་སེང་དང་སྒེར་གྱི་ཁོན་འཛིན་ཡོད་མེད་བཅས་གཅིག་མུར་གཅིག་མུར་དུ་འཆར་ཡོང་ངེས་པས། མུ་མཐུད་དུ་དཔྱད་པ་བཏང་བ་ལས་དེ་མུར་བཞག་འདོད་མ་བྱུང་། དེ་བས་ཤོ་ལོ་ཀ་གོང་མ་དེ་བཀླག་པའི་དགོས་པ་ཡོད་དེ། དེའི་ནང་དུ་ཁོང་གིས་རང་ཉིད་བློ་སེང་ལ་མི་དགའ་དོན་གང་ཡང་མེད་ཚུལ་དང་། སྒེར་གྱི་ཁོན་འཛིན་གང་ཡང་མེད་ཚུལ། ཐ་ན་ཁོང་མཐོང་ཡང་མེད་ཚུལ་སོགས་བཤད་འདུག་པས། ང་ཚོའི་བློ་བདེ་བར་བབས་པ་དང་ཆབས་གཅིག་སྙིགས་མའི་སེམས་ཅན་གྱི་རང་བཞིན་ཕྱིར་མངོན་ཏེ་དོགས་པ་རེ་གཉིས་ཀྱང་ཟར་དང་ཟུར་ནས་མི་འབུར་རང་དབང་མི་འདུག་སྟེ། ཁོང་གིས་དྲ་རྒྱ་དང་ཚགས་ཤོག་བཀླགས་ནས་ཐོབ་པའི་ཤེས་བྱ་ལ་བརྟེན་ནས་གོང་གི་རྩོམ་དེ་བྲིས་ཞེས་བཤད་འདུག་པས། རྩོམ་ཡིག་དེ་ནི་མ་གཞི་ནས་ཁོང་གིས་བསམ་གཞིག་གི་འོ་མ་སྲུབ་པ་ལས་ཐོན་པའི་མར་ལོ་དེ་མ་ཡིན་པར་དྲ་ངོས་དང་ཤོག་ངོས་སུ་འཕྱན་པའི་ཤེས་བྱ་ཕྱོགས་སྡོམ་བྱས་པ་ཞིག་རེད་འདུག འོ་ན་ཁོང་གིས་དྲ་རྒྱ་གང་ཞིག་བལྟས་ཡོད་དམ། ཚགས་ཤོག་གང་ཞིག་བཀླགས་ཡོད་དམ་ཟེར་ན། ལན་གསལ་བོ་གང་ཡང་བསྐྱོན་མེད་པས་ན་ང་ཚོར་རྣམ་རྟོག་ཇེ་མང་དུ་སོང་།
རྩོམ་པ་པོས་ཕྱོགས་སྡོམ་བྱས་པའི་རྩོམ་ཡིག་དེ་ནི་དྲ་རྒྱ་གསར་བ་བོད་ཀྱི་ཆབ་སྲིད་དཔྱད་བརྗོད་ཅེས་པའི་དབྱིན་ཡིག་གི་དྲ་རྒྱ་དང་འདྲ་སེ་འདུག་ལ། དྲ་རྒྱ་དེས་ཁོང་གི་རྩོམ་ཡིག་དབྱིན་བསྒྱུར་གྱིས་དྲ་ངོས་སུ་བཀོད་འདུག་པས་ང་ཚོར་རྣམ་རྟོག་ཅིག་སློང་པ་ནི།
།
ཁོང་དང་དྲ་རྒྱ་དེའི་བར་དུ་འབྲེལ་བ་ཅི་ཞིག་ཡོད་པ་དང་༼འབྲེལ་བ་མེད་ན་དྲ་རྒྱ་དེས་རྩོམ་ཡིག་བསྒྱུར་བ་ཕར་ཞོག་དབྱིན་ཡིག་རང་གི་རྩོམ་ཡིག་ཀྱང་མི་འགོད་པར་ཡོངས་གྲགས་རེད༽། ཁོང་དང་དྲ་རྒྱ་དེ་གཉིས་གཅིག་ཡིན་ནམ་དུ་མ་ཡིན་ཅེས་པའི་དྲི་བ་དེ་ཚོ་རེད། ད་དུང་ཁོང་གིས་བལྟས་པའི་དྲ་རྒྱའི་ནང་དུ་ཕ་ཡུལ་དྲ་རྒྱ་ཚུད་ཡོད་མེད་དེའང་གནད་དོན་ཆུང་ཆུང་ཞིག་མ་རེད། དེའང་ཕ་ཡུལ་དྲ་རྒྱས་གཞོན་སྐྱེས་ཤེས་ཡོན་ཅན་རིན་ཆེན་ཚེ་རིང་གིས་བློ་སེང་ལ་དྲིས་པའི་དྲི་བ་བཅུ་པོ་དེ་མ་འགོད་པ་དང་། གཞོན་སྐྱེས་ཤེས་ཡོན་ཅན་བསམ་འགྲུབ་བསྟན་འཛིན་གྱིས་བོད་ཀྱི་ཆབ་སྲིད་དཔྱད་བརྗོད་ཅེས་པའི་དྲ་རྒྱ་ལ་དགག་བཞག་ཚར་ནན་བཏང་བའི་རྩོམ་ཡིག་དེ་མ་འགོད་པ་སོགས་གཞོན་སྐྱེས་ཤེས་ཡོན་ཅན་མང་པོ་ཞིག་བློ་ཕམ་བཅུག་པའི་གནས་ཚུལ་དྲ་རྒྱའི་འཇིག་རྟེན་ན་ས་གྲག་གནམ་རེད། ད་དུང་གལ་ཆེན་ཞིག་ལྷག་ཡོད་པ་ནི་འཇམ་དབྱངས་ནོར་བུའི་དྲ་རྒྱ་རེད།
དེའང་འཇམ་ནོར་འདི་བོད་བཙན་བྱོལ་སྤྱི་ཚོགས་སུ་དང་པོ་གྲགས་པ་འབར། དེ་རྗེས་ཉེས་ཆད་ཕོག སླར་ཡང་ཨ་རིར་སོང་ནས་གྲགས་པ་འབར་ཏེ་བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་གི་མིག་དཔེ་བལྟ་ས་དང་། མཁས་པ་མང་པོ་ཞིག་གི་རེ་བ་བཅངས་སར་གྱུར་ཡོད་མོད། ཉེ་བའི་ཆར་ཁོང་གི་གཏམ་གླེང་དང་ཟིན་བྲིས་མང་པོའི་ནང་དུ་ཕྲག་དོག་དང་འགྲན་སེམས་ཀྱི་ཚིག་མང་དུ་ཐོན་པར་མ་ཟད། བློ་སེང་གི་ཁ་མཚར་ཞིག་ལ་གཞི་བཟུང་སྟེ། བློ་སེང་གིས་རྒྱ་མིའི་ཨོ་བྷ་མ་བྱེད་འདོད་ཚུལ་སོགས་གཞི་མེད་ཀྱི་རྩོམ་ཡིག་བྲིས་པར་གཞོན་སྐྱེས་ཁག་གཅིག་ལ་ཕོག་ཐུག་བཏང་བ་དང་།
གཞོན་སྐྱེས་ཤེས་ཡོན་ཅན་ཞིག་གིས་རྒྱ་མིའི་ཨོ་བྷ་མ། དིང་རི་རི་བོར་སྒྱུར་བའི་བྱ་སྤྱོད་ཅེས་དགག་བཞག་གི་རྩོམ་ཡིག་ཤོག་གུ་བཅུ་གྲངས་ལོངས་བ་ཞིག་བྲིས་ཡོད། དེ་དང་དེ་ལ་སོགས་ཤིན་ཏུ་མང་། དྲང་བོར་བཤད་ན་གོང་གི་དྲ་རྒྱ་གཉིས་པོ་ནི་འཇམ་ནོར་གྱི་རྗེས་འབྲངས་བ་ཞིག་ལས་རང་ཚུགས་ཐུབ་པའི་དྲ་རྒྱ་ཞིག་ནི་མིན་ནོ།།
གལ་སྲིད་རྩོམ་པ་པོས་གོང་གི་དྲ་རྒྱ་དེ་ཚོར་གཞི་བཅོལ་ཡོད་ན་ཁོང་ལ་ལྟ་ཚུལ་འདི་འདྲ་རྙེད་པ་ཁག་མི་འདུག་པས་ཕྱིན་ཆད་གཟོབ་ཅེས་བསླབ་བྱ་ཞིག་སྤྲད་དེ་དེ་གར་བསྐྱུར་ཆོག་མོད། མགོ་བཙུགས་ཚར་བའི་ལས་ཀ་དེ་གར་བསྐྱུར་ན་ཉེས་པ་ལྷག་མ་ཞིག་བསགས་ཉེན་འདུག་པས་མུ་མཐུད་དཔྱད་པ་བཏང་བའི་འདུན་པ་བྱུང་། དེ་བས་ང་ཚོས་ཤོ་ལོ་ཀ་གོང་མར་ཡར་སྤར། རྩོམ་པ་པོ་ལྟར་ན་བློ་སེང་བཀའ་ཁྲིར་སླེབས་ཚེ་བོད་མི་རྒན་རབས་པ་ཚོ་སེམས་ཤུགས་ཆག་པ་མ་ཟད། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ན་ཡོད་པའི་ལས་བྱེད་དེ་ཚོ་སེམས་ཤུགས་ཆག་ཉེན་ཡོད་ཟེར། དེ་བདེན་ན་བློ་སེང་བཀའ་ཁྲིར་སྐོས་མཁན་ང་ཚོ་ཡིན་པས་ང་ཚོས་ཁོ་བཀའ་ཁྲི་ལས་ཅིའི་ཕྱིར་ཕབ་མི་ཆོག ཡིན་ཡང་ལས་བྱེད་དེ་ཚོ་ཅིའི་ཕྱིར་སེམས་ཤུགས་ཆག་པ་རེད། རྒན་རབས་པ་དེ་ཚོ་ཅིའི་ཕྱིར་སེམས་ཤུགས་ཉམས་པ་རེད། དེང་སང་མང་གཙོའི་ལུང་པའི་ནང་དུ་དྲི་བ་འདྲི་ཆོག་པས་ན་གོང་གི་དྲི་བ་དེ་ཚོ་ང་ཚོའི་ཀླད་པའི་ནང་ངམ་ངམ་ཤུགས་ཤགས་སུ་ཡོང་བ་ཆོས་ཉིད་རེད། རྩོམ་པ་པོས་དེ་ལ་ལན་ཁ་གསལ་གང་ཡང་མེད་ནའང་ང་ཚོའི་ཚོད་དཔག་བྱས་ན་ཕལ་ཆེར་མི་རབས་རྒན་པ་ཚོ་སེམས་ཤུགས་ཉམས་དོན་ནི་རང་གིས་ལོ་འདི་ཚོར་ཞུབས་ཞུ་བསྒྲུབས་ཀྱང་མ་རག་པའི་ཁྲི་དེ་མི་རབས་གསར་པ་ཅི་གང་མ་བྱས་པ་ཞིག་ལ་ཐོབ་པས་སེམས་ཤུགས་ཉམས་སྲིད་ཟེར་བ་ཡིན་པ་འདྲ། མི་རབས་རྒན་པའི་ནང་དུ་དེ་འདྲ་ཡོད་སྲིད་དམ། ང་ལྟར་ན་དེ་འདྲ་ཡོད་མི་སྲིད། ཕ་མ་གཅིག་ལས་སྐྱེས་པའི་ཕྲུ་གུ་གཅེན་གཅུང་གཉིས་ལ་ཆ་མཚོན་ན།
ཕྲུ་གུ་ཆུང་བ་དེར་རྔན་པ་འཐབ་རྩོད་བྱེད་མཁན་གྱི་ཕྲུ་གུ་ཆེ་བ་དེ་ནི་རང་བཞིན་བཟང་བའི་མི་ཞིག་ཡིན་མི་སྲིད་པས་སོ།། རྒྱ་ལ་དེ་འདྲ་ཡོད་སྲིད་ཀྱང་མི་དེ་ཚོ་ནི་བཀའ་ཁྲིའི་རྐུབ་སྟེགས་འདོད་ནས་རང་གཞུང་དུ་ལུས་པ་ལས་རྩྭ་ཆུ་གང་བཟང་བལྟས་ནས་ཕྱིར་གྱར་མི་འགྲོ་བའི་མི་ལྷག་བསམ་ཅན་དག་ག་ལ་ཡིན་ཏེ་མ་ཡིན་ནོ།།
།
དེའི་གོང་གི་ཤོ་ལོ་ཀ་གཉིས་ཀ་མཉམ་དུ་གླེང་ན་ངོ་མཚར་གྱི་ལྟད་མོ་མང་པོ་མཐོང་རྒྱུ་འདུག་སྟེ། ཤོ་ལོ་ཀ་དང་པོའི་ནང་དུ་མདོར་དྲིལ་ན་ཤེས་འཇོན་གཉིས་དང་ཉམས་མྱོང་སོགས་གང་གི་ཆ་ནས་ཀྱང་འདང་ངེས་ཞིག་བཀའ་ཁྲིར་བདམས་དགོས་ཞེས་དང་བློ་སེང་ལ་དེ་ཚོ་མི་ལྡན་པས་ན་བཀའ་ཁྲིར་བདམས་མི་རུང་ཞེས་སྤྱིར་བཏང་ང་ཚོས་གོ་མྱོང་བའི་ལབ་རྡོལ་དེ་ཚོ་བསྐྱར་ཟློས་བྱས་འདུག ཡིན་ཡང་སྤྱིར་བཏང་གི་གཏམ་དེ་ལ་ཞིབ་ཉན་བྱེད་པའི་དགོས་པ་ཡོད་དེ། དེས་ན་རྩོམ་པ་པོས་ང་ཚོར་དཔེ་མཚོན་ཞིག་མ་བཞག་པ་ཅི་ཡིན་ནམ། ཁོང་ལྟ་བུ་ལ་བཀའ་ཁྲིའི་འོས་བབ་འདུག ཉམས་མྱོང་ཅན་ཟེར་ན་ཁོང་ལྟ་བུར་ཟེར། ཞེས་བཤད་ཡོད་ཚེ་ང་ཚོར་ཨོ་ཁོ་ལོས་བདེན། ཉམས་མྱོང་ཟེར་བ་འདི་ལྟ་བུ་ཡིན་ས་རེད། ཤེས་འཇོན་གཉིས་ལྡན་ཟེར་ན་ཁོང་ལྟ་བུ་ཡིན་ས་རེད་བསམ་པའི་བློ་ཤུགས་དྲག་པོར་སྐྱེས་སྲིད། ཡིན་ཡང་ཕངས་པ་ཞིག་ལ་རྩོམ་པ་པོས་མིང་གི་ཟུར་ཙམ་ཡང་བཏོན་མེད། རེད་དེ་འོག་གི་ཤོ་ལོ་ཀ་ཐ་མ་དེའི་ནང་དུ་དེ་མིན་སུ་ལ་ཐོབ་ན་ཁྱད་པར་མེད་ཅེས་པའི་སྡོམ་ཚིག་རྡོག་རྡོག་དེས་ང་ཚོར་གསལ་བཤད་ཅིག་བྱེད་བཞིན་པར་འདྲ། འདིར་གླེང་རྒྱུའི་ཤོ་ལོ་ཀ་གཉིས་པའི་ནང་དུ་བློ་སེང་གིས་རང་ཉིད་རང་བཙན་གཙང་མར་མོས་མཐུན་བྱེད་མཁན་ཞིག་ཡིན་ནའང་བཀའ་ཁྲིར་སླེབས་ཚེ་དབུ་མའི་ལམ་གྱི་ཐོག་ནས་འགྲོ་རྒྱུ་ཡིན་ཞེས་བཤད་འདུག་ཅེས་ཕལ་ཆེར་བློ་སེང་གིས་ང་རྒྱ་མིའི་སོ་བ་བྱེད་རྒྱུ་ཡིན་ཞེས་བཤད་པ་ལྟར་གྱི་ཧ་ལས་མདོག་དང་ཧངས་སངས་མདོག་གིས་བསྒྲགས་པར་མ་ཟད། སྐད་ཆ་དེ་འདྲ་བཤད་པས་རྒྱ་མིར་ལག་པ་འཕྱི་ས་རག་པ་རེད་ཟེར། དེ་བདེན་ན་འོས་གཞིར་ཡོད་པའི་འོས་མི་གཞན་གྱིས་ཀྱང་དེ་ལས་ཀྱང་ཚབས་ཆེ་བ་བཤད་འདུག་སྟེ། ཁ་ཉིན་འབྲས་སྤུངས་སུ་གསུང་ཆོས་སྐབས་སུ་ད་ལྟའི་འོས་མི་ཁྲི་ཟུར་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཀྱང་དབུ་མའི་ལམ་ལ་རྒྱ་མིས་ཁས་ལེན་མེད་ཅེས་བཤད་ཟིན་པས་ད་དུང་ང་ཚོས་འདི་ནས་ཨུ་ཚུགས་བྱས་བསྡད་ན་ལྐུགས་པ་རེད། དེ་བས་ངས་དུས་དང་མཐུན་པར་ལས་ཀ་བྱེད་ཀྱི་ཡིན་ཞེས་མི་མང་སྟོང་ཚོ་བརྒལ་བར་གསུངས་འདུག་པས། འཕར་བ་དང་སྤྱང་ཀིའི་ཁྱད་པར་མ་གཏོགས་རྒྱ་མིར་ལག་པ་འཕྱི་ས་སྤྲོད་མཁན་གཅིག་པ་ཡིན་པ་འདྲ།
གོང་དུ་གླེང་བའི་གནད་དོན་དེ་ཚོ་རྩོམ་པ་པོས་ཕྱོགས་སྡོམ་བྱས་པའི་མཇུག་གི་རྩོམ་ཡིག་གི་སྙིང་བོ་དེ་རེད། ད་ང་ཚོས་ཁོས་ཅི་ཞིག་ཞིབ་བཤད་བྱས་ཡོད་པ་དང་། ཡང་སྙིང་གང་ཞིག་ནས་འགྲིག་གི་མེད་པའི་གནད་དོན་དེ་ཚོའང་ཤེས་འདོད་པས་ན་མུ་མཐུད་བཀླག་རྒྱུ་ཡིན། འོག་ནས་ཡར་རྩིས་པའི་ཤོ་ལོ་ཀ་དང་པོ་དང་གཉིས་པ། གསུམ་པ་བཅས་དང་ཁོང་གི་ལེ་ཚན་བཞི་པར་ལྟར་ན་བློ་སེང་གིས་རྒྱལ་བའི་ཡང་སྲིད་མ་འདས་སྤྲུལ་སྐུ་དགོས་ཞེས་བསམ་ཚུལ་བཏོན་འདུག་པས་ན་བློ་སེང་ནི་བཀའ་ཁྲིར་མི་རུང་ངོ་སྐད། རྩོམ་པ་པོས་བོད་མི་རྣམས་༡༩༨༠ནང་དུ་ད་དུང་བསྡད་པར་སྙམ་མམ། ལོ་ངོ་དེ་དག་ཏུ་རྒྱལ་བ་རིན་པོ་ཆེ་དང་འཆམ་པོ་མེད་ཚུལ་དང་། ཡང་ན་རྒྱལ་བ་རིན་པོ་ཆེར་ཅི་ཞིག་བྱས་པར་ཁ་གཡར་ཏེ་བོད་ཀྱི་ཤེས་ལྡན་པ་མང་པོ་གནས་ནས་སྤྱུགས་པའི་ལོ་རྒྱུས་ཡོད་པས། རྩོམ་པ་པོས་ཀྱང་གོ་སྐབས་ཤིག་འཛིན་ཁུལ་གྱིས་བློ་སེང་གིས་རྒྱལ་བ་རིན་པོ་ཆེ་ལ་ཅི་ཞིག་བཤད་འདུག་ཅེས་ལོང་བས་གླང་ཆེན་རེག་པ་ལྟར་ཧ་ལས་མདོག་བྱེད་པ་དེ་ལའང་དམིགས་ཡུལ་མེད་ཅེས་སུ་ཡིད་ཆེས། ཕངས་པ་ཞིག་ལ་བོད་མི་ཚོ་སྔར་ནས་གཉིད་སད་དེ་ད་ལྟ་མཁས་དབང་དེ་དག་ལ་གུས་བཀུར་ཞུ་བཞིན་འདུག་པས་རྩོམ་པ་པོའི་དགོངས་གཞེད་རླབས་པོ་ཆེ་དེ་རེ་ཞིག་འགྲུབ་ཚོད་མི་འདུག་ལ། ནམ་ཡང་མི་འགྲུབ་པར་འགྱུར་ཡང་སྲིད། ཁོང་གི་ལེ་ཚན་གསུམ་པའི་ནང་དུ་བློ་སེང་གིས་བོད་ལ་ཞབས་ཞུ་གང་ཡང་བསྒྲུབས་མེད་ཚུལ་བཤད་དེ་རྒྱུ་མཚན་དེས་བཀའ་ཁྲིར་མི་འོས་ཚུལ་བཤད་པ་དེའང་ལུང་དང་རིགས་པས་རྒྱས་བཏབ་ན་ང་ཚོ་ལ་དེ་འདྲའི་རྣ་བར་འགྲོ་བ་ཞིག་མ་རེད་དེ། ཨ་རིའི་ཨོ་བྷ་མ་སྲིད་འཛིན་ལས་ཁུངས་སུ་བསྡད་དེ་ཟླ་བ་དགུ་ཙམ་ལས་མ་འདས་པར་ནོར་བྷེལ་ཞི་བདེའི་གཟེངས་རྟགས་རག་པ་དང་། མ་འོངས་བའི་སངས་རྒྱས་རྒྱལ་བ་བྱམས་པ་འཛམ་བའི་གླིང་དུ་ཕེབས་དུས་ཆོས་བསྟན་མི་དགོས་པར་གཟུགས་བྱད་བསྟན་པ་ཙམ་གྱིས་སེམས་ཅན་རྣམས་གྲོལ་འགྲོ་བ་སོགས་སྐྱེས་བུ་ཁྱད་པར་བ་ཚོར་སྨྲ་བསམ་ལས་འདས་པའི་ཁྱད་ཆོས་ཀྱང་ཡོད་པ་འདྲ།
རྒྱ་མིའི་ཨོ་བྷ་མ་བྱེད་འདོད་ཚུལ་དེ་གཞི་མེད་རྙོག་གླེང་ཡིན་པ་ངས་གོང་དུ་ཉུང་ངུའི་ཚིག་གིས་འགྲེལ་ཟིན་ཡང་རྩོམ་པ་པོས་ཕྱེད་བཤད་ཕྱེད་སྦས་བྱེད་པའི་རང་མཚང་ལ་ཀློག་པ་པོ་རྣམ་པས་ཞིབ་གཟིགས་ཐུབ་སླད། ངས་སླར་ཡང་འགྲེལ་བཤད་ཞིབ་ཚགས་པོར་བྱེད་རྒྱུ་ཡིན། དེ་ནི་་ཚོགས་འདུ་ཞིག་ལ་བློ་སེང་གིས་གཏམ་བཤད་བྱེད་སྐབས་འདི་ལྟར་བཤད་ཡོད། རྒྱ་ནག་གི་དཔོན་རིགས་ཤིག་གིས་ཨ་རིར་སྐྱོན་བརྗོད་བྱས་ཏེ་ཁོ་ཚོའི་བོད་ལ་འཛིན་པའི་ལྟ་སྟངས་དེ་ཨ་རིའི་མི་རིགས་ནག་པོར་འཛིན་པའི་ལྟ་སྟངས་ལས་དྲག་བ་ཡོད་ཅེས་བཤད་འདུག
དེས་ན་ང་རྒྱ་མིའི་སྲིད་འཛིན་སྐོས་རོགས་ཞེས་ཟེར་དགོས་པ་འདྲ། རྒྱུ་མཚན་ནི་ཨ་རིའི་མི་རིགས་ནག་པོ་སྲིད་འཛིན་བསྐོས་འདུག ཨོ་བྷ་མའང་ཧ་ཝར་ཌ་ནས་ཐོན་པ་རེད། ངའང་དེ་ནས་ཐོན་པ་ཡིན་ཞེས་རྩེད་མཚར་དང་བཅས་བཤད་པ་ན་དེར་ཡོད་ཚང་མས་དགའ་བསུ་བྱས་འདུག
དེ་རྗེས་འཇམ་དབྱངས་ནོར་བུས་རང་གི་ཟིན་བྲིས་སུ་འོས་གཞི་གཞན་ཚོར་བསྟོད་པ་གནམ་ལ་ཤོངས་བ་རེ་བྱས་རྗེས་ཐ་མ་དེར་བློ་སེང་གིས་ཕྱེད་ཀ་རྩེད་མོ་དང་རྒྱའི་ཨོ་བྷ་མ་བྱེད་འདོད་ཚུལ་བཤད་པ་རེད་ཅེས་བཤད་པ་དང་། དྲ་འབུ་ཚོས་ཅི་ཞིག་ཧ་གོ་མདོག་གིས་བློ་སེང་ལ་བསམ་ཡུལ་འདས་པའི་གཞི་མེད་སྐྱོན་བརྗོད་བྱས་པ་དང་། ང་ཚོ་རང་བཙན་འཐབ་རྩོད་པ་ཚོ་སེམས་ཕམ་བཅུག་བྱུང་ཞེས་ཕལ་ཆེར་བློ་སེང་གིས་རང་བཙན་རྩོད་མི་ཆོག་པའི་བཀའ་བཏང་བ་ལྟར་བྱས་པ་རེད།
།
