དགེ་འདུན།
————
དེ་རིང་འཇམ་དབྱངས་ནོར་བུའི་དྲ་རྒྱ་བསྔོགས་སྐབས། བློ་བཟང་སེང་གེའི་རྒྱ་ནག་འགྲུལ་བསྐྱོད་སྐོར་ལ་དྲི་བ་དང་དྲི་ལན་ཞིག་བྱས་པ་བཞག་འདུག ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་འདེམས་དེ་ནི་སྤྱི་ཚོགས་ཀྱིས་བགྲོ་གླེང་ཤུགས་ཆེ་ཤོས་བྱས་པའི་བགྲོ་གླེང་ཞིག་ཡིན་པ་དང་། དམངས་གཙོའི་ལམ་སྲོལ་ནང་གི་མི་མང་གིས་གཞུང་འདེམས་པའི་ཚད་རིམ་མཐོ་ཤོས་ཡིན་པ་དེ་ལ་ང་ཚོ་སུ་ཡིན་ཡང་དགའ་འོས་པ་ཞིག་དང་སྤོབས་པ་སྐྱེ་འོས་པ་ཞིག་རེད། འོན་ཀྱང་། ང་ཚོ་བོད་ཤོར་ནས་ཡོང་སྐབས་དམངས་གཙོ་ལེན་དུ་ཡོང་བ་མིན་པ་དང་། ང་ཚོའི་ཕ་ཡུལ་དུ་མྱ་ངན་དང་མནར་གཅོད་རྒྱུན་ལྡན་དུ་གནས་བཞིན་ཡོད་སྟབས། དམངས་གཙོའི་བགྲོ་གླེང་གིས་བཙན་བྱོལ་མི་མང་གི་སེམས་ཁམས་བཟུང་སྟེ། བོད་ནང་གི་བདེ་སྡུག་ཐད་ལས་ཀ་བྱེད་པའི་ནུས་པ་ཉམས་ཆག་ཏུ་གཏོང་བཞིན་འདུག་བསམས་ནས། ངས་ བཀའ་བློན་ཁྲི་པའི་སྐོར་ལ་གླེང་སློང་བྱེད་རྒྱུ་ཇེ་ཉུང་དུ་བཏང་བ་ཡིན། འོན་ཀྱང་། གོང་གི་གཏམ་བཤད་ལ་ཉན་རྗེས་གཤམ་གྱི་ཚིག་འདི་དག་མ་བཤད་པར་སྡོད་ནུས་མ་སོང་།
བློ་བཟང་སེང་གེས་གསལ་བཤད་དེ་ནི་ བོད་ལ་འགྲོ་སྐབས་རྒྱ་ནག་གཞུང་གིས་སྤྲད་པའི་ལག་འཁྱེར་ཞིག་འཁྱེར་ནས་ཕྱིན་པ་ཡིན་པ་དང་། མ་འགྲོའི་གོང་ལ་བོད་གཞུང་ལ་ཞུས་པ་མ་ཟད་ཕྱིན་ནས་ཚུར་སླེབས་སྐབས་ཀྱང་བོད་གཞུང་ལ་ཞུས་ཡོད་པ་དང་། བོད་རིགས་མང་པོ་ཡང་དེ་ལྟར་ཕྱིན་པ་རེད་གསུངས་བྱུང་། རྒྱུ་མཚན་འདི་རྩ་བ་ཉིད་ནས་བློ་ལ་བབ་མ་བྱུང་། ཧམ་པ་ཆེ་བ་ཞིག་ལ། རྒྱ་ནག་གིས་སྤྲད་པའི་ལག་འཁྱེར་དེ་ རྒྱ་གར་གྱི་ལག་འཁྱེར་སེར་པོ་དང་ཨ་རིའི་ཤོག་བྱང་ལྗང་ཁུ་ལ་བསྡུར་གི་འདུག རྒྱ་ནག་ང་ཚོའི་དགྲ་བོ་རེད། གཞན་དག་ནི་ང་ཚོའི་དགྲ་བོ་མ་རེད། རྒྱ་གར་གྱི་ལག་འཁྱེར་སེར་པོ་དེའི་ཐོག་ “ལག་འཁྱེར་འདི་ནི་མི་སེར་ལག་འཁྱེར་གྱི་དོད་དུ་འཁྱེར་ཆོག་པའི་ངོ་སྤྲོད་ལག་འཁྱེར་ཞིག་ཡིན་ལ། འདིས་ནམ་ཡང་འཁྱེར་མཁན་ནི་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་ངོ་བོ་གཏན་ནས་མཚོན་གྱི་མེད་”ཅེས་བྲིས་ཡོད། བོད་མི་ཚོ་ལ་ལག་འཁྱེར་འདི་ཐོབ་པའི་ཐོག་མའི་ཆ་རྐྱེན་ནི། RC ཞེས་པ་དེ་དགོས་པ་ཡིན་ལ། དེ་ནི་ ཕྱི་རྒྱལ་གྱི་མིའི་ཁྲིམས་གཞི་ལྟར་སྤྲོད་ཀྱི་ཡོད། དེ་ནི་བོད་མི་འདི་རྒྱ་གར་གྱི་མི་མིན་པའི་ཁུངས་སྐྱེལ་ཏག་ཏག་དེ་རེད། ད་འདི་དང་རྒྱ་ནག་གཞུང་གིས་སྤྲད་པའི་ལག་འཁྱེར་གཉིས་བསྡུར་དགོས་རྒྱུ་ཞིག་འདུག འོན་ཀྱང་། ངས་ལག་འཁྱེར་དེའི་སྐོར་བཙལ་ནས་རྙེད་མ་སོང་། ཨ་རིའི་ཤོག་བྱང་ལྗང་ཁུ་དེ་ནི་ཆ་རྐྱེན་དང་གནས་སྟངས་འདྲ་མིན་ཐོག་ནས་སྤྲོད་ཀྱི་ཡོད་པ་རེད། དེ་ཡང་རྒྱ་ནག་གིས་སྤྲད་པའི་ལག་འཁྱེར་དེ་ལ་བསྡུར་དགོས་དོན་ཨེ་འདུག དེས་ན། བློ་སེང་གིས་ལག་འཁྱེར་འདི་འཁྱེར་རྗེས་ ད་དུང་ནོར་མེད་ཅེས་པའི་ཨུ་ཚུགས་ཀྱི་དཔེ་མཚོན་དུ་འདི་འདྲ་མང་པོ་ཞིག་འཁྱེར་ཡོང་གི་འདུག
བོད་ལ་གཉེན་འཕྲད་དུ་འགྲོ་བ་ནི་བཙན་བྱོལ་ནང་ཡོངས་གྲགས་ཡིན། བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས་འདིའི་ཐད་ལམ་སྟོན་ཡིག་ཆ་ཞིག་ཀྱང་གསར་བཟོ་གནང་ཡོད་དྲན། དེ་ཡང་གཙོ་བོ་དེ་ལ། འགེངས་ཤོག་ཅིག་ཡོད་པ་དེ་བཀངས་རྗེས་ དགག་བྱ་དང་དགོས་པ་རྒྱུ་མཚན་དུ་བྱས་ནས་རྒྱའི་ལག་འཁྱེར་དེ་བླངས་ན་འགྲིག་པ་ལྟ་བུ་ཞིག་ཡོད། གནད་དོན་ང་ཚོ་ལ་རྒྱུས་ཡོད། ང་ཚོའི་ངོ་ཤེས་པ་མང་པོ་ཡང་དེ་ལྟར་ཕྱིན་པ་རེད་ལ། ད་དུང་ཡང་དེ་ལྟར་ཕེབས་བཞིན་འདུག
ད་བློ་བཟང་སེང་གེ་ལགས་ཀྱི་ལན་དེས་ངའི་སེམས་ཁམས་འཁྲུགས་དོན་གང་ཡིན་ཞེ་ན། ཁོང་བཀའ་བློན་ཁྲི་པའི་འོས་མི་རེད། བཀའ་བློན་ཁྲི་པའི་འོས་མི་ཞིག་ལ། སེམས་ཤུགས་ཤིག་དགོས་ཀྱི་འདུག སེམས་ཤུགས་དེ་ནི་གནས་ཚུལ་དང་དུས་ཚོད་གང་འདྲ་ཞིག་གི་འོག་ཏུ་ཡང་། བོད་པ་ཡིན་ཞེས་པའི་ཆོད་སེམས་བརྟན་པོ་ཡོད་པ་ཞིག་དགོས་ཀྱི་འདུག རྐྱེན་ངན་པའི་འོག་ཏུ་ ཚེ་སྲོག་བློས་གཏོང་དགོས་ཀྱང་བོད་ཀྱི་ངོ་བོ་འཛིན་ཐུབ་པའི་སྙིང་སྟོབས་དགོས་ཀྱི་འདུག དགོས་པ་རླབས་ཆེན་གང་འདྲ་ཞིག་ཡོད་ཀྱང་ “ཕྱི་སྡོད་རྒྱ་མི་”ཞེས་པའི་མིང་འདི་ ཡིག་ཆ་བཟང་ངན་གང་ཞིག་ནས་ཀྱང་མི་ལེན་པའི་ཆོད་སེམས་ཤིག་དགོས་ཀྱི་འདུག
དེ་ལྟར་ན་རྩོད་པ་འདི་ འགྲིག་དང་མ་འགྲིག་གི་རྩོད་པ་ཞིག་མ་རེད། རྩོད་པ་འདི་མིའི་སྤུས་ཀ་དང་ཆོད་སེམས་ཀྱི་རྩོད་པ་ཞིག་རེད།
ང་རང་སྒེར་ལྟ་བུ་ཞིག་ཡིན་ན་ཡང་། ཕ་གྲོངས་དུས་ དེའི་མྱ་ངན་ཆེད་འགྲོ་འདོད་ཆེན་པོ་ཡོད། འོན་ཀྱང་ རྒྱ་ནག་གཞུང་གིས་སྤྲད་པའི་ལག་འཁྱེར་ཞིག་བཟུང་ནས་ མྱ་ངན་ཆེད་འགྲོ་འདོད་རྩ་བ་ཉིད་ནས་མི་འདུག སེམས་ཁམས་དང་ཆོད་སེམས་འདི་འདྲ་བཟུང་ནས་ བོད་ལ་འགྲོ་མ་ཐུབ་པར་ཕ་མ་གསོན་བྲལ་བྱས་པ། བྱིས་པ་དང་གསོན་བྲལ་བྱས་པའི་ལོ་རྒྱུས་ང་ཚོ་ལ་ཁེངས་ཡོད། སྐད་ཆ་འདི་ཧ་ཅང་ཚོར་ཤུགས་རྣོན་པོ་ཅན་གྱི་སྐད་ཆ་ཞིག་རེད།
“ཕྱི་སྡོད་རྒྱ་མི་”ཟེར་བའི་ལག་འཁྱེར་འདི་འཛིན་དང་མི་འཛིན་འདམ་ཁ་དེ་བློ་བཟང་སེང་གེའི་མདུན་ལ་སླེབས་སྐབས། བློ་བཟང་སེང་གེས་ “ང་བོད་པ་ཡིན་སྟབས་ལག་འཁྱེར་མི་འཛིན་”ཞེས་པའི་ཆོད་སེམས་ཤིག་ཁོ་ལ་མེད་སོང་བ་དེས་ ང་བློ་ཕམ་བྱུང་། ད་དུང་སྐད་ཆ་འདི་སྦས་ནས་ད་བར་དུ་ཕྱིར་མི་མང་གི་མདུན་ལ་མ་སླེབས་པ་དེ་ལ་ཡང་བློ་ཕམ་བྱུང་། བློ་ཕམ་པའི་གཏམ་འདི་དེ་རིང་ཁ་ནས་མ་སྐྱུགས་པར་འཇོག་ཐབས་བྲལ་སོང་།
མཁས་དབང་བློ་བཟང་སེང་གེ་རྒྱ་ནག་དུ་ཕྱིན་པ་བོད་མི་ཡོངས་ཀྱི་ཆེད་དུ་ཡིན་རབས་བཤད། རབ་གསལ་གྱིས་ཕ་མ་མ་འཇལ་བ་བོད་ཞེན་ཀྱིས་ཡིན་རབས་བཤད། འོན་ཏེ་མིང་སྟོང་ཞིག་གི་ཆེད་དམ། ལ་ལུང་རིང་ཐུང་ཙམ་གྱི་རྩོད་གཞི་ཟིག་ལ་ཞེན་ནས་འཁྱུད་ཡོད་སུས་ཤེས།
སྐུ་མཁྱེན་མི་མང་སྣེ་ཁྲིད་ཀྱི་རྩོམ་པ་པོའི་མིང་འཁུར་བ་རྣམས་ཀྱིས་འཐེན་ཞེན་གྱི་རོ་ལངས་མ་རྒྱབ་རོགས།། །།
དེ་ཡི་ག་ལ་ཚད། ད་དུང་བོད་གཞུང་གི་སྐུ་ཚབ་ཚོ་ཡང་༼ཕྱིར་སྡོད་རྒྱ་མི།༽ཡིན་པའི་མིང་ཐོག་ནས་ཕྱིན་པ་རེད་ཅེས་ཚེས་༡༦གི་ཀུན་གླེང་དང་། མེ་ནི་སོ་དར་བགྲོ་གླེང་བྱས་པའི་བློ་སེང་རང་གི་བརྙན་པར་ནང་བློ་སེང་མཆོག་གིས་བཤད་འདུག དེ་ནི་གནད་འགག་ཡོད་པའི་གནད་དོན་ཞིག་རེད།
http://www.youtube.com/watch?v=wq66n-KQybQ&feature=related
གནས་ཚུལ་ཁུངས་ལྡན་ལ་གཞིགས་ཚེ་སྐུ་ཚབ་ཚོ་ནི་༼ཕྱིར་སྡོད་རྒྱ་མི།༽བྱས་ནས་ཕེབས་པ་བྱུང་མི་འདུག
རང་ཉིད་སྐྱག་པའི་ནང་ལ་འཛུལ་བས་མ་ཚད་ བོད་གཞུང་སྐུ་ཚབ་ཚོ་ཡང་སྐྱག་པའི་ནང་གཡུག་རྩིས་བྱེད་ཀྱི་འདུག
རྒྱ་ཆེའི་དྲྭ་གྲོགས་ཚོས་ད་དུང་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ནང་ ༼ཁོང་ཚོས་ད་ལྟ་ག་རེ་བྱེད་བཞིན་ཡོད་དམ།༽ ཟེར་བའི་འགོ་བརྗོད་ལ་འཁོད་པའི་མུ་འབྲེལ་རྩོམ་ཡིག་གསུམ་ཡོད་པ་ལས། རྩོམ་ཡིག་མཐའ་མ་དེ་འབུམ་རམས་བློ་བཟང་སེང་གེའམ་བློ་བཟང་སངས་རྒྱས་ཀྱི་སྐོར་རེད་འདུག
http://sites.google.com/site/tibetanpoliticalreview/project-updates/whataretheydoingnowalookatthekalontripacandidates%E2%80%99currentjobspart3of3-sangay
གནས་ཚུལ་ཁག་གཅིག་ལ་ཞིབ་འཇུག་ཚད་ལྡན་བྱས་པའི་བརྒྱུད་རིམ་འཁྲོད། ཁུངས་བཙན་དང་ཆ་འཇོག་འོས་པའི་གནད་དོན་ཁག་གཅིག་རྙེད་འདུག་ལ་ཁ་གསལ་དང་ལྡན་པའི་ཐོགནས་་བྲིས་འདུག
ད་དུང་སྐྱག་རྫུན་ག་ཚོད་རྐུབ་རུལ་ནས་སྡད་ཡོད་ན། ༼དེ་རིང་གིས་སྐྱག་རྫུན་སང་ཉིན་མི་འཁྱོལ།༽ ཟེར་བའི་གཏམ་དེ་བདེན་པ་ཡིན་ས་རེད།
གང་ལྟར་དགེ་འདུན་རབ་གསལ་ལགས་ཀྱིས་བོད་ཀྱི་གནས་དོད་ནི་ཁོང་རང་སྒེར་གྱི་མི་ཚང་ཞིག་གི་གནས་དོན་ཙམ་དང་འདྲ་མཉམ་དུ་བརྩི་འདོད་པ་དེ་རེད།
རབ་གསལ་ལགས་ཀྱི་རྩོམ་ཐུང་འདི་ཡོང་ཚད་དག་དག་འགྲིག་འདུག་དྲིན་སོང་། ལྟོས་དང་ང་ཚོའི་སྤྱི་ཚོགས་འདི་ཅི་འདྲ་ཕྱོགས་ཞེན་དང་འཐེན་ཟུག་ནང་ལྷག་བསྡད་འདུག རེད། བློ་སེང་མཁས་པ་ཡིན་རུང་མཁས་པའི་བྱེད་ཐབས་དུས་ད་ལྟ་བར་སྤྱད་པ་མི་འདུག འོན་ཀྱང་ཁོས་ག་དུས་ཡིན་ཡང་བཤད་རྒྱུར་གྲོས་ཚོགས་གཙོས་། ཚོགས་སྡེ་འདྲ་མིན་ནང་ལ་ཟབ་སྤྱོང་སོགས་སྤྲོད་པའི་ལས་གཞན་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ག་གེ་མོའི་ལས་དོན་སྒྲུབ་རབ་ཉག་གཅིག་ཀྱང་བཤད་རྒྱུ་མེད་པ་རེད།
ལྷག་པར་ཏུ་ཁོ་རང་བསྡད་སའི་ས་་གནས་བོད་རིགས་ཚོའི་ནང་ནས་ཁོར་འོས་འཕེན་ཉུང་དོན་ཅི་ཡིན་ནམ།
མི་ཉག་སྐལ་བཟང་ལགས་ཀྱིས་རྩོམ་འདི་ལ་མཆན་ལན་གཉིས་ས་ཆ་གཉིས་སུ་བཏབ་འདུག་པའི་ལན་གཤམ་གསལ།
མི་ཉག་སྐལ་བཟང་ལགས། གུས་པར་མཆན་ཐུང་ངུ་ཚ་སེང་ངེ་བ་ཞིག་གསུངས་འདུག ཐུགས་རྗེ་ཆེ། དོན་ཚན་གཉིས་ཀྱི་ཐད་ཡང་བསྐྱར་བཤད་གི་ཡིན། བོད་མི་རེ་རེའི་སྒེར་དོན་བསགས་ནས་སྤྱི་དོན་ཆགས་པ་རེད། ངའི་ལྟོ་གོས་ཀྱི་གནད་དོན་དེ་བོད་ཀྱི་རྩ་དོན་རེད། ང་དང་ངའི་ཕ་མའི་འབྲེལ་བ་དེ་བོད་ཀྱི་རྩ་དོན་རེད། བོད་མི་རེ་རེ་བཞིན་དེ་ལྟར་བསགས་ནས་ང་ཚོའི་བོད་དོན་དང་ང་ཚོའི་གོད་ཆག་དེ་ཚོ་གྲུབ་ཡོང་བ་རེད། སྤྱི་དོན་ཟེར་ནས་སྒེར་པ་གཡུགས་རྐྱང་བྱེད་པ་འདི་ང་ཚོའི་སེམས་ཁམས་ལ་ཡོད་པའི་ན་ཚ་ཞིག་རེད་དྲན། འདི་གཅིག་ཡིན།
གཉིས་པ་དེ་བློ་སེང་གི་སྐོར་དེ་རེད། བློ་སེང་ལ་རྒྱ་ཕྲུག་ཁ་ཤས་ལ་ཐུག་ནས་སྐད་ཆ་བཤད་ཆེད་ཕྱི་སྡོད་རྒྱ་མིའི་ལག་འཁྱེར་མི་ལེན་པའི་སྙིང་སྟོབས་དེ་མེད་སོང་བ་རེད། དེ་འདྲ་ལ་ཐུག་དུས་ཐག་གཅོད་ཀྱི་ནུས་པ་བྲལ་ནས་བོད་གཞུང་དང་མི་གཞན་ལ་ལག་པ་ཕྱིས་པ་རེད། ད་འདི་དང་བོད་མི་གཞན་རྣམས་བོད་ལ་ཕྱིན་པའི་སྐོར་འདྲ་གི་མ་རེད། བོད་མི་གཞན་རྣམས་བཀའ་བློན་ཁྲི་པ་ལ་ལངས་གི་ཡོད་མ་རེད། བློ་སེང་བཀའ་བློན་ཁྲི་པ་ལ་ལངས་གི་ཡོད་རེད། དེ་ལ་ངས་སྐྱོན་བརྗོད་ཞུས་པ་ཡིན། ཁྱེད་ཉིད་ངེད་ཀྱི་བསམ་ཚུལ་ལ་མོས་མཐུན་མེད་པ་རེད། དེ་ནི་ཁྱེད་ཀྱི་དགོངས་ཚུལ་ཡིན་སྟབས། ངས་ཁ་དར་བཅས་དགའ་བསུ་ཞུ་འོས་རེད་དྲན་བྱུང་། དེ་མིན་ཁྱོད་དང་ང་ ཡང་ན་ལྷ་འམ་འདྲེ་ལྟ་བུའི་འགལ་ཟླ་དེ་འདྲ་ཡང་དགོས་དོན་མི་འདུག ཐུགས་རྗེ་ཆེ།
དགེ་འདུན་རབ་གསལ་ལགས་ཀྱིས་ཤོད་པ་འདི་གནད་འགག་ཆུང་ཆུང་རེད་མི་འདུག གནད་འགག་ཆེན་པོ་རེད་འདུག བློ་བཟང་སེང་གེས་བོད་དོན་ཤོད་པ་ནང་བཞིན་དགེ་འདུན་རབ་གསལ་གིས་ཡང་བོད་དོན་ཤོན་བཞིན་འདུག དེ་ག་འདྲ་སེ་རེད་ཟེར་ན བོད་མི་སྐྱབས་བཅོལ་པ་ཚོའི་སེམས་ནང་ལ་བོད་རྒྱ་གཉིས་ནམ་ཡང་འདྲེས་ཐབས་མེད་པའི་གཞུང་གཉིས་དང་མི་རིགས་གཉིས་ཡིན་པ་དེ་བོད་མི་བཙན་བྱོལ་བ་ཚང་མའི་སེམས་ལ་ཨ་ཐས་སུ་ཡོད་པ་རེད་བསམས། སོང་ཙང་་་་དགེ་འདུན་རབ་གསལ་བོད་ཀྱི་ཆེད་དུ་རྒྱ་ཡིག་བླངས་ནས་རྒྱ་ནག་ལ་ཕྱིན་མི་འདུག ཡིན་ན་ཡང་་་་་བློ་བཟང་སེང་གེས་རྒྱ་ཡིག་བླངས་ནས་རྒྱ་ནག་ལ་ཕྱིན་འདུག ང་ཚོས་ཁོང་གཉིས་ཀྱི་མི་གཞི་ལ་ངན་འཚང་དང་སྐྱོན་འདོགས་བྱེད་རྒྱུ་དེ་མ་ཡིན་པར་་་་་སུ་བོད་མི་རིགས་ལ་རྒྱལ་ཞེན་ཆེ་བ་འདུག སུ་བོད་མི་རིགས་ལ་རྒྱལ་ཞེན་ཆུང་བ་འདུག སུའི་ལས་ཀ་དེ་ཡང་དག་པ་རེད། སུའི་ལས་ཀ་དེ་ནོར་འཁྲུལ་རེད། སུ་ང་ཚོའི་གཞུང་གི་ལངས་ཕྱོགས་ལ་ལངས་གི་འདུག སུ་ང་ཚོའི་གཞུང་གི་ལངས་ཕྱོགས་གི་ལྡོག་ཕྱོགས་ལ་ལངས་གི་འདུག གནད་དོན་འདི་ཚོ་ལ་དྲ་གྲོགས་ཚོས་མིག་གིས་བལྟ་བ་དང་རྣ་བས་ཡག་པོ་ཉན་རྗེས་བསམ་ཚུལ་ཤོད་དགོས་གི་རེད། དྲི་དོན་དེ་ཚོ་བློ་བཟང་སེང་གེ་དང་དགེ་འདུན་རབ་གསལ་གཉིས་གཅིག་པུ་མ་རེད། གནད་ཡོད་མི་སུ་འདྲ་ཞིག་ལའང་དེ་ལྟར་རེད། ད་ལྟ་བོད་གཞུང་བཀའ་ཁྲི་རྗེས་མ་དེ་མི་གཅིག་རང་གཅིག་ལ་གཏན་འཁེལ་མེད་ཙང་འོས་མི་ཚོའི་འུ་ཁུང་ཡོད་ཚད་ལ་མིག་གིས་བལྟ་དགོས་གི་རེད། རྣ་བས་ཉན་དགོས་གི་རེད། དེ་ལྟར་བྱེད་ན་རྗེས་ཕྱོགས་བོད་མི་ཚོའི་དམིགས་ཡུལ་རེ་སྟོང་ལ་འགྱུར་གི་མ་རེད། དེ་སྔོན་མི་ལོ་ལྔ་བཅུའི་རིང་ང་ཚའི་འཐབ་རྩོད་ལ་གྲུབ་འབྲས་སྟོན་རྒྱུ་མེད་པའི་རྒྱུ་མཚན་ཡང་གནད་དེ་ལ་ཐུག་པ་རེད། དགེ་འདུན་རབ་གསལ་གྱིས་དོན་འདིའི་གནད་ལ་འཇུས་ནས་ཤོད་པ་འདྲ་འདུག
དགེ་འདུན་རབས་གསལ་ལགས་ཀྱིས་བློ་སེང་སྐོར་ཚོ་སྣང་ཆེན་པོ་བྱུང་དོན་གླེང་བརྗོད་དེར་ཚིག་ཁ་ཤས་བཤད་འདོད་བྱུང་།
བློ་སེང་གིས་རྒྱ་གཞུང་གི་ལག་འཁྱེར་བླངས་ནས་རྒྱ་ནག་ལ་ཕྱིན་ཚུལ་དང་དེ་བཞིན་རྒྱ་བོད་འབྲེལ་མཐུད་པ་རྣམས་ཀྱིས་ཀྱང་ལག་འཁྱེར་དེའི་ཐོག་སྤྱོད་བཞིན་ཡོད་ཞེས་བཤད་པར་བདེན་པ་མིན་ཚུལ་ཐོན་གྱི་འདུག་པས་གལ་སྲིད་བོད་ཀྱི་སྐུ་ཚབ་གང་ཡང་རུང་བ་ཞིག་གིས་རྒྱ་གཞུང་གི་སྤྲོད་པའི་ལག་འཁྱེར་བླངས་མེད་ན་བློ་སེང་གིས་མི་བདེན་རྫུན་བཟོ་དེའི་རིགས་ལ་ངེས་པར་དུ་ཐེར་འདོན་བྱེད་དགོས། གཞན་རབས་གསལ་གྱིས་ཁོང་རང་ཉིད་ཕ་མ་ཐུབ་འཕྲད་ཀྱི་ཆེད་དུ་དང་གཞན་མི་སྒེར་འགས་ཕ་མ་དང་སྤུན་གྲོགས་ཐུབ་འཕྲད་ཀྱི་ཆེད་དུ་རྒྱ་གཞུང་སར་ནས་ལག་འཁྱེར་བླངས་མེད་ཚུལ་དང་བློ་སེང་རྒྱ་ནག་ལ་སྤྱོད་སྐབས་རྒྱ་གཞུང་གིས་སྤྲོད་པའི་ལག་འཁྱེར་བླངས་པར་མཚུངས་བསྡུར་བྱེད་པ་དེ་གཉིས་ཀྱི་བར་ཁྱད་པ་གནམ་ས་ལྟར་བུ་འདུག།
སྒེར་དོན་དང་སྤྱི་དོན་བར་དགོས་པ་དང་རྒྱུ་མཚན་མི་འདྲ་བའི་ཕྱོགས་གང་སར་ལྟར་དགོས། དེ་ཡང་གོང་གསལ་
དགེ་འདུན་རབས་གསལ་ཁྱེད་ཉིད་ཀྱིས་དྲངས་པའི༼ཕྱིར་སྡོད་རྒྱ་མི་ཞེས་པའི་མིང་འདིར་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས་འདིའི་ཐད་འགེངས་ཤོག་བཀངས་རྗེས་དགག་དགོས་རྒྱུ་མཚན་དུ་བྱས་ནས་རྒྱའི་ལག་འཁྱེར་དེ་བླངས་ན་འགྲིགས་པ་ལྟ་བུ་ཞིག་ཡོད་༽་ཞེས་ཁྱེད་རང་ཉིད་ཀྱིས་དེར་མོས་མཐུན་བྱས་འདུག། ཕྱོགས་གཞན་ཞིག་ནས་ཞུ་ན་ཆོལ་གསུམ་བོད་མི་ཡོངས་རྫོགས་རྒྱ་མི་དམར་པོ་ཡི་སྲིད་གཞུང་གི་འོག་ནས་མཉམ་གནས་ཀྱི་ལངས་ཕྱོགས་ལ་བོད་མིའི་འགོ་དམངས་ཡོངས་ཀྱིས་རེ་འདོད་བྱེད་བཞིན་ཡོད་པས་དེར་ཞིབ་ན་གོང་གསལ་གནས་ཚུལ་འདི་ཚོར་གླེང་རིན་ཡོད་པར་ཞིག་མ་རེད། གལ་སྲིད་ཁྱེད་ཀྱིས་ད་ཆར་འགྲོ་བཞིན་པའི་རྒྱ་བོད་བར་གྱི་གྲོས་མོལ་དང་བཙན་བྱོལ་བོད་གཞུང་གི་དབུ་མིའི་ལམ་གྱི་སྲིད་ཇུས་ལ་མོས་མཐུན་མེད་ཚེ་ད་ཟད་སྐད་ཆ་དེ་ཚོར་རྒྱུ་མཚན་ཡོད་པར་ངེས་འཛིན་ཞུ་ཆོག།
སྒེར་དོན་དང་སaོྱི་དོན་ཀཀཀཀཀཀམམ
ངའི་མཆན་གྱི་མཐར་ལ་༼སྒེར་དོན་དང་ས་་་་སོགས་ཚིག་བསྙོགས་ཤོར་འདུག་པས་དགོངས་འགལ་མེད་པ་ཞུ།
ངས་ཀྱང་དོན་དག་གཅིག་བཤད་ན་འདོད་བྱུང་། ཉེ་ཆར་ཀུན་གླེང་གི་ལེ་ཚན་ཞིག་ཏུ་བློ་བཟང་སེང་གེས་གལ་སྲིད་ང་རང་བཀའ་བློན་ཁྲི་པར་ཆགས་པ་ཡིན་ན། ཧར་ལྦར་སློབ་གྲྭས་ང་རང་ལོ་ལྔའི་རིང་དགོངས་པ་གནང་རྒྱུ་བྱས་ཡོད་ཅེས་གསུངས་སོང་། གལ་སྲིད་ཁོ་རང་བཀའ་ཁྲི་མ་ཆགས་པ་ཡིན་ན་ཁོང་གིས་མུ་མཐུད་དུ་ཧར་ལྦར་སློབ་གྲྭ་ནས་ཕྱག་ལས་གནང་རྩིས་ཡོད་པ་རེད་དམ། འདི་ལ་གསལ་ཁ་ཞིག་གཏོད་དགོས་པ་འདྲ། གལ་སྲིད་ཁོང་ལ་བོད་དོན་ཐོག་སེམས་ཤུགས་དང་ཆོད་སེམས་ཤིག་ཡོད་པ་ཡིན་ན། བཀའ་ཁྲིའི་རྒྱལ་ཁ་མ་ཐོབ་ཀྱང་། མ་འོངས་པར་བཀའ་བློན་བྱེ་བྲག་པ་ཞིག་གམ་ཡང་ན་སྤྱི་འཐུས་ཤིག་གི་ས་མིག་རེག་པར་ཐེ་ཚོམ་མེད་ལ། སྤྱི་ཚོགས་ལ་ཞབས་འདེགས་ཀྱང་ཏན་ཏན་བསྒྲུབ་ཐུབ་ངེས་རེད། རབ་ཡིན་ན་ཁོང་གིས་ཧར་ལྦར་བློས་བཏང་ནས་རྡ་རམ་ས་ལ་ནས་བཞུགས་དགོས་པ་རེད། འདི་ངའི་སེམས་ཁྲེལ་གཙོ་བོ་མིན། ངའི་དོགས་པ་ནི་བློ་བཟང་སེང་གེས་བཀའ་ཁྲིའི་བཞུགས་ཁྲི་འཐོབ་ན་བཀའ་ཁྲིའི་ཁྲི་ཐོག་ལ་བཞུགས་གི་ཡིན། མ་ཐོབ་ན་ཧར་ལྦར་གྱི་ཁྲི་ལ་བཞུགས་གི་ཡིན། གཞན་ཐོབ་དང་གོ་ས་ཆུང་ཙག་དག་ནི་ང་ལ་མི་དགོས་ཞེས་བཟོ་ལྟ་འདྲ་ཞིག་སྟོན་གི་མེད་དམ་སྙམ། ངས་མུ་མཐུད་དུ་འདི་ལ་དོ་སྣང་བྱེད་ཀྱི་ཡིན།
སྙན་བཟང་ལགས། ཁྱེད་ཀྱི་དྲི་བའི་སྐོར་དེ་ཁོང་གི་མཆན་ཞིག་གི་ནང་འབྲེལ་ཐག་ཅིག་བཞག་འདུག དེ་བརྒྱུད་ནས་གསལ་པོ་ཞིག་ཐོབ་པ་འདུག འོན་ཀྱང་ཁ་གསལ་མེད་པ་དེ་ནི། བློ་སེང་གི་ཕོགས་རིམ་དེ་རེད། སྔོན་མ་ཞིག་ལ་བློ་སེང་ལ་ཧར་ཝར་ཌི་མཐོ་སློབ་ནས་ཕོགས་སྤྲོད་ཀྱིན་ཡོད་ཅེས་ཡིག་ཆ་ཞིག་བཀྲམས་སོང་བསམས། འོན་ཀྱང་། ཁོང་གི་སྐོར་དྲ་རྒྱ་ན་ཕྱི་བསྒྲགས་བྱས་པ་དེ་དག་ལ་བརྟགས་ན། ཁོང་གིས་ རང་གི་ཕོགས་ཕྱི་ལོགས་ནས་འཚོལ་དགོས་པ་ཞིག་བྲིས་འདུག དེ་ཡིན་ན། ད་བར་དུ་སུས་ཕོགས་ཕུལ་པ་དེ་ཡང་ཤེས་དགོས་རྒྱུ་ཞིག་རེད་འདོད།
ངའི་དྲི་བ་གཙོ་བོ་དེ་ཆད་འདུག གལ་སྲིད་ཁོ་རང་བཀའ་ཁྲིའི་རྒྱལ་ཁ་མ་ཐོབ་པར་བཀའ་བློན་ཁྲི་པ་བསྟན་འཛིན་རྣམ་རྒྱལ་ལམ་ཡང་ན་བཀྲ་ཤིས་དབང་འདུད་སུ་གང་རུང་ཞིག་གིས་བཀའ་ཁྲིའི་ལས་རོགས་སུ་བརྐོས་པ་ཡིན་ན་ཁོང་གིས་དེ་དང་ལེན་བྱེད་ཀྱི་ཡོད་དམ་མེད། གལ་སྲིད་བློ་སེང་སྐབས་གསུམ་པར་རྒྱལ་ཁ་ཐོབ་ནའང་། སྐབས་བཞི་བར་མ་འཐོབ་ན་ཁོང་གིས་མུ་མཐུད་དུ་བཙན་བྱོལ་སྤྱི་ཚོགས་ནང་དུ་ཕྱག་ལས་གནང་རྩིས་ཡོད་དམ་མེད། ངའི་དྲི་བ་ངོ་མ་དེ་འདི་ཡིན།
འདི་ནས་ངས་ཞུ་འདོད་པ་ལ།བློ་སེང་སྐོར་དབྱིན་ཡིག་༼བོད་ཀྱི་ཆབ་སྲིད་བསྐྱར་ཞིབ༽ཏུ་གཟིགས་ན་མང་པོ་ཤེས་རྒྱུ་འདུག།བློ་སེང་ཧ་ཝར་སློབ་ཆེན་དུ་ལས་ཀ་ཅི་ཞིག་བྱེད་བཞིན་ཡོད་པ་རེད་ཟེར་ན།ཁོང་ལ་འབུམ་རམས་པའི་ལས་ཀ་དེ་འདྲ་མི་འདུག་ལ།བློ་སེང་གིས་དབྱིན་ཇི་བ་འབུམ་རམས་པ་སྐད་གྲབས་ཅན་ཞྀག་གི་༼ཁོང་གི་མིང་ངས་འདི་འབྲི་སྐབས་དྲན་མ་སོང་༽ལས་རོགས་སུ་ལས་ཀ་བྱེད་བཞིན་འདུག།ལས་ཀ་དེ་གཏན་འཇགས་ལས་ཀ་རེད་མི་འདུག་ལ།དངུལ་གྱི་མཐུན་རྐྱེན་འཛོམས་ན་ལོ་དང་ཟླ་བ་རྒྱུན་རིང་སྟེ་བློ་སེང་ལ་ལས་ཀ་སྤྲོད་ཀྱིན་འདུག།དབྱིན་ཇི་བ་འབུམ་རམས་པ་དེ་རྒྱ་ནག་ཕྱོགས་ལ་འབྲེལ་བ་ཆེན་པོ་རེད་ལ།བློ་སེང་དེ་འདྲའི་གོ་སྐབས་ཤིག་གི་འོག་ནས་ཚོགས་པ་ཞིག་དང་མཉམ་དུ་རྒྱ་ནག་ཏུ་ཕྱིན་པ་ཡིན་ཚོ་རེད།
མཁྱེན་ཡངས་དགེ་རབ་ལགས་ཀྱིས་འགག་རྩའི་དུས་ཚོད་འདིར་གླེང་བར་འོས་པའི་གནད་དོན་ཞིག་འབོར་ཁ་གསལ་དོན་གསལ་ངང་གསུངས་པར་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།ཁྱེད་ཀྱིས་གསུངས་པ་བདེན་པ་རེད།བློ་བཟང་སེང་གེ་ལགས་ཀྱིས་ག་དུས་ཡིན་ནའང་གནད་དོན་གལ་ཆེའི་རིགས་མང་པོ་ཞིག་མི་གཞན་ལག་པ་ཕྱིས་ས་བེད་སྤྱོད་བྱེད་ཀྱི་ཡོད་པ་དེ་ང་ལའང་ཚོར་སྣང་ཆེན་པོ་བྱུང་།དཔེ་མཚོན་ཁ་ཤས་ཤིག་དྲངས་ན།
༡༽ཨ་རིའི་སློབ་ཡོན་ལས་འཆར་གྱི་གྲོས་ཆོད་དང་།ཆེ་མཐོའི་ཤེས་ཡོན་ལྷན་ཚོགས་ཀྱི་སྒྲིག་གཞི་དང་འགལ་བའི་ཉེས་བཙུགས་བྱེད་དུས།རྒྱ་མི་རིགས་ལ་འབྲེལ་མཐུད་བྱ་རྒྱུ་དང་ཤེས་རིག་ལས་ཁུངས་གཉིས་ལག་པ་ཕྱིས་ས་བྱས་པ་རེད།
༢༽ཕྱིར་སྡོད་རྒྱ་མིའི་ལག་འཁྱེར་བེད་སྤྱོད་བྱེད་དུས་ཕར་མ་འགྲོ་གོང་ལ་སྤྱི་འཐུས་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་འགེང་ཤོག་དེ་བཀང་དགོས་ཀྱང་།བློ་སེང་གིས་དེ་ལྟར་མ་བཀང་པར་རྒྱ་ནག་ལ་གསང་བསྐྱོད་བྱས་པ་མ་ཟད།ད་ཆ་དོན་དེར་གླེང་སློང་ཤུགས་ཆེན་བྱུང་སྐབས་རང་ཉིད་དཀར་འདོན་ཆེད་ཨ་རིའི་དོན་ཁང་དང་བཀའ་ཤག་གཉིས་ལག་པ་ཕྱིས་ས་བྱས་པ་རེད།
༣༽མཁྱེན་ཡངས་མང་པོ་ཞིག་གིས་བློ་བཟང་སེང་གེ་ལགས་སུ་བཀའ་ཁྲིའི་རྩ་བའི་འོས་ཆོས་ལྔའི་ནང་ཚན་ཉམས་མྱོང་མེད་སྐོར་གླེང་བསྒྲགས་ཤུགས་ཆེན་ཡོང་དུས།བློ་སེང་གིས་ང་ལ་ཉམས་མྱོང་མེད་ན་རྡ་རམ་ས་ལའི་ཚོགས་སྡེ་ཁག་གིས་ང་མིང་འདོན་བྱས་པས་ངར་ཉམས་མྱོང་མེད་ནས་བཀའ་ཁྲི་བྱེད་མ་ཐུབ་ན་ཚོགས་སྡེ་དེ་དག་ལ་བརྗོད་ཤོག་ཅེས་ཚོགས་སྡེ་ཁག་ལག་པ་ཕྱིས་ས་བྱས་པ་རེད།དངོས་གནས་བློ་སེང་དེ་ལག་པ་ཕྱིས་རྒྱུར་མཁས་པོ་ཞེ་དྲག་འདུག
རབ་གསལ་ལགས་ཀྱིས་གང་བྲིས་ཡོད་མེད་ལ་ལྟ་ལོང་མི་འདུག རྗེས་སུ་ཀློག་གི་ཡིན། འོན་ཀྱང་ཁ་བརྡའི་སྟེང་ཡེ་ཤེས་རྡོར་རྗེས་བཀའ་ཁྲིའི་སྐོར་ལ་དཔྱད་རྩོམ་ཡིག་ནོར་མང་བའི་བདག་ཉིད་ཅན་ཞིག་བྲིས་འདུག་པས། ཡེ་ཤེས་རྡོ་རྗེ་ཞེས་པ་འདི་དེ་སྔོན་ཏཱ་ལའི་བླ་མའི་དབུ་མའི་ལམ་ཞེས་པ་བྲིས་ཏེ་༸གོང་ས་མཆོག་ལ་མཚན་སྨད་ཤུགས་ཆེན་ཞུས་པ་དང་བོད་མི་མངས་ལ་བརྙས་བཅོས་ཚད་མེད་བྱེད་མཁན་གྱི་ཡེ་རྡོར་ཞེས་པ་དེ་ཡིན་མིན་བརྟག་དཔྱད་གང་ལེགས་གནང་རོགས། ང་བྲེལ་བ་ཧ་ཆང་ཆེ། འདི་ནས་མཚམས་འཇོག་འདོད།
མཆན་གཞན་ལ་ནི་བལྟ་ཁོམ་མ་བྱུང་། དགེ་འདུན་རབ་གསལ་ལགས་ཀྱི་གསུང་གི་ནང་ནས་”“ང་བོད་པ་ཡིན་སྟབས་ལག་འཁྱེར་མི་འཛིན་”ཞེས་པའི་ཆོད་སེམས་ཤིག་ཁོ་ལ་མེད་སོང་བ་དེས་ང་བློ་ཕམ་བྱུང་།”ཞེས་པ་འདི་བློ་ལ་འགྲོ་སོང་། འོན་ཀྱང་དེ་ནི་གཞི་རྩའི་བལྟ་བའི་གནད་དོན་ཞིག་རེད། ད་སྐབས་ངས་བཤད་བཞིན་པའི་འཇིག་རྟེན་བལྟ་ཚུལ་གྱི་གནད་དོན་ཞིག་རེད། འདིའི་ནང་དུ་བོད་གཞུང་གིས་ཀྱང་ནོར་འདུག ལར་ནས་དེ་དུས་ཁོང་མཁས་པའི་ངོ་བོའི་ཐོག་ནས་སོང་བ་ཡིན་པ་ལས་བཀའ་ཁྲིའི་འོས་མི་ལ་རེ་བ་ཡོད་པའི་སྐབས་སུ་ཁེལ་མེད། ད་དུང་བློ་སེང་གིས་”འཇམ་དབྱངས་ནོར་བུ་ཕེབས་ཡོད་རེད་”ཅེས་པ་ཡང་རྫུན་ཡིན་པར་འཇམ་ནོར་རང་གིས་བྲིས་འདུག ད་དུང་ཉིན་འདི་དག་གི་ལ་ཁོང་གི་ཐོག་ནས་འདོད་པ་མ་ཁེངས་བའི་གཞི་རྩའི་བལྟ་བའི་གནད་དོན་གཞན་འགའ་ཞིག་ཀྱང་འབྱུང་བཞིན་འདུག
འོན་ཀྱང་ཀྱང་བཀའ་ཁྲི་ལ་ནི་ཁོང་གསུམ་ལས་ད་དུང་བློ་སེང་རང་དྲག་པར་བསམ་ཡོད།
བློ་སེང་ལགས་འཛམ་གླིང་གང་སར་ཕྱིན་ན་ཡང་བྱས་རྗེས་བཞག་པ་ནི་གང་ཡང་མེད། དེ་མ་ཕེབས་པར་རྣལ་གཟིམ་ནས་བཞུགས་ན་ཡག་ཤོས། གཟིམ་མཇལ་གནང་དགོས།
བློ་སེང་རྒྱ་ནག་ལ་ཕྱིན་པ་དེ་འགྲིག་འདུག རྒྱ་མི་ཐུག བོད་པ་ཐུག བོད་དོན་བཤད། དེ་སྐྱོན་མིན་འདུག ལྷག་པར་དུ་ཁོང་རྒྱ་ནག་ལ་མ་འགྲོ་གོང་ལ་བོད་གཞུང་བཀའ་བཤག་ལ་སྙན་སེང་ཞུས་འདུག དེའི་སྐོར་ལ་ཟམ་གདོང་རིན་པོ་ཆེས་འགྲེལ་བཤད་རྒྱས་པོ་ཞིག་བརྒྱབ་འདུག བློ་སེང་གི་དྲ་རྒྱའི་ཐོག་ནས་གཟིགས་ཐུབ་ཀྱི་འདུག
བློ་སེང་གིས་དབུ་མའི་ལྟ་བ་བཤད་ཀྱི་འདུག རྒྱལ་བ་རིན་པོ་ཆེ་ང་ཀྲུང་གོའི་སྤྱི་འབངས་ཡིན་གསུངས་ཀྱི་འདུག ང་ཚོ་རང་བཙན་དགོས་ཡོད་ལབ་ཀྱི་མེད་ཅེས་རྒྱལ་བ་རིན་པོ་ཆེས་ཉིན་ལྟར་གསུངས་ཀྱི་འདུག ད་རྩ་དོན་ཐོག་ནས་ང་ཚོ་རྒྱ་མིའི་མངའ་ཁོངས་ཡིན་པར་ཁས་ལེན་ཐོག་ལ། ལག་ལེན་ཐོག་ནས་རྒྱ་མིའི་པ་སེ་འཁྱེར་བར་སྐྱོན་མཐོང་མ་སོང་།
མ་ཟད། དགེ་རབ་ལགས་དང་ང་རང་ཚོ་ཚང་མས་དང་པོ་རྒྱ་མིའི་པ་སེ་དེ་ལ་གཟིགས་ནས་དེ་རྒྱ་མིའི་མི་སེར་དང་སྤྱི་འབངས་ཀྱི་ཐོབ་ཐང་ཡིན་མིན་ཞིག་དཔྱད་ཐུབ་ཚེ་ད་དུང་ང་ཚོའི་བརྩོད་པ་དེ་གསལ་དུ་འགྲོ་ཐུབ་ཀྱི་རེད་སྙམ། པ་སེ་དེ་འདྲ་ཞིག་མཐོང་ཡས་ཨེ་ཡོད།
དགེ་འདུན་རབ་གསལ་ལགས། གནག་ཐོག་ཏུ་ཁབ་བཙུགས་པ་ལྟར་ཡག་པོ་ཞིག་བྲིས་འདུག
ད་བློ་སེང་ནས་ཨ་རིའའི་དེབ་ལྗང་རྒྱ་མིའི་ལག་ཁྱེར་དང་བསྡུར་བ་དང་། བློ་སེང་རྒྱབ་སྐྱོར་བས་༸གོང་མཆོག་གི་སྐུ་ཚབ་རྒྱ་ནག་ཏུ་ཕེབས་ཚུལ་དང་། བླ་སེང་རྒྱ་ནག་ཏུ་འགྲོ་ཚུལ་གཉིས་ལ་འབསྡུར་བ་ནི་ངོ་མ་སྐྱུག་བྲོ་བའི་སྐད་ཆ་ཞིག་མ་རེད་པས། བློ་སེང་ད་ལྟའི་ལས་གནས་ནས་ལོ་ངོ་ལྔའི་དགོངས་འཁྲོལ་ཞུས་ཚུལ་ཡང་དོན་གྱི་ཁོང་བོད་ལ་ཞེན་པ་དང་། རང་ཉིད་བོད་རིགས་གཅིག་པའི་ངོ་བོའི་ཐོག་གཞུང་ལས་ནི་བོད་མི་ངོ་རེའི་རང་གི་ཕྲག་སྟེང་དུ་ཡོད་པ་མི་ཤེས་མཁན་གྱི་བོད་མི་རྐུབ་སྟེགས་ཁོ་ནར་བསམ་མཁན་ཞིག་ཏུ་འདོད། དེའི་ཕྱིར་དྲ་གྲོགས་ཚོས་བློ་སེང་ཐད་ཐུགས་བསམ་དང་བརྟག་དཔྱད་གང་ནང་བྱོས།
དགེ་འདུན་རབ་གསལ་ལགས་ཀྱིས་གནད་འགག་ཅིག་ལ་འཇུས་ནས་གླེང་འདུག འདི་ང་ཚོས་གླེང་དཔྱད་དགོས་པ་གཅིག་རེད། ཁ་ཤས་ཀྱིས་དེ་གླེང་བས་འགྲིག་གི་མ་རེ་མདོག་མདོག་བྱེད་མཁན་ཚོས་སྤྱི་དོན་ལ་བསམ་བློ་འཁོར་ནས་གླེང་ན་ཡག་པོ་འདུག