དེ་རྗེས་བློ་སེང་གིས་འཇམ་ནོར་ལ་གསལ་བཤད་བྱས་པར་འཇམ་ནོར་གྱིས་ཚིག་རང་ངོས་ནས་ངོས་ལེན་བྱས་མེད་ཀྱང་སྔར་བྱས་ལ་བཤམས་སྡོམ་བྱེད་པ་ལྟར་བློ་སེང་གི་རྩོམ་ཡིག་རང་གི་ཟིན་བྲིས་སུ་བཀོད་པ་རེད། སྐབས་དེར་བོད་ཀྱི་ཆབ་སྲིད་དཔྱད་བརྗོད་ཅེས་པའི་རྩོམ་སྒྲིག་པ་དང་རྩོམ་པ་པོ་གསལ་ཁ་ཡེ་མེད་པའི་དབྱིན་ཡིག་གི་དྲ་རྒྱ་དེའི་དོ་དམ་པ་ཚོས་ཅི་ཞིག་ཚོར་སོང་མདོག་གིས་སྔར་འཇམ་ནོར་སར་ཡོད་དུས་ཀྱི་ཕྱེད་ཀ་རྩེད་མོ་དང་བཅས་ཞེས་པ་གཏུབ་སྟེ་རྒྱ་མིའི་ཨོ་བྷ་མ་བྱེད་འདོད་པར་བསྐྱར་ཞིབ་ཅེས་པའི་རྩོམ་ཡིག་སྤེལ་བ་དང་དྲ་འབུ་ཚོས་བློ་སེང་ལ་གཞི་མེད་སྙོན་འཛུགས་ཀྱིས་བློ་སེང་གིས་ད་ལྟའང་ཨ་རི་ནས་ཕྱིའི་རྒྱལ་ཁབ་ཁག་ལ་འགྲོ་དུས་དེབ་སེར་བོའི་ཐོག་འགྲོ་བཞིན་ཡོད་ཟེར་བ་སྐྱག་རྫུན་རེད་ཟེར་བ་དང་བློ་སེང་ལ་སྐྱབས་བཅོལ་ལག་དེབ་མེད་ཟེར་བ་དང་། བློ་སེང་གི་ཆུང་མ་བོད་པ་མ་རེད་ཟེར་བ། ཆུང་མ་ལ་སྐྱབས་བཅོལ་ལག་དེབ་མི་འདུག་ཟེར་བ་སོགས་སྐྱོན་བརྗོད་བློ་ཡུལ་དུ་མི་ཤོངས་བ་མང་དག་བྱས་པས། མཐར་བློ་སེང་འུ་ཐུག་སྟེ་རང་གི་སྐྱབས་བཅོལ་ལག་དེབ་དང་ཆུང་མའི་སྐྱབས་བཅོལ་ལག་དེབ། དེབ་སེར་བོ་བཅས་པར་སློག་བརྒྱབ་སྟེ་བཀའ་བློན་ཁྲི་བ་ཞེས་པའི་དྲ་རྒྱ་དྲང་ཚུགས་ཅན་དེ་ལས་ཕྱོགས་གང་སར་ཁྱབ་བསྒྲགས་བྱས་ཡོད།
དེ་རྗེས་དྲ་འབུ་ཕལ་ཆེ་བ་དགུན་གྱི་ཁུ་བྱུག་བཞིན་གྱུར་བ་མ་ཟད། དེ་སྔར་བློ་སེང་དགྲ་ཤ་བོར་ལྟ་བཞིན་པའི་དྲ་རྒྱ་བོད་ཀྱི་ཆབ་སྲིད་དཔྱད་བརྗོད་ཅེས་པས་ཀྱང་རང་གི་རྐང་བ་སྟ་རེ་གཞུ་བ་ལྟར་བློ་སེང་གི་གསལ་བཤད་དེ་ཚོ་རང་གི་དྲ་ངོས་སུ་འཇོག་བཞིན་འདུག དེ་ལྟར་གོང་གི་གནས་ཚུལ་དག་ཁ་གསལ་གཏིང་གསལ་གྱུར་ཚར་ཡང་རྩོམ་པ་པོས་སུ་ཞིག་ལ་མགོ་སྐོར་འདོད་པ་ལྟར་འདིར་ཡིན་མིན་མང་པོ་ཞིག་བཤད་འདུག་པས་ན། ངས་ཀྱང་ཁོང་ལ་རོགས་རམ་གྱིས་གནས་ཚུལ་དེ་ཇེ་གསལ་དུ་བཏང་བ་ཙམ་ཡིན།
ཁོང་གི་ལེ་ཚན་གཉིས་པ་ལྟར་ན། བློ་སེང་གིས་བཀའ་ཁྲི་རྩོད་པར་གྲ་སྒྲིག་བྱས་པ་དེ་འགྲིག་མེད་པར་བརྗོད། ང་ལྟར་ན་བློ་སེང་གིས་གྲ་སྒྲིག་བྱས་པ་དེ་འགྲིག་ཡོད་པར་མ་ཟད། ཁྱེད་ཀྱི་འདོད་པ་ལྟར་ཉིས་སྟོང་ལྔ་ལོ་ནས་གཞི་ནས་གྲ་སྒྲིག་བྱས་པ་མ་ཡིན་པར་ཆུང་བྱིས་པའི་དུས་སུ་རྨི་ལམ་རྨིས་ཤིང་། ལང་ཚོ་དར་ལ་བབ་དུས་སྦྱོར་བ་བརྩམས། ཐ་མ་དར་མའི་དར་སྒང་དུ་འབྲས་བུ་གཡུར་དུ་གཟར་བ་ཐོགས་ཏེ། སྡང་དགྲ་བོས་མཐོང་ན་འཆི་མ་ཤོར་བ་དང་། གཉེན་ཉེ་དུས་བལྟས་ན་འཛུམ་དཀར་ཕྱུངས་དགོས་པའི་གནས་ཚུལ་བག་དྲོ་བོ་འདི་འདྲ་ཐོན་པ་རེད། ༧གོང་ས་མཆོག་གིས་གནང་བའི་བོད་བཙན་བྱོལ་གཞུང་མང་གཙོའི་ལམ་དུ་དབུ་འཛུགས་མཁན་ཆོས་སྲིད་གཉིས་ལ་བཀའ་དྲིན་གཞལ་ཟླ་བྲལ་བ་སྐྱབས་རྗེ་ཟམ་གདོང་གདོང་ལྔའི་དབང་པོ་ཡིན་ནའང་། ལམ་དེ་ཇེ་ལེགས་ཇེ་ཆེ་རུ་གཏོང་མཁན་ནི་བློ་བཟང་སེང་གེ་གཉིས་པ་ཡིན་པ་སྙོན་མི་ནུས་ལ།
ལོ་རྒྱུས་ཀྱི་དེབ་ཐེར་ལས་ཀྱང་གསུབ་ཐབས་མེད་པ་མངོན་སུམ་ཡིན་པས་རྩོམ་པ་པོ་ཁོང་དང་ངེད་གཉིས་དེ་ལ་རྩོད་པའི་དགོས་པ་མ་མཐོང་ཡང་། ཡིན་པ་མ་ཡིན་པར་སྒྲོག བདེན་པ་རྫུན་པར་འགྲེལ། ལེགས་བཤད་ཉེས་བཤད་དུ་སྒོམ། ལེགས་བྱས་ཉེས་བྱས་སུ་བརྩི་བའི་རང་རེ་སྐོར་ཞིག་གི་བྱ་སྤྱོད་འདི་རྒྱ་ཡན་དུ་བཏང་ན་བྱེད་མཁན་གཏོང་མཁན་གཉིས་ཀས་ཉེས་པ་ཚབས་ཆེན་བསགས་པ་མ་ཟད། ཕྱིས་སུ་བུ་ཚས་མཐོང་ནའང་རང་ལ་ཨ་མྱེས་གསོད་ཟད་དེ་འདྲ་ཞིག་ཡོད་པར་ཤེས་ཚེ་དམོད་པ་བོར་ཏེ་དུར་ཁུངས་སུའང་བསྡད་དུ་མི་བཅུག་པ་གདོན་མི་ཟའོ།
བོད་མི་ཕྱུག་པོ་ཞིག་གིས་གཞན་ལ་སྦྱིན་པ་མ་བཏང་བར་རང་གི་འཚོ་ཐབས་འགྲིག་ཐག་ཆོད་བྱས་ཏེ་བསྡད་ན་མི་ཚོས་རྒྱབ་ནས་ཁོ་སེར་སྣ་ཆེ་ཚུལ་སོགས་ཀྱི་བཤད་ཡམས་ལུང་བ་གང་དྲུད་ཡོང་བ་ང་ཚོ་སུ་ལའང་གསལ། བླ་མ་ཕྱུག་པོ་ཞིག་གིས་རང་གི་དགེ་ཕྲུག་དག་ལ་སྦྱིན་བདག་འཚོལ་ཏེ་གཞན་ཚོ་ལ་དེ་ཙམ་ཁ་ཡ་མ་བྱས་ཚེ་ཡང་རྒྱབ་བཤད་ལུང་བ་གང་བྱེད། ད་འོ་ན་དེ་ཚོ་ནོར་འདུག་དགོངས་ཏེ་སྤྲང་མ་ལུས་ལ་སྦྱིན་པ་བཏང་། དགོན་གྲྭ་ཚང་ལ་མཆོད་པ་བྱས་ན་ཡང་བཤད་ཡམས་རིགས་གཞན་ཞིག་དྲུད་འོང་བ་ནི་མི་སྐྱ་ཡིན་ན་ཁོང་གིས་སྙན་གྲགས་དོན་དུ་གཉེར་བ་རེད་ཟེར་བ་དང་། བླ་མ་ཡིན་ན་གདུལ་བྱ་སྡུད་འདོད་པ་རེད་ཟེར་བ་སོགས་རེད། ཚུལ་དེ་མཁྱེན་ནས་ལོ་རྒྱུས་ཁྲོད་ཀྱི་སྐྱེས་ཆེན་ས་སྐྱ་པཎ་ཆེན་དང་རྗེ་ཙོང་ཁ་བ་སོགས་ཀྱིས་གསུང་ཆེན་པོས་མགུར་བཞེས་འདུག་པས། ངོ་མ་ང་ཚོ་ལ་སད་རྒྱུ་ཡོད་ན་དེའི་ཐོག་ནས་སད་དགོས་པ་འདྲ།
འདིར་ཡང་རྩོམ་པ་པོས་བློ་སེང་གིས་སློབ་གྲྭ་འགའ་ཞིག་དང་བཙན་བྱོལ་ཁུལ་དུ་གྲངས་ཉུང་ངུ་ལས་མེད་པའི་ཚགས་པར་རམ་གསར་ཁང་སོགས་ལ་སྦྱིན་བདག་འཚོལ་བར་རོགས་རམ་བྱས་པར་བཀའ་ཁྲི་བྱེད་ཆེད་དུ་སྟ་གོན་བྱས་པར་བརྩིས་འདུག དེར་མ་ཟད་ཕྱོགས་སྐྱོད་བྱེད་པ་དང་།
གཏམ་བཤད་སྤེལ་བ་དེ་ཚོའང་ཚུན་མིན་ཡིན་པར་སྒྲུབ་བྱེད་ཅི་གང་མེད་ནའང་མིང་མདོག་འདྲ་མིན་དང་། ཚིག་མཚོན་འདྲ་མིན་སྤྱད་དེ་ཁྱོ་བོ་ཁ་སང་བརླག་པའི་ཡུགས་ས་མ་ཞིག་གི་རྣམ་ཐར་སྐྱོང་བ་ནི་ངོ་མ་སྙིང་རྗེའི་གནས་དམ་པའོ།། རྩོམ་པ་པོས་བཤད་པ་ལྟར་གྱི་བློ་གྲོས་དང་གདམས་དག་བློ་སེང་ལ་ཡོད་ན་ང་ཚོས་ཁོ་ལ་འོས་ཤོག་བླུགས་པ་དེ་འགྲིག་འདུག་པར་མ་ཟད།
རྗེས་མའི་ལོ་ལྔ་པོ་ཡང་ཁོ་ལ་སྤྲད་ན་ཏག་ཏག་རེད། རྩོམ་པ་པོས་བློ་སེང་དང་བློ་སེང་གི་རྒྱབ་སྐྱོར་བ་རྣམས་གཅིག་ཏུ་བསྒྱུར་ཞིང་ཐ་མར་དེའང་བློ་སེང་དུ་བསྒྱུར་ནས་ཁོ་དང་ཁོའི་རྒྱབ་སྐྱོར་རྣམས་ཀྱི་སྐད་ཆ་ཡོད་ཚད་བློ་སེང་གིས་འདི་ལབ་སོང་བློ་སེང་གིས་དེ་ལབ་སོང་ཞེས་ས་བསྒྲགས་གནམ་བསྒྲགས་བྱེད་པ་སོགས་གཞི་མེད་ཅིང་ཆོ་མེད་པ། དགོས་པ་མེད་ཅིང་རྒྱུ་མཚན་མེད་པ། གནས་ལུགས་མེད་ཅིང་བདེན་ལུགས་མེད་པ། གུས་ལུགས་མེད་ཅིང་འགྲོ་ལུགས་མེད་པའི་བྱ་སྤྱོད་ངན་པ་འདི་ཚོར་བལྟས་ན་རྩོམ་པ་པོ་ཁོང་བློ་སེང་ལ་མི་དགའ་དོན་མེད་ཅེས་པའི་ཐོག་མའི་གླེང་སློང་དུས་ཀྱི་གཏམ་དེ་ལ་དོགས་པ་མི་ཟ་རང་དབང་ཞིག་ག་ལ་ཡོད།
ཁོང་གི་ལེ་ཚན་དང་པོའི་ནང་དུ་བློ་སེང་ལ་ཕྱི་སྐྱོད་སློབ་ཡོན་ཐོབ་པ་དེ་ཁོང་ཉེ་གནས་ཀྱིས་སྤྲད་པ་རེད་ཅེས་པ་དེར་ང་ལ་སྤྲོད་མེད་པའི་ཁུངས་སྐྱེལ་ཅི་ཡང་མེད་ལ། རྩོམ་པ་པོ་ལའང་སྤྲད་པའི་ཁུངས་སྐྱེལ་ཅི་ཡང་མི་འདུག་པས་དེ་གར་བསྐྱུར་ཏེ། འབུམ་རམས་པ་ཞེས་པའི་ལག་ཁྱེར་དེའི་ཐོབ་ཐང་དང་གོ་ས་བཅས་ལ་འགྲེལ་བརྗོད་ཅིག་བྱེད་ན། དེ་ནི་རང་རེའི་དགེ་བཤེས་ལྷ་རམས་པ་ཞེས་པ་དེ་དང་གོ་ས་མཉམ་པ་མ་གཏོགས་གཞན་གང་གིས་ཀྱང་མཚོན་ཐུབ་ཐབས་མེད། གལ་སྲིད་བློ་སེང་གིས་དགེ་བཤེས་ལྷ་རམས་པ་དང་མཚུངས་ཞེས་བཤད་ཡོད་ཚེ་དེ་ནི་ཡིན་ལུགས་བརྗོད་པ་ལས་རང་བསྟོད་བྱས་པར་ག་ལ་འགྲོ། ལྷག་པར་དུ་བློ་སེང་གི་འབུམ་རམས་པའི་ཤེས་ཚོད་དེ་ནི་བོད་མི་ས་ཡ་དྲུག་ཕར་ཞོག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་ཡོངས་དང་། ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་དག་ནས་ཀྱང་སུས་ཀྱང་བླངས་མྱོང་མི་འདུག་པས། དེ་མི་ངོམ་ན་ཅི་ངོམ། དེ་མི་བསྒྲགས་ན་ཅི་བསྒྲགས། ཡིན་ཡང་དེ་ཐོབ་པས་ཐམས་ཅད་མཁྱེན་པ་ཆགས་འགྲོ་ཞེས་གླེང་མཁན་རྩོམ་པ་པོ་རང་ཉིད་མིན་ཚེ་ང་ཚོ་ནི་མིན་ལ་བློ་སེང་ཡང་ཡིན་ཚོད་མི་འདུག ང་ཚོར་སྐྱོན་གཞན་ཞིག་ཡོད་པ་ནི་མི་ཞིག་གིས་ངས་ཐུབ། ངས་འཇོན་ཞེས་ཁས་བླངས་ཚེ་རང་རློམ་ཚ་བོ་དང་གཤིས་ཀ་གྱོང་བོར་བརྩི་རྐྱང་བྱེད་པ་དང་། ངས་མི་ཐུབ། ངས་མི་འཇོན་ཞེས་བཤད་ཚེ་དམན་ས་འཛིན་པར་བརྩིས་ནས་མཐེ་བོང་གནམ་དུ་བཀོན་སྲིད། གཤིས་ངན་དེ་དག་གི་མཇུག་མ་ད་དུང་མ་རྫོགས་པས་ན་བློ་སེང་གི་གདེང་ཚོད་ཡོད་པའི་གཏམ་དག་རྣ་བར་མ་སོང་བ་རེད། བློ་ལ་མ་ཤོངས་བ་རེད། བསམ་བློ་གུ་དོག་པོ་ཟེར་ན་དེ་ལས་གཞན་དུ་མེད་ལ། ལྟ་རྒྱ་མཐོང་རྒྱ་ཆུང་བ་ཟེར་བའང་དེ་ལས་གུད་དུ་མེད་དོ།། ཧ་ཝར་ཌ་གཙུག་ལག་སློབ་གྲྭ་གནའ་དེང་གི་སྐྱེས་ཆེན་དེ་ཚོའི་མ་ཡུམ་སློབ་གྲྭ་ཡིན་པ་རྩོམ་པ་པོས་ཁས་བླངས་ཟིན་ལ། གནའ་དེང་ཟུང་གི་མདུན་སྐྱོད་པའི་མིང་བཟུང་ཡོད་པ་རྩོམ་པ་པོས་དམ་བཅའ་ཟིན། བློ་བཟང་སེང་གེ་དེ་ལས་ཐོན་པའང་ཁས་བླངས་ཟིན་ལ་ད་ལྟ་དེ་གར་ལས་གནས་ཡོད་པའང་ཧ་གོ་ཟིན། ད་ཅིའི་ཕྱིར་མ་འགྲིག་པ་རེད། དྲི་བ་འདིར་ལན་གཅིག་རང་ལས་མེད་པ་ནི་རང་རེའི་ཆོས་པ་ཚོས་གསུང་བཞིན་པའི་ཉོན་མོངས་དུག་གསུམ་གྱི་ནང་ཚན་ཞེ་སྡང་ཟེར་བ་དེའི་མགོ་བོ་དཀྱག་ནས་རྩོམ་པ་པོའི་རྒྱུད་དཀྲུགས་པས ད་གཟོད་འབྲི་ཤེས་ལ་མི་ཤེས་ལ་འདི་འབྲི་དགོས་ཐལ་སོང་བ་རེད་ལ། ཡིག་ནོར་དང་དོན་ནོར་འདི་དག་གིས་ཁ་བརྡ་དྲ་ངོས་ཉོག་པོར་བཟོ་དགོས་ཐུག་པ་རེད།
རྩོམ་པ་པོས་བཤད་པ་བཞིན་སློབ་དཔོན་ཆེན་མོ་དང་། འབུམ་རམས་པ་སོགས་ང་ཚོ་ལ་མཛུབ་མོ་ལྔ་བོ་ནང་དུ་གུག་ཐུབ་ཙམ་ཞིག་ཡོད་པ་ངས་ཀྱང་ཤེས་ཡོད་ལ། དེ་དག་གིས་བྱ་བ་ཅི་ཞིག་སྒྲུབ་བཞིན་པ་དང་ས་གནས་གང་དུ་འཚོ་བཞེས་ཡོད་མེད་ཀྱང་ཁོ་བོ་གསལ་ཆ་ཡེ་མེད་པ་མིན།
། ཡིན་ཡང་ར་འདྲ་ཡང་རིགས་མི་འདྲ་བ་དང་། འོ་མ་དཀར་ལུགས་འདྲ་ཡང་མངར་ལུགས་མི་འདྲ་བ་དེ་རྩོམ་པ་པོས་ཐུགས་སྣང་ཡེ་གནང་མི་འདུག་པས་རྗེས་ཤིག་ནས་ཞེ་སྡང་གི་མིག་ཟུང་གཙུམས་རྗེས་གསལ་བོར་མཐོང་བའི་རེ་བ་ཞུ། དུས་ཀྱི་དབང་གིས་རྩོམ་ཡིག་འདི་འདི་གར་མཚམས་བཞག་རྒྱུ་དང་། དྲ་གྲོགས་རང་བཙན་ལྡེའུ་ལགས་ཀྱི་སྙན་རྩོམ་ཐུང་ངུ་དེ་ལ་དག་བཅོས་ཕྲན་ཙམ་དང་བཅས་རྩོམ་ཡིག་འདི་ཡོངས་སུ་མཇུག་བསྡུས་པ་ཡིན།
“རང་ལ་རིན་ཐང་ཡོད་ན།།
གོང་ཐང་མི་ཡི་རྒྱབ་ཡོང་།།”
གོང་ཐང་མི་ཡི་བརྒྱབ་ནས།།
འོས་ཤོག་རྩེ་མོར་ཕེབས་བཞག །
རྒྱ་ཆ་ཐོན་པོར་ལོན་བཞག།
མང་མོས་དགའ་མོས་ཐོབ་བཞག །
སྙན་གྲགས་ཆེ་གཤོས་ཆགས་བཞག །
བཀའ་ཁྲི་ཐོབ་ལ་ཉེ་བཞག །
གོང་ཐང་མི་ཡིས་བརྒྱབ་དུས།།
འགའ་རེའི་སྙིང་ལ་ཕོག་འདུག །
ལས་ཐེག་གཉིད་ཐེག་བཅག་ནས།།
གོང་ཐང་བཅོག་རྩིས་བྱེད་ཀྱི།
གོང་ཐང་བཅོག་རྒྱུ་ཕར་ཞོག།།
གསུམ་པའི་ཉི་ཤུ་ཉིན་མོར།།
བློ་སེང་བཀའ་ཁྲིར་འཁོད་རན།།
ཁོན་སེམས་སྡང་སེམས་ཅན་ཚོ།།
སྙིང་རྩ་ཆད་ནས་ངུ་རན།།
༢༠༡༡ ༢ ༡༡ཉིན་ཞི་འཚོ་དཔེ་མཛོད་ཁང་ནས་ཐད་ཀར་དྲ་བར་བཏང་།
བློ་སེང་ཕྱོགས་གཏོགས་བློ་སེང་ཡག་རབས་བཤད། བཀྲས་མཐོང་ཕྱོགས་གཏོགས་་བཀྲས་མཐོང་ཡག་རབས་བཤད། ཁྱོད་ཤི་ང་གསོན་རྩོད་པས་དུས་འདའ་ན། གཞིས་ལུས་བོད་མིའི་མདུན་ལ་ངོ་རེ་ཚ།
ག་རེ་བཤད་པ་ཡང་གོ་ལེ་མི་འདའ།
དྲ་གྲོགས་ཤ་ཀླན་འཇམ་གྲགས་ལགས།
བཀྲིས་བདེ་ལེགས།
སྐུ་ཉིད་དེང་སྐབས་ཚོགས་ཆོས་རྭ་མེད་ཙང་དུས་ཚོད་ལྷོད་ལྷོད་ཡིན་དུས།བསམ་ཚད་དང་ཐོས་ཚད་བྲིས་ན་ཆོག་གི་རེད་སྙམ་ནས་ཡིག་ཚོགས་མང་པོ་ཞིག་སྤུངས་འདུག
དུས་ཚོད་ངེས་ཅན་ཞིག་མེད་ན་རྩོམ་གྱི་བརྗོད་དོན་དངོས་གང་བསྟན་དོན་ངོ་མ་གང་ཡིན་ཤེས་རྒྱུ་ཁག་པོ་འདུག
ཨ་ཙི་སྐུ་རྩེད་ཞུས།དེ་ནུབ་ཕྱིས་པོ་ཆགས་འདུག་པས་ཕྱི་ཉིན་ཞིབ་ཏུ་བཀླགས་ནས་བསམ་ཚུལ་ཞུ་རྒྱུ་ཡིན།
དེ་ནུབ་ངས་སྐུ་ཉིད་ལ་དྲི་བ་གལ་ཆེན་ཞིག་དྲིས་རྒྱུ་ཡོད་པ་དེར་ལན་ཁ་གསལ་ཞིག་ངེས་པར་གནང་རོགས།མི་མང་པོ་ཞིག་གིས་ཁྱེད་ཀྱི་ལན་ཁ་གསལ་ཞིག་གནང་རྒྱུ་སྒུགས་བསྡད་འདུག
ཁ་སྔོན་འབུམ་རམས་པ་བློ་བཟང་སེང་ལགས་ཀྱིས་གསར་ལམ་ཁག་དུ་འོས་བསྡུའི་དྲིལ་བསྒྲགས་ཀྱི་འགྲོ་སོང་མང་དངུལ་གྱི་འབྱུང་ཁུངས་དྲིས་བརྩད་སྐབས་ཁོང་གིས་ཞི་འཚོ་དཔེ་མཛོད་ཁང་ནས་གནང་སྐོར་གསུངས་འདགུ་ཅིང་།
འོན་ཀྱང་དེ་ག་དཔེ་མཛོད་ལ་དཔལ་འབྱོར་རྨང་གཞི་ཞན་སྐོར་འབྲེལ་གཅིག་ནས་གསུངས་ཀྱི་འདུག་པས་དོན་དངོས་དེ་ག་དཔེ་མཛོད་ནས་ཁོང་གི་འོས་བསྡུའི་འགྲོ་སོང་མ་དངུལ་ལ་རྒྱབ་སྐྱོར་གནང་ཡོད་མེད་དང་།་གནང་ན་དེའི་འབྱུང་ཁུངས་གང་ནས་ཡིན་པ་བཅས་གསལ་བཤད་གནང་བའི་རེ་བ་ཞུ་རྒྱུ་ཡིན།
དྲ་གྲོགས་ཤ་ཀླན་འཇམ་གྲགས་ལགས།