བློ་བཟང་སེང་གེས་བཤད་པ་དེར་ཉན་པ་ཡིན། འཇམ་ནོར་གྱི་རྩོམ་དེ་ཡང་བཀླགས་པ་ཡིན། འཇམ་ནོར་དང་ལྷ་ཚེ་གཉིས་རྒྱ་ནག་ལ་ཕྱིན་པ་རེད་ཅེས་ཅིའི་ཕྱིར་རྫུན་སྒྲོག་བྱེད་པ་ཡིན་ནམ། ཕྱིར་སྡོད་རང་མིའི་མིང་ཐོག་ནས་ཕྱིན་ཚར་བའི་རྗེས་ལ། ད་ནི་སྐྱབས་བཅོལ་བ་ཡིན་མིན་དང་། རྒྱ་ནག་གི་མི་སེར་ཡིན་མིན་དེར་ཨུ་ཚུགས་བྱེད་དགོས་ཨེ་ཡོད། རང་མི་ཟེར་བ་ནི་ཚིག་རང་ག་བ་ཞིག་མིན། ཆབ་སྲིད་ཀྱིས་དཔྱད་ན་འདི་ལ་དཔྱད་རྒྱུ་མང་པོ་ཡོད་པ་རེད། རྒྱ་ནག་གི་མཁས་པ་ཚོར་ཆོས་འཁོར་བསྐོར་གྱི་ཡོད་པའི་བཟོ་འདྲ་པོ་ཐེངས་མང་པོར་བློ་སེང་གིས་བཤད་སོང་། ཡིན་ནའང་། རྒྱ་ནག་གི་ཆབ་སྲིད་མཁས་པ་གྲགས་ཅན་དེ་ཚོས་བློ་སེང་ལ་དོ་སྣང་དེ་ཙམ་མེད་དོན་ཅི་རེད། མང་ཚོགས་ལ་མགོ་སྐོར་གཏོང་སྟངས་འདི་ཚོ་ཡག་པོར་མཐོང་མ་སོང་།
བཀའ་ཤག་དང་སྐུ་སྒེར་ཡིག་ཚང་གིས་རྒྱ་ནག་ལ་སོང་ན་ཡག་པོ་འདུག་ལབ་ཡོད་སྲིད། དེ་བདེན་ཀྱང་སྲིད། ལག་འཁྱེར་སྐོར་ལ་ཞུས་ཡོད་བཟོ་མི་འདུག་ལ་དེའི་སྐོར་ལ་ཟམ་གདོང་རིན་པོ་ཆེས་གསལ་བཤད་གནང་བའི་ནང་ནའང་གང་ཡང་མི་འདུག ཡིན་ནའང་བློ་སེང་གིས་ཟམ་གདོང་རིན་པོ་ཆེས་དེའི་སྐོར་ཞིབ་ཕྲ་བཀའ་གནང་ནས་གསལ་པོ་བྱུང་ཡོད་རབས་ཟེར། གཞོན་སྐྱེས་འདི་ཚོ་ཨུ་ཚུགས་ཆེ་བ་ལ་ཨང་།
སྤུན་གྲོགས་ཚོའི་ཐུགས་སྤྲོ་པོའི་ངང་ནས་ཨ་རི་གཞུང་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གིས་ཤེས་འཇོན་གཉིས་ལྡན་གྱི་མཁས་དབང་བློ་བཟང་སེང་གེ་མཆོག་ལ་གནང་བའི་རྒྱབ་གཉེར་ཡིག་ཆ་འདི་།ཁོང་ལ་རྒྱབ་སྐྱོར་ཡོད་མེད་ལ་མ་སྟོས་པར་འཐེན་རེ་བཀླག་རོགས་།
མཁས་དབང་བློ་བཟང་སེང་གེ་མཆོག་གི་་་མ་འོངས་ལས་འཆར་་་དེབ་ཆུང་ཤོག་ངོས་བརྒྱད་པའི་ནང་འཁོད་གསལ་ལྟར་ན་།ཡིག་ཆ་འདི་ནི་ཕྱི་ལོ་༢༠༠༧་ཟླ་༣་ཚེས་༢༩་ཉིན་ཨ་རིའི་གཞུང་གི་ཤེས་ཡོན་དང་།རིག་གཞུང་ལས་དོན་ཁང་གི་དྲུང་ཆེ་ལས་རོགས་སྐུ་ཞབས་ཝིལ་ལིམ་ཤ་ཡིན་མཆོག་གིས་།་མཁས་དབང་བློ་བཟང་སེང་གེ་ལ་གནང་བའི་རྒྱབ་གཉེར་ཡིག་ཆ་དབྱིན་ཡིག་ཐོག་ཡོད་པ་བོད་བསྒྱུར་ཞུས་།་དྲུང་ཆེ་ལས་རོགས་མཆོག་གི་རྒྱབ་གཉེར་ཡིག་ཆ་ནང་འཁོད་དོན་།
ངས་ཨ་རིའི་གཞུང་དང་ཨ་རིའི་གནས་འཕྲིན་ལས་དོན་ཁང་གི་ནང་།་ཤར་ཨེ་ཤ་ཡའི་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གི་ལས་དོན་མང་ཆེ་བའི་དོ་དམ་གྱི་ལས་འགན་འཁུར་ནས་།་ལོ་གྲངས་༡༧་ཙམ་འགྲོ་ཡི་ཡོད་པ་དང་།དོ་དམ་གྱི་ལས་དོན་འདིའི་བརྒྱུད་རིམ་ཁྲོད་ནས་།ཨེ་ཤ་ཡའི་མཁས་དབང་དང་སློབ་མ་དྲག་ཤོས་རྣམས་འདེབས་སྒྲུབ་དང་།སློབ་དུས་རྫོགས་རྗེས་ལས་གནས་མཁོ་སྤྲོད་བཅས་ཀྱི་ལས་དོན་བསྒྲུབ་ཡོད་ཅིང་།ཨ་རིའི་གྲོས་ཚོགས་ཀྱི་དམིགས་བསལ་འཆར་འགོད་འོག་ནས་།བོད་རིགས་སློབ་མ་མཁས་དབང་བཅས་།ཕལ་ཆེར་༣༠༠ཙམ་ལ་དོན་ལྡན་གྱི་སློབ་ཡོན་གནང་ཡོད་པ་རེད་།
ངའི་བསམ་པར་ང་ཚོའི་སློབ་ཡོན་འཆར་འགོད་འདིའི་ནང་ནས་།་མཁས་དབང་བློ་བཟང་སེང་གེ་ལས་ལྷག་པ་།ལས་དོན་སོགས་ལེགས་སོན་བྱུང་བ་སུ་གཅིག་བྱུང་མྱོང་མེད་བསམ་གྱི་ཡོད་།ཧར་ཝར་ཏྲིའི་གཙུག་ལག་སློབ་གྲཱ་ཆེན་མོ་ནས་།བློ་བཟང་སེང་གེ་ཁོང་ལ་མཁས་དབང་གི་ལག་འཁྱེར་ཐོབ་པ་འདིས་།ཁོང་གིས་མཁྱེན་དཔྱོད་སོགས་ཇི་ལྟར་ཡིན་མིན་གསལ་པོ་མཐོང་ཐུབ་ཀྱི་ཡོད་རེད་།ཕྱོགས་གཞན་ཞིག་ནས་གནད་དོན་འདིས་།ཁོང་ཧ་ཅང་གི་བློ་གྲོས་ཅན་དང་ཕུལ་དུ་བྱུང་བའི་མཁས་དབང་ཡིན་པ་སྟོན་གྱི་ཡོད་རེད་།
ང་སྒེར་གྱི་ངོས་ནས་ལོ་གྲངས་༡༡་ཙམ་གྱི་རིང་ལ་།མཁས་དབང་བློ་བཟང་སེང་གེའི་ཕྱག་ལས་དང་གྲུབ་འབྲས་བཅས་ལ་རྒྱུས་མངའ་ཆེན་པོ་བྱུང་ཡོད་ཅིང་།ཁོང་ནི་ལྟ་གྲུབ་དང་ལག་ལེན་གཉིས་ཀའི་ཐོག་ནས་འགྲོ་མཁན་ཞིག་ཡིན་པ་དང་།དེ་སྐབས་མཁས་དབང་མང་པོ་ཞིག་ལ་ལྟ་གྲུབ་དང་ལག་ལེན་གཉིས་ཀའི་སྤུས་ཚད་ཡོད་མཁན་དཀོན་པོ་ཡོན་།རྒྱ་ནག་གི་མཁས་དབང་དང་གཞུང་འབྲེལ་མི་སྣ་།བཙལ་བྱོལ་བོད་གཞུང་གི་སྐུ་ཚབ་དབར་གདོང་དང་གདོང་ཐུག་ནས་།ཕྱོགས་གཉིས་ཀྱི་རྩོད་རྙོག་རྣམས་སེལ་ཐབས་སུ་ཚོགས་འདུ་གོ་སྒྲིག་གི་ལས་དོན་ལ་འབད་བརྩོན་གནང་ཡོད་པ་རྣམས་།ཁ་གསལ་པོའི་ཐོག་ནས་ཞུ་ན་སྔོན་དུས་དེ་འདྲ་བྱུང་མྱོང་མེད་པ་རེད་།
ལས་དོན་འདི་ནི་སློབ་ཡོན་ཚོགས་ཆུང་འདི་དང་ཨ་རིའི་གྲོས་ཚོགས་ཁང་གཉིས་ཀྱིས་།༸ཏཱ་ལའི་བླ་མ་མཆོག་དང་རྒྱ་ནག་དབུས་གཞུང་གཉིས་དབར་།ཞི་མོལ་ལེགས་འགྲུབ་ཡོང་བའི་སྲིད་བྱུས་འཛིན་བཞིན་པ་དེ་རེད་།འཐབ་རྩོད་འདིའི་ཐད་ལ་མཁས་དབང་བློ་བཟང་སེང་གེས་ཕྱག་ལས་གནང་བཞིན་པ་དང་།མུ་མཐུད་ནས་ཕྱག་ལས་གནང་དགོས་པ་ད་གལ་ཆེན་པོ་ཡིན་།
གང་དུ་དཀའ་ངལ་ཡོད་ས་དེར་གནད་དོན་ཡོད་པ་དང་།གནད་དོན་དེ་སེལ་བའི་ཐབས་ལམ་ཡང་ཡོད་པ་རེད་།རྒྱ་བོད་གཉིས་ཀྱི་གནད་དོན་དཀའ་ངལ་ཅན་དེའི་ཁྲོད་ནས་།ཤར་བསྐྱོད་བྱས་ནས་ལས་དོན་མང་པོ་སྒྲུབ་མཁན་མཁས་དབང་བློ་བཟང་སེང་གེ་ཁོང་ལྟ་བུ་ཡོད་མ་རེད་དྲན་གྱི་འདུག་།
སྔོན་དུས་རྒྱ་བོད་གཉིས་དབར་དོགས་པ་རྣམ་རྟོག་གི་བརྒྱུད་རིམ་ཟབ་མོ་དེ་ནས་།མཁས་དབང་ཁོང་གིས་ལེགས་སྐྱེས་ཕུལ་བའིལས་དོན་དེས་།རྒྱ་བོད་གཉིས་དབར་མཐུན་ཕྱོགས་ཀྱི་ལས་དོན་དང་གྲོས་མོལ་གྱི་ཁོར་ཡུག་བསྐྲུན་ཡོད་པ་རེད་།ཁོང་ཨ་རིའི་ནང་བཞུགས་པ་ཡིན་ན་ཨ་རིའི་ཤེས་ཡོན་ལས་དོན་དང་།སྲིད་དོན་ལམ་སྟོན་བཅས་ལ་ཕན་ཐོག་ཡོང་ངེས་ཡིན་པས་།ངས་དོགས་པ་གང་ཡང་མེད་པའི་ཐོག་ནས་ཡིད་ཆེས་བྱེད་ཐུབ་པ་ནི་།མཁས་དབང་བློ་བཟང་སེང་གེ་ཨ་རི་གནས་སྡོད་བྱེད་མཁན་ཕྱི་རྒྱལ་གྱི་མི་སྣ་།མཁྱེན་འཇོན་གཉིས་ལྡན་ཁྱད་པ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ་།
ངས་ནན་བརྗོད་དང་སེམས་གཏིང་ནས་ལེགས་བརྗོད་བྱེད་ཐུབ་པ་ནི་།མཁས་དབང་བློ་བཟང་སེང་གེ་ལ་གནས་བབས་འདིའི་ཐོག་ནས་།ཨ་རིར་གནས་སྡོད་ཡུལ་མིའི་ཐོབ་ཐང་འབུལ་དགོས་རྒྱུ་དེ་ཡིན་ཞེས་གསལ་ཡོད་པ་རེད་།།
་་་་་་་་དྲ་གྲོགས་ཚོ་བཀྲ་ཤིས་བདེ་ལེགས་ཞུ་།།
ཁོ་ཐུན་ཁྲན་པོ་ཡི་སྲི་ཐར་མ་གཏོགས་གཞན་ད་དུང་རྒྱ་མི་སུ་ལ་ཐུག་པ་ལས་མིང་ཁ་ཤས་གསུང་རོགས་།
དགེ་འདུན་རབ་གསལ་ལགས། སྐད་ཆ་འདི་འདྲ་གཟུར་གནས་བློ་ལྡན་ཞིག་མིན་ན། ཚིག་གི་ཞལ་རས་མེད་པ་ཞིག་རྒྱབ་ནས་སྒྲུག་ཡོང་ཏེ་རྣམ་རྟོག་མང་པོ་བསྐྲུན་གྱི་རེད།
ཡིན་ནའང། ང་ཚོའི་རྩ་དོན་ཕ་བུ་ཡ་བྲལ་དང། འདས་གསོན་གྱི་མཚམས་ནས་ངོ་ཐུག་མི་ཐུབ་པ་ཞིག་གི་ཆེད་དུ་ལས་གཞན་ཅི་གང་མེད་པ་དམ་པ་ཞིག་གི་གསུངས་རེད་ལ། སྤྲིན་པའི་སྟེང་ན་ལྡིང་བསྐོར་རྒྱག་མཁན་ལར་ཞེན་ཅན་རྣམས་ཀྱིས་ནི་དེ་འདྲ་བསམ་རྒྱུར་བསྐལ་བ་མང་པོ་དགོ་ས་རེད།
དེ་ནས་ད་དུང་༼ མི་སྤུས་དང་ཆོད་སེམས ༽ཞེས་པ་འདི་དངོས་གནས་རང་རྩ་དོན་ནང་གི་རྩ་དོན་རེད། བཙན་བྱོལ་བོད་གཞུང་གི་གཞུང་ཞབས་དཀྱུས་མ་ཞིག་ཡིན་ཡང་༼ ཕྱི་སྡོད་རྒྱ་མིའི ༽མིང་ཐོག་ནས་བོད་དུ་འགྲོ་རྒྱུར་སེམས་ཀྱིས་བཟོད་ཀི་མེད་ཙང། བཀའ་ཁྲིར་ལངས་ཀི་ཡིན་ཟེར་བ་ཞིག་ལ། འདི་འདྲའི་མི་རིགས་རང་ལུགས་ཀྱི་ལྟ་བ་ཞིག་ལས་མེད་ན། ཨ་རོ་ཁམས་པའི་བུ་རྒོད་ཡིན་ཟེར་བ་ཞིག་ལ་འདི་འདྲའི་ལྷན་སྐྱེས་ཀྱི་ཞེ་འཁོན་ཞིག་ལས་མེད་སོང་ན། ད་བོད་པ་ཚོས་སེམས་ངོགས་སུ་འཁྱག་སོབ་སེ་མི་གཏོང་ངམ།
ཆབ་སྲིད་ཀྱི་ཕུགས་རྒྱང་རིང་མདོག་དང་ཕར་ནང་མཐོང་མདོག་གིས་དབུ་ཁྲིད་བྱེད་སའི་མི་མང་གི་སེམས་ཁམས་སྣེ་ཁྲིད་བྱེད་མ་ཤེས་ན། བློ་སེང་གི་བཀའ་ཁྲིའི་ཆོད་སེམས་དོན་དངོས་གང་དུ་ཟགས་ཡོད་མེད་གསལ་བོ་རེད།
བོད་གཞུང་གི་སྐུ་ཚབ་ཚོ་ནི་༼ ཕྱི་སྡོད་རྒྱ་མིའི ༽ལག་ཁྱེར་ཐོག་ཕེབས་ཡོད་པ་མ་རེད་ལ། རང་སྐྱོང་བསམ་འཆར་སྤྲད་པ་ཙམ་གྱིས་ཕྱི་སྡོད་རྒྱ་མིར་གྱུར་སོང་ཚུལ་བཤད་པ་ནི། རང་ལྟ་སྒྲུབ་རྒྱུར་རིགས་པ་དང་ལས་དོན་གཉིས་ཀས་ཕོངས་པ་ཚོའི་ལས་ཀ་རང་རེད་འདུག་པས། དེ་ཡང་གཟབ་གཟབ་བྱེད་དགོས་པ་ཞིག་རེད།
ད་དུང། བློ་སེང་ལ་གསང་བ་མང་སྟེ།
༡ ཆུ་སྒང་གི་དྲུང་ཆེ་གནང་ཚུལ།
༢ བོད་སྐད་ཡིག་འགོ་མི་འཁྱོང་ཚུལ།
༣ ཕྱི་སྡོད་རྒྱ་མི་བཟོས་ཚུལ།
༤ ཅིའི་ཕྱིར་ཨ་རིའི་བོད་མི་ཚོས་ཁོང་ལ་དགའ་བོ་བྱེད་ཀྱི་མེད་ཚུལ།
༥ བཀའ་ཁྲིར་ལངས་རྒྱུ་ནི་བསམ་ཡུལ་ན་མེད་པའི་ཐོལ་བྱུང་གི་གྲ་སྒྲིག་ཞིག་ཡིན་ཚུལ།
སོགས་ནམ་ཞིག་བོད་པའི་དྲང་ཚུགས་ཀྱི་གཤིས་ཀའི་ཐོག་ཁོང་གིས་ང་ཚོར་འགྲེལ་བཤད་གནང་རྒྱུ་ཡིན་ནམ།
ད་དུང་ལྷོ་ཕྱོགས་ནས་བློ་བཟང་སྦྱིན་པས་གསུངས་པ་ལྟར། གྲྭ་ས་གྲྭ་ཚང་ནས་ཕྱོགས་ཞེན་གྱི་མེ་ལྕེ་མཆེད་བཅུག་པ་སོགས་ཀྱིས་དོན་དངོས་རྣམས་ཀྱི་བོད་མི་ཆེ་ཕྲ་ཚང་མར་བློ་འཚབ་ག་ཚོད་ཅིག་བསྐྲུན་ཡོད་དམ། སྔོན་འགྲོའི་གནས་སྟངས་དེ་འདྲ་ཞིག་གིས་༧གོང་ས་མཆོག་གི་འབད་འབད་འབུངས་འབུངས་ཐམས་ཅད་མེ་དོང་དུ་མི་གཡུག་པ་ཅི་ལ་སྲིད་དམ། སུས་ཁ་ཚོན་གཅོད་ཐུབ་བམ།
གང་ལྟར་ད་ཆ་བློ་སེང་ལ་གོང་ཚད་རྒྱག་པའི་དུས་ཚོད་ཡག་ཤོས་ཤིག་རེད་འདུག དེང་སྐབས་གོང་ཚད་རྒྱག་མཁན་ཡང་རྣམ་དཔྱོད་ཡོད་པའི་ཤེས་ཡོན་ཅན་གྱི་དཔུང་ཁག་ཅིག་རེད། འདི་ཚོ་དངོས་གནས་ཡག་པོ་རེད། དེ་མིན་རྣམ་དཔྱོད་རྩ་བ་ནས་མེད་པའི་ཁྱུ་ཚོགས་སྟེ་ཧ་ཝ་ཌའི་སློབ་མིང་གོ་བ་ཙམ་གྱིས་ཧང་སངས་ཏེ། ཧ་ཝ་ཌ་ནས་ཐོན་པ་ཙམ་གྱིས་ཤེས་འཇོན་གཉིས་ལྡན་དུ་སེམས་ཤིང་། འདི་འདྲ་བ་ང་ཚོ་བོད་པ་ལ་མ་གཏོགས་ཨེ་ཡོད་སྙམ་པའི་ཁྲོན་པའི་སྦལ་པའི་ངང་ཚུལ་ཅན་གྱི་མི་ཚོགས་འདི་ཚོས་གང་ཡང་ཤེས་ཀྱི་མེད་པ་གསལ་པོ་རེད། ཤེས་པ་ནི་ཕྱོགས་འཐེན་གྱི་ནང་འཁྲུགས་སློང་རྒྱུ་ཁོ་ན་རེད། འདི་ཚོ་དངོས་གནས་མི་རིགས་ཀྱི་འགལ་རྐྱེན་ཆེ་ཤོས་དང་། བོད་རྒྱལ་ཁབ་ཡར་རྒྱས་ཡོང་ཐབས་ཀྱི་བཀག་རྡོ་གཙོ་བོ་ཞིག་རེད། མི་འདི་ཚོ་རྨོངས་པ་རེད། འདི་ལོ་ཟམ་གདོང་ཚང་སོགས་བསམ་ཤེས་ཡོད་པའི་མི་བུ་དག་སྨྲེ་ངག་ཤོར་བའི་རྒྱུ་རྐྱེན་ཡང་འདི་ལ་ཐུག་ཡོད། གང་ལྟར་བློ་སེང་ལ་བཀའ་ཁྲིའི་འོས་ཐོབ་པའི་གདེངས་ཚོད་ཇེ་ཆུང་རེད་ལ། མངོན་རྟགས་ཀྱང་གསལ་པོ་མ་ཡིན་ནམ། ད་དུང་ཡང་ང་ཚོས་དཔྱད་པ་ཞིབ་ཚགས་བྱེད་དགོས་པ་དང་། མི་རིགས་འདི་རྨོངས་གཉིད་ལས་སློང་དགོས་ཀྱི་འདུག ད་ལྟའི་ཆར་བློ་སེང་ཁོང་དེ་སྔ་ལྟར་ཁ་ནས་ཐོས་གསུམ་བཅོ་བརྒྱད་མི་ཤོད་པར་སྐད་ཆ་ཤོད་སྐབས་གཟབ་ནན་བྱེད་ཀྱི་འདུག་པ་འདི་ཡར་རྒྲས་བྱུང་བའི་རྟགས་དང་། གླེན་པའི་ཁྱུ་ཚོགས་ཀྱིས་ཁོང་ལ་སྨྱོ་བ་ལྟར་གྱི་རྒྱབ་སྐྱོར་བྱས་པ་དེར་ཁོ་པ་ཁོང་རྒོད་ཤོར་བའི་རྟགས་མཚན་ཞིག་མ་ཡིན་ནམ།
བློ་སེང་བཀའ་ཁྲིར་སླེབས་པ་ཙམ་གྱིས་འགྱུར་བ་ཞིག་རེད་ཟེར་མཁན ཞིག་དག་གིས། དོན་དངོས་བོད་མི་རིགས་ཀྱི་མདུན་ལམ་གང་དུ་སླེབས་འགྲོ་བར་ཐེ་ཚོམ་གྱི་ངང་ནས་ལྟ་རྒྱུ་ཡིན་པ་རེད། བྱུང་རབས་ལ་ནག་བསུབ་གཏོང་མི་ཉན་པ་ཞིག་དང། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམལ་ལྟོས་ན། མི་མང་གི་བསམ་བློའི་ན་བབ་ལ་དཔག་པའི་ལོ་གང་བཅུ་རེ་འཚམ་ན་འགྱུར་བ་རེ་བྱུང་འདུག་པ་དེ་ཁྱད་གསོད་བྱས་པ་རེད་དམ། མ་ཤེས་པ་རེད་དམ། ཡང་ན་འགྱུར་ག་གཏོང་སྟངས་དེ་རིགས་ནོར་ཡོད་པ་རེད་དམ།་དེང་སང་བསམ་མེད་ཁ་ཤས་ཀྱིས་ཁ་རྒྱགས་པ་དེ་ལྟར་སྨྲ་བཞིན་པས་ན། འགྱུར་བ་ཅི་ལྟར་གཏོང་དགོས་མིན་ལ་དོན་དངོས་སེམས་ཁྲལ་ཡོད་ན། འདིར་ཕེབས་དང་ང་ཚོས་བགྲོ་གླེང་བྱས་ཆོག
ཟེར་མཁན་རྗེས་ཀྱི་༼ ཞིག ༽་དེ་མེད་པ་བཟོ་རོགས།
བློ་སེང་བཀའ་ཁྲིར་སླེབས་པ་ཙམ་གྱིས་འགྱུར་བ་ཞིག་རེད་ཟེར་མཁན་དག་གིས། དོན་དངོས་བོད་མི་རིགས་ཀྱི་མདུན་ལམ་གང་དུ་སླེབས་འགྲོ་བར་ཐེ་ཚོམ་གྱི་ངང་ནས་ལྟ་རྒྱུ་ཡིན་པ་རེད། བྱུང་རབས་ལ་ནག་བསུབ་གཏོང་མི་ཉན་པ་ཞིག་ནི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་ལྟོས་ན། མི་མང་གི་བསམ་བློའི་ན་ཚོད་ལ་དཔག་པའི་ལོ་བཅུ་རེའི་མཚམས་ན་འགྱུར་བ་རེ་བཏང་འདུག་པ་དེར་ཁྱད་གསོད་བྱས་པ་རེད་དམ། མ་ཤེས་པ་རེད། ཡང་ན་འགྱུར་བ་གཏོང་སྟངས་དེ་རིགས་ནོར་ཟིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་དམ། དེང་སང་བསམ་མེད་ཁ་ཤས་ཀྱིས་ཁ་རྒྱགས་པ་དེ་ལྟར་སྨྲ་བཞིན་པས་ན། འགྱུར་བ་ཅི་ལྟར་གཏོང་དགོས་མིན་ལ་དོན་དངོས་སེམས་ཁྲལ་ཡོད་ན། འདིར་ཕེབས་དང་ང་ཚོས་བགྲོ་གླེང་བྱས་ཆོག
འདིར་བསམ་ཚུལ་དམིགས་བསལ་འདོན་གྱི་མེད་རུང་རེ་བསྐུལ་ཞིག་ཞུ་རྒྱུ་འདུག དབྱིན་ཡིག་གི་ལམ་ནས་འབྲི་རྩོམ་བྱེད་བཞིན་པའི་བོད་ཀྱི་ཆབ་སྲིད་དཔྱད་བརྗོད་ཅེས་པའི་དྲྭ་རྒྱའི་ནང་བློ་སེང་གི་གནས་ཚུལ་དང་། དེ་བཞིན་བཀའ་ཁྲིའི་འོས་མི་དག་གི་སྐོར་གྱི་རྩོམ་ཡིག་མང་པོ་ཐོན་བཞིན་ཡོད་རབས་འདུག་པས། དེ་དག་རེ་རེ་བྱས་ཏེ་བོད་བསྒྱུར་བྱས་ནས་བོད་ཀྱི་དུས་བབ་དང་ཁ་བརྡ་དྲྭ་རྒྱ། བོད་ཀྱི་བང་ཆེན་སོགས་ཀྱི་སྟེང་འགོད་ཐུབ་ན་དགེ་མཚན་ཧ་ཅང་ཆེ་བས་དབྱིན་བོད་ལོ་ཙ་པ་རྣམས་ལ་རེ་བསྐུལ་ཞུ་བཞིན་ཡོད།
མཁས་དབང་དགེ་འདུན་རབ་གསལ་ལགས་ཀྱིས། འབུམ་རམས་པ་བློ་བཟང་སེང་གེ་ལགས། བཙན་བྱོལ་སྐྱིད་སྡུག་གི་བཀའ་ཁྲིར་ལངས་སྐབས་ཕྱི་སྡོད་རྒྱ་མིའི་ལག་འཁྱེར་སྐོར་གསལ་སྟོན་གནང་བ་ནི། འོས་ཤིང་འཚམ་ལ་རྒྱལ་ཞེན་ཅིག་ཡོད་པའི་མངོན་རྟགས་རེད།
ཡང་བོད་བཙན་བྱོལ་གཞུང་གིས་རྒྱ་གཞུང་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ཁ་ཡོད་ལག་ཡོད་ཡིན་ན་དང་། ༸གོང་ས་མཆོག་གིས་ཧང་གྷ་རིའི་གྲོས་ཚོགས་ནང་ལ་༸སྐུ་ཉིད་རྒྱ་གཞུང་གི་ལག་འཁྱེར་ཐོག་ལ་བོད་ནང་སྐོར་བསྐྱོད་ཐུབ་པའི་རེ་བ་དང་འདོད་པ་ཡོད་གསུངས་ཡོད་པ་སོགས་ལ་བརྟེན་ནས། གལ་སྲིད་བློ་སེང་ལགས་ཀྱིས་ཕྱི་སྡོད་རྒྱ་མིའི་ལག་འཁྱེར་བླངས་ཡོད་ནང་། དབུ་མའི་ལམ་གྱི་སྲིད་ཞུས་དང་མི་གནོད་ལ། བཀའ་ཁྲིའི་འོས་ལངས་ཀྱི་ཆ་རྐྱེན་ལ་ཡང་ཕན་པ་མེད་ནའང་། གནོད་པ་མེད་པ་ཅིག་མཐོང་སོང་།
འོན་ཀྱང་། བློ་སེང་ལགས་ཁོང་ལོ་ཚོད་ལ་དཔག་པའི་ཤེས་ཡོན་དང་ལག་འཁྱེར་ཡག་པོ་ཡོད་ཀྱང་། བོད་རིགས་ནང་པའི་དབུ་འཁྲིད་བྱས་པ་ལ་ཅུང་གཡོ་ཁྲམ་ཆེ་དྲགས་པ་དང་། གཤིས་ཀ་དེ་ཙམ་ཡག་པོ་མེད་པར་གོ་ཐོས་འདུག་ན། བློ་སེང་ལགས་ལ་རྒྱབ་སྐྱོར་བ་ཚོས། དེའི་འགན་ལེན་གྱི་ལན་ཅིག་མི་མང་གི་མདུན་དུ་སུས་འཇོག་ཐུབ་བམ། ངས་ནི་བཀའ་ཁྲིར་འོས་ཤོས་སུ་བཀྲ་ཤིས་དབང་འདུས་ལགས་མཐོང་བགྱིད་འདུག་ཀྱང་་་
འོ་རེད་རེད།
འགྲིགས་ག་
མངའ་བདག་ཁྲི་རལ་ལ་ལྷ་སྲས་དར་མ་ཕྲག་དོག་ནས་བཀྲོངས་པས་རྒྱལ་སྲིད་སིལ་བུར་འཐོར།
དེ་ནས་རིམ་བཞིན་ས་སྐྱ་པ་ལས་ཕག་གྲུ་སོགས་རིམ་པས་གཅིག་གིས་གཅིག་ལས་ཕྲག་དོག་དང་འགྲན་སེམས་འབའ་ཞིག་གིས་ཐོག་ནས།
ར་བསྒྲིང་དང་སྟག་གྲགས་བར་དུ་ཕྱི་ལ་ཅི་མི་སྙོམས་པར་ནང་དུ་ཕྲག་དོག་དང་འགྲན་སེམས་ཁོ་ནས་མཐའ་འཇུག་འདི་མཐའ་སོང་བ་རེད།
ད་དུང་ཡང་བོད་མི་ཤེས་འཇོན་ཅན་རེ་ཟུང་འབུར་དུ་ཐོན་ཡོང་པ་ལ་མི་རུབ་ལྷ་རུབ་བྱས་ནས་མགོ་འབུར་བརྡུང་གྱིས་དང་།
ལ་ཕར་རྒྱབ་ནས་རྒྱ་དམར་གྱིས་བལྟས་མོ་ཞིམ་པོ་མཐོང་གི་ཡོད་པ་རེད།
ཤ་ཚ།
ཀླད་མེད་མེད།
ཕྱི་ལ་རྩི་རྩི་སོ་ཙམ་མེད་པའི།།
ནང་དུ་གླ་ཕོའི་མཆེ་ཙམ་ཡོད་པའི་བོད་མི་འདི་ཚོ།
ཁྱེད་རྣམས་པས་སུ་ལ་རྒྱབ་སྐྱོར་ཡོད་ན་དེའི་ཡོན་ཏན་གླེང་ན་འགྲིགས།
གལ་ཏེ་རྒྱ་མིའི་ཕྱི་སྡོད་བོད་མིའི་ལག་ཁྱེར་ང་ཚོས་ཁྱེར་ཆོག་གི་མེད་པ་དང་།
དེ་ཁྱེར་ན་བོད་མའི་ལ་རྒྱ་འཆོར་འགྲོ་གི་ཡོད་ན།
བོད་དུ་བཞུགས་པའི་བོད་མི་རྒྱ་ཆ་དགུ་བཅུ་གོ་དགུ་ཐམ་པས་རྒྱ་མིའི་ནང་སྡོད་བོད་མའི་ལག་ཁྱེར་འཁྱེར་གྱི་ཡོད་པས་བོད་ཀྱི་རྩ་དོན་དང་ལ་རྒྱ་བསམ་མཁན་ཁྱོད་རང་ཚོ་མི་རེ་གཉིས་ཙམ་ཁོ་ན་ཡིན་པ་འདྲ།
གཞུང་གི་བཀའ་འཁྲོལ་ཚད་ལྡན་ཐོབ་པའི་ཐོག་ནས་རྒྱ་ནག་ཏུ་འགྲོ་བ་ལ་དེ་ཙམ་ཧང་སང་དགོས་པ་དོན་མེད།
ལག་ཁྱེར་མེད་པར་རྒྱ་ནག་ཏུ་འགྲོ་ཐུབ་པའི་མི་སུ་འདུག
བོད་གཞུང་གི་བཀའ་ཤག་དང་གྲོས་ཚོགས་དེ་བཞིན་དུ་ཨ་རིའི་དོན་གཅོད་སོགས་ཚང་མས་བཀའ་འཁྲོལ་ཐོབ་པ་ཞིག་རེད།
དེ་ཚོས་ཆབ་སྲིད་དང་ཡག་ཉེས་ཤེས་པའི་ཐོག་འཐོང་ཆེན་སྤྲད་པ་ཞིག་རེད།
དེ་ཚོས་མ་ཤེས་པ་ཁྱོད་ཚོས་ཤེས་རྒྱུ་རེད།
ཧ་ཧ་ཧ་ཧ་
ད་ཟེར་རྒྱུའི་འཕང་འདུག
ངོ་ཚ་།
མཁྱེན་ལྡན་ཀ་རྡོ་རབ་འབྱམས་པ་ལགས། ཁྱེད་རང་བཀབ་མིང་འོག་འཚོ་མཁན་ཞིག་ཡིན་ཡང། མཆན་བུ་བཏབས་པ་རྣམས་ཉ་ཉོག་མིན་སྟབས་དོགས་འདྲི་ཞིག་བྱེད་འདོད་བྱུང་། ལམ་དབུ་མའི་སྲིད་བྱུས་དང་ཕྱི་སྡོད་རྒྱ་མིའམ་ཕྱི་སྡོད་ཀྲུང་གོ་བ་ཟེར་བ་གཉིས་མཐུན་གྱི་འདུག་ལབ་ལ་དེ་ད་ལྟར་སྔ་ཚོད་དུ་གདའ། ང་ཚོའི་བསམ་འཆར་ནང་གི་མངོན་འདོད་དེ་དག་དོན་དངོས་ཐོག་སྐོང་ཐུབ་རྒྱུའི་རྒྱ་ནག་ལ་ཆོས་སེམས་ཡོད་པ་ཡིན་ན། བྱུང་རབས་ལ་འགྱུར་བ་མེད་པའི་ཐོག་རྒྱ་ནག་གི་བོད་མི་བྱེད་རྒྱུ་ཡིན་པ་ཐེ་ཚོམ་མི་དགོས་པ་ཞིག་རེད། ཡིན་ནའང། ད་ལྟའི་རྒྱ་ནག་གི་ཕྱི་སྡོད་རྒྱ་མི་ཟེར་བའི་གོ་བ་ལེན་སའམ། གཞི་འཛིན་ས་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་སྟེང་ནས་འཆད་ཀྱི་ཡོད་པ་རེད། དེ་གཉིས་གཞི་འཛིན་ས་ཁ་ཁར་ཆགས་བསྡད་ཡོད།
ཆོས་དེ་ཆོད་སེམས་ལ་བཅོས་རྒྱུ་དང་།
དེ་ནས་གཉིས་པ་དེ། ༧གོང་ས་མཆོག་གིས་གནས་སྟངས་གང་འདྲ་ཞིག་ཏུ་སླེབས་མཚམས་སམ། ཡང་ན་དགོས་པ་རྒྱུ་མཚན་གང་འདྲ་ཞིག་ཏུ་འོག་ཏུ་མི་སེར་ལག་ཁྱེར་བསྣམས་ནས་ཕེབས་འདུན་འཆང་གི་ཡོད་མེད་དེའང་གསལ་བོ་མ་བཟོས་ན། ཚིག་གཅིག་རང་ཕྱིར་བཏོན་ཏེ་བསམ་ཚུལ་བཤད་པ་ཡིན་ན། རྒྱ་བོད་གཉིས་ལ་ཕན་མེད་དུ་འགྱུར་རྒྱུ་ཡིན་པའི་ཚིག་སྣེ་རྡོག་སྒྲུག་གི་བཀའ་སློབ་དེ་ཡིད་ལ་མི་དྲན་ནམ། དེ་བས་ཁྱེད་ཀྱིས་གང་ནས་གོ་བའི་བཀའ་སློབ་དེ་ཞིབ་ཚགས་པོས་བསྐྱར་ཀློག་བྱས་ན་མ་གཏོགས། མི་མང་གི་མདུན་སར་ཆབ་སྲིད་ཀྱི་བཀའ་མོལ་ཁ་ཤས་ལ་འགྲེལ་བཤད་རྒྱག་རྒྱུར་ཤིན་ཏུ་ནས་ཁེག་པོ་ཡོང་གི་རེད། སྐབས་དེར་མི་མང་པོར་རང་བཞིན་གྱིས་དོན་མེད་ལ་རྣམ་རྟོག་ཐེ་ཚོམ་མང་པོ་བསྐྲུན་གྱི་རེད།
སྙན་བཟང་ཟེར་བ་དེའི་དྲི་བ་དེའང་ཤིན་ཏུ་གལ་ཆེན་ཡིན་ཡང། བློ་སེང་དང་རྒྱ་རི་སྒྲོལ་མས་ཁྲི་པ་རང་མ་གཏོགས་ལས་རོགས་བྱེད་ཀྱི་མིན་དང་པོ་ནས་གསུངས་པ་རེད། ཡིན་ནའང། རྗེས་ནས་བློ་སེང་ལ་འགྱུར་བ་ཐེབས་མིན་མི་ཤེས། གང་ལྟར་ཁོང་གི་བཀའ་ཁྲིར་ལངས་རྒྱུའི་གྲ་སྒྲིག་འདི་ཐོལ་བྱུང་གི་གྲ་སྒྲིག་ཞིག་དང་། བསམ་མེད་དག་གིས་སྐུལ་མ་བྱས་པ་ཞིག་ལས་བྱུང་བཞིན་པའི་དབྱེ་ཞིབ་བྱེད་མཁན་ཡོད་སྟབས། ཁོང་ལ་དགོས་པ་ནི་བོད་མི་མང་མིན་ལ། ཡིན་རྒྱུ་ནི་བཀའ་ཁྲིའི་རྐུབ་སྟེགས་དེ་རང་མིན་ནམ་བསམ་པ་ཞིག་ཚང་མ་འཁོར་བཞིན་པ་རེད།
དཔེར་ན། ཨ་རིའི་ཁོང་གི་གྲོང་པ་བོད་མི་ཚོས་དགའ་བོ་མི་བྱེད་པ་དེ་ཁོང་གི་བྱ་སྤྱོད་ལ་འབྲེལ་བ་ཡོད་པ་རེད། དེ་ནས་སྤྱི་ཚོགས་འདིའི་ནང་གི་མཁྱེན་ལྡན། སྐུའི་གསུང་བསྒྱུར་ཐུབ་བསྟན་སྦྱིན་པ་དང། སྐུ་སྒེར་དྲུང་ཟུར་བློ་བཟང་སྦྱིན་པ། མཁས་དབང་རབ་གསལ་སོགས་ཀྱི་རྣམ་འགྱུར་འདིས་ཀྱང་གསལ་བོ་ཞིག་མཚོན་ཐུབ་ཀྱི་རེད། འདི་དག་ནི་ཁ་ཐུག་གིས་གདོང་ལ་བུད་པའི་སེམས་ཁྲལ་ཅན་ཤ་སྟག་རེད། འོ་ན། ད་དུང་རྒྱབ་ཏུ་སྡོད་མཁན་གྱི་སེམས་ཁྲལ་ཅན་ག་ཚོད་ཡོད་མེད་ལྟ་རྒྱུ་སོགས་ཀྱང་བསམ་བློ་གཏོང་དགོས་ས་ཞིག་རེད།
དབྱིན་ཡིག་དྲ་བར་བློ་སེང་དམས་ལ་དམས་ཚོད་མི་འདུག་བློ་སེང་གླང་དར་གཉིས་པ་རེད།།
བོད་ཡིག་དྲ་བར་བློ་སེང་བསྟོད་ལ་བསྟོད་ཚོད་མི་འདུག་བློ་སེང་སྲོང་བཙན་གཉིས་པ་རེད།།
བསྟོད་དམས་མཚམས་ནས་རབ་གསལ་བུ་ཡིས་དྲང་གཏམ་བཤད་པར་རྣ་བ་ཉན་མཁན་སུ།།
རྒྱ་རི་སྤྲུལ་སྐུ་སྐལ་བཟང་རྒྱལ་མཚན་བློ་སེང་གསུམ་པོ་རྒྱ་ལ་འགྲོ་བ་གཅིག་ཀྱང་ཆོག།
འགྲོ་ལུགས་གཅིག་མིན་འཚོལ་ཞིབ་བྱེད་རྒྱུ་ང་ཚོའི་ལས་འགན་ཡིན་པས་འཚོལ།།
བློ་སེང་བུ་ཡིས་ཉ་ཉུང་མཉམ་བསྲེས་གཏམ་དེ་ད་ནི་བཤད་ཚོད་བྱས་ན་ལེགས་པར་སྙམ།།
རྒྱ་རི་སྤྲུལ་སྐུ་སྐལ་བཟང་རྒྱལ་མཚན་རྒྱ་ལ་ཕྱིན་པའི་ལམ་ཡིག་དེ།།
སྐད་ཆ་རྙིང་པའི་སྦུགས་སུ་གནས་ཀྱང་མ་རྟོགས་ལོག་རྟོགས་བྱེད་མཁན་ཚོས།།
ཕྱི་སྡོད་ཀྲུང་གོའི་མིང་ཐོག་ཕྱིན་པའི་འོལ་ཚོད་གཏམ་གྱི་འཕྱོན་མ་འདི།།
བློ་སེང་བུ་ཡིས་སྤྱད་ན་ལེགས་ཀྱང་སྐུ་ཚབ་རྣམ་པའི་བཞེས་དོགས་མེད།།
དེ་དོན་ས་རིས་ཐང་གསལ་ཡིན་པ་སྔོན་ནས་གསལ་བཤད་གནང་འདུག་པས།།
སྐུ་ཚབ་རྣམ་པ་བློ་སེང་ལྟ་བུར་མཉམ་བསྲེས་མ་བྱེད་དྲ་འབུ་ཤེས་མེད་ཁ་ནག་ཚོ།།
རྙོག་གི་མ་འདུག་གྲོགས་པོ་ཚོ། རང ་ཁ་དུག་གི་ཟ་བའི་སྨྱོ་གཏམ་དག་གཞན་ཐོགས་དོན་མེད་གཡུག་ན་སྙིང་པོ་མེད། སྐྱིད་སྡུག་གང་ལ་ཐབས་མཁས་ཀྱིས་མྱོང་བར་བྱ་རྒྱུ་ནི་དུས་རབས་དང་གང་གི་ཆ་ནས་འོས་ཤིང་འཚམས་པར་མཐོང་། དེ་མིན། ལག་འཁྱེར་གང་ཡིན་མིན་གཙོ་བ་མ་རེད།་གཙོ་བོ་བོད་མིའི་མངོན་འདོད་དངོས་ཤུགས་བརྒྱུད་གསུམ་ནས་འགྲུབ་པར་བྱ་རྒྱུ་དེ་རེད། རྙིང་ཞེན་མ་ཡལ་བའི་བསམ་བློའི་བོད་དོན་ཐོག་ལ་འབྲས་བུ་སྨིན་པ་ཞིག་ཁྱོན་ནས་ཐོབ་་ནི་མ་རེད། དངོས་གནས་བཤད་ན་བོད་པའི་འཐབ་རྩོད་ནི་ནང་ལ་སྐྱོན་ཁོ་ན་བརྒྱབ་པའི་ཕན་ཐོགས་མེད་པ་རེད། བློ་སེང་རྒྱ་ནག་ལ་ལག་འཁྱེར་གང་གི་ཐོག་ཕྱིན་མིན་གཙོ་བོ་མ་རེད།གཙོ་གང་ཟག་དེའི་ཤེས་འཇོན་དང་ལྷག་བསམ་གྱི་མ་འོངས་ཡོང་འགྱུར་གྱི་བཀའ་བློན་ལ་བཞེངས་མཁན་ཁོང་གི་ལས་འཅར་དང་། ལྷག་པར་དུ་བོད་ཀྱི་གནད་དོན་ནི་ལོ་རེ་ནས་ལོ་རེར་ཛ་དྲག་ཅན་དུ་གྱུར་དང་འགྱུར་བཞིན་པའི་མི་རབས་རྒན་པ་དང་གསར་བའི་དབྱེ་མཚམས་སུ་འཁེལ་བའི་གནད་དོན་འདི་རེད། དུས་རབས་ཀྱི་ཆ་ནས་ཀྱང་བློ་སེང་ལྟ་བུར་མཚོན་ན་ཆ་རྐྱེན་ཡོངས་སུ་རྫོགས་འདུག་ལ། ནང་སྒོས་སུ་གཞོན་རབས་པ་དག་བོད་ཀྱི་གནད་དོན་ཐོག་སློང་སྦྱོང་དང་རྩུས་སྤྲོད་བྱ་རྒྱུ་དེ་ལ་བབ་འདུག མདོ་མེད་པའི་རྒྱུ་མཚན་ལོང་བ་གང་བགྲང་ན་
ཐོན་ལ་ཉེ་བའི་བཀའ་ཁྲི་དངོས་གཞི་འོས་འཕེན་ལ་འཐུས་ཤོར་དང་དོ་ཕོག་ཡོང་རྒྱུ་ལས་ཅི་ཡང་མེད། དེའི་ཐད་ལ་དྲ་གྲོགས་ཐུགས་བསམ་ངེས་པར་དུ་བཞེས་དགོས།རྒྱུ་མཚན་མེད་པར་གཞན་ཚང་མར་བདེན་པ་མི་འཛིན་པར་རང་ཉིད་ཀྱི་ལངས་ཕྱོགས་སྒང་ནས་ཤར་བསྐྱོད་ཐུབ་ན་རང་གཞན་ཚང་མར་ཕན་འབྲས་ཆེ་ངེས་ཡིན། ཁྱེད་ཅག་གིས་བཤད་པར་མང་ཆེ་བ་རང་ཉིད་ཀྱི་ཉིན་རེའི་ཚོར་བའི་འགྱུར་ལྡོག་ལས་རང་གཏམ་བསམ་བློའི་ཆ་དེ་ཙམ་མི་འདུག མི་སྐྱོན་མེད་ཅིག་འཇིག་རྟེན་འདིའི་སྟེང་ནས་ཧ་ཅང་གི་དཀོན་ནི་རེད། སྐྱོན་མེད་པའི་མི་ཞིག་འཇིག་རྟེན་མེད་པ་རེད། དེའི་ཐད་ལ་ཚང་མའི་དགོངས་བཞེས་རྒྱ་ཆེ་གནང་རོགས་ཞུ།
བློ་སེང་ནས་བོད་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་བཀའ་ཁྲོལ་ཞུས་ཏེ་རྒྱ་ནག་ཏུ་ཕྱིར་སྡོད་རྒྱ་མའི་ལག་འཁྱེར་འཁྱེར་ནས་ཕྱིན་པར་ཧ་ལས་དགོས་དོན་མི་འདུག་སྙམ།་གལ་ཆེ་ཤོས་རྒྱ་ནག་ཏུ་ཕྱིན་ནས་ལས་ཀ་གང་བྱས་པ་དང་གྲུབ་འབྲས་གང་སོན་ཡོད་མེད་ལྟ་དགོས།་གལ་སྲིད་རྒྱ་མིའི་མཁས་དབང་ཡིན་ཟེར་རྒྱ་ཕྲུག་སློབ་གྲ་བ་ཁ་ཤས་ཐུག༌པ་ཙམ་གྱིས་བོད་དོན་དྲིལ་བསྒྲགས་བྱས་ཡོད་ཟེར་ལབ་པ་དང་།་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་ཡིན་ཟེར་རང་བསྟོད་བྱེད་བཞིན་དུ་ཀྲིམས་ལུགས་ཐད་སི་པན་དུ་གཞུང་འབྲེལ་མིན་པའི་ཚོགས་པ་དང་བོད་མི་ཁག་ཅིག་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་དང་བོད་ལ་དབང་བསྒྱུར་བྱེད་མཁན་ཀྲང་ཅིང་ལིན་ཟེར་བ་སོགས་སི་པན་གྱི་རྒྱལ་སྤྱིའི་ཁྲིམས་ཁང་དུ་གཏུགས་ཡོད་པ་དེར་ཕན་གྲོགས་གང་ཡང་བྱེད་མ་ཐུབ་མཁན་ཞིག་གི་ཁྲྲིམས་ལུགས་མཁས་དབང་དང་རྒྱ་ནག་ལ་ཕྱྱིན་ནས་བོད་དོན་དྲིལ་བསྒྲགས་བྱས་པ་ཟེར་བ་གཉིས་དངོས་གནས་སྔོན་མ་བོད་མིའི་ཁ་དཔེར་ཁྱི་རྒྱ་ནག་ཏུ་སྐོར་བ་ཟེར་སྲོལ་དང་ཁྱྱད་པར་གང་འདུག་གང་།གལ་ཏེ་རྒྱ་ནག་ལ་བསྐྱོད་དེ་བོད་ཀྱི་རྩ་དོན་ལ་ཕན་པའི་ལས་འགུལ་དེ་སྔོན་བེུད་ཚོགས་པས་ཁ་བཀབ་ནས་བོད་དོན་དྲིལ་བསྒྲགས་བྱས་པ་ནང་བཞིན་དང་དེ་མིན་ན་རྒྱ་མིའི་ཤེས་ཡོན་པ་ཚོར་བློ་ཁ་འགྱུར་ཐུབ་པའི་བོད་དོན་འགྲེལ་བརྗོད་བྱེད་ཐུབ་ན་འང་ཕྱིར་བསྡོད་རྒྱ་མའི་སྤ་སེ་འཁྱེར་ནས་ཕྱིན་པ་ཙམ་ལ་སྐྱོན་ཆེ་བ་མ་རེད་སྙམ།གང་ཡིན་ཟེར་ན།སྤ་སེ་དགོས་པའི་ཆ་རྐྱེན་འོག་ཕྱིན་པ་ནི་ཐབས་ལམ་དང་།བོད་དོན་གླེང་རྒྱུ་དམིགས་ཡུལ་ཡིན་འགྲིགས་པ་རེད་སྙམ།