བཀྲིས་བདེ་ལེགས།
སྐུ་ཉིད་དེང་སྐབས་ཚོགས་ཆོས་རྭ་མེད་ཙང་དུས་ཚོད་ལྷོད་ལྷོད་ཡིན་དུས།བསམ་ཚད་དང་ཐོས་ཚད་བྲིས་ན་ཆོག་གི་རེད་སྙམ་ནས་ཡིག་ཚོགས་མང་པོ་ཞིག་སྤུངས་འདུག
དུས་ཚོད་ངེས་ཅན་ཞིག་མེད་ན་རྩོམ་གྱི་བརྗོད་དོན་དངོས་གང་བསྟན་དོན་ངོ་མ་གང་ཡིན་ཤེས་རྒྱུ་ཁག་པོ་འདུག
ཨ་ཙི་སྐུ་རྩེད་ཞུས།དེ་ནུབ་ཕྱིས་པོ་ཆགས་འདུག་པས་ཕྱི་ཉིན་ཞིབ་ཏུ་བཀླགས་ནས་བསམ་ཚུལ་ཞུ་རྒྱུ་ཡིན།
དེ་ནུབ་ངས་སྐུ་ཉིད་ལ་དྲི་བ་གལ་ཆེན་ཞིག་དྲིས་རྒྱུ་ཡོད་པ་དེར་ལན་ཁ་གསལ་ཞིག་ངེས་པར་གནང་རོགས།མི་མང་པོ་ཞིག་གིས་ཁྱེད་ཀྱི་ལན་ཁ་གསལ་ཞིག་གནང་རྒྱུ་སྒུགས་བསྡད་འདུག
ཁ་སྔོན་འབུམ་རམས་པ་བློ་བཟང་སེང་ལགས་ཀྱིས་གསར་ལམ་ཁག་དུ་འོས་བསྡུའི་དྲིལ་བསྒྲགས་ཀྱི་འགྲོ་སོང་མང་དངུལ་གྱི་འབྱུང་ཁུངས་དྲིས་བརྩད་སྐབས་ཁོང་གིས་ཞི་འཚོ་དཔེ་མཛོད་ཁང་ནས་གནང་སྐོར་གསུངས་འདགུ་ཅིང་།
འོན་ཀྱང་དེ་ག་དཔེ་མཛོད་ལ་དཔལ་འབྱོར་རྨང་གཞི་ཞན་སྐོར་འབྲེལ་གཅིག་ནས་གསུངས་ཀྱི་འདུག་པས་དོན་དངོས་དེ་ག་དཔེ་མཛོད་ནས་ཁོང་གི་འོས་བསྡུའི་འགྲོ་སོང་མ་དངུལ་ལ་རྒྱབ་སྐྱོར་གནང་ཡོད་མེད་དང་།་གནང་ན་དེའི་འབྱུང་ཁུངས་གང་ནས་ཡིན་པ་བཅས་གསལ་བཤད་གནང་བའི་རེ་བ་ཞུ་རྒྱུ་ཡིན།
ཅོལ་ཆུང་ཚོས་ཡང་བློ་བཟང་སེང་གེ་ལ་མངགས་བརྗོད་བྱེད་ཀྱི་ཡོད་པ་འདྲ། གང་ལྟར་ངུ་དུས་དང་བགོད་དུས་ནི་ཟླ་ཤས་རྗེས་ནས་མ་གཏོགས་ཤེས་ཀྱི་མེད་པས་ཁྱེད་ང་ུརན་ང་དགའ་རན་ཟེར་གཡུལ་སར་སླེབས་པའི་ན་གཞོན་གྱི་སྐད་ཆ་ལྟར་བཀའ་ཁྲིའི་བསྐོར་ལ་མ་བཤད་ན་བཟང་།
དྲ་གྲོགས་ལ་རྒྱའི་བདག་པོ་ལགས་ཁྱེད་ཀྱི་དྲི་བ་དེར་དོ་བདག་ནས་ལན་ཞིག་མེད་དུས་ངས་ལན་ཐུང་ངུ་ཞིག་འབུལ་རྒྱུ་ཡིན།
ཞི་འཚོ་དཔེ་མཛོད་ཁང་ནས་གནས་སྐབས་ཁོང་གི་འགྲོ་གྲོན་རྣམས་གཡར་བ་རེད། གལ་ཏེ་ཁོང་བཀའ་ཁྲིའི་གོ་སྐབས་མ་བྱུང་ན་ཞི་འཚོ་དཔེ་མཛོད་ཁང་ལ་གྱོང་རག་རྒྱུར་འགྱོད་པ་མེད་ཁར་གོ་སྐབས་འཐོབ་ཚེ་མ་སྐྱེད་གྲང་ཚང་འབུལ་རྒྱུའི་གན་རྒྱ་བཞག་ཡོད་པ་རེད། ཧ་ཧ།
དྲ་གྲོགས་འོད་འཁྱམས་ལགས་གནས་འདི་ནས་མཇལ་བ་དགའ་སྤྲོད་ཆེ།
གཡར་བ་ཨེ་བདེན།
གཅིག་བྱས་ན་དེའི་རྒྱབ་ལོགས་སུ་གསང་བ་ཆེན་པོ་ཞིག་ཡོད་སྲིད་དམ།
ཐུགས་རྗེ་ཆེ།
འོད་ཡུག་པའི་འཁྱམས་པོ་དང་། ལ་རྒྱའི་བདག་པོ། བྷི་བྷི་སི་སོགས་ལ་ལན་རྒྱག་འདོད་མེད། ཡིན་ཡང་སློབ་ཚན་ཞིག་ཁྲིད་འདོད་པས། ཉིན་རྒྱབ་ཆུ་ཚོད་གཉིས་པར་ཞི་འཚོ་དཔེ་མཛོད་ཁང་གི་སྤང་ཐང་དུ་ཕེབས་ཤོག །
སློབ་ཚན་དང་པོ་དེ། ཀ་བ། ཁ་ཤ་སོགས་ནས་མགོ་བཙུགས་རྒྱུ་དང་། སློབ་ཚན་ཁྲིད་གླ་གང་ཡང་མི་དགོས་ཏེ། ངའི་སློབ་མར་གྱུར་ཟིན་རྗེས་དྲ་ཐོག་ནས་ཡིག་ནོར་གཅིག་ཀྱང་འབྲི་མི་ཆོག །ཤེས་སོང་ངམ།
ཤ་འཇམ་ལགས།
གཤམ་གྱི་འདྲི་བ་དག་ལ་ལན་ཡོད་པར་གྱིས།
༡བློ་སེང་གིས་༼ཀུན་གླེང་༽དུ་ཁོ་རྒྱ་ནག་གི་མཁས་པ་སྟོང་ཕྲག་གཅིག་ལ་ཐུག་པ་ཡིན་ཞེས་བཤད་སོང་།དེ་རིང་་ཁྱེད་ཀྱིས་བློ་སེང་གི་ཚབ་བྱས་ནས་མཁས་པ་སྟོང་གི་ནང་ནས་བརྒྱའི་མིང་འབྲི་རོགས་གནང་།
༢བློ་སེང་གིས་རྒྱ་གར་ཝ་ནར་ནས་བཀྲས་མཐོང་དང་བཀྲས་དབང་མཉམ་དུ་ལོ་༢༠་ལ་ལས་ཀ་མཉམ་དུ་བྱས་པ་ཡིན་ཞེས་བཤད་སོང་།ལོ་༢༠དེ་ག་ནས་ག་དུས་བར་དུ་ས་ཆ་གང་དུ་ཁོང་ཚོ་མཉམ་དུ་ལས་ཀ་བྱས་པ་རེད།དེ་གསལ་བོ་ཞིག་གསུང་རོགས།
༣བློ་སེང་གིས་ཉེ་སྔོན་ནོའུ་ཡོག་ཏུ་ཚོགས་པའི་བགྲོ་གླེང་དུ་ཁོ་ལ་བྷོ་སུ་ཏོན་ནས་འོས་མང་པོ་ཐོབ་རབས་བཤད་པར་ས་གནས་མི་ཞིག་གིས་འདྲི་བ་དྲིས་པར་ལན་དུ་ནོའུ་ཡོག་དོན་གཅོད་ཀྱི་ལས་བྱེད་ཅིག་གིས་བཤད་སོང་ཟེར།ལས་བྱེད་སུ་རེད།དེ་ཅིག་གསུང་རོགས།
༤བློ་སེང་གིས་བྲིས་པ་ཡིན་མདོག་གི་བོད་ཡིག་གི་རྩོམ་ཐུང་འགའ་བོད་ཀྱི་དུས་བབ་ཏུ་བཀོད་སོང་།ཉེ་སྔོན་རྒྱ་གར་ལྡི་ལི་ནས་བགྲོ་གླེང་ཞིག་གི་སྐབས་ཁོང་གིས་བྲིས་པ་མིན་ཞེས་བཤད་སོང་།བློ་སེང་ཡིན་མདོག་མདོག་གིས་བློ་སེང་གི་ཚབ་ཏུ་བོད་རྩོམ་འབྲི་མཁན་སུ་རེད།དེ་ཅིག་གསུང་རོགས།
ཧ་ཧ་། ད་གད་མོ་དངོས་གནས་སློང་གི་འདུག ལྟོས་དང་། ཤ་ཀླན་ཞེས་པ་འདིས་ང་འདིར་གདན་དྲངས་འདུག ཁྱེད་ཀྱིས་ང་ལ་སློབ་ཚན་འཁྲིད་རྒྱུ་ཡིན་ཟེར། འདི་ཉིན་མོའི་རྨི་ལམ་མ་ཡིན་ནམ། ཁྱེད་རང་གི་རང་ལྟ་མཆོག་འཛིན་གྱི་རྨོངས་བློའི་སྟེང་ནས་བསྐྱེད་པའི་ང་རྒྱལ་འདིས་རང་ཉིད་ཀྱི་བོད་ཡིག་གི་ཆུ་ཚད་དེ་མཐོར་འདེགས་བྱས་འདུག་ཀྱང་། ངས་བལྟས་ན་ཁྱོད་རང་གི་བོད་ཡིག་གི་ཆུ་ཚད་དེ་ད་དུང་ཡང་ཞན་པོ་རེད་འདུག ལྟོས་དང་། ཁྱོད་རང་གིས་བྲིས་པའི་ཡི་གེའི་ནང་ཡིག་ནོར་དང་སྡེབས་སྦྱོར་ཉམས་པའི་སྐྱོན་ག་ཚོད་འདུག
ཡིན་ན་ཡང་ཡིག་ཚོགས་ཆེན་པོ་ལ་ལྟོས་ན་འདི་ལྟར་ཡོང་སྲིད་པ་ཞིག་རེད། དེ་སྔོན་ཡིག་ནོར་གྱི་ཕུང་པོ་འདུ་བྱེད་པོ་དེ་ཚོ་དང་བསྡུར་ན་ཁྱེད་རང་གི་ཡི་གེ་རྣམས་ཅུང་དག་པར་སེམས། འོན་ཀྱང་ཡིག་འབྲིའི་རྩལ་ཧ་ཅང་ཞན་པ་མ་ཟད་ཕྱོགས་བསྡུས་རང་བཞིན་གྱི་རྩོམ་ལུས་ཀྱི་སྐྱོན་ཆ་ཤིན་ཏུ་ཆེན་པོ་ལྡན། ཁྱེད་རང་གིས་བྲིས་པ་རྣམས་ལན་འཁྱོལ་བ་ཙམ་ལས་ལེགས་པའི་ཆ་དེ་ཙམ་མི་སྣང་། དེ་འདྲ་སོང་ཙང་གཞི་མེད་ཀྱི་སྤོབས་པ་མ་སྔ་ཞིག མཐའ་དོན་སྐྱག་པས་རྐུབ་བཀྱག་དགོས་མ་རེད། ཁྱོད་རང་གིས་ཁྱོད་རང་བཀྱག་པ་འདི་དོན་དངོས་ཁྱོད་རང་ལ་གཞན་གྱིས་བསྟོད་ར་གཏོང་མཁན་མ་བྱུང་ཙང་འུ་ཐུག་པའི་རྟགས་མཚན་གསལ་པོ་ཞིག་མ་ཡིན་ནམ། རྟ་ཕོ་བྲེད་ལ་བཏགས་ན། གོང་ཐང་མི་ཡིས་བརྒྱབ་ཡོང།
བྷི་བྷི་སི་འདི་ཁ་སང་དྲ་འབུ་ཞིག་རེད་དྲན་སོང་ཡང་། རེད་མི་འདུག ཀླད་པ་རྡོ་ལས་གྲུབ་པ་དང་། བོད་ཡིག་གི་ཆུ་ཚད་ལོ་ན་བརྒྱད་དུ་སོན་མ་ཐག་པའི་ངའི་སྲིང་མོར་མི་དོ་བ་ཚོ་ལས་དྲག་བ་ཞིག་རེད། དེ་བས་དགོངས་དྭངས་ཞུ་རྒྱུ་དང་། བྱུང་ན་ང་རོགས་བྱས་ནས་ཁོ་ཚོར་བྱིས་པ་དག་ཡིག་ཁྲིད་རོགས།
ཟླ་བ་ཆོས་འཛོམས་ལ་ཞུ་རྒྱུར། ང་བློ་བཟང་སེང་གེའི་རྒྱབ་སྐྱོར་བ་ཞིག་ལས་ཁོང་གི་ཆུང་མ་དང་། དྲུང་ཡིག་གང་ཡང་མིན་པས་དྲི་བ་དེ་ཚོ་ཁོང་བཀའ་ཁྲིར་ཕེབས་ཟིན་རྗེས་ལྷོད་ལྷོད་ཀྱིས་དྲི་རོགས། ཤེས་སོང་ངམ། ད་འགྲོ་ན་མ་གཏོགས་ཁོ་ཚོར་སློབ་ཚན་ཁྲིད་དགོས།
དྲ་གྲོགས་སུ་ཞིག་གིས་ང་དང་བགྲོ་གླེང་བྱེད་པར་འདོད་ན། འོག་ཏུ་མཆན་ཞོག་དང་ངས་ཀློག་ཐག་ཆོད་ཡིན། དེ་མིན་ཚིག་མཚོན་སོགས་ཀྱང་རང་གི་འདོད་པ་ལྟར་ཞོག་དང་། ཕོ་ཁྱོ་གའི་ཡར་ཆུང་དུ་རྟ་རྒྱུགས་ས་ཡོད་པ་དེ་རིགས་མིན་ཡང་། ཁྲག་ཤེད་མཐོ་བོའི་མི་དེ་རིགས་ཀྱང་མིན་པས། ང་ལ་ཕན་གནོད་ཅང་མེད་ཡ། བདེ་མོ
ཟླ་བ་ཆོས་འཛོམས་ཕེབས་པར་དགའ་བསུ་ཞུ།
མ་ཟད་བློ་སེང་གིས་བྱས་བྱས་བཏང་བཏང་དང་། འཇོན་འཇོན་སོགས་བཤད་པ་ནི་དྲང་པོར་བཤད་ན་བདེན་པ་རྩ་བ་ནས་མཐོང་གི་མིན་འདུག འོན་ཀྱང་ཤ་ཀླན་ལ་སྐད་ཆ་དྲིས་ན་ཕལ་ཆེར་བདེན་པར་འཛིན་ངེས་རེད།
ཤ་ཀླན་ལགས།
ཟླ་བ་ཆོས་འཛོམས་ལགས་ཀྱི་དངོས་བདེན་གྱི་དྲི་བར་གང་ཡང་བརྗོད་རྒྱུ་མེད་སྟབས་རེ་ཞིག་ཕྱིར་མ་བྲོས་རང་བྲོས་རེད། ཕེབས་རོགས་ག་ལེར་ཕེབས་རོགས། ལམ་བར་དུ་རྫབ་དོང་དུ་མ་ཚུད་པ་གྱིས། དཔེ་མཛོད་གཡས་གཡོན་དུ་བློ་སེང་གི་རྫབ་དོང་མང་པོ་བྲུས་ཡོད་པའི་སྐད་ཆ་འདུག བྱས་ཙང་ང་ཡང་རྫབ་དོང་ལ་ཞེད་དེ་དཔེ་མཛོད་དེའི་ཉེ་འཁོར་ཡོང་གི་མེད།
ཨོ་ད་སློབ་ཚན་ཚུགས་ལ་ཉེ་བས་སློབ་ཕྲུག་ཚོར་གོང་གི་དྲི་བ་དེ་ཚོར་ལན་ཡག་པོ་ཞིག་དྲིས་ཏེ། སུས་ལན་ངོ་དག་པ་ཞིག་རྒྱབ་པ་དེ་འཁྱེར་ཏེ་གང་མགྱོགས་འདི་ན་ཕེབས་ཤོ་ཨ།
དེ་མིན་སང་ཉིན་ནས་དགེ་རྒན་ཕར་ཞོག་གཡོག་པོ་ངན་པ་ཞིག་གི་རིན་ཐང་ཡང་བརྩི་རྒྱུ་མིན།
ལ་རྒྱའི་བདག་པོ་ལགས།
ག་རེ་གསུངས་ཀྱི་ཡོད། གསང་བ་ཡོད་ཡོད་པ་རེད་པ། འོན་ཀྱང་རྒྱབ་ལྗོངས་ཀྱི་གསང་བ་དེ་ས་དོང་རིམ་པ་མང་པོ་རྒྱུད་དེ་སྦས་ཡོད་འདུག་ཀྱང་བདེན་པའི་སྟོབས་མེད་པ་དང་སྲང་བར་གྱི་གང་ཟག་རྣམས་རིག་ལྡན་ཤ་སྟག་ཡིན་དུས་གསང་བ་ཕྱིར་གྱར་ཟིན་པ་རེད།
གང་ལྟར་མི་ངན་པས་རང་བསྟོད།
བྱ་ཁྭ་ཏས་སྒྲོ་བསྟོད་ཟེར་བ་ཞིག་ཡོད་པ་རེད་དོ།།
ཤ་ཀླན་འཇམ་དབྱངས་གྲགས་པ་ལགས་གནས་ལུགས་དང་རྒྱུ་མཚན་ཡོད་པའི་ཐོག་བྲིས་འདུག་པས་དགའ་སུ་ཞུ། བོད་རྒྱལ་ལོ།།།
ཤ་འཇམ་མིང་ཅན་དེས་དཔྱད་བརྗོད་ཡིན་ཁུལ་གྱིས་དོན་དུ་རྙོག་གླེང་མང་པོ་ཞིག་བྲིས་འདུག་པར་བསམ་ན་ཁོས་དཔྱད་བརྗོད་ཀྱི་གོ་དོན་ལོན་མེད་པ་འདྲ།ལྷག་པར་དུ་ཆབ་སྲིད་དཔྱད་བརྗོད་དྲ་བ་དང་འཇམ་ནོར།ཕ་ཡུལ་དྲ་བ་སོགས་ནི་འཁྱོག་བརྗོད་པ་ཞིག་ཡིན་པའི་ཐག་སྔོན་ལ་བཅད་ནས་སྒྲུབ་བྱེད་ཀྱི་རིགས་པ་རྗེས་ནས་འཚོལ་གྱིན་འདུག་པས་དཔྱད་གཏམ་སྤེལ་རྒྱུའི་ནུས་པ་ཡོད་མཁན་ཞིག་མིན་པ་གསལ་པོ་རེད།དེས་ན་དཔྱད་བརྗོད་སྤེལ་མི་ཤེས་མཁན་གྱི་དཔྱད་རྫུན་ལ་དཔྱད་པ་བྱེད་པ་དེའང་དཔྱད་བརྗོད་ལ་གོ་བ་མེད་མཁན་ཞིག་རེད།
ངས་ཁྱེད་ལ་དྲི་བ་ཞིག་ཡོད།བློ་སེང་གྱི་རྒྱབ་ལ་འཇུ་ཆེན་ཡོད་མེད་དོག་པ་འདུག་ཀྱང་གསལ་པོ་ཞིག་ངས་མི་ཤེས་འོན་ཀྱང་མདོ་སྔགས་བསྟན་འཛིན་ངོས་སུ་མདུན་དུ་བུད་བྱུང་བས་བཀའ་ཟུར་ཚོགས་པ་བློ་སེང་གི་རྒྱབ་ལ་ཡོད་སྲིད་དམ་ཁྱེད་ཀྱིས་བཀའ་ཟུར་ཚོགས་པའི་རྒྱབ་ལྗོངས་ཤེས་སམ།གྲོས་ཚོགས་འཇུག་སྡོམ་རྒྱག་མ་ཐུབ་པ་དེ་ཡང་བཀའ་ཟུར་ཚོགས་པས་བཟོད་པ་མ་ཡིན་ནམ།ཟམ་གདོང་རིན་པོ་ཆེས་རྒྱང་བུད་བཏང་ཟིན་པའི་བཀའ་ཟུར་འཇོན་མེད་ནུས་མེད་དེ་ཚོ་བློ་སེང་ནས་གངས་སྐྱིད་དུ་གདན་འདྲེན་འདོད་པ་མ་རེད་དམ།ཡང་རྒྱ་འཇུའི་འཁྲུག་པ་འགོ་ནས་རྒྱག་རྒྱུ་ཡིན་ནམ།ཁྱེད་རང་གིས་ངའི་དྲི་བ་འདི་ཚོར་ལེན་རྒྱག་མ་ཐུབ་ཚེ་ད་ལྟའི་གནས་སྐབས་སུ་ཁྱེད་ལ་ཆབ་སྲིད་དཔྱད་གཏམ་སྤེལ་བའི་ནུས་ཚད་མེད་པས་ཁྱེད་རང་དེ་ལས་ཞི་འཚོ་དཔེ་མཛོད་དུ་གཞུང་སྦྱང་ནས་བཞུགས་ན་ལེགས་སོ།
ཨ་བུ་ལགས་ བཀའ་ཟུར་འཇོན་མེད་ནུས་མེད་ཟེར་ན་བཀའ་ཟུར་བཀྲ་ཤིས་དབང་འདུས་དང་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་རྣམ་གཉིས་ཀྱང་བཀའ་ཟུར་རེད།་་ཧཧཧཧཧ བློ་བཟང་སེང་གེ་ཡང་ཡགཔོ་མེད་རབ་བཤད་འདུག་། ཧཧཧཧཧཧཧཧཧཧཧཧཧཧཧཧ
ཤ་ཀླན་འཇམ་དབྱངས་གྲགས་པ་ལགས། དཔྱད་བརྗོད་འདི་འདྲ་ཞིག་སྤེལ་བར་རྐང་གཉིས་ས་ལ་བཙུགས་ཏེ་ལག་གཉིས་ཐལ་མོ་སྦྱར་བ་དང་ལྷན་དུ་སེམས་ཁོག་རུས་པའི་སྟིང་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ངོ་མ་དཔྱད་བརྗོད་རྩོམ་ཡིག་རེ་འབྲི་འདོད་པ་ཚོས་འདི་ལྟ་བུའི་དཔྱད་རྩོམ་རེ་འབྲི་མཁན་བྱུང་ན་ཅི་མ་རུང་། ངོ་མ་ཁྱོད་རང་དགེ་རྒན་ཡག་ཤོས་ནང་གི་ཡག་ཤོས་ཤིག་ཡིན་པ་དེ་རིང་རྟོགས་སོང་། དྲ་ཐོག་ན་ལྷུང་བའི་དྲ་འབུ་ཚོར་ཀ་ཁ་ག་ང་ཡག་པོ་འཁྲིད་རོགས་གནང་། ཁོང་ཚོ་ཡིག་རྨོངས་པས་བློ་རྨོངས་པ་དང་། རྨོངས་པའི་སྨག་རུབ་སྟུག་པོའི་ཁྲོད་ན་ལུས་བསྡད་པའི་དྲ་འབུ་ཚོར་མུ་མཐུད་དུ་སློབ་ཁྲིད་གནང་རོགས། ཁྱེད་ཀྱི་མཛད་འཕྲིན་རྒྱས་པར་ཤོག
ཤ་ཀླན་འཇམ་དབྱངས་གྲགས་པ་ལགས།
ཁྱེད་ཀྱིས་ཡིག་ཚོགས་མང་པོ་ཞིག་གི་ཐོག་ནས་གོ་བ་ལེན་སྟངས་མ་ཤེས་པའི་རྩོམ་ཡིག་གཅིག་བྲིས་འདུག་པས་ཀློག་པ་པོར་ཉམ་སྣང་ཞིག་སྟེར་སྲིད་པ་རེད།
བློ་བཟང་སངས་རྒྱས་ལགས་ཀྱིས་གསུངས་གསལ་ལྟར་ཆིག་སྒྲིལ་དང་གསར་གཏོད་རང་རང་ཐོན་གསུམ་གྱི་ནང་ནས་དང་པོ་ཆིག་སྒྲིལ་ཞེས་པ་འདིར་དྲི་བ་གཅིག་ཡོད།
བློ་བཟང་སངས་རྒྱས་ལགས་ཀྱི་མི་ཚེའི་རྣམ་ཐར་ནང་དུ་ཁོང་རང་སྐྱེས་ཁུངས་མདོ་སྟོད་རེད་ལ་ཆུ་སྒང་ནང་དུ་ཕྱག་ལས་གནང་མྱངས་ཡོད་རེད། མ་ཟད་ཁོང་རང་ཨ་རི་མཐོ་སློབ་འགྲོ་ཐུབ་པའི་གོ་སྐབས་ཀྱང་དེ་ནས་རག་པ་རེད།
བློ་སངས་ཀྱིས་ཆུ་སྒང་གསར་པའི་ལས་མི་བྱས་ནས་མདོ་སྟོད་མི་དམངས་ཁ་བྲལ་བཏང་ཡོད་པ་ཁོང་གི་རྣམ་ཐར་དང་པོ་རེད། ཁོང་རང་ཆོལ་ཁ་ཁ་བྲལ་བཏང་ནས་ཡོང་མཁན་ཞིག་གི་་ངོས་ནས་བོད་རྒྱ་ཆེ་དམངས་ཆིག་སྒྲིལ་ཇི་ལྟར་བྱ་ཐུབ་བམ།??????????????
བཙན་བོད་གཞུང་དང་བོད་རྒྱ་ཆེ་མི་དམངས་ཡང་ཆུ་སྒང་གསར་རྙིང་ལྟ་བུ་བཟོ་གི་མ་རེད་པས།???????????
བློ་བཟང་སངས་རྒྱས་ཀྱི་ཁ་ལ་གཞོན་སྐྱེས་དང་གསར་གཏོད་མི་ཚང་དཀྱུས་མ་བ་ཁུར་ནས་མའོ་རྒྱ་ནག་གི་སྲིད་འཛིན་ལངས་སྟངས་བཞིན་ཕེབས་ཡོང་གི་འདུག་ཀྱང་གསར་གཏོད་ཀྱི་ཆ་གཞི་གང་ཡང་མི་འདུག་པས་ཁྱེད་ཀྱི་ཡིད་ཆེས་ཇི་ལྟར་བྱེད་བཞིན་ཡོད་དམ།??????????????
རང་མགོ་རང་ཐོན་བཤད་ཀྱི་ཡོད་རེད། རང་མགོ་རང་གིས་ཐོན་པ་བྱ་འདོད་ཡོད་ན་༢༠༠༥་ལོར་རྒྱ་ནག་ཏུ་སྐྱབས་འཇུག་ཞུ་མཁན་འགྲོ་དོན་གང་ཡིན་ནམ། ལི་ཐང་ཨ་ཐར་གྱིས་ཐད་ཝན་བོད་སོག་ལས་ཁུངས་མཉམ་དུ་ཁྱི་རྒྱུག་བྱས་ནས་རྒྱ་ནག་རང་དབང་མང་གཙོ་བྱུང་ན་རང་ལུགས་རང་སྐྱོང་བྱེད་འདོད་ཡོད་ལབ་ཡོད།
བློ་བཟང་སངས་རྒྱས་༢༠༠༥ལོར་རྒྱ་ནག་ཕྱིན་ནས་དམར་པོའི་སྲིད་གཞུང་མཉམ་དུ་སྐད་ཆ་གང་ཡོད་དམ། ཕྱིར་ཨ་རིར་བསླེབས་ནས་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཀྱི་བློ་ཞིག་སྐྱེས་ཡོང་བའི་རྒྱུ་མཚན་གང་ཡིན་ནམ། སྒྲ་ནི་བརྗོད་འདོད་རྗེས་འབྲངས་རེད། སེམས་སུ་དྲན་གྱི་མེད་ན་ཚོགས་འདུས་ནང་དུ་སྐད་ཆ་དེ་འདྲ་བཤད་ཀྱི་མ་རེད་པ།
ཡང་ཁྱོད་ཀྱིས་ང་ལ་དག་ཡིག་སློབ་རོགས་ཟེར། འོན་ཀྱང་ང་ལ་དུས་ཚོད་དེ་ཙམ་མེད་མོད་ཁྱེད་རང་གི་མིང་གི་དག་ཆ་ནོར་བ་དེར་བཅོས་རྒྱག་རྒྱུ་ཡིན། ཤ་ཀླན་འཇམ་མ་རེད། ཤ་ཀླད་ལྗང་རེད། མིང་འདི་ལྟར་བཏགས་ན་ངོ་བོ་རང་བཞིན་བརྗོད་པའི་རྒྱན་དུ་སེམས་ཤིང་ཁྱེད་རང་ལ་ཧ་ཅང་འཚམ། ཁྱེད་རང་གིས་གོང་དུ་བྲིས་པའི་དཔྱད་རྩོམ་འདིར་གོ་རིམ་དང་སྒྲིག་སྲོལ་མེད་པ་མ་ཟད། དོན་ངོ་མ་དེ་གང་ཞིག་ཤོད་ཀྱི་ཡོད་པ་ཡང་རྟོགས་དཀའ་བའི་ཚད་དུ་སླེབས་འདུག འདི་ལྟར་བྲིས་པ་ཡིན་ན་ཀློག་པ་པོ་རྣམས་ཀྱིས་བལྟས་པ་ཙམ་ནས་ཉོབ་སྣང་སྐྱེ་ཡི་རེད། མ་ཟད་ཚིག་སྦྱོིར་གྱི་ཆ་ནས་ཞན་ཆ་ཧ་ཅང་ཆེ། ཁྱེད་རང་རྩོམ་འབྲིའི་བྱ་བར་འབད་འདོད་ན་མི་ལའི་མགུར་འབུམ་དང་། རྒྱལ་དབང་ལྔ་པའི་དབྱངས་ཅན་དགྱེས་གླུ། དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་མ། མངོན་བརྗོད་དང་ཚིག་རྒྱན་གྱིས་བཅིངས་པ་ཉེ་རབས་ཀྱི་རྩོམ། བཅད་ལྷུག་སྤེལ་ནས་བྲིས་པ་ཚེ་ཏན་ཞབས་དྲུང་གི་ལན་ཀྲུའུ་དཔྱིད་དཔལ་ཞེས་པ། དཔྱད་རྩོམ་གྱི་སྒྱུ་རྩལ་བ་ཉེ་བར་མཁོ་བ་རྡོ་རྗེ་རྒྱལ་པོས་བསྒྱུར་བའི་མའོ་ཙེ་ཏུང་གི་དེབ་ཐེར་ཁག དེ་བཞིན་ཚོགས་བཅད་ཀྱི་དཔེ་མཚོན་ལེགས་ཤོས་རྗེ་ཙོང་ཁ་པའི་བྱམས་བསྟོད་དང་། དོན་གྲུབ་རྒྱལ་གྱི་རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་གཏམ། མཁས་གྲུབ་ཀྱི་སྲོལ་རྒྱུན་སྙན་རྩོམ་སོགས་ཤིན་ཏུ་མང་། གང་ལྟར་ཁྱེད་རང་དཔྱད་རྩོམ་འབྲི་བ་ལ་ད་དུང་ཡང་ཐག་རིང་ཙམ་རེད་འདུག་པས་དེ་དོན་སེམས་བཅངས་གྱིས། དོན་མེད་ངག་འཆལ་ཤོད་པར་དུས་ཚོད་མི་འདུག་གོ །
ཤ་ཀླན་བུ་ཡི་སྐད་ཆ་ལ་གནས་ལུགས་དང་རྒྱུ་མཚན་ལྡན།། མི་རབས་གསར་པ་འམ་གཞོན་སྐྱེས་ཤེས་ཡོན་ཅན་གྱི་ནང་དུ་ལྟ་གྲུབ་དང་ལག་ལེན་གཉིས་ཀའི་ཐོག་ཏུ་གོམ་པ་སྤོ་བཞིན་པ་ནི་མཁས་དབང་བློ་སེང་ལྟ་བུ་ལས་གཞན་མི་རྙེད།། རྒྱུ་མཚན།། དམིགས་སུ་རུང་བའི་མེད་པ་ནི།། མ་དམིགས་པ་ལས་གཞན་ཅི་ཡིན།།
ལྷ་རིགས་བསམ་ནས་གོང་དུ་བཀུར་བ་དང་། །
འདྲེ་རིགས་བགྲངས་ནས་མཐོང་ཆུང་ཆད་བསད་གཉིས། །
དངོས་ཡོད་ཆོས་ཉིད་ལམ་དང་མི་མཐུན་པས། །
བྱབ་ཆུང་འདི་འདྲ་བུ་ངའི་ལུགས་ལ་མེད། །
ཁ་བརྡ་བདག་པོའི་ཁ་བརྡ་མ་ཉན་ན། །
ཁ་ལ་སྒོ་ལྕགས་ཁ་ཉིན་བཏབ་པ་བཞིན། །
ཁ་བརྡ་བདག་པོས་ཁ་སྒོ་བཙིར་ངེས་པས། །
ཁ་རོགས་བསྡད་ན་ཁ་ལ་ཆག་སྒོ་མེད། །
ཕྱོགས་ཞེ་ཆགས་སྡང་དུག་གི་ན་བུན་འཁྲིགས། །
གཡོ་སྒྱུ་ཁྲོམ་གསུམ་ལས་ཀྱི་གནས་ལ་བྱང་། །
རྒྱབ་ཁབ་མི་རིགས་ཁ་ལ་ཁྱེར་ན་ཡང་། །
རང་དོན་རྐྱང་བའི་འདབ་རྫབ་ནང་དུ་བྱིངས། །
ཤ་ཀླན་འཇམ་གྲགས་ལགས། མང་གཙོའི་ནང་སུ་ལ་ཡང་སྨྲ་བརྗོད་ཀྱི་རང་དབང་ཡོད་པ་རེད། སྐྱོན་བརྗོད་ཡང་བྱ་རྒྱུའི་ཐོབ་ཐང་ཡོད་པ་རེད། དེར་བརྟེན་རང་གི་ཁྲག་རླང་འབར་དགོས་དོན་མེད། ད་ཁྱེད་ལ་དྲི་བ་ཞིག་འབུལ་འདོད་བྱུང་། ཁྱེད་ཀྱི་བློ་སེང་བྱ་བའི་སྲོག་ཆགས་དེ་ལ་དགའ་མོས་དང་རྒྱབ་སྐྱོར་དེ་འདྲ་བྱེད་དགོས་པའི་དོན་ཚན་གསུམ་དེ་སྔོན་དྲ་ཐོག ཚགས་ཤོག་སོགས་ནང་མ་འཁོད་པ་ཅིག་གསུང་རོགས།
བསྟན་འཛིན་འཕགས་པ་ལགས། གཞི་མེད་ཀྱི་དཀྲོག་གཏམ་ཟེར་བ་དེ་ཁྱེད་ཀྱི་འདིར་གླེང་བ་འདི་རེད། དེ་ཡང་དབྱིན་སྐད་ནང་ཁ་དཔེ་ཞིག་ཡོད་པ།”Look before you leap” སྐུ་སྐྱི་དྲ་གྲོགས་རྣམ་རྒྱ་ཆེ་མི་མང་སྒྲོག་ཏུ་མི་འཇུག་ཅིག
དུས་ནམ་ཡང་ངས་བློ་སེང་བཙལ་བྱོལ་བོད་གཞུང་བཀའ་ཁྲི་ལ་འདེམས་དགོས་མ་མཐོང་བས་དེར་རྒྱབ་སྐྱོར་ཞུ་ཐབས་བྲལ་སོང་། བཙལ་བྱོལ་བོད་གཞུང་འདི་རེ་འགས་ཁྱིམ་ཚང་ཆེ་པོ་བཞིའི་དབང་འོག་ཡོད་པའི་གཞུང་ཞིག་ལ་ངོས་འཛིན་པ་སོགས་ཟུར་གནས་ཉམས་ཞིབ་པས་འཇིག་ཞུམ་མེད་པར་དྲ་ཐོག་ཐེངས་མང་སྤེལ་སོང་ལ་ད་བར་ཡང་དག་པའི་དམངས་གཙོ་ཡིན་པའི་དཔེ་མཚོན་ཟམ་གདོང་བླ་མ་བཀའ་ཁྲི་བསླེབས་པའི་རྒྱུད་རིམ་འདི་ཙམ་ཡིན་། དངོས་ཡོད་སྐབས་དེ་ཟམ་གདོང་ལ་འགྲན་ནུས་པའི་ཆབ་སྲིད་པ་དང་ཆོས་པ་གཅིག་མེད་སོང་བ་ལས་གཞན་མིན། ད་ཐེངས་བློ་སེང་བཀའ་ཁྲི་འོས་བབ་ཆེ་བ་གསུངས་མཁན་སྐུའི་གཅིན་པོ་རྒྱ་ལོ་དོན་འགྲུབ་སོགས་བཀའ་ཟུར་དང་གཞུང་ཞབས། དགེ་འདུན་པ་དང་ན་གཞོན་སློབ་ཕྲུག་ཕལ་ཆེ་བ་ཡོད་པ་མཐོང་ཡང་བློ་སེང་ནི་བོད་རིགས་སུ་གཏོགས་པའི་ནང་དམིགས་བསལ་ཤེས་འཇོན་གྱི་གོ་སྐབས་ཐོག་མ་ཐོབ་མཁན་གང་ཟག་ཁྱད་པ་བ་གཅིག་ཡིན་པའི་ཆ་ནས་དོན་མེད་དྷ་སའི་དམྱལ་ཁང་དེར་ཁྱིམ་ཚང་ཆེ་པོའི་ཁ་གཏད་དུ་བཏང་འདོད་མེད་པས་དང་པོ་ཡིན།
གཉིས་པ་ནི་བཙལ་བྱོལ་གཞུང་གཙུག་ནས་ད་བར་ནང་དགྲ་རྒྱུན་མ་ཆད་པ་ལུས་པ་ལས་དོན་དངོས་ཀྱི་དགྲ་བོ་རྒྱ་ནག་ལ་ཞིབ་འགྲིག་ཁོ་ན་གནང་ནས་གོ་ལྡོག་གི་རྒྱུན་རིམ་འདིའི་ནང་བོད་ལ་ཆེས་བཀའ་དྲན་ཆེ་བའི་ལྷ་རྒྱ་ལོ་དོན་འགྲུབ་ཀྱང་དྷ་སའི་གནས་འདིར་ཆགས་ཐབས་མེད་པ་གཞན་ཡུལ་རྒྱ་ནག་དུ་བཞུག་དགོས་བྱུང་བ་གྲགས།
ད་དུང་ལོ་རྟག་གནས་ཚུལ་ཇི་ཞིག་མ་བྱུང་ན་བཀའ་ཟུར་གྱི་བྱས་པ་ཡིན་མདོག་གསུངས་མཁན་བརྙན་འཕྲིན་རྒྱུད་མང་ཚོགས་ཀྱི་གསལ་པོ་གཟིགས་ཡོད་། ལས་འབྲས་གོ་ལྡོག་པའི་ལྟ་གྲུབ་དེའི་འོག་ངས་ཤེས་ཡོན་གྱི་ཆ་ནས་རྒྱལ་སྤྱིའི་འདོད་པའི་མཁས་དབང་ཡིན་པ་དང་ད་བར་བོད་མི་སུ་ཞིག་གི་གནང་མ་ཐུབ་པར་བོད་དོན་ཆེད་རྒྱ་རིགས་མཁས་དབང་ལྷན་དུ་བགྲོ་གླེང་རིམ་པ་གནང་བ་དང་དེའི་དོན་དུ་དམིགས་བསལ་རྒྱ་ནག་ཏུ་ཕེབས་ནས་མཐོ་སློབ་བགྲོ་གླེང་གནང་བ་སོགས་ད་བར་བོད་རིགས་སློབ་གྲ་ཁག་ཏུ་ཧན་སྒོར་ས་ཡ་༣༠ལྷག་གི་ཐོན་ཅན་སྦྱར་མྱོང་ཡོད་པ་སོགས་འཇོན་ཐང་ལྡན་པའི་བློ་སེང་དེ་ཆོལ་གསུམ་ཆིལ་སྒྲིག་གི་བསམ་བློ་ཉུང་བའི་དྷ་སའི་གཞུང་ནང་སྤྱི་རྒྱུ་སྒེར་བདག་སོགས་ཀྱི་ན་ཚ་མི་ཡོངས་ཆེད་འོས་ཕན་འདོད་པ་དེ་གཉིས་པ་ཡིན།
མཁྱེན་རྒྱ་ཡོངས་བའི་གྲོགས་པོ་རྣམས་པ་ལེགས་རྒྱུ་མཚན་དང་གནས་ལུགས་ཐོག་ནས་དཔྱད་པ་བྱེད་པ་དགའ་ནས་ཡོད། འོན་ཀྱང་ཆུང་ས་ནས་ཁ་རྩོད་མི་རྒྱག་རྒྱུ་ངས་རེ་བ་ཡིན་ཐུགས་རྗེ་ཆེ
ལྟར་བ་རྙིང་པ་ སྤྱོད་པ་རྙིང་པ་ ཐོན་ཁྱེར་རྙིང་པ་ རྩོད་པ་རྙིང་པ་ ཤོག་ཁག་རྙིང་པ་ ནང་འཁྲུག་རྙིང་པ་སོགས་ལ་དགའ་མཁན་ཚོས་བཀའ་ཁྲིར་བསྟན་འཛིན་རྣམ་རྒྱལ་དགོས། ང་ཡང་དེའི་རིགས་ལ་དགའ།
ཤ་འཇམ་ལགས།
ངའི་འདྲི་བ་ལ་ལན་མེད་ན་འགྲིག་འདུག།ངས་ཁྱོད་ཀྱིས་བློ་སེང་ཤེས་པའི་ཐོག་ནས་ཁོང་་གི་ཕྱོགས་བཟུང་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་བརྩིས་ཡིན།འོན་ཀྱང་ཁྱོད་དེ་འདྲ་རེད་མི་འདུག་ལ་བློ་སེང་ག་འདྲ་ཡིན་པ་མ་ཤེས་པར་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ཆགས་འདུག།
འདི་ནས་ཡང་ཁྱོད་ལ་བློ་སེང་སྐོར་ནས་འདྲི་བ་འགའ་འདྲི་རྒྱུ་ཡིན།འདི་དག་ལ་ལན་ཡོད་པའི་རེ་བ་ཡོད།
༡དབྱིན་ཡིག་དྲ་རྒྱ་༼བོད་ཀྱི་ཆབ་སྲིད་བསྐྱར་ཞིབ༽རྩོམ་སྒྲིག་ཚོགས་ཆུང་ནས་བཀའ་ཁྲིའི་འོས་མི་ཚོར་འདྲི་བ་བཅུ་རེ་དྲིས་ཡོད་ཀྱང་།བློ་སེང་གིས་འདྲི་བ་དེ་དག་ལ་ལན་རྒྱག་མ་ཐུབ་ཅི་རེད།ཁོང་ལ་ཆབ་སྲིད་ཀྱི་ཤེས་ཡོན་མེད་པ་རེད།ཡང་ན་དབྱིན་ཡིག་སྐྱོ་དྲགས་པས་རེད།
༢Googleདྲ་གནས་ནས་བློ་སེང་གི་རྩོམ་འཚོལ་སྐབས་རང་རྩོམ་གཅིག་དང་གཞན་ཚགས་པར་ཅིག་ཏུ་བཀོད་པའི་རྩོམ་ཞིག་ལས་རྙེད་མི་ཐུབ།བློ་སེང་ཁྲིམས་ཀྱི་སྐོར་ནས་འབུམ་རམས་ཡིན་ཟེར་གྱིན་ཡོད།ཁོང་ལ་ཁྲིམས་ཀྱི་སྐོར་ནས་རྩོམ་ཡིག་ཚད་ལྡན་ཞིག་མཐོང་རྒྱུ་མེད་པ་ཅི་རེད།
༣བློ་སེང་ལ་བོད་མིའི་དཔྱ་ཁྲལ་ཏག་ཏག་ཕུལ་ཡོད་མེད་དྲིས་པར་གཞི་རིམ་སློབ་གྲྭའི་སྐབས་དཔྱ་ཁྲལ་ཕུལ་རབས་བཤད་བསྡད་པ་ལས་ཁོ་ཨ་རི་ལ་བསླེབས་ནས་དཔྱ་ཁྲལ་ཏག་ཏག་འབུལ་ཡོད་མེད་ལ་ལན་མེད་པ་ཅི་རེད།
ཁོང་གིས་རྩོམ་འབྲི་ཤེས་ཀྱི་མེད་ལ་ཆབ་སྲིད་ཡང་མི་ཤེས་དེ་བཞིན་དུ་ཁོང་གི་དཔྱ་ཁྲྲལ་འབུལ་མི་ཐུབ་ལ་ཕུལ་ཀྱང་མེད།
ཁོང་ནི་བོད་མིའི་སྤྱི་ཚོགས་སུ་མིའི་གྲྲལ་དུ་ཚུད་པ་ཙམ་ལས་མི་ཡི་རིན་ཐང་ལྡན་པ་ཞིག་མ་རེད་དོ།
འཇམ་དབྱངས་གྲགས་པ་ལགས་ལ་ཉི་མ་རིང་པོ་ཡོད་པ་འདྲ་གོ་རྒྱུ་མེད་པའི་རྩོམ་རྙོགས་རིང་པོ་ཞིག་བྲིས་འདུག །ཡིན་ན་ཡང་ཁྱེད་རང་ནས་བོད་ཀྱི་སྤྱི་དོན་ལ་བསམ་ནས་བྲིས་པ་ཡིན་རང་ཉིད་མི་སྒེར་ཞིག་ལ་ཞེན་པ་ཆེ་དབང་གིས་བྲིས་པ་ཡིན་ཅི་མི་ཤེས། ༧གོང་ས་མཆོག་གི་སྐུ་ནའི་བབས་དང་། བོད་དོན་ཛ་དྲག་གི་གནས་སྐབས་འདིར་བཀའ་ཁྲི་དེ་སྐྱོན་ཀུན་བྲལ་ཡོན་ཏན་ཀུན་འཛོམས་ཤིག་ཡོང་བར་དཀའ་ཡང་ཤེས་ཡོན་དང་ཉམས་མྱོང་གིས་ཕྱུགས་པ་ཞིག་ནི་ངེས་པར་དགོས། དེང་རབས་ཀྱིས་ཤེས་ཡོན་གྱིས་ཕྱུགས་པའི་ནུབ་ཕྱོགས་པའི་ལུང་པར་ལས་ཀ་་འཚོལ་བར་འགྲོ་སྐབས་དང་པོ་འདས་པའི་ལས་དོན་གྱི་ཉམས་མྱོང་དང་། དམིགས་བསལ་ལས་དོན་སོ་སོ་དང་འབྲེལ་བའི་ཐོག་ལ་ཉམས་མྱོང་ཡོད་མེད་གལ་ཆེ་ཤོས་བརྩི་ཡི་འདུག ཉམས་མྱོང་མེད་ཀྱང་ཡོད་ཚུལ་གྱི་འབྲེལ་བཤད་མང་བརྒྱབས་དགོས་ཤིང་གལ་སྲིད་ཉམས་མྱོང་མེད་ཅེས་བཤད་ན་སུས་ཀྱང་ལས་ཀ་སྤྲོད་ཀྱི་མི་འདུག དེ་གཅིག་བྱས་ན་ནུབ་ཕྱོགས་པ་དེ་ལྐུགས་དྲག་ནས་བྱས་པ་ཡིན་གྱི་རེད།
ཤ་ཀླན་འཇམ་གྲགས་ལགས།
བཀྲིས་བདེ་ལེགས།ང་ལས་བྲེལ་ཆེ་ཡང་གསེང་བར་དུ་བསམ་ཚུལ་རྣམས་རིམ་པ་བཞིན་གང་ཐུབ་བྲིས་རྒྱུ་ཡིན།
༡༽ངས་ཁྱེད་ལ་མི་འདོད་ནས་བྲིས་པ་མིན།འདི་ནི་ཁྱེད་ཀྱིས་བློ་སེང་སྲུང་སྐྱོབས་ཀྱི་ཡིག་ཚོགས་དེར་སུན་ནས་བྲིས་པ་ཡིན།ཞོར་ལ་ཁྱེད་ཀྱིས་ཡིག་རྙོག་འདི་ལྟ་བུའི་མང་པོ་ཞིག་བྲིས་པའི་ངག་བ་བརྟེན་པའི་སྙིང་སྟོབས་ལ་ཡི་རངས་ཀྱང་ཞུ་བར་ཐལ།
༢༽ཁྱེད་རང་གི་རྩོམ་ཡིག་ནང་དཔྱད་གཞིའི་མ་རྩོམ་ནས་དྲངས་པའི་ནང་དོན་དང་རང་གི་དཔྱད་པ་དངོས་གཉིས་གང་ཡིན་གསལ་ཁ་ཆེར་མེད་ལ།དེ་བས་རྩོམ་ཡིག་ལ་སྔ་ཕྱིའི་གོ་མེད་པ་གོ་རིམ་མེད་པར།་སྡེབ་སྦྱོར་དང་ཚིག་སྦྱོར་གྱི་བརྡ་འཕྲོད་ཀྱི་ཞན་ཆ་མཐའ་དག་ཚང་འདུག་ལ་ཟང་ཟིང་གི་ཕུང་གསོག་ཐེབས་ནས་ཀློག་པ་པོ་རྣམས་རྒྱུས་མེད་ཀྱི་ལམ་བཞི་མདོ་ཀར་སླེབས་པ་ནང་བཞིན་མགོ་འཐོམ་བཅུག་ཡོད།
ད་དུང་དྲ་ནང་གི་མཆན་བུ་ཡིན་ན་ཐད་ཀར་བྲིས་ནས་ཤར་གཏོང་བྱེད་ཀྱི་ཡོད་པས་ཡིག་ནོར་རེ་གཉིས་ཡོད་པ་ཇི་མི་སྙམ་རུང་།ཁྱེད་ཀྱི་རྩོམ་ཡིག་དེ་དཔྱད་རྩོམ་ཡིན་པའི་ཁུལ་རེད།རྩོམ་ཡིག་འདིའི་ཐོག་མཐའ་བར་གསུམ་ལ་ཡིག་ནོར་མཚན་མོའི་སྐར་མ་ནང་བཞིན་མཐོང་རྒྱུ་འདུག
རྩོམ་ཡིག་འདི་ལྟ་བུ་ཞིག་ཀློག་པ་པོ་སུས་བཀླགས་ཀྱང་སུན་སྣང་སྐྱེས་པ་དགོས་པ་ཤིག་གི་ཚོར་བ་བསྟེར་ཡོད།