རྣམ་པ་ཚོས་རྩོམ་ཡིག་འདི་གཟིགས་པ་ལ་ཐུགས་རྗེ་ཆེ། རྩོམ་ཡིག་འདིའི་དམིགས་ཡུལ་ནི་བློ་སེང་ལ་འོས་ཤོག་འཕེལ་བའམ་གཅོག་པའི་གནད་དོན་ཞིག་རྩ་བ་ཉིད་ནས་མིན། རྩོམ་ཡིག་འདི་ནི་བློ་སེང་རྒྱ་ནག་ལ་ཕྱིན་པ་དེ་འགྲིག་གི་རེད་དམ་འགྲིག་གི་མ་རེད་ཅེས་པའི་རྩོད་པ་དེ་ཡང་མིན། མཆན་མང་པོ་ཞིག་ལ་གསལ་བཤད་དེ་གཉིས་ཀྱིས་འཐུས་པ་འདུག ད་རྩོད་པ་ངོ་མ་དེ་གང་ཡིན་ཞེ་ན། “རྒྱ་ནག་ལ་འགྲོ་རྒྱུའི་གོ་སྐབས་”དེ་བློ་སེང་གི་མདུན་ཅོག་སྟེང་ལ་སླེབས་སྐབས། “ཡུམ་དུམ་པ། ང་ ད་བར་བོད་དོན་འཐབ་རྩོད་དུ་ཞུགས་མཁན་ཞིག་ཡིན་པའི་ཆ་ནས། ཡིག་ཆ་རྒྱའི་དྲི་མ་ཅན་དེ་མི་འཁྱེར་ཐག་ཆོད་ཡིན།”སྙམ་པའི་ཡིད་ཆེས་བརྟན་པོ་དང་ཆོད་སེམས་ཤིག་མེད་སོང་བ་དེ་ལ་བློ་ཕམ་བྱུང་། དེའི་ཁར། རིགས་པའི་གཞུང་ལུགས་ལྟ་བུ་ཞིག་འཁྱེར་ཡོང་ནས་ཁོ་ཕྱིན་པ་འགྲིག་ཡོད་བཟོ་འདྲ་བོ་དང་། གཞན་དག་ཀྱང་མང་པོ་ཕྱིན་པ་རེད་ཟེར་གི་འདུག བདེན་པ་རེད། གཉེན་འཕྲད་ལ་འགྲོ་མཁན་ཧ་ཅང་མང་པོ་ཡོད། དེ་ཚོ་བཀའ་བློན་ཁྲི་པ་ལ་ལངས་གི་ཡོད་མ་རེད། རྒྱ་ལ་ཐུག་ས་ཡིན་གཅིག་མིན་གཅིག་པེ་ཅིན་ཡིན་དགོས་པ་མ་རེད།
བོད་ལ་ནང་མི་ཐུག་འཕྲད་འགྲོ་མཁན་དང་རྒྱ་ནག་གི་རྒྱལ་ས་པི་ཅེན་དུ་བོད་དོན་བཤད་མཁན་བློ་སེང་གཉིས་ཀྱི་ཁྱད་པ་ཧ་ཅང་ཆེན་པོ་རེད། བློ་སེང་ཕྱིན་པ་དེར་བོད་སྤྱི་པའི་སྤྱི་དོན་དང་བོད་མི་རིགས་ཀྱི་འཐབ་བརྩོད་ཀྱིས་ཆེད་དུ་ཕྱིན་པ་ཡིན་ཞེས་བློ་སེང་ཁོ་རང་རང་གིས་གསུངས་ཀྱི་ཡོད།
བློ་སེང་ལགས་ཀྱིས་རྒྱ་མི་བྱས་འདོད་ཡོད་པ་དང་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད་པའི་གནས་ཚུལ་གསལ་པོ་རེད། ཕྱི་སྡོད་རྒྱ་མི་ལག་ཁྱེར་ཁུར་ནས་འགྲོ་མཁན་ཚང་མ་ལ་རྒྱ་མི་བྱས་འདོད་དང་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་སྐྱེས་ནས་ཕྱིན་པ་མ་རེད་འདོད།
ཅོ་རིའི་གསུང་ལ་བདེན་པའི་ཆ་མང་པོ་འདུག
བློ་སེང་བོད་མིའི་ཁྲོད་འདི་ལོ་མངོན་ཡོང་ཡས་འདི་དོགས་གནད་ཆེན་པོ་ཡོད་པའི་གནད་དོན་ཞིག་ཆགས་ཀྱི་འདུག མ་ཟད་ཁོ་པས་ང་ཚོ་བོད་མི་རྣམས་མི་ལ་བརྩི་གི་མི་འདུག འདི་ཁོང་ཁྲོ་ཟ་ཤོས་དེ་རེད། འཛམ་གླིང་འདིའི་སྒང་ལ་མཐོ་སློབ་འགྲིམ་མྱོང་བའི་མི་ཁོ་རང་མ་གཏོགས་མེད་པ་འདྲ་པོ་བྱེད་ཀྱི་ཡོད་པ་དང་། འདི་ཏག་ཏག་བོད་མི་ཤེས་རྨོངས་ཅན་རྣམས་ཀྱི་བློ་དང་ཡོངས་སུ་མཐུན་ཏེ་མིག་བཙུམས་ཏེ་འོས་འཕེན་ཐེངས་གཅིག་བྱས་ཚར་བ་རེད། ཁོ་ཚོས་བོད་ཀྱི་ལས་དབང་དང་འབྱུང་འབྲས་ལ་བསམ་བློ་རྩ་བ་ནས་གཏོང་གི་མི་འདུག ད་དངོས་ནས་ངུ་བྲོ་བའི་དུས་ཅིག་རེད་འདུག
དེ་སྔོན་ཞིག་ལ་དྲ་གྲོགས་ཞིག་གིས་ཧུའུ་ཅིན་ཐོ་བཀའ་ཁྲིའི་འོས་གཞི་ལ་འདེམས་ན་ཟེར་བའི་མཆན་ཞིག་རྒྱབ་འདུག དེ་ནི་ཀུ་རེ་རྩེ་བ་ཞིག་ཡིན་རྒྱུ་རེད་བསམ་སོང་། ད་བྱས་དུས་དེ་ནི་ལུང་བསྟན་ཞིག་ཡིན་པ་ཚོར། བློ་བཟང་སེང་གེ་རྒྱ་ནག་ས་སོང་པ་དེ་བོད་སྤྱི་བའི་དོན་དུ་རེད་ཟེར། སྤྱི་དོན་གང་ཞིག་སྒྲུབ་དུ་སོང་བ་ཡིན་ནམ། བོད་གཞུང་གིས་སྤྱི་དོན་སྒྲུབ་པར་བཏང་པ་འེ་རེད། སྔར་ཡོ་རོབ་ནས་བོད་མི་ཁ་ཤས་ཞིག་པེ་ཅིན་ལ་བོད་མའི་སྐུ་ཚབ་བྱས་ནས་བསྐྱོད་སྐབས། བོད་མའི་ཁྲོད་དུ་བོད་མའི་སྐུ་ཚབ་རྡ་སའི་བོད་གཞུང་མ་གཏོགས་མེད་ཟེར་ནས་ངོ་རྒོལ་བྱེད་ཀྱི་འདུག ད་ཡིན་ན་སྒེར་བ་ཚང་མ་བོད་པའི་སྐུ་ཚབ་ཡིན་ཟེར་ནས་རྒྱུགས་གི་བསྡད་ན་འགྲིག་གི་ཡོད་པ་ཡིན་ས་འ་རེད།
ད་དུང་བཤད་ཡ་ཁ་ཤས་འདུག རྒྱ་ནག་གི་པ་སི་པོར་ཁས་ནས་རྒྱ་ནག་ལ་ག་དུས་ཕྱིན་པ་རེད་དམ། སྐབས་ཅིག་ལ་རྒྱ་ནག་གི་པ་སི་པོར་ཀྲི་བོད་པ་རྣམས་ཀྱིས་བླངས་ན་ ༧གོང་ས་མཆོག་བོད་ཀྱི་དབུ་ཁྲིར་ངེས་ལེན་མེད་སོགས་དོན་ཚན་ཉེར་བརྒྱད་ཅན་ཞིག་ལ་ས་རྟགས་བརྒྱབ་ནས་པ་སི་པོར་ཀྲི་ལེན་དགོས་པ་རེད་ཟེར། བློ་སེང་གིས་དོན་ཚན་ཉེར་བརྒྱད་ཅན་དེར་ས་རྟགས་བརྒྱབ་ནས་རྒྱ་ནག་གི་མི་སེར་པ་སི་བླངས་པ་འ་རེད།
དོན་ཚན་ཉེར་བརྒྱད་ཅན་དེར་ས་རྟགས་རྒྱག་མ་ཐུབ་པའི་དབང་གིས་མི་མང་པོ་ཞིག་གིས་རྡི་ལེ་གཞུང་ཚབ་ཁང་དུ་སྤྱོད་པ་རྩུབ་མོ་མང་པོ་བསྟན་པའི་གནས་ཚུལ་ཡོད། བློ་སེང་དྲིན་ཆེན་པོས་གད་མོ་ཤོར་བཞིན་ཤོར་བཞིན་དང་གདོང་ལ་སྒམ་པོའི་ཚུགས་ཀ་ཞིག་སྟོན་བཞིན་ས་རྟགས་བརྒྱབ་ཡོད་པ་དུས་ལ་བལྟས་ནས་བཤད་ནས་བཤད་ན་ཁོ་ཐག་ཆོད་ཀི གང་བཤད་ན་ཡང་བློ་སེང་ནི་ཁ་ཕར་འཁོར་ཊ་རུ་ངོས་གཉིས། ཁ་ཚུར་འཁོར་ཕུར་བུ་ཟུར་གསུམ་ཟེར་བ་དེ་ཡིན་ཁོ་ཐག་རེད།
བློ་སེང་ལགས་གོང་ཁྲན་ཏང་གིས་མགྲོན་འབོད་བྱས་པར་བདེན་པ་རེད། སྐུ་ཚབ་དོན་གཅོད་དང་སྐུ་སྒེར་ཟབ་གདོང་བླ་མ་བཅས་སུ་བཀའ་འདྲིས་ཞུས་ཡོད་པར་བདེན་པ་རེད།
ཡིན་ནའང་བོད་རྒྱ་ཆེ་མི་དམངས་ཀྱི་འཐབ་བརྩད་དང་བོད་རྒྱ་གཉིས་ཀྱི་སྐད་ཆ་བཤད་དུས་སུ་བོད་རྒྱ་ཆེན་མི་དམངས་ཀྱི་འདོད་མོས་ཡོད་མེད་དང་བོད་རྒྱ་ཆེ་མི་དམངས་ཀྱི་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་སུ་ཞུས་མེད་པ་འདི་ནི་བོད་རྒྱལ་ཁབ་དང་བོད་མི་དམངས་སུ་མཐོང་ཆུང་རེད། མི་ཆེན་དཔོན་ཆེན་ཁག་གཅིག་གིས་གནད་དོན་མ་རེད་བོད་རྒྱ་ཆེ་མི་དམངས་ཀྱི་གནད་དོན་རེད།
གཉིས་ནས་གཞི་ལུས་བོད་ཀྱི་ན་གཞོན་ཤེས་ཡོན་ཅན་དང་སློབ་གྲྭ་བ་ཚོས་ཤི་སྲོག་ཐུག་ཀྱང་བོད་མི་རིགས་ཀྱི་སྐད་ཡིག་བདག་པོ་བརྒྱབ་ཨེ་ཐུབ་བལྟ་ཡི་ཡོད། ཡིན་ནའང་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་ཡིག་ཡག་པོ་མི་ཤེས་མཁན་ཞིག་བཀའ་ཁྲིའི་འོས་མི་ནང་དུ་བསླེབས་པ་མ་ཟད་འོས་མཐོ་ཤོས་ཆགས་སོང་།
སྤྱིའི་ཆ་ནས་བོད་མི་རྒྱལ་ཞེན་པ་དང་བོད་མི་རིགས་ཀྱི་ལ་རྒྱ་ཡོད་མཁན་ཚོས་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་ཆུང་ཆུང་འདུག་ཞེས་བཙན་བྱོལ་བོད་གཞུང་ལ་སྐྱོན་བརྗོད་བྱས་དང་བྱེད་བཞིན་པ་རེད།
ད་བཀའ་ཁྲི་ཡིན་ནའང་བོད་ཡིག་ཡག་པོ་ཤེས་མི་དགོས། སྤྱི་འཐུས་ཡིན་ནའང་བོད་ཡིག་ཡག་པོ་ཤེས་མི་དགོས་པ་ཡིན་ནམ། ཡིན་ན་བོད་ཡིག་འདི་བོད་མི་ཉམ་ཆུང་ཚོའི་སློབ་དགོས་པ་ལས་གོ་གནས་ཡོད་མཁན་དང་དཔལ་འབྱོར་ཡོད་མཁན་ཚོའི་སློབ་མི་དགོས་པ་ཡིན་ནམ།
བོད་པའི་ལོ་རྒྱུས་ཐོག་ཏུ་བོད་ཡིག་ཡག་པོ་མི་ཤེས་པའི་མི་ཞིག་བཀའ་ཁྲི་བསླེབས་མྱངས་མེད་ཀྱང་ད་ལན་བཙན་བྱོལ་ནང་གི་བོད་མི་ཚོས་བོད་ཡིག་མི་ཤེས་པའི་འོས་མི་ཞིག་ལ་སྔོན་འགྲོའི་འོས་མང་ཤོག་སྤྲད་པ་རེད།
འདི་ཡག་རྟགས་མ་རེད། སྡུག་རྟགས་རེད། བོད་མིས་བོད་ཡིག་སློབ་རྒྱབ་ཏུ་བསྐྱུར་ནས་བོད་བཙན་བྱོལ་གཞུང་གི་གོ་གནས་ཐོབ་ཀྱི་ཡོད་པར་དངོས་ཡོད་གནས་ཚུལ་ཆགས་དུས་སུ་བོད་ཡིག་ལ་དོ་སྣང་བྱེད་མཁན་སུ་རག་གི་རེད་དམ།
བོད་མི་རིགས་འདིའི་འཆི་གསོན་ཅི་ཡོང་བོད་ཡིག་བདག་པོ་རྒྱབ་ཐུབ་དང་མི་ཐུབ་ལ་རག་ལུས་བསྡད་ཡོད་པ་ཡིན་ན་ང་རང་ཚོས་བཀའ་ཁྲིར་བོད་ཡིག་ཡག་པོ་ཤེས་མཁན་ཞིག་དགོས་ཀྱི་གལ་ཆེན་པོ་རེད།
གནས་ཚུལ་འདིའི་ཐོག་ལ་བགྲོ་གླེང་བྱས་ཏེ། གསལ་བོ་བཟོ་རྒྱུ་གལ་ཆེན་པོ་རེད་བསམ། གནད་དོན་འདི་ཁ་བརྡ་དྲ་དེབ་གཅིག་པུའི་ཐོག་ལ་མིན་པར་མང་ཚོགས་ཀྱི་ཁྲོད་དུ་གང་མགྱོགས་ཤེས་རྟོགས་ཡོང་བ་བཟོ་རྒྱུ་གལ་ཆེན་པོ་རེད། དེ་དང་ཆབས་ཅིག་བློ་སེང་དང་བློ་སེང་གི་རྒྱབ་སྐྱོར་བ་ཚོ་ལའང་གནས་ཚུལ་འདིའི་ཐོག་ལ་གསལ་བཤད་བྱེད་དུ་འཇུག་རྒྱུའི་གོ་སྐབས་སྤྲོད་ཐུབ་ན་བཟང་།
འདས་པའི་ཉིན་ཁ་ཤས་ཀྱི་རིང་ལ་བློ་སེང་གི་ལས་ཁུངས་སུ་ཁ་པར་ཐེངས་ཁ་ཤས་བཏང་པ་ཡིན། ཨེས་མེལ་ཡང་བཏང་པ་ཡིན། ཡིན་ནའང་ད་དུང་ལན་འབྱོར་མ་སོང་། ཁོང་གི་རྒྱལ་ཞེན་གྱི་སྐོར་ལ་སྐད་ཆ་ཁ་ཤས་འདྲི་བསམ་པ་ཡིན། ཁོང་ལ་འབྲེལ་བ་བྱེད་ས་གཤམ་གྱི་འདི་མ་གཏོགས། གཞན་ག་རེ་ཡོད་དམ། གསུངས་རོགས་གནང་། འབྲེལ་བ་བྱེད་ཀྱི་ཡིན། ཁོང་ལ་གསལ་བཤད་བྱེད་དུ་འཇུག་ཨེ་ཐུབ་བལྟ་གི་ཡིན།
Name: Lobsang Sangay
Appointment Title: Research Associate
Department: HLS^E Asian Legal Stds
Office Phone: +1 617 495 9387 Pound 429A
University Mailing Address:
Harvard Law School
Pound Hall, Room 419
1563 Massachusetts Ave
Cambridge MA 02138
Email: sangay@law.harvard.edu
མི་ཡི་སྤུས་ཀ་དགོས་ན་བཀྲ་ཤིས་དབང་འདུས་མཆོག་ཡིན།།
ཤེས་འཇོན་གཟི་བརྗིད་དགོས་ན་བཀྲས་མཐོང་བསྟན་རྣམ་མཆོག་ཡིན།།
ཨ་གསར་འུར་འདྲོགས་དགོས་ན་བློ་བཟང་སེང་གེ་མཆོག་ཡིན།།
བསམ་ཤེས་བོད་ལ་བྱེད་རྒྱུའི་ཡར་ནུར་མར་ནུར་མེད་པ།།
བཀའ་ཁྲིའི་འོས་མི་གསུམ་གྱི་འདོད་པ་གཅིག་པ་ལོས་ཡིན།།
༧རྒྱལ་བའི་དགོངས་གཞི་སྒྲུབ་ན་བཀྲ་ཤིས་དབང་འདུས་ལོས་བཟང་།།
རྒྱལ་སྤྱིའི་མཐོང་ལ་རེ་ན་བཀྲས་མཐོང་བསྟན་རྣམ་ལོས་བཟང་།།
དེང་རབས་གསར་མར་རེ་ན་བློ་བཟང་སེང་གེ་ལོས་བཟང་།།
གཅིག་ལ་བཟང་གསུམ་མ་འཛོམས་བོད་ཀྱི་ལས་འདི་སྐྱོ་བ།
གནའ་བོའི་བསམ་བློའི་ཐོག་ལ་གནད་ཡོད་མི་སྣས་འདོད་པ།།
བཀྲས་མཐོང་བསྟན་རྣམ་ཡིན་པ་གསལ་རུ་གསལ་རུ་འགྲོ་གི།
ཆོས་སྲིད་ཁ་སྟབས་དར་བས་གཞིས་བྱེས་མཉམ་འཛོམས་མེད་ཀྱང་།།
མི་ལ་ཡིད་ཆེས་ཆོག་ས་བཀྲ་ཤིས་དབང་འདུས་རེད་འདུག།
མ་འོངས་ཐེ་ཚོམ་གནས་ནས་ལྟ་རྒྱུའི་ལྟད་མོར་བསམས་ན།།
བློ་བཟང་སེང་གེ་ལས་གཞན་བོད་ལ་ད་ལྟ་མི་འདུག།
༧རྒྱལ་བའི་གསེར་ཞལ་བཞུགས་ཁར་ཟམ་གདོང་འཚོ་ཞིང་བཞུགས་དུས།།
ལོ་རྒྱུས་གསར་བའི་ལེའུ་བོད་ལ་བྱུང་ན་བསམ་ན་བློ་སེང་འདི་ལས་གཞན་མེད།།
འཚེ་བ་ཡིན་མིན་གཉིས་ཀའི་ལམ་དུ་བསྐྱོད་པར་འདོད་ན།།
བཀྲས་མཐོང་བློ་སེང་གཉིས་ཀས་ཅིག་ལ་བསྐྱལ་འགྲོ་བསམ་གི།
བྱང་ཆུང་སྤྱོད་ལ་གནས་ཏེ་སྒྲུབ་པ་ཉམས་ལེན་བྱེད་ན།།
བཀྲ་ཤིས་དབང་འདུས་འདི་ཡིས་སེམས་ཁ་བདེ་རུ་ལོས་བཏང་།།
སྤྱིར་བཏང་བོད་ཀྱི་ཁ་སྟབས་བཀའ་ཁྲིའི་འོས་མིའི་མཚོན་ན།།
མེད་ཀྱང་མི་འཕེན་ལབ་ནས་འདུག་ས་ལས་ལ་མེད་པས།།
ཤོད་རྒྱུར་གཏིང་ནས་སུན་པའི་བཀའ་བློན་ཁྲི་པའི་ཕྱོགས་ལ།།
བར་གསེང་ཇ་ཡི་སྐབས་འདིར་ཚིག་འགའ་ཤར་མར་གཏོར་རོ།།
དྲྭ་གྲོགས་ཚོ་ཕ་ཡུལ་དྲྭ་རྒྱའི་ནང་འབྲུག་པ་ཀུན་ལེགས་ཟེར་བས་འབུམ་རམས་བློ་སེང་ལགས་ཀྱིས་བོད་སྐད྄ཡིག་གི་ཤེས་ཚད་ཐོག་དགོད་རྩོམ་དེ་འདྲ་ཞིག་འདུག
http://www.myimg.de/…etantedfd39.jpg
Lobsang Sangay translates a Tibetan text
བློ་བཟང་སེང་གེ་ལགས་ཀྱིས་བོད་ཡིག་དབྱིན་ཡིག་ནང་བསྒྱུར་བ།
དཔེ་ཆ།
འཕགས་པའི་ཡུལ་དུ་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་ཆེན་མོ་ཎ་ལེན་ཌ་ནས་མགོན་པོ་ཀླུ་སྒྲུབ་འབྱུང་བ་རེད།
L.S.: In the land of swine near a great rock, where the famous Nalander university locates, the great scholar Gonpo Lodrub came up.
P.S. Nalander is comparable with Harvard and Gonpo Lodrub with me, but the difference is that I have a PH. D and he not.