༣༽ཁྱེད་ཀྱི་རྩོམ་ཡིག་ནང་དོན་མེད་དུ་གཅིག་ནས་གཉིས་སུ་འཕྲོས་ཏེ་རྩ་བ་བོར་ནས་ཡལ་ཁ་འཛིན་པའི་དཔེ་ལྟར་འབྲེལ་མེད་རྩོམ་པ་པོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་།་འཇམ་ནོར་གྱི་ལོ་རྒྱུས།་རྒྱལ་བ་བྱམས་པ།རྗེ་ཙོང་པ་ཆེན་པོ།ས་སྐྱ་པཎ་ཆེན་བཅས་ཆེ་རིགས་མང་པོ་ཞིག་ལུང་དྲངས་ནས་བློ་སེང་སྲུང་སྐྱོབས་བྱས་པ་དེས་ཀློག་པ་པོ་ཡིད་ཐང་ཆད་བཅུག་ཡོད།
༤༽ཁྱེད་ཀྱིས་འདུས་ཕུན་ལགས་སུ་༼དྲ་རྒྱ་དང་ཚགས་ཤོག་བཀླགས་ནས་བྲིས་པ་ལས་བསམ་གཞིགས་ཀྱི་འོ་མ་སྲུབ་པ་ལས་ཐོན་པའི་མར་ལོ་དེ་མ་རེད་༽ཅེས་ངན་དམོད་བྱས་འདུག་མོད།
སྤྱིར་དཔྱད་རྩོམ་འབྲི་དུས་སྤྱི་ཚོགས་ཀྱི་ཚོར་བ་དངོས་ལ་རོ་མྱོང་བྱས་ནས་བྲིས་པ་ཞིག་དང་།་ཡང་གསར་ཤོག་དང་དྲ་རྒྱ་སོགས་དཔྱད་གཞིའི་ཡིག་རིགས་ལ་བརྟེན་ནས་བྲིས་པའི་དཔྱད་རྩོམ་སོགས་འབྲི་ཐབས་མང་པོ་ཡོད་པ་རེད།ཁྱེད་ཀྱིས་གླེན་རྟགས་བསྟན་སྟངས་ལ་གཞིགས་ན་ཁྱེད་རང་དཔྱད་རྩོམ་བྲིས་པ་ལ་གོམ་པ་དང་པོ་ཡིན་གསལ་པོ་རེད།དེ་མིན་ཁྱེད་ཀྱི་བདེན་པའི་བདག་པོ་བློ་སེང་གིས་བཙན་བྱོལ་བོད་གཞུང་དང་ཚོགས་སྡེ་ཁག་ལ་ཉམས་མྱོང་མེད་ཀྱང་སློབ་ཐོན་རྩོམ་ཡིག་དེ་དེའི་སྐོར་བྲིས་པ་དེར་བསམ་གཞིགས་ཀྱི་འོ་མ་སྲུབ་པ་ལས་ཐོན་པའི་མར་ལོ་མ་རེད་ཅེས་རྡོ་ཡར་བཀྱག་ནས་རང་གི་རྐང་པ་ཕོག་པ་ཡ་རེ་ང།
༥༽ཁྱེད་ཀྱིས་རྩོམ་ཡིག་ནང་༼བློ་སེང་བཀའ་ཁྲིར་སྐོས་མཁན་ང་ཚོ་ཡིན་པས་ང་ཚོས་ཁོ་བཀའ་ཁྲི་ལས་ཅིའི་ཕྱིར་ཕབ་མི་ཆོག༽ཅེས་ལྷག་བསམ་ཡོད་ཁུལ་གྱི་གསུངས་ཀྱང་།་
ད་ལྟ་ང་ཚོར་གཅིག་ནས་དེ་ལྟར་བྱེད་པའི་དུས་ཚོད་མེད།
གཉིས་ནས་གཞུང་གྲོན་ཁ་དམ་པོ་རེད།
གསུམ་ནས་བཀའ་ཁྲིའི་ཞབས་སྟེགས་དེ་ཚོད་ལྟ་བྱེད་ས་མ་རེད།
བཞི་ནས་རྩེད་མོ་བརྩེས་ས་མ་རེད།
ལྔ་ནས་ཉམས་མྱོང་བསགས་ས་མ་རེད།
དྲུག་ནས་གཟུགས་པོ་རྫིག་ལུས་དང་།ལག་འཁྱེར་མཐོ་དམན་བལྟ་ས་མ་རེད།
དེས་ན་ང་ཚོས་བཀའ་ཁྲི་དང་པོ་ནས་ཕབ་མི་དགོས་པ་ཞིག་འདེམས་དགོས།
༦༽ཁྱེད་ཀྱི་རྩོམ་ཡིག་འདིའི་བརྗོད་དོན་ཐད་ནས་གླེང་ན།སྔ་ཕྱི་བར་གསུམ་ཚང་མར་ལུང་རིགས་གཏན་ཚིགས་ཀྱིས་ཕོངས་པ་དང་།དོན་དངོས་དང་རིང་དུ་སོང་བའི་ཁུངས་མེད་རྫུན་སྒྲིག་བྱས་པའང་མི་ཉུང་བ་ཞིག་བཀོད་འདུག
དཔེ་མཚོན་གཅིག་ཞུས་ན་ཁྱེད་ཀྱི་རྩོམ་ཡིག་ནང་།[ཁ་ཉིན་འབྲས་སྤུངས་སུ་གསུང་ཆོས་སྐབས་སུ་ད་ལྟའི་འོས་མི་ཁྲི་ཟུར་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཀྱང་དབུ་མའི་ལམ་ལ་རྒྱ་མིས་ཁས་ལེན་མེད་ཅེས་བཤད་ཟིན་པས་ད་དུང་ང་ཚོས་འདི་ནས་ཨུ་ཚུགས་བྱས་བསྡད་ན་ལྐུགས་པ་རེད། དེ་བས་ངས་དུས་དང་མཐུན་པར་ལས་ཀ་བྱེད་ཀྱི་ཡིན་ཞེས་མི་མང་སྟོང་ཚོ་བརྒལ་བར་གསུངས་འདུག]ཅེས་བཀོད་འདུག་ཀྱང་།སྐྱག་རྫུན་ལ་ཕུགས་མེད་ཅེས་པ་འདི་ཅིས་མི་བདེན།བཀྲས་མཐོང་བསྟན་རྣམ་མཆོག་ཁ་སྔོན་འབྲས་སྤུངས་གསུང་ཆོས་སུ་ཞུགས་མེད་ཅིང་།་སྐབས་དེར་ཁོང་རྒྱ་གར་བྱང་ཕྱོགས་ཁུལ་དུ་ཡོད་པས་འབྲས་སྤུངས་ཀྱི་བཀའ་ཁྲིའི་བགྲོ་གླེང་ཆེན་མོར་མཉམ་ཞུགས་གནང་ཐུབ་མེད་པ་དེར་ཅོལ་ཆུང་ཉུས་ཤས་ཀྱིས་དགག་པ་བརྒྱབ་པའང་བྱུང་བ་རྒྱུད་ལམ་ཁག་ལས་ཤེས་གསལ་རེད།
མི་བདེན་རྫུན་སྒྲིག་གི་གནད་དོན་དེས་གང་གསལ་བཤད་ཀྱི་རེད་དམ་ཅེས་ན།བློ་སེང་སྲུང་སྐྱོབས་ཀྱི་སླད་དུ་ཁུངས་མེད་རྫུན་གཏམ་གྱི་ཕུང་གསོག་ཐེབས་ཡོད་པ་མཚོན་ཡོད་ལ།ལྷག་པར་བཀའ་ཟུར་བཀྲས་མཐོང་མཆོག་ནག་པོ་བཟོ་རྒྱུ་བྱུང་ན་ཁུངས་དང་།ལུང་།རྒྱུ་མཚན་གང་ཡང་དགོས་ཀྱི་མེད་སྙམ་ནས་བྲིས་ཀྱི་ཡོད་པོ་མཚོན་གྱི་ཡོད།
བསྟན་འཛིན་འཕགས་པ་ལགས།
དང་པོ་ཁྱེད་ཀྱི་མིང་དེ་ལ་བཟོ་བཅོས་ཞིག་ཞུ་འདོད་བྱུང་། འཕགས་པ་དེ་ཁྱེད་དང་རྒྱང་ཐག་བསྐལ་བ་ནས་བསྐལ་བའི་བར་ཡོད་ཙང་གནས་སྐབས་གཡུག་བཞག་ཏེ་བསྟན་འཛིན་འཕག་པ་ལྟ་བུ་བྲིས་ན་དེ་འདྲའི་མིང་དོན་མཚུངས་པ་ལ།
དོན་དུ་ཁྱེད་ལ་བསམ་ཤེས་མིན་འདུག ཁྱེད་ལ་རང་ཉིད་ཀྱི་རིན་ཐང་རང་ཉིད་ཀྱི་དོན་དངོས་དང་མཐུན་པའི་ལག་ལེན་བྱེད་ཐུབ་ཀྱི་མིན་འདུག ཁྱེད་ཀྱིས་བོད་སྤྱི་ཕུག་ལ་བསམ་པའི་ལྷག་བསམ་དང་ཤེས་ཡོན་གྱི་ལམ་སྣ་མིན་འདུག དོན་དུ་ཁྱེད་ང་རྒྱལ་དང་ཕྱོགས་ཞེན་རང་འདོད་ཀྱི་ཁེ་ཕན་ཡོངས་སུ་སྒྲུབ་ཕྱིར་བཀའ་ཟུར་གྱི་བཞག་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཡིད་རངས་མི་ཞུ་བར་དྲིན་ལན་ལོག་འཇལ་བྱེད་པ་ནི་ཡ་རབས་བཟང་སྤྱོད་དང་བྲལ་བའི་ཐ་ཤལ་བ་ཞིག་གི་བྱ་སྤྱོད་རེད། དེའི་ཕྱིར་ཁྱེད་ནས་ཕྱིར་མིག་གི་ལྟས་ཏེ་ཁོང་གི་མཛད་རྗེས་དང་། བཀའ་དྲུང་ཡིག་ཚང་སོགས་ནས་གནང་བའི་ཡིག་ཆ་ཁག་ལ་བརྩི་བཀུར་ཞུ་ཐབ་ན་མི་གྲལ་དུ་ཚུད་པར་བསམ། དེ་ཡང་ཡིད་ཆེས་མེད་ན་བཀའ་ཟུར་བཀྲ་ཤིས་དབང་འདུས་སོགས་བཀྲས་མཐོང་བསྟན་རྣམ་དང་འབྲེལ་ཡོད་ཀྱི་མི་སྣ་ཁག་ནས་བླང་དོར་བསླབ་བྱ་ལེན། ལྐུགས་པ་ཨུ་ཚགས་ཀྱང་ཀྱང་བྱས་ཏེ་མ་བསྡོད་ལོ། དེ་འདྲ་མི་དུད་འགྲོ་འདྲ་བ་ཞིག་ཨ། མ་གཞི་ཡིན་རྒྱུ་རེད་འཕག་པ་ནི་འཕག་པ་རང་རེད། དུད་འགྲོ། ཕར་བལྟ་ཚུར་བལྟ་ཕྲན་གྱིས། ལམ་ནོར་ཤོར་འདུག གཡང་ལ་ཟག་ཡོང་། གཡང་ལ་ཟག་ལ་ང་ཤི་ཐག་ཆོད་རེད་ད།
ཕར་བལྟ་ཚུར་བལྟ་ཕྲན་ཙམ་གྱིས། བཅོས་རོགས། གློ་བུར་བྲིས་སྟབས་ཡིག་ནོར་སོགས་ལ་དེ་ཙམ་དཔྱད་ཁོམས་མ་བྱུང་བས་དགོངས་འགལ་མེད་པར་ཞུ།
མཛའ་བརྩེ་ལྡན་པའི་བོད་རིགས་ཚོ།
ང་ཚོས་སྔ་དེང་གི་དྲང་བདེན་གྱི་ལོ་རྒྱུས་དཔང་པོར་བཞག་ནས་བོད་ཀྱི་མདུན་ལམ་དང་། ཆགས་འཇིག་གི་གནས་སྟངས་ལ་དངོས་ཡོད་དང་མཐུན་པའི་གོམས་པ་སྤོ་རྒྱུ་ནི་ཁ་ཡོད་ལག་ཡོད་ཅིག་ཡིན།
དེ་བས་ན། ང་ཚོས་རྒྱ་ནག་གཞུང་གིས་བཤད་བཞིན་པ་དང་། བདག་ལ་དངོས་ཡོད་ལོ་རྒྱུས་ཀྱི་བདག་དབང་ཡོད་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་པ་ཚང་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་རྩོད་ལེན་གྱི་འཐབ་རྩོད་བྱེད་དགོས་རྒྱུ་འདི་གནད་དོན་གལ་ཆེ་ཤོས་ཡིན།
བོད་པ་ཚང་གིས།
ཤ་ཀླན་འཇམ་གྲགས་ལགས། ནས་དྲང་གཏམ་དང་རྒྱུ་མཚན་ཅན་བཀོད་ནས་གཞི་མེད་ཀྱི་རྩོམ་འཆལ་དེ་གཙང་བཀྲུ་ཞིག་བྱས་འདུག་པས་སྙིང་ནས་དགའ་བསུ་ཞུ། བསམ་ཕྱོགས་གཅིག་ནས་རྒྱབ་སྐྱོར་ཡོད།། མུ་མཐུད་ནས་བདེན་པ་ཁ་གསལ་གྱི་འོད་ཟེར་དེ་གནང་རོགས། རྫུན་གཏམ་དང་འཁྱོག་བཤད་ཅན་གྱི་མང་གཙོའི་འགྲོ་ལུགས་རྩེད་མོ་བརྩེ་མཁན་གཅིག་ཡིན་ཡང་ངན་པར་འགྲོ་བས་རྒྱ་ཡན་དུ་གཏོང་མི་ཉན།།།།།
ཤ་ཀླན་འཇམ་དབྱངས་གྲགས་པ་ལགས།
ཁྱེད་ཀྱིས་ཚོར་བའི་དབང་དུ་སོང་ནས་ཡིག་ཚོགས་མང་ལ་གོ་རྒྱུ་ཉུང་བའི་རྩོམ་ཡིག་ཁ་བརྡ་དྲ་རྒྱའི་ཐོག་སྤེལ་བར་ངས་དགའ་བསུ་ཞུ་མི་ཐུབ་ཀྱང་། ཁྱེད་ཀྱིས་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་ཞུ་རྒྱུ་ཡིན། ངས་ཁྱེད་ལ་བློ་བཟང་སེང་གེའི་སྐོར་ལ་དྲི་བ་འགའ་ཤས་ཡོད་པར་ལན་འདེབས་གནང་སྐྱོངས་ཡོང་བའི་རེ་བ་ཆེ།
དྲི་བ་དང་པོ། བློ་བཟང་སེང་གེར་སྐྱོན་ཆ་ཆེན་པོ་གཅིག་ཡོད་པ་ནི་༼ཧམ་པ་ཚ་པོ།༽ཡིན་ཚུལ་རྩོམ་ཡིག་མང་པོའི་ནང་ཐོན་སོང། དེ་ཡང་ཁོ་རང་བསྡད་སའི་ས་ཆ་ནས་རྒྱབ་སྐྱོར་བྱེད་མཁན་མང་པོ་དེ་ཙམ་མེད་བཞིན་དུ་ཡོད་ཚུལ་བརྗོད་པ་སོགས། མེད་པ་ལ་ཡོད་ཚུལ་དང། མ་ཡིན་པར་ཡིན་ཚུལ་བརྗོད་ནས་གཞིས་ཆགས་ཁག་གི་མི་ཉམ་ཆུང་ཚོ་དང། ཆབ་སྲིད་ཀྱི་གོ་རྟོགས་ཞན་པའི་གཞི་རིམ་སློབ་གྲྭའི་སློབ་མ་མང་པོ་ཞིག་གི་བློ་འགུག་ཐབས་བྱས་དང་བྱེད་བཞིན་འདུག་ན། དེ་འདྲ་བའི་མི་ཞིག་གིས་བཀའ་ཁྲི་ཞབས་སྟེགས་སྟེང་སླེབས་རྒྱུར་འབད་བརྩོན་བྱེད་བཞིན་པ་དེས་སྒེར་དོན་གཙོ་བཟུང་བྱས་པ་ལས་མི་རིགས་ཀྱི་བདེ་དོན་བསམ་བློ་གཏོང་གི་མེད་པ་མཚོན་གྱི་མི་འདུག་གམ།
དྲི་བ་གཉིས་པ། ད་ཕན་བློ་བཟང་སེང་གེར་འོས་ཤོག་མང་པོ་ཐོབ་པ་དེ་ལ་དཔྱད་བརྗོད་བྱེད་མཁན་མང་པོ་ཞིག་གིས་རྒྱུ་མཚན་གསུམ་ལ་མཐའ་བསྡོམས་བྱེད་ཀྱི་འདུག དེ་ལས་རྒྱུ་མཚན་གཉིས་པ་ནི་ཆོལ་ཁའི་ཞེན་ལས་ཐོབ་པར་འདོད། ངས་བལྟས་ཀྱང་དེ་ནི་བདེན་པ་ཞིག་ལ་མཐོང་སོང། མདོ་སྟོད་ཆོལ་ཁའི་ནང་ལ་དབྱེ་མཚམས་མང་པོ་ཡོད་པ་ལས་ཕྱོགས་ཁག་མང་པོ་ཞིག་གིས་ཕ་ཡུལ་གཅིག་པ་མཆོག་འཛིན་བྱེད་མཁན་ལས་བཀའ་ཁྲིའི་འོས་མིར་བརྟགས་དཔྱད་བྱེད་ཀྱི་མི་འདུག དེའི་ཐད་ཁྱེད་ཀྱི་དགོངས་ཚུལ་གསུངས་རོགས།
ད་ནང་ཞོགས་པར་ང་ལ་གྲོགས་པོ་ཞིག་གིས་ཁ་པར་བརྒྱུད་ནས་དེ་རིང་སྔ་མོ་ནས་ཁམས་པ་ཚཽས་ཆུ་སྒང་གི་རྒྱུན་ལས་འོས་བསྡུ་བྱེད་གྲབས་ཀྱིས་བྲེལ་འཚུབ་ཧ་ཀྱང་ཆེ་ཚུལ་དང་།
དགོད་བྲོ་བ་ཞིག་ལ་ཁ་སྔོན་བྷེ་ཀོབ་གཞིས་གྲོང་གང་ཞིག་ན་བཞུགས་པའི་ཕ་རྒན་དགུང་ལོ་བདུན་བཅུར་སོན་པ་ཞིག་ས་གནས་རང་བཙན་ལག་དེབ་ལས་ཁུངས་སུ་བཅར་ནས་ལག་དེབ་དགོས་པའི་རེ་བ་ཞུ་སྐབས་སྐུ་ངོས་ཁོང་རྒྱ་གར་གྱི་ཡུལ་མི་རེད་༼དུས་རྒྱུན་མོན་ནམ་ལ་དྭགས་གང་ཞིག་ཏུ་བཞུགས་ཡོད་ཚོད༽གསུངས་ནས་གནང་མི་འདུག ཁོང་ཕྱི་ལ་ཕེབས་ནས་ཧ་ཅང་བློ་ཕམས་དང་བཅས། ད་ཡིན་ན་གང་ཤེས། སྐུ་ངོས་རྒྱ་གར་མི་རེད་གསུངས་ནས་རང་བཙན་ལག་དེབ་གནང་གི་མི་འདུག ང་ཚོ་ནི་ནམ་མི་ཚང་མ་༥༩ ལོར་བཙན་བྱོལ་ཡོང་བ་ཡིན་ད་རང་ཉིད་ཅི་ཞིག་ཡིན་པ་རང་གིས་ཀྱང་ཤེས་ཀྱི་མི་འདུག་ཅེས་ལབ་ཚུལ་དགོད་བྲོ་བ་ཞིག་བཤད་བྱུང་།
ང་ཚོས་རང་བཙན་ལག་དེབ་དེའང་རྒྱུ་དང་རྒྱབ་སྐྱོར་ཆེ་ཆུང་ལ་ཐུག་གི་ཡོད་ཚུལ་ཧ་ཅང་མང་བས་དེའི་ཐད་ལའང་ཞུ་འཇུག་ཅིག་ངེས་པར་གནང་དགོས་ས་རེད།
ལ་རྒྱའི་བདག་པོ་དང་། སྟག་སྨོན། འོད་ཡུག་པ། ཟླ་བ་ཆོས་འཛོམས་ལ་སོགས་པ་ཁོང་ཚོར་ཉོབ་ཡས་ཀྱང་མི་འདུག དྲང་པོར་བཤད་ན་ང་ནི་དེ་སྔ་ནས་ཉོབ་ཚར་སོང་། ང་ཉོབ་པའི་རྒྱུ་མཚན་ནི། བློ་སེང་ལགས་སུ་རྒྱབ་སྐྱོར་གནང་མཁན་ཚོས་ཕྱོགས་རིས་འཐེན་འཁྱེར་བློ་ཕུགས་སུ་བཅངས་པའི་སྒོ་ནས་གཞན་ལ་འཛེམ་ཟོན་མེད་པར་མ་ཉེས་ཁག་གཡོག་ཤུགས་ཆེ་བྱེད་པ། རང་ཕྱོགས་ལ་བསྟོད་པའི་སྐབས་དོན་དངོས་དང་མི་མཐུན་པའི་གཡོ་འཁྲུལ་སྤྱད་དེ་མི་དམངས་མགོ་བོ་རྨོངས་བྱེད་ཀྱི་བརྫུན་གྱི་ཕུང་པོ་བསྒྲིགས་པ། དཔེར་ན། དོ་བདག་རང་ཉིད་ནས་ཝ་ར་ཎ་སིར་བོད་འབྱོར་ཆོས་ཞུ་བ་ཉིས་སྟོང་བརྒལ་བའི་མདུན།༼ང་དང་མཉམ་དུ་བཀའ་འཁྲིའི་འོས་མི་བཞེངས་མཁན་གཞན་གཉིས་ནི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་གཉིས་རེད། ངས་ཁོང་གཉིས་ལ་རྒྱུས་མངའ་ཡོད་ལ་བརྩི་བཀུར་ཡང་ཞུ་གི་ཡོད། ངས་ཁོང་རྣམ་གཉིས་མཉམ་དུ་ལོ་ཉི་ཤུ་ཙམ་ལས་ཀ་བྱས་པ་ཡིན།༽ཞེས་བཤད་པ་ནི་དངོས་གནས་ཧང་སངས་དགོས་པ་ཞི་མ་ཡིན་ནམ། སྐྱག་བརྫུན་ཤོད་པ་ལའང་ཤོད་སྟངས་ཤེས་པ་དང། ཤོད་མཁས་པོ་ཞིག་དགོས་པ་མ་རེད་དམ། ཁོང་ལྟ་བུ་རང་ཉིད་ཆེན་པོ་ཡིན་པ་སྒྲུབ་ཆེད་དུ་མི་ཆེན་པོའི་གྲལ་དུ་འཚང་འདོད་ཞེ་ལ་བཞག་སྟེ། མངོན་སུམ་འཛེམས་མེད་ཀྱིས་སྐྱག་རྫུན་ཆེན་པོ་འདི་ལྟ་བུ་ཤོད་བཞིན་པར་ཡིད་ཆེས་ཇི་ལྟར་བྱ་དགོས། ཁྱེད་ཚོས་ལྟོས་དང། ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚོས་རྣམ་དཔྱོད་ལྡན་པའི་རྒྱུ་མཚན་མི་འདྲེན་པར་གཞན་ལ་ཚིག་མཚོན་འདེབས་པ་དང་། གཞི་མེད་ཀྱི་ཐོག་ནས་མ་ཉེས་ཁག་གཡོག་ཤུགས་ཆེན་བྱེད་པ། སྤྱི་དོན་ཞེ་ལ་མ་བཞག་པར་འཐེན་འཁྱེར་གྱི་རླུང་འཚུབ་བསླངས་ཏེ་དམངས་སེམས་དཀྲུག་པ། སོགས་གང་ལྟར་བརྗོད་ན་བརྗོད་པས་མི་ཚར་བ་ཞིག་གིས་ང་ཚོར་ཉོབ་སྣང་སྟེར་གྱིན་འདུག མ་ཟད་རྒྱབ་སྐྱོར་གྱི་རྩོམ་ཡིག་སྤེལ་མཁན་ཕལ་ཆེ་བ་ཤེས་ཡོན་དེ་ཙམ་མེད་པའི་དབང་ལས་ཡིག་ནོར་ལམ་དུ་ཞུགས་ནས་དྲ་སྟེང་བཙོག་པ་བཟོས་པ་འདི་གད་འཕྱིད་བྱ་དཀའ་བའི་གནས་སུ་གྱར་བ་སོགས་དཔེ་མཚོན་ཡིན། འོ་ན་ཁྱེད་ཚོས་བསམ་བློ་ཐོངས་དང། ངས་ཀྱང་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་བཀའ་ཟུར་ཁོང་རྣམ་པ་གཉིས་དང་ལྷན་དུ་ལས་ཀ་མཉམ་དུ་བྱས་པ་ཡིན་ཞེས་བཤད་ན། ད་གཟོད་ཁྱེད་ཚོས་གང་ཞིག་བསམ་པ་འདུག་ལྟོས་དང། མིང་གོ་བ་དང་ངོ་ཤེས་པ་རྒྱུ་མཚན་དུ་བྱས་ཏེ་དེ་ལྟར་བརྗོད་པ་ཡིན་ན། འཇིག་རྟེན་ལ་གྲགས་པའི་ཀུན་རྫོབ་ཅེས་པ་འདི་ད་གཟོད་གང་འདྲ་ཞིག་ཏུ་འགྱུར་གྲང་། གང་ལྟར་མཐའ་དོན་སྐད་ཆ་གཅིག་རང་ཡོད་པ་ནི་དེ་ཐམས་ཅད་བོད་བསྟན་ཆབ་སྲིད་ཞེ་ལ་བཞག་ནས་དྲང་པོའི་ལམ་དུ་ཞུགས་དང་མ་ཞུགས་ཀྱི་ཁྱད་པར་ཙམ་ལས་རང་ལ་དགའ་ཕྱོགས་ཀྱི་དབུ་འཁྲིད་ཅིག་དགོས་པ་ལ་ཁྱད་པར་མེད་དོ། །