©Drogpa Kunleg
http://www.myimg.de/?img=LStranslatesaTibetantedfd39.jpg
ལྕགས་འགྲམ་གྱིས་བློ་སེང་ལ་དྲི་བ་གཏོང་བའི་གོ་སྐབས་མེད། བློ་སེང་ལ་ལན་རྒྱག་ཡས་མེད། གང་ཡིན་ཞེ་ན། ཁོ་པའི་སྐད་ཆར་བདེན་པའི་ཆ་ཧ་ཅང་ཉུང་། སྐབས་མཚམས་སྐབས་མཚམས་སུ་མི་རྣམས་མགོ་བོ་རྨོངས་ཆེད་དུ་བཤད་པའི་སྐད་ཆ་ཤ་སྟག་རེད། འོན་ཀྱང་ད་ཆ་དགའ་འོས་པ་ཞིག་ལ་མི་མང་པོ་གཉིད་སད་དེ་བརྟག་དཔྱད་བྱེད་པའི་བསམ་བློ་ཞིག་འཁོར་ཡོང་གི་འདུག འདི་ཡག་པོ་རེད།
ངས་ད་ལམ་བཤད་འདོད་པ་ནི་གནད་དོན་གལ་ཆེ་གཅིག་གཞི་བཞག་པའི་ཐོག་ནས་འབུམ་རམས་བློ་བཟང་སེང་གེ་མཆོག་ད་ཆ་བཀའ་བློན་ཁྲི་པའི་འོས་མིའི་ཁོངས་ནས་ཕྱིར་འཐེང་བྱ་དགོས་འདུག ཁོང་ལ་འོས་མིའི་འོས་འབབ་དེ་མེད་པར་མཐོང་གིས།
གནད་དོན་དེ་ནི་༢༠༠༥ ལོར་ཁོང་རྒྱ་ནག་ལ་༼ཕྱིར་སྡོད་རྒྱ་མི༽བྱས་ནས་ཉིན་༡༤རིང་ཕྱིན་པ་དེ་རེད།
༡༽ གནད་དོན་དེ་གལ་ཆེན་པོ་དང་གནད་འགག་ཡོད་པ་བློ་སེང་གིས་ཧ་གོ་བ་དང་ཁྲིམས་ཐོག་ནས་ནག་ཉེས་ཡོད་པ་ཤེས་ཙང་ཟླ་གཉིས་པའི་ཚེས་་༡༦ བར་སྦ་དགོས་ཐུག་པ་རེད།
༢༽ཁོང་རང་ཕྱིན་པ་ཙམ་མ་ཟད་༼ཀུན་གླེང་ཚེས་༡༦༽ དང་ཁོང་གི་བརྙན་པར་། དང་དུང་ཚེས་ཚེས་༡༦ཉིན་རྡ་སར་བཤད་དོན་༼བོད་ཀྱི་སྐུ་ཚབ་ཁོངས་གི་ཚོགས་མི་དང་འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་༽སོགས་ཕྱིན་པའི་སྐད་ཆ་བཤད་ཡོད།
༣༽བློ་སེང་མཆོག་རྒྱ་སྤྱིའི་ཁྲིམས་ལུགས་ལ་མཁས་པ་ཡོད་པ་དང་བོད་གཞུང་གི་ཐོག་ཁོང་གིས་འབུམ་རམས་པའི་རྩོམ་དེ་བྲིས་ཡོད་ཙང་ད་ཆ་བཤད་པའི་སྐད་ཆ་དེ་ཁུངས་སྐྱེལ་དགོས་ཡོད་རེད། ༼སྐུ་ཚབ་སུ་ཕེབས་ཡོད་མེད་དང་ལོ་ག་གིའི་ནང་ཡིན་མིན་སོགས།༽
༤༽ ད་ཆ་བོད་གཞུང་གིས་ཀྱང་བོད་མི་ཚོར་ཁ་གསལ་བཟོ་དགོས་པའི་དུས་ལ་སླེབ་འདུག
ད་ལམ་བོད་གཞུང་གིས་བློ་བཟང་སེང་གེ་ལགས་ཀྱིས་བཤད་པའི་སྐད་ཆ་དེ་སྣང་མེད་བཞག་མི་རུང་དེ་ནི།
གནད་དོན་དེ་ནི་འགག་གནད་ཞིག་རེད་སྙམ།
ཁྲིམས་དང་འབྲེལ་བ་ཡོད་པ་དང་གཅིག
རྙོན་འཛུག་བྱས་ཡོད་པ་དང་གཉིས།
མི་སྤྱོད་རིང་ལུགས་དང་འགལ་བ་དང་གསུམ།
བློ་སེང་ནི་དེ་སྔོན་ཀ་རྡོར་ལ་སྡོད་པའི་བློ་སངས་དེ་མ་ཡིན་པར་བོད་རྒྱལ་ཁབ་ཆེན་པོའི་སྲིད་བློན་གྱི་ཁྲི་ལ་སྡོད་ཀྱི་ཡིན་ཟེར་གྱི་ཡོད་རེད། བྱས་ཙང་བཤད་པའི་སྐད་ཆར་ཁུངས་ལུང་དགོས་ལ་བྱས་པའི་ལས་དེ་བོད་ཀྱི་མེ་བོ་ཚོའི་སྤྱན་སྔར་འབུལ་ཐུབ་བམ་བལྟ་དགོས་རེད་སྙམ
མང་བ་རྗེས་སོར་ཞུ་ཆོག
བོད་ཀྱི་ཕོ་གསར་ལགས་ཀྱི་མཆན་བུ་༣༢པའི་ལན་དུ་ཕུལ་བ།
“ཁྱེད་རང་བཀབ་མིང་འོག་འཚོ་མཁན་ཞིག་ཡིན་ཡང།” གསུངས་པ་ཁྱེད་ཀྱི་ཚིག་གྲུབ་འདི་ཅུང་ཐུང་དྲགས་ནས་གསལ་པོར་གོ་ཐུབ་མ་སོང་ཡང་། ང་སྐྱེས་དུས་ནས་ངའི་མིང་ལ་ཀརྨ་རྡོ་རྗེ་ཞེས་ཐོགས་པ་དང་། ངའི་རབ་འབྱམས་པ་འདིས། ཕྱི་རྒྱལ་བོད་རིག་པའི་འབུམ་རམས་པ་PhDའགའ་ཤས་ཀྱ་དགེ་རྒན་ཡང་བྱས་མྱོང་ཡོད་ལ། བློ་རྩལ་གྱི་ཐོག་ནས་མུ་མཐུད་ནས་འགྲན་རྩོད་གང་ཐུབ་ཐུབ་བྱེད་མཁན་ཅིག་པིན་པས། བཀབ་མིང་འོག་འཚོ་དགོས་མེད་ཅེས་དང་། ཡང་།
བློ་སེང་ལགས་ཀྱི་ཕྱི་སྡོད་རྒྱ་མིའམ་། ཕྱི་སྡོད་ཀྲུང་གོ་གཉིས་ཀྱི་ལག་འཁྱེར་ཆ་ལ་ད་ལྟ་ནི། དེ་གཉིས་ཆུ་དང་འོ་མ་འདྲེས་་པནང་བཞིན་མ་རེད་དམ། འོན་ཀྱང་ང་ཚོ་བོད་ལྗོངས་མི་རིགས་འདི་བཞིན་རྒྱའི་དམར་གཞུང་འོག་ལ་བཙན་པོ་དབང་ཤུགས་འོག་ལ་ཤོར་བ་དང་། དམར་པོའི་སྔོན་ལ་རང་བཙན་གཙང་མ་ཡིན་པ་ནི། ལོང་བས་ཀྱང་མཐོང་ཐུབ་པ་ཡིན་པ་དང་། ཕྱིས་སུ་རྒྱ་གཞུང་དམངས་གཙོ་ཆགས་སྐབས་སླར་ཡང་རང་བཙན་རྩོད་དགོས་མི་དགོས་དེ། དེའི་དུས་ཀྱི་བོད་རིགས་མི་མང་ཚོས་གདམས་ཁ་ཙམ་ལསང་ཚོས་མ་འོངས་སྔོན་བསུ་བྱས་ན། གནོད་ལས་ཕན་ཆེ་བ་མེད་པ་འདི་ཡང་གཞིས་བྱེས་བོད་མི་མང་པོ་ཞིག་གིས་ཚོར་ཤེས་ཐུབ་བགྱིད་མི་འདུག་སྙམ་ལགས།
བར་གསལ་ལགས་ཐུགས་རྗེ་ཆེ། མིང་གྲགས་ཡོད་མཁན་རྩོམ་པ་པོ་ཁྱོད་ལྟ་བུ་ཞིག་གིས་རང་མིང་དངོས་སུ་བཏོན་ཏེ་རྩོམ་ཡིག་འདི་འདྲ་ཞིག་སྤེལ་དགོས་དོན་བློ་སེང་ལ་སྡང་བ་ཞིག་མ་ཡིན་པར་བོད་མི་རིགས་ལ་རང་ཉིད་ལྷག་བསམ་དག་པས་མཚོན་ཞིག་རེད། དེ་མིན་ཁྱེད་ལའང་རང་མིང་བཏོན་ཏེ་འདི་ལྟར་འབྲི་དཀའ་ལས་ཡོད་རྒྱུ་རེད་འོན་ཀྱང་དཀའ་ངལ་མ་འཛེམས་པར་འདི་ལྟར་བྲིས་པའི་རྒྱབ་ལྗོངས་ནས་ང་ཚོས་བློ་སེང་གསལ་བོར་བརྙེད་སོང་།
འདས་དུས་ཀྱི་བློ་སེང་གིས་བྱ་བཞག་ལས་ངས་བློ་སེང་འདི་གོ་སྐབས་རང་ལུགས་པ་ཞིག་ཡིན་པ་ཚོར་སོང་།
གོ་སྐབས་རང་ལུགས་པ་ཟེར་བའི་དོན་རང་ཉིད་ཀྱི་མིང་དང་ཁེ་གྲགས་ཀྱི་དོན་དུ་གང་ཞིག་བློས་གཏོང་དགོས་ཀྱང་གཏོང་གནང་མཁན་ཞིག་རེད་ཟེར་བ་དེ་ཡིན། མདོག་འགྱུར་གྱི་ཤེལ་ཞིག་གཅིག་མཚུངས་རེད་རང་ཚུགས་མེད་སྐབས་དུས་དང་བསྟུན་ནས་རང་ཉིད་མིང་དང་ཁེ་ཕན་གྱི་རྗེས་སུ་ཕྱོགས་འགྲོ།
བློ་སེང་ལ་དངོས་གནས་ལྷག་བསམ་དང་བོད་དོན་བསྒྲུབ་འདོད་ཡོད་ན་བཀའ་ཁྲིའི་རྐུབ་སྟེགས་དགོས་དོན་མེད་ཐོག་མར་ལས་སྣེ་གཞན་སྒྲུབས་དང་། མི་རིགས་ལ་ཕན་པའི་ཞབས་ཕྱི་ཞུ་སྒྲུབ་པའི་ནུས་པ་དང་ལྷག་བསམ་ཡོད་ན་ང་ཚོ་ཁྱོད་རྗེས་སུ་བཀའ་ཁྲིར་འདེམས་ཆོག་གི་རེད། དེ་མིན་ང་ཚོས་གལ་འགང་ཆེ་བའི་དུས་འདིར་ལོང་བརྙབ་བྱེད་དགོས་དོན་ཡོད་རྒྱ་མ་རེད། ད་སྐབས་བློ་སེང་བཀའ་ཁྲིར་འདམས་ན་དེ་ལོང་བརྙབ་བྱས་དང་ཆ་མཚུངས་རེད་ལ་དོན་དུ་འདེམས་དག་གིས་བོད་མིའི་རྩ་དོན་ལ་འགན་ཡང་མ་ཁུར་མིན་ནམ།
བར་གསལ་ལགས་ཐུགས་རྗེ་ཆེ། མིང་གྲགས་ཡོད་མཁན་རྩོམ་པ་པོ་ཁྱོད་ལྟ་བུ་ཞིག་གིས་རང་མིང་དངོས་སུ་བཏོན་ཏེ་རྩོམ་ཡིག་འདི་འདྲ་ཞིག་སྤེལ་དགོས་དོན་བློ་སེང་ལ་སྡང་བ་ཞིག་མ་ཡིན་པར་བོད་མི་རིགས་ལ་རང་ཉིད་ལྷག་བསམ་དག་པས་མཚོན་ཞིག་རེད། དེ་མིན་ཁྱེད་ལའང་རང་མིང་བཏོན་ཏེ་འདི་ལྟར་འབྲི་དཀའ་ལས་ཡོད་རྒྱུ་རེད་འོན་ཀྱང་དཀའ་ངལ་མ་འཛེམས་པར་འདི་ལྟར་བྲིས་པའི་རྒྱབ་ལྗོངས་ནས་ང་ཚོས་བློ་སེང་གསལ་བོར་བརྙེད་སོང་།
འདས་དུས་ཀྱི་བློ་སེང་གིས་བྱ་བཞག་ལས་ངས་བློ་སེང་འདི་གོ་སྐབས་རང་ལུགས་པ་ཞིག་ཡིན་པ་ཚོར་སོང་།
གོ་སྐབས་རང་ལུགས་པ་ཟེར་བའི་དོན་རང་ཉིད་ཀྱི་མིང་དང་ཁེ་གྲགས་ཀྱི་དོན་དུ་གང་ཞིག་བློས་གཏོང་དགོས་ཀྱང་གཏོང་གནང་མཁན་ཞིག་རེད་ཟེར་བ་དེ་ཡིན། མདོག་འགྱུར་གྱི་ཤེལ་ཞིག་གཅིག་མཚུངས་རེད་རང་ཚུགས་མེད་སྐབས་དུས་དང་བསྟུན་ནས་རང་ཉིད་མིང་དང་ཁེ་ཕན་གྱི་རྗེས་སུ་ཕྱོགས་འགྲོ།
བློ་སེང་ལ་དངོས་གནས་ལྷག་བསམ་དང་བོད་དོན་བསྒྲུབ་འདོད་ཡོད་ན་བཀའ་ཁྲིའི་རྐུབ་སྟེགས་དགོས་དོན་མེད་ཐོག་མར་ལས་སྣེ་གཞན་སྒྲུབས་དང་། མི་རིགས་ལ་ཕན་པའི་ཞབས་ཕྱི་ཞུ་སྒྲུབ་པའི་ནུས་པ་དང་ལྷག་བསམ་ཡོད་ན་ང་ཚོ་ཁྱོད་རྗེས་སུ་བཀའ་ཁྲིར་འདེམས་ཆོག་གི་རེད། དེ་མིན་ང་ཚོས་གལ་འགང་ཆེ་བའི་དུས་འདིར་ལོང་བརྙབ་བྱེད་དགོས་དོན་ཡོད་རྒྱ་མ་རེད། ད་སྐབས་བློ་སེང་བཀའ་ཁྲིར་འདམས་ན་དེ་ལོང་བརྙབ་བྱས་དང་ཆ་མཚུངས་རེད་ལ་དོན་དུ་འདེམས་དག་གིས་བོད་མིའི་རྩ་དོན་ལ་འགན་ཡང་མ་ཁུར་བ་མིན་ནམ།
རབ་གསལ་་་་་་་་་བཅོས་རོགས་
འཇམ་དབྱངས་ནོར་བུ་ལགས་ཀྱི་རྩོམ་དེར་བཀོད་པའི་འབྲེལ་ཐག་བརྒྱུད་ནས་བློ་སེང་གིས་ཁོའི་པཱ་སི་སེར་པོའི་སྐོར་གྱི་དྲི་བ་ལ་ཁོང་རང་ཉིད་ཀྱིས་ལན་དམར་དམར་རོ་བརྒྱབ་པ་ཐེངས་ཐོག་མར་གོ་སོང་། སྐད་ཆ་རྡོག་རྡོག་དེ། བློ་བཟང་སེང་གེ་པཱ་སི་སེར་པོའི་ཐོག་ན་བསྡད་ཡོད་པ་གསལ་བོ་ཆགས་སོང་ལ། ཁོས་ཕྱིར་སྡོད་རྒྱ་མིའི་ལག་འཁྱེར་ཞུས་མྱོང་བའང་བདེན་པ་རེད། དེ་ཡང་བོད་གཞུང་གི་ཆོག་མཆན་ཐོབ་པའི་ཐོག་ནས་ཡིན་ཞེས་བཤད་ཀྱི་འདུག དེའི་སྐོར་ལ་ཟམ་གདོང་རིན་པོ་ཆེའི་གསལ་བཤད་དེ་ལའང་ཉན་མྱོང་། མདོར་སྡུས་ན། བློ་བཟང་སེང་གེ་གནས་ཚུལ་མང་དག་ཅིག་གི་ཐོག་ནས་རྩེད་མོ་རྩེས་ཀྱི་ཡོད་པ་སྔོན་ནས་ཤེས་ཡོད་ལ། ད་ནི་རྒྱལ་ཞེན་གྱི་ཐོག་ནས་རྩེད་མོ་རྩེས་ཀྱི་ཡོད་པའང་གསལ་བོ་ཆགས་སོང་། ངས་ནི་སྔར་ནས་བཤད་ཟིན། མི་འདི་ལ་འོས་ཤོག་ཐོབ་ན། དེ་ནི་ཁོའི་རྒྱལ་ཁ་རུ་མི་འགྱུར་བར་ཕམ་ཁར་འགྱུར་རྒྱུ་རེད། རྒྱུ་མཚན་ནི་ཁོ་བཀའ་བློ་ཁྲི་བར་འདེམས་པ་ཡིན་ན། མང་ཚོགས་ཀྱིས་ད་གཟོད་ཁོ་ལ་རྒྱུས་མང་ཙམ་ལེན་ཐུབ་པ་མ་ཟད། མང་གཙོ་ཟེར་བ་དེའང་བདག་པོ་བརྒྱག་མ་ཤེས་ན་རལ་གྲི་སོ་གཉིས་ཅན་གྱི་ཞེད་སྣང་ཚ་བོ་ཞིག་ཡིན་པ་ཤེས་ཐུབ་ཀྱི་རེད་ལ། དེ་དང་མཉམ་དུ་བློ་བཟང་སེང་གེ་ཁྲི་ཐོག་ནས་ལྷུང་སྟེ། བོད་ཀྱི་སྤྱི་ཚོགས་ནས་ཐོན་དགོས་ཆགས་ཀྱི་རེད།
BBC ལགས། བློ་སེང་གི་སྐད་ཆར་བདེན་པའི་ཆ་མེད་པ་དངོས་སུ་ཉམས་མྱོང་གི་ཐོག་ནས་ར་སྤྲོད་བྱུང་མྱོང་། དེ་ནི་ཚོགས་འདུ་ཞིག་གི་ཐོག་ཏུ་རྒྱ་མོ་ཞིག་དང་ཁ་འཛིང་བྱེད་སྐབས། ཁོས་བོད་ཀྱི་དུས་བབ་ཀྱི་སྐོར་ནས་སྐད་ཆ་ཞིག་བཤད་པ་དེ་ངོ་མ་རྩ་ནས་མ་རེད། ཡིན་ནའང་ངས་དེ་ལ་བསམ་ཤེས་བྱས་པ་ཡིན།
དེ་རིང་གོང་དུ་རབ་གསལ་གྱིས་སྤྲད་པའི་འཇམ་ནོར་གྱི་འབྲེལ་ཐག་འདིར་ཉན་དུས། ཁོས་འཇམ་དབྱངས་ནོར་བུ་བོད་ལ་ཕྱིར་སྡོད་རྒྱ་མི་བྱས་ནས་ཕྱིན་པ་རེད་ཅེས་ཟེར་གྱི་འདུག་ལ། འཇམ་ནོར་གྱིས་ང་རྩ་ནས་བོད་ལ་འགྲོ་རྒྱུ་མ་བྱུང་ཞེས་གསལ་བཤད་བྱས་འདུག བོད་མི་དམངས་ལ་བཀའ་བློ་ཁྲི་བ་སྐྱག་རྫུན་ཚ་བོ་ཞིག་དགོས་ན་ཁོ་ལ་འོས་ཤོག་འཕངས་ན་ཏག་ཏག་རེད།
གྲོགས་པོ་ཚོ་ལ་ཐུགས་ཕན་སོས་ཆེད་ངས་ཀྱང་གསལ་བཤད་ཅིག་བྱེད།
དང་པོ་དེ་ སྤ་སི་སེར་པོ་དེའི་སྐོར་རེད། དེ་ནི་ཨ་རིའི་མི་སེར་མ་ཆགས་བར་དུ་རྒྱ་གར་ལ་སྤ་སི་སེར་པོ་བཟུང་ནས་འགྲོ་མཁན་ཨ་རིའི་ནང་བོད་པ་མང་པོ་ཡོད་རེད། དེའི་ཁྱད་ཆོས་གཅིག་ནི་མཐོང་མཆན་ནམ་ཐོངས་མཆན་མི་རེག་པའི་དཀའ་ངལ་ཡོད་མ་རེད་ལ། རྒྱ་གར་དུ་སྡོད་རྒྱུར་དུས་བཀག་ཡོད་མ་རེད། ད་བློ་སེང་གི་སྐོར་དེ་ ཁོང་གིས་ཨ་རིར་གཏན་སྡོད་ཡུལ་མིའི་ཐོབ་ཐང་ལ་སྙན་ཞུ་བརྒྱབ་ནས་ལོ་འགའ་ཞིག་ཕྱིན་ཡོད་པ་དང་། རིང་མིན་ཨ་རིའི་མི་སེར་གྱི་ཐོག་སྙན་ཞུ་བརྒྱབ་ན་འགྲིག་ངེས་ཀྱི་ལོ་དུས་ཚང་གྲབས་ཡོད་རེད་ཅེས་འཇམ་ནོར་གྱི་རྩོམ་དེའི་མཆན་གྱི་ཁོངས་སུ་བཀོད་འདུག ལར་ནས་ཨ་རིར་གཏན་སྡོད་བྱས་ཟིན་པའི་རྗེས་ལ་ སྤ་སི་སེར་པོའི་ངོམ་སོ་བྱེད་རྒྱུ་གང་ཡང་བསྡད་ཡོད་མ་རེད་དྲན།
ཞིང་པའི་བུ་ཟེར་བ་”བོད་དུ་བཞུགས་པའི་བོད་མི་རྒྱ་ཆ་དགུ་བཅུ་གོ་དགུ་ཐམ་པས་རྒྱ་མིའི་ནང་སྡོད་བོད་མའི་ལག་ཁྱེར་འཁྱེར་གྱི་ཡོད་པས་བོད་ཀྱི་རྩ་དོན་དང་ལ་རྒྱ་བསམ་མཁན་ཁྱོད་རང་ཚོ་མི་རེ་གཉིས་ཙམ་ཁོ་ན་ཡིན་པ་འདྲ།” ཟེར་ནོ་ཁྱོད་ལ་གཟའ་རྒྱབ་བཏང་བ་མ་རེད་དམ། བོད་ནང་དུ་གནས་སྟངས་འདི་མེད་པ་ཡིན་ན་བཙན་འཛུལ་བྱས་སོང་ཟེར་ན་ཅི་ཞིག་བཤད་ཀྱི་ཡོད་རེད། མི་འདོད་བཞིན་དུ་སྤྲད་བཞག་པའི་ལག་འཁྱེར་དང་མ་བླངས་ན་རང་དབང་ཡོད་པའི་ཕྱི་སྡོད་རྒྱ་མིའི་མིང་དེ་གཉིས་ལ་འདྲ་ས་འདུག་གམ། སྐད་ཆ་དྲང་མོར་བཤད་རོགས།
གསལ་བཤད་གཉིས་པ་དེ་ནི། རྒྱ་ནག་གཞུང་གིས་སྤྲད་པའི་ལག་འཁྱེར་དེའི་སྐོར་རེད། ངས་ ལྡི་ལི་རྒྱ་ནག་གཞུང་ཚབ་དང་ཌི་སི་རྒྱ་ནག་གཞུང་ཚབ་ཁང་གི་དྲ་རྒྱ་ལ་བལྟས་པ་ཡིན། ཡིག་ཆ་དེའི་སྐོར་ལ་ཚིག་གཅིག་མི་འདུག དབྱིན་སྐད་དུ་ཡིག་ཆ་དེ་ལ་ Overseas Chinese (OC) visaའདྲ་ཞིག་ཟེར་གི་ཡོད་པ་འདྲ། གཞོན་ནུ་ཟླ་མེད་ཀྱིས་ཡིག་ཆ་དེ་མ་བླངས་པའི་གོང་དུ་དོན་ཚན་མང་པོ་ཅན་གྱི་ཡིག་ཆ་ཞིག་ལ་ས་རྟགས་རྒྱག་དགོས་རབས་ཀྱང་བཤད་འདུག ད་དུང་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་མི་ལའང་ཡིག་ཆ་དེ་འདྲ་ཞིག་སྤྲད་པ་ལ་བརྟེན་ནས་རྒྱ་གར་གྱི་ཡུལ་མི་རྣམས་རྒྱ་ནག་ལ་འགྲོ་མ་ཐུབ་པའི་གནས་ཚུལ་མང་པོ་ཐོན་སོང་། གང་ལྟར་ཡིག་ཆ་འདི་རྩོད་རྙོག་ཅན་ཞིག་ཡིན་པ་ནི་ཐག་ཆོད་པ་རེད།
རབ་གསལ་ལགས་ཀྱི་རྩོམ་བཀླགས་པ་ཡིན། འབྲེལ་ཐག་ནང་བཞག་པའི་བློ་བཟང་སེངྒེའི་གཏམ་བཤད་སྒྲ་ཐག་དེ་ཡང་ཉན་པ་ཡིན། བསམ་ཚུལ་ཁ་ཤས་ཡོད།
བུད་མེད་དེས་དྲི་བར་ལན་འདེབས་སྐབས། བློ་བཟང་སེངྒེས་བཀའ་བློན་ཁྲི་པའི་འོས་མི་ཞིག་དང་། མི་མང་གི་འགོ་ཁྲིད་ཅིག་གི་རྣམ་འགྱུར་དང་བཟང་སྤྱོད་ཐོག་ནས་ལན་འདེབས་མ་བྱས་པར། དྲི་བ་འདྲི་མཁན་མོ་རང་བཀྲས་མཐོང་གི་རྒྱབ་སྐྱོར་བ་རེད། ཨུ་ཚུགས་ཅན་རེད་སོགས་མཐོང་ཆུང་དང་ཁྱད་གསོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཞིག་བསྟན་ཏེ། དྲི་བའི་དོན་དག་ཆུང་ཆུང་ཡིན་པ་དང་། དྲི་བ་འདྲི་མཁན་གྱི་ཀུན་སློང་ལ་སྐྱོན་ཡོད་པའིོ་རྣམ་པ་བསྐྲུན་འདུག དམངས་གཙོའི་སྤྱི་ཚོགས་ནང་འོས་བསྡུའི་སྐབས་སུ་ཕྱོགས་གང་ས་ནས་དྲི་བ་ཡོང་གི་རེད། ལྷག་པར་མཐུན་ཕྱོགས་ཀྱིས་འདྲི་མི་ཐུབ་པ་དང་བསམ་བློ་ལ་དྲན་མི་མཐུན་པ་མང་བོ་ཞིག་མི་མཐུན་ཕྱོགས་ཀྱིས་འདྲི་ཐུབ་པ་དང་དྲན་ཐུབ་པ་ཡིན། ཇི་ལྟར་ནའང་། དྲི་བ་ཚང་མར་སྤྱི་སྙོམ་ཐོག་ནས་ལན་འདེབས་པ་ལས། དྲི་བ་འདྲི་མཁན་གྱི་རྒྱབ་ལྗོངས་ཚོད་དཔག་གིས་ལན་འདེབས་པ་འདི་ཡག་པོ་མ་རེད་ལ། ཉམས་མྱོང་མེད་པའི་རྣམ་པ་གསལ་པོ་ཞིག་རེད།
རང་ཉིད་རྒྱ་ནག་ཏུ་བསྐྱོད་པ་དེ་ཡང་དག་ཡིན་པའི་སྒྲུབ་བྱེད་རྒྱུ་མཚན་དུ། གཞན་དག་མང་བོ་ཞིག་དྲུད་ཡོང་བ་དཔེར་ན། རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ཡང་རྒྱ་ནག་གི་ཕྱི་སྡོད་རང་མིའི་ལག་འཁྱེར་ཐོག་ནས་བོད་ལ་ཕྱིན་པ་རེད་ཅེས་ཚིག་ཐག་བཅད་ནས་བཤད་འདུག དེ་ལ་འཇམ་དབྱངས་ནོར་བུས། ཁོང་ལ་དེ་འདྲའི་གོ་སྐབས་དངོས་གནས་ཐོབ་པ་མ་ཟད་བོད་ལ་འགྲོ་འདོད་ཤིན་ཏུ་ཆེ་ཡང་། མི་རིགས་དང་རྒྱལ་ཁབ་ཀྱི་ལ་རྒྱར་བསམས་ནས་ལག་འཁྱེར་དེ་འདྲ་འཁྱེར་ནས་བོད་ལ་རྩ་བ་ནས་འགྲོ་མ་མྱོང་ཞེས་རང་ཉིད་དག་འབུད་བྱས་ཡོད། བློ་བཟང་སེངྒེས་འདི་ལྟར་མི་ཆེན་འདི་དང་འདིས་རྒྱ་ནག་གི་ཕྱི་སྡོད་རང་མིའི་ལག་འཁྱེར་བཟུང་ནས་བོད་དང་རྒྱ་ནག་ལ་བསྐྱོད་པ་རེད་ཅེས་མིང་གཞུང་དྲངས་པ་དེ་ཚོ་ཏག་ཏག་བསྡད་ཡོད་མེད་དྲི་བ་ཆེན་པོ་ཞིག་རེད། ཉུང་མཐར་ཡང་འཇམ་དབྱངས་ནོར་བུ་མ་སོང་བཞིན་དུ་ཕྱིན་པ་རེད་ཅེས་བཤད་པ་དེའི་ཐོག་ནས་ཁོང་གིས་ཁུངས་ལུང་མེད་པའི་སྐད་ཆ་བཤད་ཀྱིན་ཡོད་པ་གསལ་པོ་རེད།
རྒྱ་ནག་ཏུ་སོང་བ་ཙམ་གྱིས་མ་འགྲིག་པ་ཅི་ཡང་མ་རེད། སྐབས་འདིར་བསམས་དགོས་པ་དེ་ཅིའི་ཕྱིར་སོང་བ་དང་ཇི་ལྟར་སོང་བ་དེ་རེད། འགྲོ་དོན་ནི་རྒྱ་ནག་གི་“མཁས་པ་”ཟེར་བའི་མི་ཆང་ངེ་ཆུང་ངེ་ཁ་ཤས་ཐུག་ཆེད་རེད། དེ་ཚོ་ཡང་ཡག་པོ་ཞིག་ཐུག་ཐུབ་མེད། རྒྱ་ནག་ལ་སོང་ནས་ཡང་སྙིང་རྒྱ་དཔོན་སུ་ཐུག་པ་དང་། རྒྱ་ནག་གི་ལས་ཁུངས་གང་ལ་འབྲེལ་བ་བཟང་ངན་ཅི་བྱས་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ང་ཚོར་མེད། ཅུང་ཟད་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ཡོད་པ་ནི། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས། བློ་སེང་རྒྱ་ནག་ལ་སོང་བ་མཁྱེན་རྟོགས་ཡོད་པ་དང་། དེས་ཕན་ཐོགས་བྱུང་ཞེས་གསུངས་པ་དེ་རེད། ཇི་ལྟར་ཕན་ཚུལ་ང་ཚོར་གསལ་པོ་གསུངས་མེད། རྒྱ་ནག་གི་“མཁས་པར”བསྙད་པ་དེ་ཚོ་ཐུག་མ་ཐུབ་ཀྱང་། བོད་ལ་ཕན་ཚུལ་གསུངས་པ་དེའི་རྒྱབ་ནས་བློ་སེང་གིས་རྒྱ་ནག་གི་ལས་ཁུངས་ཤིག་ལ་ཏན་ཏན་འབྲེལ་གཏུགས་ཤིག་བྱས་ཡོད་པའི་ཚོད་དཔག་བྱས་ཆོག་པ་ཡིན།
ཇི་ལྟར་སོང་བ་ཞེས་པའི་དྲི་བ་དེའི་རྒྱབ་ཏུ་གནས་ཚུལ་མང་བོ་ཡོད། མགྲོན་ཤོག་སུས་བཏང་བ་རེད། ༡༩༩༤ རྗེས་ནས་བོད་དོན་འཐབ་རྩོད་པ་མངོན་གསལ་ངང་བོད་དང་རྒྱ་ནག་ལ་འགྲོ་བར་དཀའ་ངལ་ཡོད་པས། རྒྱ་ནག་གཞུང་གིས་བློ་སེང་ལྟ་བུའི་མི་མངོན་གསལ་ཅན་ཞིག་རྒྱ་ནག་ལ་འོང་ཆོག་པའི་ཆོག་མཆན་སྤྲོད་དོན་ཅི་རེད། ཆོག་མཆན་དེ་ཡང་རྒྱ་ནག་གི་ཕྱི་སྡོད་རང་མིའི་ཐོག་ནས་སྤྲད་པ་དང་། སྤྲད་པ་ལྟར་བློ་བཟང་སེངྒེས་ལེན་རྐྱང་བྱས་པ་རེད། དངོས་གནས་བྱས་ན། བོད་པ་སྐྱབས་བཅོལ་བ་གཞུང་དོན་ཆེད་རྒྱ་ནག་ལ་འགྲོ་སྐབས་དཀའ་ངལ་དེ་འཕྲད་མྱོང་མེད་པ་མ་རེད། འོན་ཀྱང་སྔོན་གྱི་མི་རབས་སྙིང་སྟོབས་ཅན་ཚོས་གདོང་ལེན་གནང་ཡོད། དཔེར་ན། སྔོན་མ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་སོགས་བོད་དང་རྒྱ་ནག་ལ་འབྲེལ་མོལ་ཆེད་ཕེབས་སྐབས། རྒྱ་ནག་གཞུང་གིས་ཀྲུང་གོའི་ཕྱི་སྡོད་རང་མིའི་ལག་འཁྱེར་སྤྲད་ཀྱང་། ཁོང་རྣམ་པས་ལག་འཁྱེར་དེའི་ཐོག་ནས་རྩ་བ་ནས་འགྲོ་གི་མིན་ཞེས་བཤད་དེ་སྐབས་ཤིག་རིང་འབྲེལ་མོལ་མཚམས་ཆད་དགོས་པ་བྱུང་ཡོད། ཐ་མ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་སོགས་ལ་རྒྱ་ནག་གཞུང་གིས་དམིགས་བསལ་ལག་འཁྱེར་ཞིག་འབུལ་དགོས་བྱུང་ཡོད། དེར་བརྟེན། བློ་སེང་གིས་ཐབས་ཤེས་དང་ཨུ་ཚུགས་མ་བྱས་པ་མ་གཏོགས་ལམ་ཁ་གཞན་རྩ་བ་ནས་མེད་པ་མ་རེད། གང་ལྟར་དོན་དག་འདིས་བློ་བཟང་སེང་གེས་བརྟག་དཔྱད་དང་བསམ་གཞིགས་ཟབ་ནན་མ་བྱས་པར། གཡམ་རྒྱུག་མང་པོ་ཞིག་བྱེད་བཞིན་ཡོད་པ་དང་། གཡམ་བཤད་མང་པོ་ཞིག་བྱེད་བཞིན་པ་མཚོན་པ་རེད།
ད་དུང་གསལ་པོ་བཤད་དགོས་པ་ཞིག་ནི། བློ་སེང་གི་རྒྱབ་ལྗོངས་སུ་ཡོད་པའི་གཞུང་འབྲེལ་མི་སྣ་ཁ་ཤས་རེད། དཔེར་ན། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་དང་། འཆར་འགོད་སྤྱི་ཁྱབ་འགན་འཛིན་དཀོན་མཆོག་བརྩོན་འགྲུས་གཉིས་ཀྱིས། གཞུང་གི་གོ་གནས་སྤྱད་དེ། བློ་བཟང་སེང་གེར་འོས་ཤོག་ཐོབ་ཐབས་བྱེད་བཞིན་ཡོད། དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་དང་བློ་བཟང་སེང་གེའི་དབར་ཉིན་རེར་ཁ་པར་ཐེངས་གཉིས་གསུམ་གྱི་འབྲེལ་བ་འཆར་ཅན་དུ་ཡོད་པ་རེད། འདི་ནི་གནད་དོན་ཆེན་པོ་ཞིག་ཡིན། དཔེར་ན། བློ་བཟང་སེང་གེས་དང་བླངས་དཔྱ་དངུལ་དུས་ཐོག་གྲངས་ཚང་ཕུལ་འདུག་ཅེས་པའི་དཔང་ཡིག་སྤྲོད་མཁན་བློ་བཟང་སྙན་གྲགས་རེད། དཔང་ཡིག་དེའི་རྒྱབ་རྟེན་ཡིག་ཆར་དོགས་པ་མང་བོ་འདུག་ཀྱང་། ང་ལ་ད་དུང་དཔྱད་གཞི་མ་འཛོམས་པས་འདིར་མང་པོ་བཤད་ཀྱི་མིན།
དེ་རིང་དུས་ཚོད་ཕྲན་བུ་བྱུང་བས་འདི་དག་བྲིས་བ་ཡིན།
ཁ་ཤས་ཀྱིས་༸གོང་ས་མཆོག་གིས་རྒྱ་ནག་གི་མི་སེར་གནང་འདུན་ཡོད་ཅེས་གསུང་མྱོང་བ་དེ་ལ་འཁྱོག་བཤད་བྱེད་བཞིན་འདུག
༸གོང་ས་མཆོག་གིས་བོད་རྒྱ་འགྲིག་འཇག་བྱུང་སྟེ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པའི་སྐབས་སུ་རྒྱ་ནག་གི་མི་སེར་གནང་འདོད་ཡོད་ཅེས་གསུངས་ཡོད། དེ་ནི་ཆ་རྐྱེན་ཡོད་པ་ཞིག་དང་མ་འོངས་པའི་གནད་དོན་ཞིག་ཡིན་པས། ད་ལྟའི་གནད་དོན་དང་མཚུངས་བསྡུར་བྱས་ན་གཡག་མགོ་ལུག་སྦྱར་རེད།
དགེ་འདུན་རབ་གསལ་ལགས། རྩོམ་པ་པོ་ཞིག་མིང་ཐོག་ནས་བློ་སེང་སྐོར་རྩོམ་ཡིག་སྐྱུག་བྲོ་བ་ཞིག་བྲིས་འདུག ཁྱེད་རང་བློ་སེང་ལ་འགལ་ཟླ་གཅིག་ཡོད་པ་ངས་བློ་ཐག་བཅད་ནས་བཤད་དེ་སྔོན་སྔོན་འགྲོའི་འོས་བསྡུ་སྐབས་ཁྱེད་ཀྱིས་བློ་སེང་སྐོར་ལ་རྒྱ་ནག་གི་ཨོ་བྷ་མ་ཟེར་བ་ཞིག་བྲིས་སོང་རྩོམ་ཡིག་དེ་ཚོ་བོད་མི་རིགས་དབར་ཕན་ཚུན་ཕུ་དཀྲུགས་མདའ་དཀྲུགས་གཏོང་མཁན་ཡིག་འཁྱམས་ཞིག་རེད། དང་པོ་སོ་སོ་རང་ཉིད་འཇོན་ཐང་ཡོད་བློ་སེང་ལྟ་བུར་བཀའ་ཁྲིའི་འོས་མི་ལངས་དང་ངས་ཁྱེད་ལ་གུས་བཀུར་བྱ་ཆོག དེ་མ་གཏོགས་ཞན་འཁོག་དང་འདྲེ་སེམས་རིགས་བསྐྱུར་ལེགས། ༧གོང་ས་མཆོག་དབུ་བཞུགས་ཐོག་བཀའ་ཁྲིར་དངོས་གཞིས་འོས་མི་གསུམ་སུ་སླེབས་ན་འཇོན་གྱི་ཡོད་ཚང་མས་མཁྱེན་གསལ་རེད།
དེར་སྨད་ར་བསྟོད་ར་གླེང་དགོས་དོན་མེད།
མི་རིགས་དང་རྒྱལ་ཁབ་ལ་ཞན་ཁོག་དང་ལ་རྒྱ་ཡོད་ན་སོ་སོ་འོས་ཤོག་སུ་ལ་བླུགས་ན་འདོད་མོས་རེད་ལ་རྙོག་དྲག་ཡིས་སྒམ་ཁ་ཕྱེད་ན་ལེགས།
མི་རྒན་ཁང་གསར་འདི་འདྲ་ས་མི་འདུག ཀླུ་མཁར་བྱམས་ཀྱི་ཆ་བ་ཆོ་བོ་དང་། དམིགས་གསལ་སྐུ་ཚབ་རྣམས་ཀྱི་ལག་འཁྱེར་བློ་སེང་དང་འདྲ་བར་ཡོད་རེད་བསམ་མཁན་ཚང་མ་ནག་འཚུབ་སེ་བཏང་སོང་།
དངོས་གནས་བཤད་ན་བློ་བཟང་སེང་གེ་བཀའ་བློན་ཁྲི་བར་དགོས་འདུན་བཏོན་ཆོག་པའི་ཆ་རྐྱེན་གཅིག་རང་ཡོད་པ་ནི་ཁྲིམས་ལུགས་ཤེས་པ་དེ་ག་རང་ཡིན། ད་བཀའ་ཁྲི་ཟེར་དུས་གནད་འགག་མང་པོ་ནས་ལྟ་དགོས་པ་ལྷན་རྒྱས་ནས་དྲན་སྐུལ་གནང་དུས་ང་ལའང་དྲན་རྒྱུ་ཞིག་འདུག
ཁ་སྔོན་བློ་སེང་གིས་མ་འོངས་ལས་འཆར་ཟེར་བའི་དེབ་ཞིག་བཏོན་སོང་། དེ་ལ་རང་ཚོད་ཀྱིས་ཞིབ་ཚགས་མོ་བྱས་ནས་བལྟས་པ་ཡིན། ཆབ་སྲིད་ཀྱི་འཆར་གཞི་ཟེར་རམ་བང་ཞིག་སྒྲིག་པའི་ཟོ་ཡོད་པ་དེ་དག་མི་མང་ལ་ཕུ་རྒྱག་པ་འདྲ་བོ་ཞིག་ལས་དོན་དངོས་ཀྱི་འཆར་སྣང་ཞིག་ཏུ་མཐོང་མ་སོང་། གསར་གཏོད་ཟེར་བ། རང་མགོ་རང་མཐོན་ཟེར་བ། ཆིག་སྒྲིལ་ཟེར་བ་གང་ལའང་གཏད་སོ་འདི་རེད་བསམ་བསམ་ཞིག་མི་འདུག ཆིག་སྒྲིལ་ཟེར་ཞོར་ཆོལ་ཁ་གསུམ་གྱི་སྐུ་ཚབ་བཀའ་ཤག་ནང་ཡོང་དགོས་པ་རེད་ཟེར་ནས་ཁ་ཁར་ཕྱེས་སོང་། གསར་གཏོད་ཟེར་ཞོར་དབུ་མའི་ལམ་ལ་བསྐྱར་ཞིབ་བྱེད་དགོས་སྲིད་ཀྱི་རེད་ཙམ་ཡང་བཤད་མ་སོང་། རང་མགོ་རང་ཐོན་ཟེར་ན་ཁོ་རང་འདྲ་བོ་བྱེད་དགོས་པ་རེད་ཟེར། འོ་ད་ཟམ་གདོང་རིན་པོ་ཆེའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འདྲ་བ་ཞིག་ཀྱང་ཡོང་མི་འདུག རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་ནང་དུ་རང་དབང་དང་དེ་ཡོང་ཐབས། དེ་སྒྲུབ་ཐབས་གསལ་བོ་བཀོད་གནང་ཡོད་པ་རེད། རང་མགོ་རང་ཐོན་ཅི་ལྟར་བྱེད་དགོས་མིན། ཅི་ལྟ་བུ་ཞིག་ལ་རང་མགོ་རང་ཐོན་ཟེར་མིན་སོགས་གཞུང་ལུགས་འདྲ་ཞིག་བརྩམས་གནང་ཡོད་པ་རེད།
གཅིག་གྱུར་གྱིས་བོད་ལ་ཅི་ལྟར་ཕན་ཚུལ་ཆིག་སྒྲིལ་མ་གནང་བའི་ཉེས་པ། ཅི་ལྟར་བྱེད་དགོས་ཚུལ་སོགས་གསུང་ཡོད་པ་རེད། མཁས་དབང་བློ་བཟང་སེང་གེ་ཟེར་ག དེང་རང་རེའི་བོད་ཀྱི་ངེས་དོན་མཁས་དབང་ཟམ་གདོང་རིན་པོ་ཆེས་མཁས་པའི་རྩལ་སྟོན་གནང་ཡོད་རེད། བློ་བཟང་སེང་གེར་སྟོན་རྒྱུ་འདི་ཡིན་ཟེར་རྒྱུ་ཞིག་ད་སྔ་མཐོང་མ་སོང་། མ་གཞི་བཙན་བྱོལ་ནང་གི་མཁས་དབང་ཟེར་ན་སྐྲག་མི་དགོས དེ་སྔོན་སྤོ་ལགས་ཤིག་དང་མཉམ་དུ་བཀའ་མོལ་གནང་བ་ཡིན། ཁོང་གིས་དེང་སང་ཅི་ཟེར་གྱི་ཡོད་རེད། མཁས་དབང་ཟམ་གདོང་རིན་པོ་ཆེ་ཟེར་གྱི་འདུག དོན་ལ་གནས་ཀྱི་འདུག དེ་དང་མཉམ་དུ་མཉམ་དུ་མཁས་དབང་བསྟན་འཛིན་བརྩོན་འགྲུས་ཟེར་གྱི་འདུག ད་མཁས་དབང་ཟེར་ན་ཅི་ཟེར་གྱི་ཡོད་རེད། དེ་སྔ་བོད་སིལ་བུའི་སྐབས་ཀྱི་ལོ་རྒྱུས་ལ་ལྟས་ན་བོད་ཀྱི་རིག་གནས་དར་བའི་སྒང་རེད། ཡིན་ཡང་། མཁས་དབང་གི་མཚན་འབོད་གནང་ས་ཞེ་དྲག་ཉུང་ཉུང་རེད། དེང་སང་ད་ག་རེ་ཡིན་པའི་ཁུལ་རེད་གསུངས་སོང་།
གཞན་བློ་སེང་འདི་ཀུན་སྤྱོད་ངོ་མ་ལེགས་པོ་མི་འདུག དེ་སྔ་VOAནང་དུ་བགྲོ་གླེང་གནང་སྐབས་དྲི་བ་འདྲི་མཁན་ཞིག་གིས་ཁོང་གི་སྙེས་ལགས་བོད་མི་ཡིན་མིན་ཟེར་ནས་དྲི་བ་གནང་སོང་སྟེ་ལན་ཐད་ཀར་བོད་མི་ཡིན་པ་ལ་དོགས་པ་མི་དགོས་ཚུལ་མིན་ཚུལ་མང་པོ་ཞིག་གསུངས་སོང་། ཁོང་ཁྲིམས་ལུགས་ཆེད་སྦྱོང་གནང་མྱོང་མཁན་རེད། བོད་ཀྱི་བཀའ་བློན་ཁྲི་བ་གནང་བར་གཟའ་ཟླ་རིགས་གང་ཡིན་མིན་ལ་འབྲེལ་བ་ཡོད་པ་མ་རེད། གནས་ལུགས་འདི་ཁོང་གིས་མཁྱེན་གྱི་རེད། འདིའི་ཐད་འགྲེལ་བཤད་མ་གནང་བར་བོད་མི་ཡིན་ཚུལ་ལྷོ་ཁ་ཟེར་ཅིག་ནས་ཡིན་རབས་མང་པོ་གསུང་བསྡད་སོང་། འདི་བཀྲས་མཐོང་ལ་གནོད་ཀྱི་ཡོད་ན་གནོད་ཤ་སྟག་འདྲ་ཞིག་རེད། བཀྲས་མཐོང་གི་སྙས་ལགས་བོད་པ་ཞིག་མིན་རབས་འདུག འགན་འཁུར་ལ་དོ་སྣང་མ་བྱས་པ་རེད་བསམ་སོང་།
དེ་ལས་བཀྲས་མཐོང་དྲག་ག བཙན་བྱོལ་བོད་གཞུང་ཡུན་གནས་ཡོང་ཐབས་ཀྱི་འཆར་སྣང་། ཐབས་ལམ། ལས་དོན་བྱེད་ཕྱོགས་གསལ་ཐང་ཐང་འདུག དཔལ་འབྱོར་ཐད་དུའང་འདུ་འགོད་བྱེད་ཐབས་གསལ་བོ་འདུག
ང་བཀྲས་མཐོང་གིས་སྔོན་ཅིག་གནང་བ་རེད་ཟེར་ནས་ཧ་སངས་ཀྱི་མི་འདུག དེང་ག་རེ་གནང་ས་རེད་དེ་ལ་ལྟ་འདོད་འདུག བཀྲས་མཐོང་ལྟ་བུ་ཞིག་ཡིན་ན་ས་ཨ་རིར་སོང་བ་དེ་ནང་མི་སྒེར་གྱི་དཀའ་སེལ་ཆེད་ཡིན་ཟེར་ནས་ཕྱི་གསལ་ནང་གསལ་རེད། ཨ་རིར་ཕེབས་ནས་ཀྱང་བོད་དོན་ཐད་ལས་དོན་མང་པོ་གནང་བ་རེད།
ཁོང་བཀའ་ཁྲིར་མི་འོས་ས་ཞིག་ཡོད་པ་དེ་བཙན་བྱོལ་གྱི་མི་རབས་དང་པོ་ཆགས་ཡོད་ཙང་། བཙལ་བྱོལ་གྱི་དབུ་ཁྲིད་རྣམས་ཡང་འཁོར་བསྐྱར་འཁོར་གྱི་རྣམ་པ་ཞིག་ཡོང་གི་ཡོད་པ་དེ་གཅིག་པོ་རེད། ད་དེ་སྐྱོན་མི་འདུག ཟེར་བའི་ལྟ་ཚུལ་དགོངས་ཚུལ་ཅིག་ཡོད་ན་ཁོང་དྲག་ཤོས་རེད་བསམ་སོང་།
འོ་ད་དུང་རྩོམ་འདིའི་འོག་ཏུ་ཕྱོགས་རིས་འཐེན་འཁྱེར་ཟེར་མཁན་འདུག་ག ད་སྐད་ཆ་འདི་མང་པོ་མ་བཤད་ན་བཟང་གི སྐད་ཆ་འདི་ལྷོ་ཕྱོགས་ཁུལ་དུ་སོང་ན་ཆེ་རུ་འགྲོ་གི་རེད། དེ་དངོས་ཡོད་གསན་ཚུལ་ཡིན་ཙང་བཤད་པ་ཡིན།
ཟླ་བ་ཟེར་མཁན་བུ་མོ་དེས་བདུན་ཕྲག་གཅིག་ཙམ་གྱི་གོང་ལ་སཱ་རཱ་དང་བོད་ཕྲུག་ཁྱིམ་སྡེ་གཉིས་སུ། བློ་སེང་གིས་རང་ཉིད་ཕྱིར་སྡོད་རྒྱ་མི་ཡིན་པར་ངོས་ལེན་བྱས་ཡོད་མེད་ཀྱི་ཐད་ནས་གཏིང་འདྲི་ནན་འདྲི་བྱས་འདུག་པ་དེ་ནི་རྗེས་སུ་ཡི་རངས་ཀྱི་གནས་རེད། གནས་ཚུལ་འདི་སྤྱི་ཚོགས་ཐོག་ཏུ་མ་ཁྱབ་པ་མ་རེད། བོད་ཀྱི་གསར་འགོད་པ་ཚོས་བདག་པོ་མ་བརྒྱབ་པར་ལུས་པ་རེད། གནས་ཚུལ་གསལ་བོ་མེད་པར་དུད་སྨུག་གིས་ཁེངས་པ་འདྲ་ཞིག་བྱེད་པ་འདི་ནི་བོད་ཀྱི་གསར་འགྱུར་བརྒྱུད་ལམ་གྱི་ན་ཚ་ཞིག་རེད།
གཞན་འཇམ་ནོར་གྱི་རྩོམ་དེའི་འོག་གི་མཆན་ལྔ་བཅུ་ཐམ་པར་མིག་བཤེར་ཙམ་བྱས་ཏེ། བློ་སེང་གིས་“ཨ་རིར་གཏན་སྡོད་ཡུལ་མིའི་ཐོབ་ཐང་ལ་སྙན་ཞུ་བརྒྱབ་ནས་ལོ་འགའ་ཞིག་ཕྱིན་ཡོད་””པ་རེད་ཟེར་བ་དེ་བཙལ་བ་ཡིན། གལ་སྲིད་འདི་བདེན་པ་ཡིན་ན། ད་ཆ་ཁོས་པཱ་སི་སེར་པོ་བར་སྣང་ལ་བསྒྲེངས་ཏེ། རྒྱལ་ཞེན་ཆེ་མདོག་སྟོན་པ་ནི་མང་ཚོགས་ལ་མགོ་སྐོར་དང་བསླུ་བྲིད་གཏོང་གི་ཡོད་པ་ཞིག་ཡིན་པ་གསལ་བོ་རེད། ཡིན་ནའང་མཆན་དེ་དག་ཏུ་གནས་ཚུལ་འདི་འདྲ་ཞིག་མཐོང་མ་སོང་། ཟླ་བ་ལགས་ཀྱིས་མཆན་ 25 པ་དེར་
Dawa | February 18th, 2011 | 12:58 am
… …
He has VISA O (before that Student visa). He qualified for it in 2005. After few years he can qualify for green card (by 2007-8) and few more years later citizenship (2010-11). He started campaigning 2007. If he were to consider himself for citizenship, it would have taken him till 2010-2011 to become an actual US citizen. So the fact is, he did not have an option and by the time that option arose he had already decided to run for KT. Having an IC he can brag he “choose” to not become a US citizen because he’s less selfish and “more patriotic”.