༨༧༽ མཆོག་གསུམ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༧ གི་ཆུ་ཚོད་ ༡༨ སྐར་མ་ ༡༢
བཀའ་ཁྲི་ལ་བློ་ བཟང་སེང་གེ་ལྟ་བུ་ཞིག་སླེབས་པ་ཡིན་ན་བོད་མི་མང་དང་བོད་རྩ་དོན་བོད་གཞུང་བཅས་ ལ་གནོད་རྐྱོན་ཆེན་པོ་ཞིག་ཡོང་གི་རེད་བསམ་གྱི་འདུག། གང་ལ་ཞེས་ན་ཁོ་རང་ནི་རང་འདོད་ཆེན་པོ་དང་སྤྱི་ཚོགས་ནང་ཕན་དཀྲུགས་མཁན་ཞིག་གི་ མི་རེད།དེ་ག་རེ་བྱས་ནས་ལབ་ཀྱི་ཡོད་ཟེར་ན་གུས་ས་གནས་བྷོ་སོ་ཊོན་དུ་གནས་སྡོད་ ཡིན་ཤེས་ཀྱི་ཡོད། གལ་ཆེ་ཞིག་ལ་བློ་སེང་ལ་ཧར་ལྦརཌ གཙུག་ལག་ཁང་ནས་ཁོེང་ལ་རྒྱ་མི་སློབ་ཕྲུག་དང་རྒྱ་མི་མཁས་དབང་བཅས་ཀྱི་མཉམ་དུ་ བགྲོ་གླེང་ཆེད་འགྲོ་གྲོན་གནང་ཀྱི་ཡོད་ཟེར་ཁོ་རང་ཀྱི་ལབ་པ་ཚར་མང་པོ་གོ་མྱུང་ ཡིན་ནའང་ཕྱི་ལོ་༢༠༠༣།༢༠༠༤ ནང་༸གོང་ས་མཆོག་ཨ་རིར་ཞབས་སོར་འཁོད་སྐབས་སུ་བློ་བཟང་སེང་གེའི་༸གོང་ས་མཆོག་ ལ་བགྲོ་གླེང་ཀྱི་ཆེད་དུ་འགྲོ་གྲོན་གནང་རོགས་བཅས་ཞུ་ནས་ཨ་རི་དོན་ཁང་ནས་ཨ་ སྒོར་སུམ་སྟོང་ལྷག་ཙམ་ཞིག་བློ་བཟང་སེང་གེ་ལ་སྤྲད་ཡོད་རེད་ཟེར་སྐབས་དེར་དོན་ ཁང་གསུང་ཡོད་ མ་ཟད་ཁོ་རང་ཀྱི་དྭང་བླངས་དཔྱ་ཁྲལ་ལག་དེབ་ལ་ཡང་རྐྱོན་འདུག གང་ལ་ཞེས་ན་ཁོ་རང་ཕྱི་ལོ་༡༩༩༥ལོར་ཨ་རིར་སློབ་སྦྱོང་ལ་སླེབས་པ་རེད་ དཔྱ་ཁྲལ་སྒྲིག་གཞི་ལྟར་ཕྱི་ལོ་༡༩༩༦ནས་ཟུང་ཨ་སྒོར་སྤྲོད་དགོས་ཀྱི་ཡོད་པ་ རེད་། ཡིན་ནའང་ཕྱི་ལོ་༡༩༩༦།༡༡༩༧བཅས་ཀྱི་དཔྱ་ཁྲལ་འདི་རྒྱ་གར་རུ་ཧིན་སྒོར་སྤྲད་ འདུག་པའི་བཙན་བྱོལ་གཞུང་ལ་མགོ་འཁོར་བཏང་བ་རེད་བསམ་གྱི་ཡོད། སྔོན་ཕ་ཡུལ་གྱི་དྲ་ལམ་ནང་དང་ས་གནས་ས་ཐོག་མང་པོ་ཞིག་ལ་ཁོ་རང་གི་ང་བོད་པའི་ སྤ་སེ་འཁྱེར་ནས་ཡར་འགྲོ་མ་འགྲོ་བྱེད་ཀྱི་ཡོད་བཅས་ལབ་འདུག་པ་ནི་བོད་པའི་སྤ་ སེའམ་རྒྱ་གར་གྱི་ལག་གསེར་པོ་འདི་རེད།འདི་མ་འཁྱེར་རང་འཁྱེར་རེད་གང་ལ་ཞེས་ན་ ཧར་ལྦརཌགཙུག་ལག་ཁང་དུ་སློབ་ཡོན་ཡིན་ཙང་ཨ་རིའི་ལག་འཁྱེར་འཁྱེར་རྒྱུའི་བདག་ དབང་མེད་རེད་གལ་སྲིད་འདི་དྲ་མེད་ན་ཁོའི་སྔོན་ལེན་བྱེད་ཟིན་གྱི་རེད།བདག་དབང་ ཡོད་རིག་ལ་ཁེ་སང་ལེན་ཞིག་རེད་ཨ་རིའི་དངུལ་ཁང་ནས་བུ་ལོན་གཡར་ནས་སྡོད་ཁང་དང་ སྣུམ་འཁོར་སོགས་ཉོ་ཟིན་པ་རེད་འདི་གུས་པས་ཁོ་ལ་མིག་ཚ་ནས་ལབ་ཀྱི་མེད་འདི་དྲ་ མ་ལབ་ན་དམངས་ཀྱི་ཧ་དགོས་དོན་རྟོགས་ཡོང་ཚེད་དུ་ལབ་ཀྱི་ཡོདོ།
མ་ཟད་མ་འོང་པར་ཁོ་རང་རྒྱ་ ནག་ཨོ་བྷ་མ་བྱེད་ཀྱི་ཡིན་བཅས་བརྗོད་པ་འདི་ནི་དབུ་མའི་ལམ་ནས་རང་སྲིད་རང་ སྐྱོངས་མིན་པར་རྒྱ་དམར་གྱི་མཉམ་དུ་བོད་འདི་ཆིག་སྒྲིལ་བཏོང་རྒྱུའི་ཆ་ཤས་ཟུང་ ནས་ཁོ་རང་རྒྱ་ནག་གམ་རྒྱ་དམར་གྱི་སྲིན་འཛིན་བྱེད་རྒྱུའི་དམིགས་ཡུལ་འཛིན་གྱི་ ཡོད་པ་གསལ་སྟོན་གྱི་ཡོད་པ་དེ་བོད་མི་ཚང་མའི་ཧ་གོ་བྱེད་དགོས་པའམ་གནས་ལུགས་ རྟོགས་དགོས་པ་ནི་ཤིན་ཏུ་འགལ་ཆེ་ཡིན་བསམ་ནས་རྒྱུས་མངའ་ཡོད་པའི་ངང་ནས་བཤད་ ཀྱི་ཡོད། ཧ་གོ་ནས་གཡང་ལ་མཆོང་ན་རང་ཤི་རྒྱབ་པ་རེད་བསམ་གྱི་ཡོད། ས་གནས་གཅིག་ཏུ་གནས་སྡོད་ཀྱི་ཆ་ནས་གནས་ལུགས་ཇི་མ་ཇི་བཞིན་ཧ་གོ་དོན་རྟོགས་ པའི་ཐོག་ནས་དེ་རིང་དེར་བློ་བཟང་སེང་གེ་ཡི་བྱ་བ་སྤྱོད་པ་འདི་བཤད་འདོད་བྱུང་ མ་རྟོག་པའི་ཕ་གཞིས་བུ་ཐོག་ནས་མཁོན་སེམས་ཡོད་པ་གང་ཡང་མིན་པ་མཁྱེཻན།
ཁ་ཚང་ཞོག་པ་ཕྱག་ཚོད་ ༩་༣༠ ཐོག་བདེ་སླར་ཚོགས་ཁང་ཆེན་མོའི་ནང་དུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག་མཁས་དབང་འབུམ་རམས་པ་ཆེན་པོ། བོད་ཀྱི་མ་འོངས་པའི་བཀའ་ཁྲི། དེང་དུས་ཀྱི་ཤེས་ཡོན་གྱིས་ཕྱུག་པའི་ན་གཞོན། ཧ་ཝ་ཌི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་མཁན་པོ་མཆོག་གིས་བེལ་ཀོབ་གཞིས་ཁོང་བདེ་སླར་དང་ལུགས་བསམ་གཉིས་ཀྱི་སེར་སྐྱ་མིང་མང་ཆིག་སྟོང་ཡན་མན་ཙམ་ཞིག་དགའ་སྤྲོ་ཆེན་པོའི་རྒྱབ་སྐྱོར་གྱི་རྣམ་པ་དང་བཅས་འདུ་འཛོམས་ཐོག་གསུང་བཤད་མདོར་བསྡུས་ཙམ་དང་།
དེའི་རྗེས་སུ་སེར་སྐྱ་དབྱེར་མེད་དང་ཕོ་མོ་ཁྱད་མེད་ཐོག་དྲི་དང་། དྲི་ལན་ལྷུག་པོར་གནང་ནས་ཉིན་རྒྱབ་ཕྱག་ཚོད་༡ ཡོལ་ཙམ་ནས་ཚོགས་འདུ་རྒྱལ་ཁའི་ངང་མཐའ་བསྡུ་སོང་།
ཚོགས་འདུའི་གཙོ་སྐྱོང་པས་ད་ཕལ་ཆེར་དུས་ཚོད་རྫོགས་ལ་ཉེ་བས་དྲི་བའི་གོ་སྐབས་གཅིག་ལས་མེད་ཅེས་ཤོད་པའི་རྗེས་སུ།
ཁ་སོར་དཀར་གྱི་ནམ་ཟླ་ཡོལ་ནས་མགོ་སྐྲ་དཀར་གྱི་མདུན་ནས་བསུས་པའི་རྒན་པོ་བབས་ཆགས་པོ་ཞིག་ཡར་ལང་ནས།
གཙོ་སྐྱོང་པ་ཁྱོད་ཀྱིས་གང་ཤོད་ཀྱི་ཡོད། ད་ལྟའི་དུས་ཚོད་འདི་འདྲ་པོ་སྔར་ཡང་ཐོབ་མ་སོང་ལ་ཕྱིས་སུ་ཡང་ཐོབ་དཀའ་བ་རེད། དེས་ན་ང་ཚོས་དུས་ཚོད་སྟངས་འཛིན་བྱེད་དགོས་པ་རེད་མ་གཏོགས་དུས་ཚོད་ཀྱིས་ང་ཚོ་སྟངས་འཛིན་བྱེད་དགོས་པ་མ་རེད། དེས་ན་ཁྱོད་ཀྱི་དུས་ཚོད་མེད་ཟེར་བ་འགྲིགས་ཀྱི་མི་འདུག ང་ཚོ་ལ་དུས་ཚོད་ངེས་པར་དུ་དགོས། ཅེས་བཤད་སོང་།
དེ་ནི་དུས་ཚོད་གཙོ་སྐྱོང་པས་སླར་ཡང་མང་ཚོགས་ལ་དུས་ཚོད་འཕར་བསྣན་བྱེད་དགོས་ཐུག་སོང་།
འདི་ཕྱོགས་ན་མཁས་དབང་བློ་སེང་ལ་རྒྱབ་སྐྱོར་ཧ་ཅང་ཆེན་པོ་རེད།
སྔོན་འགྲོའི་སྐབས་ལའང་མང་པོ་བླུགས་ཡོད་ལ་དངོས་གཞིའི་སྐབས་ཀྱང་འགྱུར་བ་མེད་པའི་རྣམ་འགྱུར་ཐོན་ཡོང་གི་འདུག
མདོར་བསྡུས་ནས་བཤད་ན།
མཁས་དབང་བློ་བཟང་སེང་གེ་འཐོབ་པར་ཏན་ཏན་རེད་འདུག་གོ།།།
དགའ་མཁན་ཡོད་ན་དགད་ཤོར།
སྡུག་མཁན་ཡོད་ན་ངུ་རན་ཐག་ཆོད་སོང་།
ཡང་bbc ལགས་ཕེབས་པར་དགའ། ངས་ཁ་སང་འོད་ཡུག་པ་དང། འོད་ཡུག་པའི་འཁྱམས་པོ་གཉིས་མི་གཅིག་མ་ཡིན་པའི་གསལ་བསྒྲགས་ཐུང་ཞིག་ཡོད་པ་དེ་གཟིགས་ཡོད་ས་མ་རེད། ཕྱིན་ཆད་དེའི་ཐོག་མ་འཁྲུལ་བ་གནང་རོགས།
ཞིང་པའི་ཁ་ནས་བཤད་པ་ཚང་མ་ཞིང་པའི་བསམ་པ་དང་མཐུན་པའི་གྲོང་གསེབ་པའི་གྲོང་རྟགས་ཞིག་ལས་ཡོན་ཏན་ཡོད་པའི་རྟགས་ཤིག་རྩ་བ་ནས་མོངན་གྱི་མི་འདུག ལྟོས་དང་། ཞིང་པས་བློ་སེང་ལགས་སུ་ཆེ་བསྟོད་བྱས་པའི་ཚིག་འདི་རྣམས་ལས་བློ་བུག་དོག་ལ་རྣམ་དཔྱོད་མེད་པའི་ཁྲོན་པའི་སྦལ་པ་ལྟར་གྱི་སེམས་ཁམས་ཤིག་མངོན་ཡོང་གི་མི་འདུག་གམ ཁོ་ཚོས་ཕྱོགས་ཞེན་འཐེན་འཁྱེར་ཞིག་གི་བསམ་བློའི་རྨང་གཞིའི་སྟེང་ནས་ཤིན་ཏུ་མཁྲེགས་པའི་ཀླད་རྙིང་གི་ལངས་ཕྱོགས་ཤིག་བཟུང་སྟེ་སྔོན་འགྲོའི་འོས་འཕེན་གྱི་རྒྱལ་ཁ་དེ་བླངས་པ་རེད། དེ་མ་ཐག་བསམ་བློ་བ་དང་རྒྱལ་ཞེན་ཅན། ཤེས་ཚད་མཐོ་བའི་མི་ཆེན་སོགས་ཚང་མ་ཧ་ལས་ཧོན་ཐོར་གྱིས་རང་དབང་མེད་པའི་སྡུག་སྐད་ཅིག་ཤོར་འདུག གཟིགས་དང་། བཀའ་ཁྲི་ཟམ་གདོང་ཚང་གིས་གདན་ས་ནི་འོས་ཀྱི་མཛོད་ཆགས་འདུག ཅེས་པའི་སེམས་ཕམ་དང་ཁོང་ཁྲོ་ཟུང་དུ་འབྲེལ་བའི་སྨྲེ་ངག་ཅིག་ལྷོ་ཤེ་ཡའི་མཁའ་དབྱིངས་སུ་འཆོར་མ་སོང་ངམ། དེའི་རྗེས་ཐོག་དེ་མ་ཐག་ཏུ་ཁྱིམ་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་རབ་ཏུ་བྱུང་བ་ལ་སྐུར་ཞུས་ཀྱི་དུ་ཞག་ནག་པོའི་སྤྲོན་ནག་ཅིག་གློ་བུར་དུ་འཁྲིགས་ཏེ་སྐྱབས་གསུམ་གྱི་ཡ་གྱལ་དུ་གྱུར་པའི་དགེ་འདུན་དཀོན་མཆོག་དེའང་རེ་ཞིག་གཡོ་སྒྱུ་ྭཝ་མོ་ལྟར་ཆེ་བའི་ཆབ་སྲིད་པའི་མགོ་བསྐོར་འོག་ཏུ་ཤོར་བ་འདི་བློ་ལྡན་གྱི་སྐྱེ་བོ་རྣམས་ཀྱིས་ད་གཟོད་གཞི་ནས་ཤེས་འདུག་ཟེར། དེ་ལྟར་ཡིན་དུ་ཟིན་ཀྱང་འོས་ཀྱི་མཛོད་དུ་རློམ་པའི་སྐྱེ་བོ་ཕལ་མོ་ཆེ་མི་ཚེ་ཆོས་རྩོད་ལ་གོམས་པའི་ཤན་ ལས་དམ་བཅའ་ཞེས་པ་འདི་བརྟན་པོར་བཟུང་སྟེ་མི་གཏོང་བའི་གཤིས་ཀ་ཞིག་ཐེར་ཟུག་ཏུ་གྲུབ་ཡོད། མི་གཤིས་འདི་ལྟ་བུའི་རྒྱབ་ཡོད་པ་ནི་རྡོ་ལྟར་མཁྲེགས་པའི་ཕྱོགས་འཐེན་གྱི་སེམས་ཁམས་ཤིག་རེད། གནས་ལུགས་འདི་གཉིས་ཟུང་དུ་འབྲེལ་བའི་འོག་ཁོ་ཚོའི་འོས་ཀྱི་ཁ་ཕྱོགས་དེ་བསྒྱུར་དཀའ་བ་ནི་རྡོ་རྗེའི་ཁམས་ལྟར་བརྟན་པ་ཞིག་མ་ཡིན་ནམ། གནས་ལུགས་འདི་ལྟ་བུ་ཞིག་བཀྲས་མཐོང་ལགས་ཀྱིས་མ་ཤེས་པའམ་ཡང་ན་གོ་མེད་ཚོར་མེད་ངང་ཐོག་དང་པོར་འོས་མཛོད་ཀྱི་ཕྱོགས་སུ་གོམ་པའི་འདེགས་ཕྱོགས་བསྒྱུར་ཏེ་བསྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་འདུག་ཟེར། ཁོང་གི་བསྐོར་བསྐྱོད་ལ་འབྲས་བུ་ཐོབ་རྒྱུ་ཤིན་ཏུ་དཀའ་ཡང་ཁོང་རང་ངོས་ནས་འཕགས་པའི་དགེ་འདུན་གྱི་སྡེ་ལ་གུས་བཀུར་མཚོན་བྱེད་ཅིག་ཡིན་སྲིད། གང་ལྟར་བློ་ཕམ་དགོས་པ་ཞིག་ལ་འདི་ལོ་དགེ་འདུན་སྡེའི་གནས་བབ་ལ་དོ་ཕོག་ཤུགས་ཆེན་བྱུང་བ་མ་ཟད། རྒན་པ་དང་གཞོནསྐྱེས་བར་གྱི་རྣོ་ངར་ཆེ་བའི་སེམས་ཁམས་འཐབ་རྩོད་དང་། མི་དཀྱུས་དང་སྐུ་དྲག་བརགྲལ་རིམ་་གྱི་འཐབ་རྩོད། གསར་པ་རྙིང་པའི་བར་གྱི་འཕོ་འགྱུར་འཐབ་རྩོད་སོགས་བརྩད་ནས་མ་གྲུབ་པའི་སྤྱི་ཚོགས་དབྱེན་དཀྲུག་འདིས་རིག་གནས་གསར་བརྗེ་ཞེས་པ་སླར་ཡང་རྒྱ་གར་ས་ཐོག་ཏུ་ལངས་པ་མིན་ནམ་སྙམ་དུ་མི་རྣམས་ཞེད་སྣང་དང་འཆར་ཡན་གྱི་ཁྲོད་དུ་ཐེངས་གཅིག་བརྫངས་སོང་། ད་ནི་བཀའ་ཁྲིའི་འོས་བསྡུ་སླེབས་ལ་ཉེ་བ་མ་ཟད་བཀའ་ཁྲིའི་གསར་པ་སུ་ལ་འཐོབ་ཀྱང་མི་རིགས་ཤིག་གི་དོན་དུ་འགན་ཤིན་ཏུ་ལྕི་བའི་ལས་ཁུར་བླངས་ཏེ་དོན་ཕན་ཅན་གྱི་ལས་འགུལ་ཞིག་བརྩམ་དགོས་ཀྱང་། བློ་སེང་ལགས་དུ་བཀའ་ཁྲིའི་འོས་ཀྱི་རྒྱལ་ཁ་ཐོབ་པའི་དབང་དུ་བཏང་ན་གངས་སྐྱིད་ཀྱི་ཁོར་ཡུག་ཆུང་ཆུང་འདི་ལས་བྱེད་གསར་རྙིང་གི་བར་དང། ལྟ་བ་གསར་རྙིང་གི་བར། གཞོན་སྐྱེས་དང་རྒན་རབས་བར། སྐུ་དྲག་དང་ཕལ་པའི་བར་སོགས་རང་གིས་བརྩམས་པའི་གཡོ་ཐབས་ཀྱི་ལས་འཇུག་བསྡུ་མ་ཐུབ་པའི་གོང་དུ་མི་རིགས་ཀྱི་ལས་དབང་འདི་གང་ཡིན་འདི་ཡིན་མེད་པའི་དབང་ཆའི་འཐབ་རྩོད་ཁྲོད་ལྷུངས་རྒྱུ་མ་ཟད། རྣོ་ངར་ཆེ་བའི་ཕྱོགས་རིས་འཐེན་འཁྱེར་གྱི་ལེའུ་ཞིག་ཀྱང་གསར་གཏོད་བྱ་རྒྱུར་ཐེ་ཚོམ་མེད་དོ། །
ཞིང་པའི་ཁ་ནས་བཤད་པ་ཚང་མ་ཞིང་པའི་བསམ་པ་དང་མཐུན་པའི་གྲོང་གསེབ་པའི་གྲོང་རྟགས་ཞིག་ལས་ཡོན་ཏན་ཡོད་པའི་རྟགས་ཤིག་རྩ་བ་ནས་མངོན་གྱི་མི་འདུག ལྟོས་དང་། ཞིང་པས་བློ་སེང་ལགས་སུ་ཆེ་བསྟོད་བྱས་པའི་ཚིག་འདི་རྣམས་ལས་བློ་བུག་དོག་ལ་རྣམ་དཔྱོད་མེད་པའི་ཁྲོན་པའི་སྦལ་པ་ལྟར་གྱི་སེམས་ཁམས་ཤིག་མངོན་ཡོང་གི་མི་འདུག་གམ ཁོ་ཚོས་ཕྱོགས་ཞེན་དང་འཐེན་འཁྱེར་ཞིག་གི་བསམ་བློའི་རྨང་གཞིའི་སྟེང་ནས་ཤིན་ཏུ་མཁྲེགས་པའི་ཀླད་རྙིང་གི་ལངས་ཕྱོགས་ཤིག་བཟུང་སྟེ་སྔོན་འགྲོའི་འོས་འཕེན་གྱི་རྒྱལ་ཁ་དེ་བླངས་པ་རེད། དེ་མ་ཐག་ཏུ་བསམ་བློ་བ་དང་རྒྱལ་ཞེན་ཅན། ཤེས་ཚད་མཐོ་བའི་མི་ཆེན་སོགས་ཚང་མ་ཧ་ལས་ཧོན་ཐོར་གྱིས་རང་དབང་མེད་པའི་སྡུག་སྐད་ཅིག་ཤོར་འདུག གཟིགས་དང་། བཀའ་ཁྲི་ཟམ་གདོང་ཚང་གིས་གདན་ས་ནི་འོས་ཀྱི་བང་མཛོད་ཆགས་འདུག ཅེས་པའི་སེམས་ཕམ་དང་ཁོང་ཁྲོ་ཟུང་དུ་འབྲེལ་བའི་སྨྲེ་ངག་ཅིག་ལྷོ་ཤེ་ཡའི་མཁའ་དབྱིངས་སུ་འཆོར་མ་སོང་ངམ། དེའི་རྗེས་ཐོག་དེ་མ་ཐག་ཏུ་ཁྱིམ་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་རབ་ཏུ་བྱུང་བ་ལ་སྐུར་ཞུས་ཀྱི་དུ་ཞག་ནག་པོའི་སྤྲིན་ནག་ཅིག་གློ་བུར་དུ་འཁྲིགས་ཏེ་སྐྱབས་གསུམ་གྱི་ཡ་གྱལ་དུ་གྱུར་པའི་དགེ་འདུན་དཀོན་མཆོག་དེའང་རེ་ཞིག་གཡོ་སྒྱུ་ྭཝ་མོ་ལྟར་ཆེ་བའི་ཆབ་སྲིད་པའི་མགོ་བསྐོར་འོག་ཏུ་ཤོར་བ་འདི་བློ་ལྡན་གྱི་སྐྱེ་བོ་རྣམས་ཀྱིས་ད་གཟོད་གཞི་ནས་ཤེས་འདུག་ཟེར། དེ་ལྟར་ཡིན་དུ་ཟིན་ཀྱང་འོས་ཀྱི་བང་མཛོད་དུ་རློམ་པའི་སྐྱེ་བོ་ཕལ་མོ་ཆེ་མི་ཚེ་ཆོས་རྩོད་ལ་གོམས་པའི་ཤན་ ལས་དམ་བཅའ་ཞེས་པ་འདི་བརྟན་པོར་བཟུང་སྟེ་མི་གཏོང་བའི་གཤིས་ཀ་ཞིག་ཐེར་ཟུག་ཏུ་གྲུབ་ཡོད། མི་གཤིས་འདི་ལྟ་བུའི་རྒྱབ་ཏུ་ཡོད་པ་ནི་རྡོ་ལྟར་མཁྲེགས་པའི་ཕྱོགས་འཐེན་གྱི་སེམས་ཁམས་ཤིག་རེད། གནས་ལུགས་འདི་གཉིས་ཟུང་དུ་འབྲེལ་བའི་འོག་ཁོ་ཚོའི་འོས་ཀྱི་ཁ་ཕྱོགས་དེ་བསྒྱུར་དཀའ་བ་ནི་རྡོ་རྗེའི་ཁམས་ལྟར་བརྟན་པ་ཞིག་མ་ཡིན་ནམ། གནས་ལུགས་འདི་ལྟ་བུ་ཞིག་བཀྲས་མཐོང་ལགས་ཀྱིས་མ་ཤེས་པའམ་ཡང་ན་གོ་མེད་ཚོར་མེད་ངང་ཐོག་དང་པོར་འོས་མཛོད་ཀྱི་ཕྱོགས་སུ་གོམ་པའི་འདེགས་ཕྱོགས་བསྒྱུར་ཏེ་བསྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་འདུག་ཟེར། ཁོང་གི་བསྐོར་བསྐྱོད་ལ་འབྲས་བུ་ཐོབ་རྒྱུ་ཤིན་ཏུ་དཀའ་ཡང་ཁོང་རང་ངོས་ནས་འཕགས་པའི་དགེ་འདུན་གྱི་སྡེ་ལ་གུས་བཀུར་མཚོན་བྱེད་ཅིག་ཡིན་སྲིད། གང་ལྟར་བློ་ཕམ་དགོས་པ་ཞིག་ལ་འདི་ལོ་དགེ་འདུན་གྱི་སྡེའི་གནས་བབ་ལ་དོ་ཕོག་ཤུགས་ཆེན་བྱུང་བ་མ་ཟད། རྒན་པ་དང་གཞོནསྐྱེས་བར་གྱི་རྣོ་ངར་ཆེ་བའི་སེམས་ཁམས་འཐབ་རྩོད་དང་། མི་དཀྱུས་དང་སྐུ་དྲག་བརགྲལ་རིམ་གྱི་འཐབ་རྩོད། གསར་པ་དང་རྙིང་པའི་བར་འཕོ་འགྱུར་གྱི་འཐབ་རྩོད་སོགས་བརྩད་ནས་མ་གྲུབ་པའི་སྤྱི་ཚོགས་དབྱེན་དཀྲུག་འདིས། རིག་གནས་གསར་བརྗེ་ཞེས་པ་སླར་ཡང་རྒྱ་གར་ས་ཐོག་ཏུ་ལངས་པ་མིན་ནམ་སྙམ་དུ་མི་རྣམས་ཞེད་སྣང་དང་འཆར་ཡན་གྱི་ཁྲོད་དུ་ཐེངས་གཅིག་བརྫངས་སོང་། ད་ནི་བཀའ་ཁྲིའི་འོས་བསྡུ་སླེབས་ལ་ཉེ་བ་མ་ཟད་བཀའ་ཁྲིའི་གསར་པ་སུ་ལ་འཐོབ་ཀྱང་མི་རིགས་ཤིག་གི་དོན་དུ་འགན་ཤིན་ཏུ་ལྕི་བའི་ལས་ཁུར་བླངས་ཏེ་དོན་ཕན་ཅན་གྱི་ལས་འགུལ་ཞིག་བརྩམ་དགོས་ཀྱང་། བློ་སེང་ལགས་སུ་བཀའ་ཁྲིའི་འོས་ཀྱི་རྒྱལ་ཁ་ཐོབ་པའི་དབང་དུ་བཏང་ན་གངས་སྐྱིད་ཀྱི་ཁོར་ཡུག་ཆུང་ཆུང་འདི་ལས་བྱེད་གསར་རྙིང་གི་བར་དང། ལྟ་བ་གསར་རྙིང་གི་བར། གཞོན་སྐྱེས་དང་རྒན་རབས་བར། སྐུ་དྲག་དང་ཕལ་པའི་བར་སོགས་རང་གིས་བརྩམས་པའི་གཡོ་ཐབས་ཀྱི་ལས་འཇུག་བསྡུ་མ་ཐུབ་པའི་གོང་དུ། མི་རིགས་ཀྱི་ལས་དབང་འདི་གང་ཡིན་འདི་ཡིན་མེད་པའི་དབང་ཆའི་འཐབ་རྩོད་ཁྲོད་ལྷུངས་རྒྱུ་མ་ཟད། རྣོ་ངར་ཆེ་བའི་ཕྱོགས་རིས་འཐེན་འཁྱེར་གྱི་ལེའུ་ཞིག་ཀྱང་གསར་གཏོད་བྱ་རྒྱུར་ཐེ་ཚོམ་མེད་དོ། །
མཆན་ཞོག
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། ཡང་སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་བྲིས་ཚེ་འགོད་རྒྱུ་མིན། ང་ཚོའི་མཆན་འབྲི་བའི་ཁྲིམས་འདི་ལ་མི་བརྩི་མཁན་རྣམས་ནི་རྩ་འགོག་བྱེད་རྒྱུའི་ལམ་ཁ་བསྟེན་སྲིད་པ་ཡིན། མཆན་འབྲི་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས། ཁྱེད་ཀྱིས་མིང་དང་གློག་འཕྲིན་ཁ་བྱང་རང་འཇགས་སུ་སྤྱད་ཚེ། ཁྱེད་ཀྱི་མཆན་བུ་ཐོག་མ་ལ་དག་མཆན་ཐོབ་རྗེས། མཆན་བུ་རྗེས་མ་རྣམས་དག་མཆན་ལ་སྒུག་མི་དགོས་པར་རང་བཞིན་གྱིས་དྲ་དེབ་ཏུ་འཁོད་འགྲོ་བ་བཅས་དགོངས་འཇགས་ཞུ།
སྤུན་གྲོགས་ཚོའི་གཟིགས་དང་།
ཁ་སང་དེ་རིང་བཙལ་འབྱོར་ནང་མ་འོང་བཀའ་ཁྲིའི་སྐོར་གླེང་སློང་མང་དག་བྱེད་བཞིན་ཡོད་།དེ་ཡང་རེ་བ་ཆེ་ཤུས་བྱས་ས་མཁས་དབང་བློ་སེང་སྐོར་ཡིན་།སོང་ཙང་གུས་པས་ཨ་རིའི་མ་ནིའི་སཱོ་ཊར་ཡོད་པའི་མཁས་དབང་བློ་བཟང་སེང་གེའི་རྒྱབ་སྐྱོར་བ་ཁག་གཅིག་གིས་འགྲེམས་སྤེལ་བྱས་པའི་༼ མ་འོངས་ལས་འཆར་ ༽ཟེར་བའི་དེབ་ཆུང་ནང་གནད་ཆེན་ཞིག་སྟོན་ནས་བྲིས་འདོད་པ་ནི།
དབྱེང་ཡིག་བོད་བསྒྱུར་བྱས་པ་།
ཧར་ཝར་ཊི་ཁྲིམས་ཀྱི་སློབ་གྲཱའི་སྡེ་ཚན་ནང་ཤར་ཨེ་ཤ་ཡའི་ཁྲིམས་ཀྱི་སློབ་ོན་ལས་གཞི་ཁང་གི་འཛིན་སྐྱོང་དང་།དྲུང་ཆེའི་འགན་ཁུར་བ་སྐུ་ཞབས་མཱི་ལའི་སཱ་སཱི་མའི་ཐི་མཆོག་གིས་།ཕྱི་ལོ་༢༠༡༠ཟླ་༨་ཚེ་༥་ཉིན་སྡ་སར་རྟེན་གཞིར་བྱས་ཡོད་པའི་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུ་དྲུང་མཆོག་ལ་མཁས་དབང་བློ་བཟང་སེང་གེ་མཆོག་གི་སློབ་སྦྱོང་དང་མཚན་གནས་ཇི་བཞེས་ཐད་གནས་ཚུལ་ཁ་གསལ་འཁོད་པའི་ཕྱག་བྲིས་ཤིག་གནང་བ་འདི་ལྟར་།
བརྩེ་བའི་སྐུ་ཞབས་གཡུ་དྲུང་ལགས་།
ཤར་ཨེ་ཤ་ཡའི་ཁྲིམས་ཀྱི་སློབ་ཡོན་ལས་གཞི་ཁང་གི་འཆར་འགོད་ནང་།མཁས་དབང་བློ་བཟང་སེང་གེའི་སྐུ་ཡོན་དང་ལས་ཀའི་མཚན་གནས་དང་འབྲེལ་ནས་བཀའ་འདྲི་གནང་བ་ཐུགས་རྗེ་ཅེ་ཞུ་རྒྱུ་དང་།མཁས་དབང་བཟང་སེང་གེ་མཆོག་ཕྱི་ལོ་༢༠༠༤་ནང་ཁྲིམས་ལུགས་ཚན་རིག་གི་སློབ་དཔོན་doctor of juridical scienceལེགས་གྲུབ་བྱུང་ནས་བཟུང་།ཤར་ཨེ་ཤ་ཡའི་ཁྲིམས་ཀྱི་ལས་གཞི་ཁང་གི་ཞིབ་འཇུག་ལྷན་ཁང་ནང་།ཉམས་ཞིབ་པའི་research་associatལས་གནས་སུ་ཧར་ཝར་ཊི་ཁྲིམས་ཀྱི་སློབ་གྲཱ་ཆེན་མོའི་གླ་ཕོགས་ཐོབ་ངེས་ཀྱི་ལས་བྱེད་ངོ་མའི་ཁོངས་བསྐོ་བཞག་གནང་ཡོད་།
ཁོང་ཧར་ཝར་ཊའི་ཀྲིམས་ཀྱི་སློབ་གྲཱའི་ཞིབ་འཇུག་ལྷན་ཁང་གིས་ཉམས་ཞིབ་པའི་མཚན་གནས་ཐོག་བསྐོ་བཞག་གནང་བ་འདི་ནི་ཞིབ་འཇུག་ལྷན་ཁང་འདིས་ཕོ་མོ་སུ་ཡིན་རུང་གང་ཟག་སོ་སོའི་ཁྱེད་དུ་འཕགས་པའི་ནུས་པའི་ཁྱེད་ཆོས་གཞིར་བཞག་ནས་ལས་གནས་སུ་བསྐོ་བཞག་གནང་སྲོལ་ལྟར་བསྐྱངས་པ་ཞིག་ཡིན་།འདིའང་ང་ཚོའི་སློབ་གྲཱའི་ནང་ཕེབས་མཁན་ཚོས་ལོ་རེ་བཞིན་ཟླ་གྲངས་འགའི་རིང་གནས་སྐབས་ཙམ་།visitingscholarsགྱི་རིང་ལ་།ལས་གནས་སུ་འཛུལ་ཞུགས་ཀྱི་སྙན་ཞུ་ཕུལ་བ་གཞིར་གཟུང་བྱས་ཏེ་འདེབས་སྒྲུབ་གནང་བ་ལྟར་མིན་པ་།
ད་ལྟ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་གཏན་འཇགས་ཕྱག་ལས་གནང་བཞིན་པའི་གནས་བབས་འདི་ནི་།ཁོང་བོད་ཀྱི་གནས་བབས་དང་རྒྱ་བོད་གཉིས་ཀྱི་འབྲེལ་བའི་གནས་བབས་ཐོག་མཁས་དབང་ཡིན་པ་དང་།་དེ་དང་འབྲེལ་ནས་ཧར་ཝར་ཊའི་གཙུགས་ལག་སློབ་གྲཱ་ཆེན་མོ་དང་ཧར་ཝར་ཊའི་ཁྲིམས་ཀྱི་སློབ་གྲཱའི་ནང་དུ་།གནད་དོན་དེ་དག་གི་ཐད་ལ་བཀའ་འདྲི་ཞུ་ཡུལ་ཚད་ལྡན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་རེད་།ད་དུང་ཁོང་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་།མང་གཙོའི་ལམ་ལུགས་།རྩོད་རྙོག་འདུག་འགྲིག་བཅས་ལ་དམིགས་བསལ་གྱི་ཁྱད་ལས་ཅན་ཡིན་པ་དང་།
ཁོང་གི་རིགས་གཞུང་དང་དཔོན་རིགས་ལས་དོན་གྱི་ཐོག་ཐག་གཅོད་གནང་སྟངས་བཅས་ལ་།ཁོང་དང་ལྷན་དུ་ཡོད་པའི་གང་ཟག་སྒེ་དང་མཁས་དབང་དང་ཕྱག་རོགས་བཅས་ཀྱིས་ཆེས་གུས་བརྩི་གནང་གི་ཡོད་ཅིང་།དེ་བཞིན་མཁས་དབང་བློ་བཟང་སེང་གེ་ཁོང་གང་ཟག་སྒེར་དང་མཁས་དབང་གཉིས་ཀའི་ཆ་ནས་ཆེ་མཐོང་དང་མཚན་སྙནགྲགས་ཡོད་པར་དགའ་པའི་ཐོག་ནས་བཞུགས་བཞིན་ཡོད་འཁོད་འདུག་།།
དྲ་གྲོགས་ཞིང་པའི་བུ་ལགས།
༡༽བཀྲིས་བདེ་ལེགས།ངས་བཀྲིས་ཀྱི་འཚམས་འདྲི་བྱེད་དོན་ནི་ང་ཚོ་བཀའ་ཁྲིའི་འོས་མིག་ཐད་ལྟ་ཚུལ་ཐ་དད་ཙམ་ལས་དོན་དམ་ཤ་རུས་གཅིག་པའི་སྤུན་ཟླ་ཡིན་པ་དེ་ངས་ནམ་ཡིན་ནའང་བརྗེད་མེད་པའི་དབང་གིས་ག་དུས་ཡིན་ནའང་ངས་ཁྱེད་རྣམས་ལ་འཚམས་འདྲི་བྱེད་ངེས་རེད།
༢༽ངས་འདིར་གསལ་པོ་བརྗོད་རྒྱུ་ཞིག་ལ་རང་རང་སོ་སོས་མི་འདོད་པའི་བཀའ་ཁྲིའི་འོས་མི་དེར་ཁུངས་དང་རྒྱུ་མཚན་ལྡན་པའི་དགག་བཞག་བྱ་རྒྱུ་ནི་རྒྱུན་གཏན་གྱི་གནས་ཚུལ་ཞིག་ཡིན་པས་དེར་ཁྱེད་ཚོས་ཆོལ་ཁའི་རྙོག་གླེང་དང་མཉམ་བསྲེས་མ་བྱས་ན་ལེགས་པར་སྙམ།་
༣༽དངོས་གནས་བྱས་ན་བསྟོད་མ་ཤེས་པ་ཞིག་གིས་བསྟོད་པ་ལས་སྨད་མ་ཤེས་པ་ཞིག་གིས་སྨད་ན་ལེགས་པ་ཡོད་པ་ལྟར།ཁྱེད་ཀྱིས་བློ་སེང་ལ་ཆེ་བསྟོད་བྱེད་ཐལ་དྲགས་ནས་དྲ་གྲོགས་ཚོའི་བློ་ཡུལ་ལས་འདས་ཡོད།
དོན་དམ་དུ་བློ་སེང་ནི་བརྡ་སྤྲོད་སུམ་ཅུ་པའི་་ཚིག་རྒྱན་གཉིས་ཀྱི་ནང་ནས་མི་མཐུན་པའི་ཚིག་རྒྱན་དེ་མང་པོ་ཞིག་ཚང་ཡོད་པ།དཔེར་ན།
བཀའ་ཁྲིར་འདོད་ཀྱང་ཁྱད་ཆོས་མ་ཚང་།
གོ་ས་འདོད་ཀྱང་སྤྱི་འཐུས་མི་འདོད།
དབྱིན་ཇི་ཡོད་ཀྱང་བོད་ཡིག་མེད།
སློབ་གནས་མཐོ་ཡང་འཇོན་ཐང་མེད།
ཤེས་ཡོན་ཡོད་ཀྱང་ཉམས་མྱོང་མེད།
འཆར་གཞི་མང་ཡང་ལག་ལེན་དབེན།
སྨྲ་བ་མཁས་ཀྱང་འགལ་བསྡུ་མང་།
རིགས་གཟུགས་རྒྱས་ཀྱང་ལྷག་བསམ་དོགས།
ལྟ་བ་ཡོད་ཀྱང་རང་ཚུགས་མི་བརྟན།
ཁྲིམས་ལ་མཁས་ཀྱང་ཁྲིམས་རྩོད་མ་མྱོང་།
མཁས་པ་ཡིན་ཡང་རྩོད་རྩོམ་ཉུང་།
ཐོས་པ་མང་ཡང་བསམ་སྒོམ་བྲལ།
རང་དབང་འདོད་ཀྱང་རང་བཙན་མི་རྩོད།
ཆིག་སྒྲིལ་སྨྲ་ཡང་གཞེན་འགོག་ཆེ།
ཆོད་གན་བཞག་ཀྱང་ཆོད་འགལ་བྱས།
དྲིལ་བསྒྲགས་མང་ཡང་བདེན་པ་ཉུང་།
རྒྱལ་ཁམས་བསྐོར་ཡང་སྟོང་ལོག་ཡོང་།
རྒྱ་ལ་བསྐྱོད་ཀྱང་དོན་གོ་ཆུང་།
དམངས་ཀྱིས་སྡང་ཡང་སེར་མོས་བརྩེ།
སྔོན་འགྲོར་ཐོབ་ཀྱང་དངོས་གཞི་ཤོར།
དེ་དག་བློ་སེང་ཁྱད་ཆོས་ལགས།
ངས་ལས་བྲེལ་གྱིས་རྐྱེན་པས་མདོར་བསྡུས་ཤིག་ལ་འགོད་སྤེལ་ཐུབ་མ་སོང་བས་དྲ་གྲོགས་ཚོས་ཀ་སྣོན་སྐྱོན་རོགས་ཞུ་རྒྱུ་ཡིན།
དྲ་གྲོགས་ཚོས།
༡༽གོང་དུ་(ཀ་སྣོན་)ཅེས་པ་ཁ་སྣོན་ལ་བཅས་རོགས།
༢༽དྲ་གྲོགས་བསྟན་འཛིན་འཕགས་པའི་མཆན་བུ་དེར་ཡིག་ནོར་མང་བས་མཆན་བུའི་ནང་དོན་ཡང་རྟོགས་རྒྱུར་དཀའ་ངལ་འདུག་པས་རྗེས་སུ་ཅུང་དག་ཙམ་གནང་རོགས་ཞུ་རྒྱུ་ཡིན།
༣༽དྲ་གྲོགས་sonam bu ལགས་སུ་ནན་བརྗོད་བྱ་རྒྱུར།
བོད་མི་ཚང་མ་ཁྱེད་ལྟ་བུའི་བློ་རྒྱ་དང་བསམ་རྒྱ་མེད་པ་ཞེ་གཅིག་ཡིན་ན་ང་ཚོའི་མ་འོངས་པར་རེ་བ་འདུག་གམ།ཅི་འདྲའི་སྐད་ཆའི་ཡ་ང་བ་ལ་ཨང་།
ངས་སྔོན་ནས་བརྗོད་ཟིན།ད་ལྟ་བཀའ་ཁྲི་འདི་ལ་རྒྱབ་སྐྱོར་བྱས་ཀྱང་མཐའ་མ་བཙན་བྱོལ་མི་མང་གིས་མང་མོས་ཀྱི་བདམས་པའི་བཀའ་ཁྲི་དེར་ངས་རྒྱབ་སྐྱོར་དང་ངོས་ལེན་བྱས་ནས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ངས་ཡོངས་བསྒྲགས་བྱས་ཟིན།
རི་བོང་གནམ་རྡིབ་ཀྱི་སྔུག་བསྔལ་རང་རེད།
ཅོལ་ཆུང་ཁྱེད་འདྲའི་རིགས་ཀྱིས་ངུ་མདོག་ཁ་པོ་རེད།བསམ་ཚུལ་དེ་ནི་རང་གི་དེ་ཉིད་སྟོན་ཁོ་ན་རེད་ཅེས་གསལ་པོ་བརྗོད་འདོད་བྱུང་།
ལ་རྒྱའི་བདག་ཞེན་ལགས། ་མིར་ཡིག་ནོར་སྐྱོན་འཛུགས་མ་བྱེད་གོང་དུ་རང་གི་ཡིག་ནོར་དེ་མཐོང་དགོས།
མི་དམངས་ཀྱིས་འདེམས་པའི་བཀའ་ཁྲིར་ཁྱེད་ལ་འདོད་པ་མེད་ཡང་ཁྱེད་ཀྱིས་ངེས་ལེན་མ་ཞུ་ན་ཁྱེད་ངུ་རྒྱུ་ལས་བྱེད་ཐབས་བྲལ་བས་ཁྱེད་ཀྱིས་ཁ་བཟང་དེར་སུས་ཀྱང་ཁྱེད་ལ་བདེན་ཁ་སྦྱིན་མི་སྲིད་དོ། ཁྱེད་ནི་བོད་མིའི་སྤྱི་ཚོགས་སུ་ཕྱོགས་ཞེན་གྱི་རྫུན་གཏམ་དང་སྒྲོལ་སྐུལ་བྱེད་མཁན་གྱི་བློ་ཆུང་རང་མིང་ཙམ་ཡང་སྤྱོད་མི་ནུས་པས་ཡིག་འཆལ་སྤེལ་མཁན་ཞིག་ཏུ་ངེས།
འདིར་མཆན་གྲངས་བས་ལན་གཅིག་བཀླགས་ཀྱང་། བཙོག་གཏམ་རྐྱང་ལས་བླང་འོས་པའི་གཏམ་སྣ་གཅིག་ཀྱང་མི་འདུག་པས་ཞེད་མན་གཏིང་ནས་ལོག་སོང་༌༌༌༌༌༌༌༌བོར་ནས་འགྲོ།
དྲ་གྲོགས་sonam bu ལགས།
ཚིག་མཐོ་དམན་ལའང་གྲི་མགོ་སྣུན་པ་བྱུང་བའི་གཏམ་རྒྱུད་དེ་དག་གུས་འཇིག་སྣང་སྐྱེས་ཀྱི་འདུག
མཁྱེན་སོང་ངམ།
ཚིག་མཐོ་དམན་ལའང་གྲི་མགོ་སྣུན་པ་བྱུང་བའི་གཏམ་རྒྱུད་དེ་དག་ལ་གུས་འཇིག་སྣང་སྐྱེས་ཀྱི་འདུག
ང་ཚོའི་སྤྱི་ཚོགས་འདིར་བདེན་པའི་བདག་པོར་རྒོལ་རྡུང་ཕོག་པ་ཉུང་ཉུང་མ་རེད།
མཁྱེན་སོང་ངམ།
དྲ་གྲོགས་ལ་རྒྱའི་བདག་པོ་ལགས། ཁྱེད་ཀྱིས་གོང་དུ་ དོན་དམ་དུ་བློ་སེང་ནི་བརྡ་སྤྲོད་སུམ་ཅུ་པའི་ཚིག་རྒྱན་གཉིས་ཀྱི་ནང་ནས་མི་མཐུན་པའི་ཚིག་རྒྱན་དེ་མང་པོ་ཞིག་ཚང་ཡོད་པ། དཔེར་ན། ༡ བཀའ་ཁྲིར་འདོད་ཀྱང་ཁྱད་ཆོས་མ་ཚང། ཞེས་པར་ ཁོང་ལ་བཀའ་ཁྲིའི་ཁྱད་ཆོས་ཚང་མེད་ན་ངེས་པར་དུ་ཁྱེད་ཀྱིས་འདི་དང་དེ་བཞིན་ཞེས་མ་ཚང་བས་རྒྱུ་མཚན་དང་བཅས་དབུས་འོས་བསྡུ་ལས་ཁང་ལ་ཞུ་དགོས་པ་ལས་དོན་མེད་ཀྱི་མིང་མེད་ཡིག་འཆལ་སྤེལ་བར་འབྲས་མེད་ངལ་བའི་རྒྱུ་ཡིན། ༢ སྨྲ་བ་མཁས་ཀྱང་འགལ་བསྡུ༼འདུ༽་མང། ཞེས་པར་འགལ་འདུ་མང་བའི་སྨྲ་མཁན་ཞིག་ལ་མཁས་པར་མི་འདོད་པས་ཁྱེད་་རང་ལ་འགལ་འདུ་འདུག། ༣ མཁས་པ་ཡིན་ཡང་རྩོད་རྩོམ་ཉུང། ཞེས་པར་ རྩོད་རྩོམ་ཉུང་བ་ཙམ་གྱི་མཁས་པ་མིན་པའི་ངེས་པ་མེད་པས་དེ་ཡང་མ་ངེས་པའི་རྒྱུ་མཚན་རེད་འདུག། ༤ ཁྲིམས་ལ་མཁས་ཀྱང་ཁྲིམས་རྩོད་མ་མྱོང་། ཞེས་པ་དེ་ཡང་ཁྱབ་པ་མེད་པའི་རྒྱུ་མཚན་རེད་འདུག་པས་གོང་དང་མཚུངས། ༥ རང་དབང་འདོད་ཀྱང་རང་བཙན་མི་རྩོད། ཞེས་པ་དེར་ཁྱེད་ཀྱིས་སྐྱོན་དུ་མཐོང་ཀྱང་ངེད་བོད་མི་བརྒྱ་ཆ་དགུ་ཅུ་གོ་ལྔ་ལྷག་གིས་མོས་མཐུན་དང་༸གོང་ས༸་སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ཡང་ཡིན་པས་སྐྱོན་གྱི་ཆ་ཤས་ཙམ་ཡང་མེད། ༦ ཆིག་སྒྲིལ་སྨྲ་ཡང་གཞེན་འགོག་ཆེ། ཞེས་པར་གོ་རྒྱུ་གང་ཡང་མི་འདུག་པས་ཡིག་ནོར་གཟབ་དགོས། ཁྱེད་ཀྱིས་བྲིས་པའི་དཔྱད་གླེང་སོགས་ལ་ཡིག་ཚོགས་ཆེ་བའི་ཡིག་ནོར་གྱི་ཚད་ལས་རྒལ་བ་འདུག་པས་རྗེས་སུ་དཔྱད་རྩོམ་སྐབས་སུ་སྔ་ཚིག་ཕྱིར་འགལ་དང་སྒྲ་དག་ཚིག་གསལ་སོགས་ལ་འབད་གལ་ཆེ།
དྲ་གྲོགས་ཚོས་བགྲོ་གླེང་ལྷུག་པོར་གནང་འདུག ལྟོས་བཅས་ཀྱིས་དག་ཆ་ལའང་གཟབ་གཟབ་མང་བ་བྱས་འདུག ཡག་པོ་འདུག ཡག་བ་ལ་མཐའ་མེད་པ་ཡིན་དུས་མུ་མཐུད་ནས་འབད་བརྩོན་གནང་དགོས། དྲ་བ་ནས་ཁ་ཐུག་བཏང་བ་ཡིན་ཞེས་ཡུས་བཤད་ས་ཡོད་མ་རེད། ངས་ཀྱང་གོང་གི་རྩོམ་ཡིག་དེ་དྲ་བ་ནས་ཁ་ཐུག་བཏང་བ་ཡིན་ཡང་། ཡིག་ནོར་ནི་ཡིག་ནོར་རང་རེད། ད་ལྟ་ངས་ཡིག་ནོར་དང་གཏགས་ནོར་ཤོར་བ་དེ་ཚོ་མཐོང་དུས་སེམས་ལ་མི་བདེ་བ་ཞིག་འདུག
རྣམ་པ་ཚོས་དྲི་བ་མང་པོ་ཞིག་ལ་ནི་ང་མི་དགོས་བློ་སེང་གི་ཆུང་མ་སླེབས་ཀྱང་ལན་འདེབས་ཐུབ་མདོག་ཁ་བོ་མ་རེད། དཔེར་ན་མཁས་པ་བརྒྱའི་མིང་ཁུར་ཤོག་ཟེར་བ་ལྟ་བུ་རེད། དེ་བས་དེ་དག་ལ་ངས་ལན་འདེབས་ཨེ་ཐུབ་ཀྱི་ངལ་བ་འཛིན་རྒྱུ་མིན། ཁ་ཐུག་ལན་འདེབས་མི་ཐུབ་ཅེས་ཞུ་རྒྱུ་ཡིན།
དེ་མིན་བློ་སེང་གིས་དཔྱ་ཁྲལ་སྤྲོད་ཡོད་མེད་དང་། ལག་དེབ་སེར་བོ་ཡོད་མེད་སོགས་ནི་བཀའ་བློན་ཁྲི་བའི་དྲ་རྒྱ་སོགས་ལ་གསལ་བོར་བཀོད་འདུག་ལ། དེང་སང་ནི་བོད་ཀྱི་ཆབ་སྲིད་དཔྱད་བརྗོད་དྲ་རྒྱ་དུའང་བཀོད་འདུག་པས། ངས་བཤད་པ་བརྒྱ་ལས་ཁྱེད་ཚོས་བལྟས་པ་གཅིག་དགའ་བ་ལགས་ན། དེ་ཚོར་གཟིགས་རོགས།
གོང་གི་བགྲོ་གླེང་འདི་བརྒྱུད་ནས་གསལ་བོ་ཆགས་པ་ཁག་གཅིག་ནི།
༡བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ནི་ཁ་ཅིག་གི་འདོད་པ་ལྟར་གྲྭ་བ་དང་། སློབ་མ་ཁ་ཤས་ཤིག་མ་ཡིན་པར། བཀའ་ཟུར་ཐེ་བའི་བོད་མི་ཤེས་ལྡན་པ་དང་། མི་རབས་རྒན་པའང་ཡོད་པ།
༢བློ་སེང་གིས་བོད་གཞུང་གི་འཛིན་སྐྱོང་འོག་ཐད་ཀར་ཞབས་ཞུ་ཞུ་མྱོང་མེད་ཀྱང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་བོད་མི་དམངས་ལ་ཞབས་ཞུ་བསྒྲུབས་མྱོང་བ།
༣བློ་སེང་ལ་རྒྱབ་སྐྱོར་ཞུ་མཁན་ཉུང་དུ་སོང་འདུག་ཟེར་བ་དག་ཀྱང་རྫུན་མ་ཡིན་པ་དང་། གཞིས་ཆགས་ཆེ་ཤོས་ཡིན་པའི་ལྷོ་ཕྱོགས་ནས་ད་དུང་ཁོང་ལ་རེ་བ་ཞུ་བཞིན་པ།
༤བློ་སེང་ལ་དགག་པ་བྱེད་མཁན་ཚོ་ཡང་འཐར་གཏུགས་ན་ཁོང་ལ་རེ་བ་རྩ་བ་ནས་མེད་པ་མ་ཡིན་པར། གལ་སྲིད་ཁོང་ལ་མང་མོས་བྱུང་ན་བཀའ་བསུ་ཞུ་ཐག་ཆོད་ཡིན་པ།
དེ་ལ་སོགས་པ་མང་པོ་ཞིག་ཐག་བཅད་བྱྱུང་འདུག
དེ་མིན་གསལ་བཤད་གལ་ཆེན་ཞིག་ཞུ་རྒྱུར་ཁྲི་ཟུར་བཀྲིས་རྣམ་རྒྱལ་གྱིས་འབྲས་སྤུངས་གསུང་ཆོས་སྐབས་སུ་གསུངས་འདུག་ཅེས་པ་དེ་ང་ལ་གོ་འཛོལ་བྱུང་འདུག དེ་ནི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་དུས་གསུངས་པ་རེད། བརྗོད་བྱ་ནི་ཕལ་ཆེར་གཅིག་འདྲ་རེད། ཚགས་པར་དུ་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་བྱས་པ་དེ་དང་འབྲས་སྤུངས་སུ་དྲི་བ་དྲིས་པ་གཉིས་དཀྱུས་གཅིག་ཏུ་བཀོད་པས། གོ་འཛོལ་བྱུང་བ་ཡིན་ས་རེ། དེ་ལུགས་དགོངས་འཇགས་ཞུ།
བྷི་བྷི་སི་ལགས་ལ་དམིགས་སུ་བཀར་ནས་ཞུ་རྒྱུར། ང་གསར་ཞེན་ཆེ་དབང་གིས་ཡིན་ནམ། གང་ལྟར་ངས་ཁྱེད་ཀྱིས་བཀོད་པའི་རྩོམ་ཡིག་དེ་ཚོ་ལས་གཅིག་ཀྱང་བཀླགས་མྱོང་མི་འདུག ཐ་ན་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ཡང་བཀླགས་མ་མྱོང་། བཀའ་དྲིན་ཆེ། རྗེས་སུ་དེ་ཚོ་ཀློག་ངེས་ཡིན།
དྲང་པོར་བཤད་ན་བློ་སེང་ལགས་སུ་རྒྱབ་སྐྱོར་བྱེད་མཁན་གྱི་ཁྲོད་ནས་ཤ་ཀླན་འཇམ་གྲགས་འདི་པ་བློ་རྒྱ་ཡངས་ཤོས་དང་དྲང་ཤོས་ཤིག་ཏུ་མངོན། ཁོ་པས་རང་གིས་ནོར་བར་ངོས་ལེན་བྱེད་པ་མ་ཟད། བློ་སེང་གི་དགེ་མཚན་བརྗོད་པ་ལས་གཞན་ལ་གཞི་མེད་མ་ཉེས་ཁག་གཡོག་དང་། ཤིན་ཏུ་སྐྱུག་བྲོ་བའི་ཚིག་མཚོན་འདེབས་པ་སོགས་རྩ་བ་ནས་བྱེད་ཀྱི་མེད་པ་ནི་ཁོ་པ་མི་གཤིས་ཡག་པོ་ཡོད་པའི་མཚོན་བྱེད་ཅིག་རེད། ཁོ་རང་སུ་ལ་རྒྱབ་སྐྱོར་བྱེད་འདོད་ཀྱང་ཁོ་རང་གི་རང་དབང་རེད། འོན་ཀྱང་ཁོ་པའི་རྒྱབ་སྐྱོར་བྱེད་སྟངས་དེར་མི་སེམས་འགུགས་པའི་ནུས་པ་ངེས་ཅན་ཞིག་ལྡན་ཡོད། འདི་ལྟར་བྱས་ན་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་རྒྱུར་ཐེ་ཚོམ་མེད། དེ་ལས་ལྡོག་སྟེ་དང་པོ་རང་ནས་མི་སེམས་འགྲས་པར་བྱེད་པའི་བྱ་སྤྱོད་དེ་རིགས་སྤེལ་ན་དེས་བློ་སེང་ལ་ཕན་པ་ལས་གནོད་པ་ཚབས་ཆེ་བར་སེམས། གང་ལྟར་མུ་མཐུད་དེ་བློ་སེང་གི་དགེ་མཚན་བརྗོད་པ་ལས་གཞན་ལ་གཞི་མེད་ཀྱི་སྐྱོན་བརྗོད་མ་བྱས་ན་མཛེས་སོ། །
ཚང་མས་གཞན་གོང་བཀུར་གྱི་ཡ་རབས་གཙིགས་འཛིན་གནང་སྟེ་བགྲོ་གླེང་གནང་བར་དགའ་བསུ་ཡོད། མ་རབས་ཐ་ཤལ་གྱི་ཀུན་སྤྱོད་ལ་གཟབ་དགོས། བོད་རྒྱལ་ལོ། །
རྩོམ་པ་པོ་ལགས། ཐ་ན་ཟ་ཁང་ཡང་ན་ཚོང་ཁང་ཞིག་ནང་ལའང་གཡོག་པོའི་ལས་ཀ་ཞིག་བྱེད་པ་ལ་ཉམས་མྱོང་ཡོད་དམ་ཞེས་དྲི་བ་འདོན་གྱི་རེད། དེར་བརྟེན་ཉམས་མྱོང་དེ་ཉིད་གལ་ཆེན་ཡིན་མིན་དེ་ནས་ཤེས་ཐུབ། ཉམས་མྱོང་དེའི་ཐོག་ཤེས་ཡོན་ཡོད་ན་རྩེ་ཕུད་རེད། བློ་སེང་ལ་བོད་མི་སྒེར་ངོས་ནས་མི་འདོད་པ་སུ་ཞིག་ཡོད་ཀྱི་མ་རེད། ཡིན་ནའང་ད་ལྟའི་ཆར་ཁོང་ལ་བོད་ཀྱི་ཆབ་སྲིད་ལམ་ལུགས་དང་བཙན་འབྱོལ་བོད་གཞུང་གི་འཛིན་སྐྱོང་སྒྲིགས་འཛུགས་ཐོག་ཉམས་མྱོང་མེད་པའི་སྒང་། བཀའ་ཁྲི་མ་གཏོགས་དེ་ལས་གཞན་པའི་བཀའ་བློན་ཡང་ན་ལས་འགན་གཞན་ཆུང་བ་འཁུར་གྱི་མིན་པས་ང་རྒྱལ་ལ་བརྟེན་བོད་མི་ཁག་གཅིག་གིས་འདོད་པ་མེད་པ་དེ་རེད། གཉིས་ནས་བློ་སེང་ལ་མཁས་དབང་གི་མིང་ཡོད་ཀྱང་མཁས་དབང་གི་མིང་དང་མཚུངས་པའི་རྩོམ་ཡིག་ཞིག་ད་བར་བྱུང་མེད་། དེར་རྟེན་ང་ཚོས་དེ་ཐོག་ངེས་པར་བསམ་བློ་གཏོང་དགོས། བཀའ་ཁྲི་འོས་མི་སུ་ཞིག་ཡིན་རུང་བོད་ཀྱི་རྩ་དོན་ཐོག་རྩེ་སེམས་ཡོད་པ་ངེས་ཀྱང་རྩེ་སེམས་དེ་ཉིད་བརྟན་པོ་དང་ཕུགས་རྐྱང་དགོས་པ་ནི་བཤད་མ་དགོས་པ་རེད།
ང་ཚོ་བཙན་བྱོལ་བོད་པ་ཚང་གི་མང་གཙོ་དེ་ཚད་ལྡན་ཞིག་ཡིན་ནའང་། རྒྱབ་སྐྱོར་བ་ཚོས་གཞན་གྱི་ཟློས་གར་བྱེད་སྟངས་ནི་ངུ་དགད་གཉིས་ཆར་བཅུག་གི་འདུག བཀའ་ཁྲིར་གདམས་སྐབས་སུ་སྐྱོན་ཀུན་བྲལ་ཞིག་གདམས་དགོས་ན་བོད་ཙམ་དུ་མ་ཟད་འཛམ་བུ་གླིང་ནས་མི་རྙེད། ད་ལྟའི་བཀའ་ཁྲིའི་འོས་མི་གསུམ་སུར་ཐོབ་ན་ཡང་ཁྱད་པར་ཕ་ཆེར་མེད། ཡིན་ནའང་དུས་རབས་ཀྱི་འགྲོས་དང་བསྟུན་ན། བློ་བཟང་སེང་གེ་ལ་ལོ་ལྔའི་རིང་གང་འདྲ་བྱེད་འདུག བཙན་བྱོལ་གྱི་བོད་འདི་ཇི་ཙམ་ཞིག་གནས་ཐུབ་མིན་གྱི་ཚཽད་དཔག་ཆེད་དུ་རེ་བ་ཆེ་ཤོས་ཡིན།
༼་་་་་་ཤ་ཀླན་ཞེས་པ་འདིས་ང་འདིར་གདན་དྲངས་འདུག་་་་་་༽
ཧཧཧ ད་ཡིན་ན་ངོ་མ་རྒོད་ཤོར་ལེ་དེ་འདྲ་རྫོ་ཡོང་ཞི་བདའ་ རྒོད་ཕར་ཤོར་ཚུར་ཤོར་རེད་བདའ་མོ་།
དེང་སང་རང་ལ་མཐོང་རྒྱ་མཐོས་རྒྱ་ཙག་ཁྲ་སྒམ་ཆུང་ནང་གི་མཐོང་མཐོས་ཙམ་ཡང་མེད་ཀྱང་གཏམ་འདོད་ཀྱི་སྦོས་བསྡད་ལེའི་མི་འདི་ཚོས་ གཞན་གྱིས་སྟོད་ཁན་མི་རག་པར་འུ་ཐུག་ནས་ ད་རང་གི་རང་སྐྱག་ རྐྱག་པའི་ཀུབ་སྐྱག་བསྡད་ཞི་བདའ་ ཡ་ང་།
ངོ་མ་བསྡད་ཤེ་འདའ། ཨ་རོགས་རྡེའུ། ཁྱོད་ཀྱིས་རྫོ་ལེ་དེ་ངོ་མ་སྐྱག་རྫུན་རེད་འདའ།
ཚ་ཕྲུག་ཟེར་མཁན་དེས་ཡང་བ་མོའི་ཉལ་སྟངས་ལ་བལྟས་ན་བེའུ་ཡོད་པ་གཏན་གཏན་རེད་ཟེར་བ་ལྟར་བློ་སེང་མཉམ་དུ་༸གོང་ས་མཆོག་གདན་འདྲེན་ཞུ་རྟགས་ལ་བལྟས་ན་ལྷག་བསམ་མེད་པ་དང་། དྲང་བདེན་མེད་པ། རང་མགོ་མཐོ་བ་སོགས་ཀྱི་རྟགས་འདུག་པས་རྗེས་སོར་བློ་སེང་མཉམ་དུ་༸གོང་ས་ཆོག་གདན་ཞུ་མ་གནང་རོགས། རང་གིས་བལྟས་ཚེ་རྒྱུ་མཚན་ཡང་དག་ཞིག་ལ་བསམ་ཡོད་ཀྱང་དོན་དུ་དེ་འདྲ་མ་ཡིན་པ་ཤེས་རོགས་རེ་བ་ཡིན།
འཁྱམས་པོ་ལགས། ཁྱེད་ནི་མིང་དོན་མཚུང་བའི་འཁྱམས་པོ་རེད་འདུག། ཁྱེད་ཀྱིས་ངར་རྒོལ་བའི་ཡིག་ཕྲེང་ཁ་ཤས་དེར་ཡིག་ནོར་དང་བརྗོད་ནོར་གྱིས་ག་རེ་བཤད་ཀྱི་ཡོད་མེད་ངས་མི་ཤེས་ཐལ། འཁྱམས་པོ་མིང་ཅན་ཁྱེད་དང་ལ་རྒའི་བདག་པོ་མིང་ཅན་སོགས་མིང་རྫུན་འོག་ནས་ཡིག་འཆལ་སྤེལ་མཁན་ཚོར་བདེན་པའི་སྐད་ཆའི་ཕུང་ནས་མི་བདེན་རྫིན་སྒྲིགས་ཀྱིས་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདི་ཁ་འཐོར་དང་ཕྱོགས་ཞེན་འཕེལ་བའི་སྐད་ཆ་ལས་བཤད་རྒྱུ་མི་འདུག། ཕྱོགས་ཞེན་དེ་ཙམ་མེད་པའི་མི་ཞིག་ཡིན་ཀྱང་ཁྱེད་རྣམ་ཚོས་བྱེད་བབས་དེས་རང་བཞིན་གྱི་ཕྱོགས་ཞེན་གྱི་ཤོགས་སུ་སྤྱོད་ངེས། གོང་དུ་ལ་རྒྱའི་བདག་པོས་སྔོན་འགྲོར་ཐོབ་ཀྱང་དངོས་གཞི་ཤོར། ཞེས་བློ་སེང་ལ་སྐྱོན་བརྗོད་དེའི་རིགས་ནི་དངོས་ཡོད་དང་ཡོངས་སུ་འགལ་བའི་རྟོག་བཏགས་ཀྱིས་སྐུར་འདེབས་བཅས་ཀྱིས་ཁྱེད་རྣམས་ཀྱིས་བཤད་པའི་ཡོད་ཚད་ལ་ཡིད་ཆེས་མེད་པ་འགྱུར་སོང་། རང་གཞན་གང་ལ་ཡང་སྒྲོ་འདོགས་དང་སྐུ་འདེགས་མང་གྲགས་ན་རང་ཉིད་ཕུང་བའི་རྒྱུ་འབའ་ཞིག་ལས་མེད་དོ།
དྲ་གྲོགས་ཚ་ཕྲུག་རྒྱལ་ལགས་བཀྲིས་བདེ་ལེགས།
གོང་དུ་ཚ་ཕྲུག་རྒྱལ་གྱིས་དྲ་གྲོགས་གཞན་ལ་ཡིག་ནོར་ཡོད་སྐོར་སྐྱོན་བརྗོད་དང་དམའ་འབེབས་ནམ་མཁའ་གང་བ་བྱེད་ཀྱིན་སོ་སོ་རང་ཉིད་ཀྱིས་ཡིག་ནོར་བྲིས་འདུག་དེས་ན་བདེན་པ་སུ་ལ་འདུག་གམ།
མི་ལྟ་བའི་མིག་ཡོད་ཀྱང་རང་ལ་ལྟ་བའི་མེ་ལོང་དགོས་ཞེས་པའི་གདམ་ངག་ལ་སོམས་དང་ཚ་ཕྲུག་རྒྱལ།
གཤམ་ལ་ཚ་ཕྲུག་རྒྱལ་གྱི་མཆན་བུ་༦༦དེའི་ཡིག་ནོར་ལ་གཟིགས་དང།
འཁྱམས་པོ་ལགས། ཁྱེད་ནི་མིང་དོན་མཚུང་༼མཚུངས་༽བའི་འཁྱམས་པོ་རེད་འདུག། ཁྱེད་ཀྱིས་ངར་རྒོལ་བའི་ཡིག་ཕྲེང་ཁ་ཤས་དེར་ཡིག་ནོར་དང་བརྗོད་ནོར་གྱིས་ག་རེ་བཤད་ཀྱི་ཡོད་མེད་ངས་མི་ཤེས་ཐལ། འཁྱམས་པོ་མིང་ཅན་ཁྱེད་དང་ལ་རྒའི་༼རྒྱའི༽བདག་པོ་མིང་ཅན་སོགས་མིང་རྫུན་འོག་ནས་ཡིག་འཆལ་སྤེལ་མཁན་ཚོར་བདེན་པའི་སྐད་ཆའི་༼ཆས་༽ཕུང་༼ཕོངས་༽ནས་མི་བདེན་རྫིན་༼རྫུན་༽སྒྲིགས་༼སྒྲིག༽ཀྱིས་༼གིས་༽བོད་མིའི་སྤྱི་ཚོགས་ཆུང་ཆུང་འདི་ཁ་འཐོར་དང་ཕྱོགས་ཞེན་འཕེལ་༼སྤེལ་༽བའི་སྐད་ཆ་ལས་བཤད་རྒྱུ་མི་འདུག། ཕྱོགས་ཞེན་དེ་ཙམ་མེད་པའི་མི་ཞིག་ཡིན་ཀྱང་༼ཡང་༽ཁྱེད་རྣམ་༼རྣམས་༽༼རྣམ་པ་༽ཚོས་བྱེད་བབས་༼བབ༽དེས་རང་བཞིན་གྱི་ཕྱོགས་ཞེན་གྱི་ཤོགས་༼ཕྱོགས་༽སུ་སྤྱོད་ངེས། གོང་དུ་ལ་རྒྱའི་བདག་པོས་སྔོན་འགྲོར་ཐོབ་ཀྱང་དངོས་གཞི་ཤོར། ཞེས་བློ་སེང་ལ་སྐྱོན་བརྗོད་དེའི་རིགས་ནི་དངོས་ཡོད་དང་ཡོངས་སུ་འགལ་བའི་རྟོག་བཏགས་ཀྱིས་༼ཀྱི་༽སྐུར་འདེབས་བཅས་ཀྱིས་ཁྱེད་རྣམས་ཀྱིས་བཤད་པའི་ཡོད་ཚད་ལ་ཡིད་ཆེས་མེད་པ་འགྱུར་༼གྱུར་༽སོང་། རང་གཞན་གང་ལ་ཡང་སྒྲོ་འདོགས་དང་སྐུ་འདེགས་༼འདེབས་༽མང་གྲགས་༼དྲགས་༽ན་རང་ཉིད་ཕུང་བའི་རྒྱུ་འབའ་ཞིག་ལས་མེད་དོ།
ཞེས་ཡིག་ཕྲེང་བཅུ་ལ་ཡིག་ནོར་༡༧་ཙམ་ཞིག་བྲིས་འདུག་པས་མིའི་སྐྱོན་རྐྱང་མ་གཏོགས་མི་མཐོང་མཁན་གྱི་མི་བུ་འདི་འདྲ་ཨང་།
དྲ་གྲོགས་ལ་རྒྱ་ལགས། ཁྱེད་ཀྱིས་ མཚུང་དང་ རྫིན་ ཡང་ བབས་ གྲགས་བཅས་ལ་དག་བཅོས་གནང་བར་ཐུགས་རྗེ་ཆེ།
དེ་མིན་པར་ཁྱེད་རང་ཉིད་ཀྱིས་རྟོག་བཟོའམ་ངས་བཤད་པའི་ཚིག་དོན་དེ་རྣམས་ཁྱེད་ཀྱིས་རྟོགས་མི་འདུག།
དྲ་གྲོགས་ཚོའི་བློ་རྒྱ་ཇེ་ཡངས་དང་། གཏམ་གླེང་ཇེ་རྒྱས། ཡིག་ནོར་ལ་ཇེ་གཟབ། བསམ་ཚུལ་ཕུན་སུམ་ཇེ་ཚོགས་རེད་འདུག ང་དགའ་བྱུང་། ང་དགའ་མིན་དེ་གཙོ་བོ་མ་རེད་དེ། སྡིངས་ཆ་འདི་འདྲ་ཞིག་བྱུང་ན། གཞི་ནས་ང་ཚོས་ཁོག་ཡངས་དཀྱེ་ཡངས་ངང་བགྲོ་གླེང་བྱེད་ཆོག དེ་མིན་ཕ་ཡུལ་དྲ་རྒྱ་ལྟར་ཕྱོགས་གཅིག་གི་གནས་ཚུལ་ལས་མི་འགོད་པ་དང་། དྲ་གྲོགས་ཚོས་དམོད་མོ་དང་། ཚིག་མཚོན་འདེབས་རེས་བྱེད་བསྡད་ན། ང་ཚོ་ལ་དབང་བའི་གོ་སྐབས་ཤིག་རང་གིས་རྩ་ལག་བཏང་བ་རེད། དྲ་རྒྱ་དེ་ཚོ་ནི་ཡོད་དང་མེད་ཀྱི་ཁྱད་པར་མེད་ཡ།