འདི་འདྲ་ཞིག་བྲིས་འདུག་པ་དེ་ནི། མོ་རང་གི་ཚོད་རྩིས་ཙམ་རེད་མ་གཏོགས། བློ་སེང་གིས་དེ་འདྲ་ཞིག་བྱས་པའི་དངོས་ཡོད་གནས་ཚུལ་ཡིན་པ་ཁ་གསལ་བོ་མི་འདུག
བློ་བཟང་སེང་གེ་ལ་འོས་ཤོག་མི་འཕེན་རྒྱུའི་རྒྱུ་མཚན་ལ། ཁོང་གིས་འཇམ་ནོར་ཡང་ཕྱིར་སྡོད་རྒྱ་མི་བྱས་ནས་ཕྱིན་པ་རེད་ཟེར་བའི་སྐྱག་རྫུན་བཤད་པ་མ་ཟད། ཁོང་གིས་བོད་ཞེན་ཆེ་མདོག་གིས་ཁ་ཚུར་འཁོར་ནས་ང་རྒྱལ་ཁབ་གཞན་གྱི་མི་སེར་མི་བྱས་པར་ད་དུང་ཡང་སྐྱབས་བཅོལ་ལག་དེབ་འཛིན་གྱི་ཡོད་ཚུལ་བཤད་ཅིང་། ཁ་ཕར་འཁོར་ནས་ཕྱི་སྡོད་རྒྱ་མི་བྱས་པ་འདི་ཁོ་ནས་འདང་གི་མི་འདུག་གམ། བོད་མི་ཚོ།
དེ་མ་ཟད་ད་དུང་ཟླ་བ་ལགས་ཀྱིས་བཤད་ན། བློ་སེང་གིས་བོད་གཞུང་གི་ལམ་སྟོན་ལྟར་ཕྱིན་མེད་པའི་སྐད་ཆ་ཞིག་བཤད་ཀྱི་འདུག བོད་པའི་གསར་འགོད་པ་ཚོས་འདི་དག་གསལ་བོ་བཟོ་མི་ཐུབ་པ་ཅི་རེད། བློ་སེང་ད་ལྟ་རྡ་སར་ཡོད་པ་རེད་དམ། ཟླ་བ་ལགས་ནང་བཞིན་ཁོང་ལ་ཚོགས་ཐོག་ནས་སྐད་ཆ་འདི་དག་གསལ་བོ་བཟོ་རུ་འཇུག་ཐུབ་མཁན་མང་ཙམ་ཡོད་པའི་རེ་བ་ཡོད།
རང་བློར་གང་ཤར་བ་འདིར་དཔེ་མཚོན་ཙམ་ཞུ་ན། དཔེར་ན་༢༠༡༢ལོར་༸གོང་ས་མཆོག་པེ་ཅིང་དང་། ལྷ་སར་གཟིགས་སྐོར་ལ་ཕེབས་ཐུབ་པའི་དབང་དུ་བཏང་ན། རྒྱ་མིའི་ཕྱག་འཁྱེར་དང་ཆོག་མཆན་ཙམ་། མ་ཟད། སྐུ་ཕྱྭའི་འགན་ཡང་ཆ་ཚང་རྒྱ་གཞུང་གི་འཁྱེར་ཐུབ་ན། མ་གཏོགས་ང་ཚོས་༸གོང་ས་མཆོག་ཕེབས་བཟོད་ཐུབ་པ་ཡོང་སྲིད་དམ།
བོད་ཙམ་མ་ཟད། རྒྱ་ནག་མི་རིགས་ནང་པ་མང་པོར་སེམས་ཀྱི་ཞི་བདེ་བསྐྲུན་ཞོར་དུ། ང་ཚོ་བོད་ལ་ཡང་བདེ་སྐྱིད་ཀྱི་ཉི་མ་ཅིག་ཤར་ཐབས་བརྩོན་རྒྱུ་ལས། ཐབས་གཞན་ངས་ནི་མི་མཐོང་བས། ཀུན་གྱིས་ཡང་ནས་ཡང་དུ་སོམས་དང་།
དེ་ན་བོད་རྒྱའི་མི་རིགས་མཛའ་མཐུན་འོ་ཆུ་འདྲེས་པ་ཅིག་བྱུང་མཚམས། རྒྱ་ནག་དཔོན་རིགས་ཚོས་ཀྱང་༸རྒྱལ་དབང་མཆོག་བོད་ལ་ཕེབས་བཅུག་ན། ཕུག་རྒྱང་རིང་པོའི་རྒྱ་བོད་ཞི་བདེ་ལ་ཕན་བགྱི་ཡོད་པ་མཐོང་མི་སྲིད་མ་རེད་སྙམ། དགེའོ། །
ཀརྡོ་ལགས།
ཁྱེད་ཀྱིས་མཛའ་མཐུན་གསུངས་ཀྱི་ཡོད་དམ། རེད། མཛའ་མཐུན་ལོས་དགོས། མི་རིགས་མཐུན་སྒྲིལ་ཟེར་བ་དེ་གུང་ཁྲན་ཏང་གིས་ཀྱང་ཡང་ཡང་བཤད་ཀྱི་ཡོད་པ་རེད། ཡིན་ནའང་མི་རིགས་འདྲ་མཉམ་མེད་པར་མཐུན་སྒྲིལ་ཡོང་ཐུབ་ཀྱི་རེད་དམ།
ཆབ་སྲིད་ལ་ཆབ་སྲིད་ཀྱི་འགྲོ་སྟངས་ཞིག་ཡོད་ལ། དེ་ཡང་གཙོ་བོ་མཚམས་ཚིགས་ཕྱེས་ནས་ཆིངས་ཡིག་དང་གྲོས་མཐུན་གྱི་ངོ་བོར་འགྲོ་དགོས་པ་ནི་བཙན་པོའི་དུས་སྐབས་ནས་དར་ཡོད་པ་བོད་ཀྱི་རྡོ་རིང་གི་ངོས་ན་རྒྱ་རྒྱ་ཡུལ་དང་བོད་བོད་ཡུལ་ཞེས་བྲིས་ཡོད་པ་དེ་ནས་ཤེས་ཐུབ་པ་དེ་འདྲ་རེད།
ཆོས་ནི་སུས་ཀྱང་སྒྲུབ་ཆོག་ལ་དད་པ་བྱེད་ཆོག་པ་ཞིག་རེད། ཆབ་སྲིད་བཤད་དུས་སྙིང་རྗེ་དང་བྱམས་བརྩེ་ལ་སོགས་པའི་ས་མཚམས་མེད་པའི་སྐད་ཆ་དེ་དག་བཤད་རྒྱུའི་དགོས་པ་ཆུང་།
ཀ་རྡོ་དྲིན་ཆེན་པོ། ཡང་གླེན་བཤད་ཤ་ར་ར་རེད། ༧གོང་ས་བཅུ་བཞི་བ་རྒྱ་ནག་གིས་ཕེབས་འཇུག་ནི་མ་རེད། རྒྱུ་མཚན་༧གོང་ས་བཅུ་བཞི་བ་ལ་རྒྱ་ནག་གིས་མགོ་སྐོར་གཏོང་ཐུབ་ནི་མ་རེད། རྒྱུན་མཚན་དེར་ཐུག་བསྡད་ཡོད་པ་རེད། ཏྰ་ལེ་བླ་མ་བཅོ་ལྔ་བ་རྒྱ་ནག་གིས་ཤོར་འཇུག་ནི་མ་རེད། རྒྱུ་མཚན་ཆུང་བྱིས་པའི་དུས་ནས་མགོ་སྐོར་གཏོང་རྒྱུ་རེད། དེར་མ་ཟད་བྱིས་པ་དེ་བེད་སྤྱེད་ནས་བོད་འབངས་ཡོངས་ལ་མགོ་སྐོར་གཏོང་ནི་རེད། མ་ཟད་འཛམ་གླིང་མི་དམངས་ཡོངས་ལ་བོད་དོན་སྐོར་ལ་བྱིས་པ་དེ་བེད་སྤྱོད་གཏོང་རྒྱུ་རེད། འདི་ངས་ལུང་བསྟན་ཡིན།
དྲ་ནང་གི་རྩོམ་པ་པོའི་ཁྱུ་མཆོག་ཁང་གསང་རྡོ་རྗེ་ལགས་ཀྱིས་རྒྱུ་མཚནས་ལྡན་པའི་ལུང་རིགས་མང་པོ་དྲངས་ནས་བཀའ་ཁྲིའི་འོས་མི་བློ་སེང་གི་རྒྱབ་ལྗོངས་ཀྱི་གནས་ཚུལ་མང་པོ་གསུངས་པ་མ་ཟད།མང་པོ་ཞིག་ལ་དོགས་སློང་གནང་བར་སྙིང་ནས་ཡི་རངས་ཡོད།དེས་ང་ཚོ་དྲ་གྲོགས་མང་པོར་བཀའ་ཁྲིའི་འོས་མིའི་དོན་དངོས་ཀྱི་གནས་ཚུལ་ཤེས་རྟོགས་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་འདུག་་་་ཁང་གསར་ལགས་ཀྱི་མུ་མཐུད་ནས་ཉེ་བའི་དུས་ཚོད་ནང་བཀའ་ཁྲི་དང་འབྲེལ་བའི་རྩོམ་ཡིག་མང་ཙམ་སྤེལ་རྒྱུའི་རེ་བ་ཞུ་རྒྱུ་ཡིན།
གཞན་ཡང་དྲ་གྲོག་ཚོས་བཀའ་ཁྲིའི་འོས་མི་ཚོའི་ཆབ་སྲིད་ཀྱི་གནད་དོན་དང་ཆབ་སྲིད་ཀྱི་བསམ་བློའི་རྩ་བ་སྔོག་ནས་བརྟག་དཔྱད་བྱ་རྒྱུ་ནི་དམིགས་བཀར་གྱི་གལ་འགངས་ཆེན་པོ་རེད་སྙམ།ཆབ་སྲིད་ཀྱི་ནོར་འཁྲུལ་ནི་ནོར་འཁྲུལ་གང་འདྲ་ཞིག་ལས་ནོར་འཚབ་ཆེ་བ་དང་ཉེན་ཁ་ཆེ་བ་ཡོད།
ཟླ་མེད་ལོ་ལོ། ཕྱེད་བདེན་ལ་ཕྱེད་རྫུན་པའི་སྔ་དྲག་པའི་ཚོད་དཔག་དི་མོ་དེ་ཡིས་གི་མ་འདུག ཀུ་ཅི།
༧གོང་ས་མཆོག་ལ་རྒྱ་གཞུང་གིས་མགོ་སྐོར་གཏོང་མི་ཐུབ་པ་བདེན་ན་ཡང་། ༧ཏ་ལའི་བླ་མ་བཅོ་ལྔ་བ་ཡོང་རྒྱུ་ཡིན་པ་དང་། ༧ཡང་སྲིད་བཅོ་ལྔ་པ་དེ་བརྒྱུད་ནས་བོད་འབངས་ཡོངས་ལ་མགོ་སྐོར་གཏོང་གི་རེད་ཟེར་ན་ག་རེ་ཟེར་གི་ཡོད། བོད་མི་ཚོའི་མགོ་ལ་ག་དུས་ཡིན་ན་ཡང་གཙོ་སྒྱེ་གཡོགས་ཡོད་ནས་ཡོད་པ་ནི་ཡིན་རྒྱུ་མ་རེད། མ་ཟད། ལོ་ཤས་གོང་ནས་༧ཏ་ལའི་བླ྄་མ་བཅོ་ལྔ་པའི་སྐོར་ལ་༧གོང་ས་མཆོག་གིས་གསལ་གསལ་ཐིང་ཐིང་གསུངས་ཡོད་པ་མ་ཐོས་སམ།
གཅིག མ་འདས་སྤྲུལ་སྐུ།
གཉིས། ཡེ་ཤུའི་བླ་ཆེན་པོབ་ནང་བཞིན་འདེམས་བསྐོ་བྱེད་རྒྱུ་སོགས་ཀྱིས་མཚོན་པའི་༧ཏ་ལའི་བླ་མ་བཅོ་ལྔ་པ་དེ་དགོས་དང་མི་དགོས་བོད་མི་མང་ གིས་བལྟ་རྒྱུ་རེད་ཞེས་ཡང་ཡང་བཀའ་ནན་ཆེན་པོའི་སྒོ་ནས་གསུངས་ཡོད་རེད།
བཀའ་སློབ་ཚིག་རྐང་འདི་ནི་བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཐད་ནས་རྩ་གནད་ཧ་ཅང་གི་སྦོམ་སྦོམ་ཞིག་ཡིན་ཙང་བོད་མི་ཚོས་སྔ་ས་ནས་འདང་ཡག་པོ་ཅིག་རྒྱག་དགོས་ཐུག་གི་རེད་ལ གལ་ཏེ་ང་ཚོས་འདང་རྒྱག་སྟངས་མ་ནོར་བ་བྱུང་ཚེ་རྒྱ་གཞུང་ལ་བྱེད་ཐབས་ཁོ་རང་ཡོད་མ་རེད་དོ།
དེ་དུས་ཁྱེད་བསྟན་པའི་ལུང་དེ་ཤོབ་ཆགས་འགྲོ་གི་རེད་་་་་ཧ ཧ ཧ
ཨོ་་་་་་་ངས་རང་གི་ལྟ་ཚུལ་ཤོད་རྒྱུ་བརྗེད་འདུག ངས་བལྟས་ན་༧གོང་ས་སྐུ་ཕྲེང་བཅོ་ལྔ་པ་འདིའི་ཐོག་ནས་༧ཏ་ལའི་བླ་མའི་ན་རིམ་ལམ་ལུགས་འདི་བཞིན་རྒྱལ་ཁའི་ངང་མཇུག་སྒྲིལ་ཐུབ་ན་བོད་བསྟན་སྲིད་གཉིས་ལ་ཕན་འབྲས་ཆེ་བར་འདོད། དེ་ང་སྒེར་གི་བལྟ་ཚུལ་ཡིན།
དྲ་གྲོགས་རྣམ་པའི་དགོངས་ཚུལ་དང་མ་མཐུན་ན་དགོངས་འགལ་མེད་པ་ཞུ།
དགོངས་དག ༧གོང་ས་སྐུ་ཕྲེང་བཅོ་ལྔ་པ་མ་རེད བཅུ་བཞི་བ་རེད
དྲ་གྲོགས་ཚོ་བཀྲིས་བདེ་ལེགས།
བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་དེང་སྐབས་རླུང་རྟ་གུད་པའི་སྐབས་ཤིག་རེད་འདུག
༡༽ཁ་སྔོན་ཁོང་གི་གདན་སེ་རའི་བླ་སྤྱིར་གྲྭ་མང་ལ་གཏམ་བྱ་རྒྱུའི་གོ་སྐབས་གནང་རོགས་ཞེས་ཞུ་སྐུལ་བྱས་ཀྱང་བླ་སྤྱིས་ཁས་ལེན་བྱས་མི་འདུག
༢༽ཡང་ཁ་སྔོན་བོད་ཀྱི་དགུ་བཅུ་གསུམ་ཆབ་སྲིད་བཙོན་ཟུར་པར་ཡང་དེ་ཆབ་བཙོན་ཚོར་ཐུག་འཕྲད་དང་གཏམ་བཤད་བྱ་རྒྱུའི་གོ་སྐབས་ཞུ་སྐུལ་བྱས་ཀྱང་དེ་ཡང་འཕམ་ཉེས་སོང་ཁོང་ཚོས་སྤྲད་མི་འདུག
༣༽ཁ་སྔོན་སྦེལ་ཀོབ་ནས་ཡར་ཡོང་བའི་ལམ་བར་བྷེང་ལོར་དུ་མཚན་མོའི་ཞབས་བྲོ་ཁང་ནང་ཞབས་བྲོ་འཁྲབ་པ་དེ་ཡང་བོད་མི་གཞན་གྱིས་མཐོང་འདུག་་་སྤྱིར་བཏང་མི་ཞིག་གིས་ཞབས་གཞས་ཁང་ནང་ཞབས་བྲོ་འཁྲབ་པ་དེ་རྒྱུན་གཏན་གྱི་གནས་ཚུལ་ཡིན་ཡང་ཁོང་ནི་བཀའ་ཁྲིའི་འོས་མི་ཞིག་ཡིན་པས་གནང་བབ་དེ་ཅུང་ཟད་མི་མཛེས་པ་མཐོང་
༤༽ཁ་སྔོན་ལྡི་ལིར་དེ་སྔ་སྒང་ཏོག་དུ་ཁམས་པའི་གཞོན་ནུ་ཚོགས་པ་འཛུགས་འཆར་གྱི་སྐོར་གྱི་དྲིས་ལན་རྫུན་མ་བརྒྱབ་པར་ཚོགས་ཐོག་དེ་རང་ནས་དེ་སྔའི་ལས་རོགས་ཞིག་གིས་རྫུན་སྐུབ་མཐིལ་བརྟོལ་བྱུང་བ།
༥༽ཕྱི་ཟླ་༢ཚེས་༡༦་ཉིན་ཀུན་གླེང་ནང་འཇམ་ནོར་དང་ལྷ་བཟང་ཚེ་རིང་གཉིས་ཀྱིས་དེབ་སེར་པོ་འཁྱེར་ནས་རྒྱ་ནག་ལ་ཕྱིན་སྐོར་བརྗོད་པར།ཉིན་ཤས་སྔོན་ལྷ་ཚེ་ལགས་ཀྱིས་དེ་འདྲ་ཕྱིན་མེད་སྐོར་ཡོང་བསྒྲགས་གསལ་བཤད་གནང་འདུག་པ་མ་ཟད་འཇམ་ནོར་གྱིས་ཀྱང་དེ་ལྟར་དགག་བཞག་གནང་འདུག
༦༽གོང་དུ་དྲ་གྲོགས་མང་པོས་བློ་སེང་གི་གནས་ཚུལ་གསར་པ་མང་པོ་སྤེལ་འདུག་པར་གཞིགས་ན་བློ་སེང་སྔོན་འགྲོ་ཐོབ་ཀྱང་དངོས་གཞིར་ཉེན་ཁའི་གནས་སུ་ལྷུང་འདུག
དོན་དངོས་ཐོག་རྒྱུ་མཚན་མང་པོ་འཚོལ་དགོས་ཡས་མེད། བློ་སེང་ཁོ་པ་མི་ཧ་ཅང་མགོ་བདེ་པོ་ཞིག་དང་། སྐབས་འཚོལ་བ་ཞིག རྒྱ་ཆེའི་བོད་མི་དམངས་ལྐུགས་པར་བརྩི་མཁན་ཞིག་རེད། ཁོ་པས་རྒྱ་མི་བྱེད་ཀྱི་ཡིན་ཞེས་ཕྱི་ལོ་༢༠༠༨ ཕྱི་ཟླ་༡༠ ཚེས་༢༧ ཉིན་ཝ་ཤིང་ཊོན་གྱི་ཚོགས་འདུའི་སར་བཤད་པ་ནི་ཁོ་པའི་སྐད་ཆ་ངོ་མ་དེ་སྒྲ་ཐག་ཏུ་ཡོད་པ་དེར་ཉོན་དང་ཤེས་ཐུབ། དེ་བཞིན་ཁོ་པས་བོད་མི་རྣམས་རྒྱ་ཡི་མི་སེར་ནང་ཟླ་སྒྲིལ་གཏོང་འདོད་ཤུགས་ཆེ་བཤད་པ་ནི་ཧམ་པ་རེད། ཁོ་ལ་དེ་ལྟར་ཤོད་དབང་མེད། བོད་ཀྱི་བདག་པོ་བོད་མི་དམངས་རེད་མ་གཏོགས་ཁོ་པ་མ་རེད། ཁོ་པས་སྒོ་རྒྱབ་ཐག་གཅོད་བྱས་འདུག ཁོ་པ་བཀའ་བློན་ཁྲི་པ་ཆགས་ན་དེ་བས་ཉེན་ཁ་ཆེ་བ་ཆགས་ཡོད། བསམ་བློ་ཐོངས། ཕྱོགས་ཞེན་སྤོངས། ཉི་མ་གཅིག་ངུ་མ་ཤོར། དགོད་མི་ཤོར་བ་ཞིག་བཟོས་ཡོང་། འདས་པའི་ཁྲོད་ནས་བསླབ་བྱ་འཚོལ། དཔེ་མཚོན་མང་པོ་ཡོད། ཐག་རིང་པོར་དཔྱད་པ་བྱེད་དགོས་མ་རེད། ལོ་རབས་བརྒྱད་ཅུ་ནས་ལོ་རབས་དགུ་བཅུའི་མཇུག་བར་གྱི་གནས་ཚུལ་ལ་དཔྱོད། དེ་ནས་ཤེས་ཡོང་།
བློ་གཟུ་བོར་གནས་ནས་བསམ་བློ་གཏོང་མཁན་ཞིག་ཡིན་ན་དགེ་འདུན་རབ་གསལ་ལགས་ཀྱིས་གསུངས་པར་བདེན་པ་འདུག ང་ཚོ་བོད་པ་ཚང་མའི་སེམས་ནང་དུས་ནམ་ཡང་དགྲ་རྒྱ་དམར་ལ་མགོ་མི་མགུར་བའི་དམ་བཅའ་ཞིག་ཡོད་དགོས།
ལས་ལ་བརྩོན་བཞིན་དཔའ་ངར་ཆེ་བའི་བོད་མི་རིགས་འདིའི་ཆེད་དུ་གནོད་པའི་ལས་ཀ་ཕྲ་མོ་ཙམ་ཡང་ངའི་མི་ཚེའི་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད། གསུངས་འདི་ལ་གོ་རྒྱུ་ཆེན་པོ་ཞིག་འདུག
དགེ་འདུན་རབ་གསལ་ལགས།
རྩ་དོན་ཆེན་པོ་གཅིག་ཡིན། དཔྱད་པ་ནོངས་རོགས།
ངས་བལྟས་ན། འཇམ་དབྱངས་ནོར་བུས་བློ་སེང་ལ་སྐྱོན་བརྗོད་བྱེད་པའི་འོས་བབ་རྩ་བ་ནས་མིན་འདུག
རྒྱུ་མཚན་འདི་དག་ཡིན།
༡༽བློ་སེང་གིས་དམངས་གཙོའི་ལམ་བརྒྱུད་ནས་བོད་མིའི་སྲིད་གཞུང་གི་འགན་འཁུར་དང་ལས་ཀ་བྱེད་ཀྱི་ཡིན་ཤོད་ཀྱི་འདུག འཇམ་དབྱངས་ནོར་བུས་དམངས་གཙོའི་ཐོབ་ཐང་ཁ་ལ་འཁྱེར་ནས་གོ་སྐབས་ནམ་བྱུང་རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་དང་ཁོང་ཁྲོ་བསླངས་ནས་བསྡད་སོང་།
༢༽བློ་སེང་བོད་གཞུང་ལ་གོ་བསྡུར་བྱས་ནས་ཨ་རིར་བསྡད་སོང་། མ་མཐར་ཡང་བོད་གཞུང་ལ་ཡི་གེ་གཅིག་བཏང་ནས་ཆོག་མཆན་ཞུས་འདུག xxxxxxxxxxxxxxxxxxxxxxxxxxxxxx
༣༽འཇམ་ནོར་གྱི་གཏམ་དང་ལས་ལ་ཡང་དཔྱད་པ་བྱེད་མཁན་ཞིག་དགོས་ཀྱི་འདུག
གཤམ་གྱི་གནས་ཚུལ་འདི་ནི་བོད་ཀྱི་དུས་བབ་དྲ་རྒྱ་ལས་དྲངས་པ་ཡིན།
ངྷ་སར་རྟེན་གཞི་བྱས་པའི་སྒྲོན་མེ་རྩོམ་སྒྲིག་ཁང་གི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོར་ངྷ་ས་མེག་གྷན་ཉིན་སློབ་ཏུ་བཀའ་ཁྲི་འཚོལ་སྟངས་ཀྱི་འགྲན་རྩོད་བགྲོ་གླེང་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། བགྲོ་གླེང་དེའི་སྟེང་ད་ལྟའི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་གསུམ་སྟེ། ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལགས་ཀྱི་རྒྱབ་སྐྱོར་བ་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་དང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་རྒྱབ་སྐྱོར་བ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཉམས་ཞིབ་པ་ཤར་གླིང་ཟླ་སྒྲོན། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱི་རྒྱབ་སྐྱོར་བ་ངྷ་ས་ས་གནས་གཞོན་ནུའི་ཚོགས་གཙོ་བསོད་ནམས་རྡོེ་རྗེ་ལགས་བཅས་གཏམ་བཤད་པར་གདན་ཞུ་གནང་འདུག
དེ་ཡང་བཀྲས་མཐོང་ལ་རྒྱབ་སྐྱོང་གནང་མཁན་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་བརྗོད་དོན། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་དམིགས་བསལ་ཁྱད་ཆོས་བདུན་ཚང་ཡོད། དེ་དག་ནི་མགོ་ཁྲིད་སུ་ཞིག་ཡིན་ནའང་ལས་འགན་གཙོ་བོ་མང་ཚོགས་ཀྱི་དཀའ་ངལ་སེལ་ཐབས་བྱ་རྒྱུ་དེ་རེད། བཀྲས་མཐོང་ལགས་ཀྱིས་རང་ལོ་ ༡༢ སྐབས་ནས་མ་སུ་རུ་རིར་དབྱིན་དགེ་གནང་ཞིང་། རང་ལོ་ ༢༥ སྟེང་ཨ་རིའི་ནེའུ་ཡོག་བོད་གཞུང་དོན་གཅོད་གནང་བ་རེད། སྐབས་དེར། ཨ་རིའི་གཞུང་གིས་བོད་དོན་ཐོག་སྲིད་དོན་གྱི་རྒྱབ་སྐྱོར་རྩ་བ་ནས་བྱས་མེད་ནའང་། ཧ་ཅང་ཉག་ཕྲ་བའི་གནས་སྟངས་དེ་འདྲ་ཞིག་གི་འོག་ཁོང་གིས་བོད་ལ་སྲིད་དོན་གྱི་རྒྱབ་སྐྱོར་རག་གི་མེད་ཀྱང་ཆོས་དང་རིག་གཞུང་ཐོག་རྒྱབ་སྐྱོར་ཐོབ་པར་བྱས་ཡོད། ད་ཆར་ཨ་རིའི་གཞུང་མང་གཉིས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ་དེར་བཀྲས་མཐོང་ལགས་ཀྱིས་ལམ་ཁ་ཞིག་བསྟན་ཡོད་ཅེས་དང་།
མགོ་ཁྲིད་ཅིག་གི་ལས་འགན་དེ་སོ་སོའི་མང་ཚོགས་རང་མགོ་རང་ཐོན་དང་འཚོ་གནས་བརྟན་ལྷང་བཟོ་རྒྱུ་དེ་ཡིན་པ་ལྟར། བཀྲས་མཐོང་ལགས་ཨ་རིར་དོན་གཅོད་གནང་སྐབས། བཙན་བྱོལ་ནང་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐབས། ཁོང་གིས་ཡུལ་དེའི་གྲོས་ཚོགས་འཐུས་མིོ་ཁག་ལ་འབྲེལ་བ་བྱས་ཏེ། བོད་མི་ ༡༠༠༠ ཙམ་ཨ་རིར་གནས་སྤོར་ཐུབ་ཡོད་ལ། ཤེས་ཡོན་གྱི་དཀའ་ངལ་འཕྲད་སྐབས་སུའང་ཁོང་གིས་བོད་ཕྲུག་ ༦༠༠ ལྷག་ལ་ཨ་རིའི་མཐོ་སློབ་ཁག་ཏུ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བསྐྲུན་ཡོད། མང་ཚོགས་ཀྱི་འཚོ་བ་སྦྱིན་བདག་ལ་བརྟེན་ན་འགྲིག་གི་མེད་པའི་དགོངས་གཞི་ཐོག་བོད་ཀྱི་ཐེབས་རྩ་ཁང་གསར་འཛུགས་བྱས་པ་དང་། དེ་བཞིན་ཤེས་བྱ་དུས་དེབ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། ཨ་རིའི་བོད་སྐད་བརྙན་འཕྲིན་ཚན་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་གསར་དུ་བཙུགས་སྟབས་བོད་དོན་ཐོག་ཕན་ཐོགས་ཆེན་པོ་བྱུང་ཡོད། བསྟན་འཛིན་རྣམ་རྒྱལ་ལགས་ནི་བོད་མི་རིགས་ཀྱི་སྤོབས་པ་བྱ་འོས་པ་ཞིག་ཡིན་པ་དང་། དེ་སྔོན་ཁོང་གིས་ཨ་རིའི་སི་ཊན་ཧྥོར་ཊི་སློབ་ཆེན་དུ་བོད་ཀྱི་རིག་རྩལ་སྡེ་ཚན་འགན་འཛིན་གྱི་ཕྱག་ལས་གནང་བར་མ་ཟད། སྙིང་རྗེ་དང་གཞན་ཕན་ཉམས་ཞིབ་ཚན་པའི་ཚོགས་མིའང་བྱས་ཡོད། ལྷག་པར་དུ། བཀྲས་མཐོང་ལགས་ཀྱིས་ལོ་ ༣༠ སྔོན་གྱི་ལྟ་བ་དེ་ད་དུང་ཡང་འགྱུར་བ་མ་ཐེབས་པར་བརྟན་པོར་གནས་ཐུབ་ཡོད་སྟབས། ཁོང་ལ་ཚུགས་ཐུབ་ཀྱི་གཤིས་ཀ་ཞིག་ཡོད་པ་བསྟན་ཡོད་ལ། ང་ཚོ་ད་ལྟ་ཡང་ཁོང་གིས་བཏོན་པའི་གསར་གཏོད་དང་འཆར་སྣང་འོག་ཏག་ཏག་འགྲོ་ཐུབ་ཀྱི་ཡོད། ༢༠༠༦ ལོར་ཁོང་གིས་གལ་སྲིད་བོད་རིགས་ཚང་མས་བོད་ཀྱི་རྩ་དོན་དང་སྤྱི་དོན་དེ་སྒེར་གྱི་མི་ཚེ་ལས་གལ་ཆེར་བརྩིས་ནས་ཆིག་སྒྲིལ་གནང་ཐུབ་ཚེ། བོད་ཀྱི་བདེན་ཐབས་ཏན་ཏན་སེལ་ཐུབ་ཀྱི་རེད་གསུང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།
དྲ་གྲོགས་ཚངས་དབྱངས་ལགས།
དགེ་རབ་ཀྱིས་བློ་སེང་གི་སྐོར་ལ་དེ་ལྟར་བྲིས་དོན་ནི་བློ་སེང་བཀའ་ཁྲིའི་འོས་མིའི་གནས་བབ་ཀྱི་ཐོག་ནས་བརྗོད་ཀྱི་ཡོད་པར་སྙམ།འཇམ་ནོར་དང་ཁོང་གི་བཟའ་ཟླ་གཉིས་བཀའ་ཁྲིའི་འོས་མིན་པས་འདིར་ཉ་ཉུང་མཉམ་བསྲེས་ཁོང་གི་སྐོར་ལ་ཞིབ་འཇུག་བྱེད་དགོས་དོན་མེད།གནད་འགག་དེ་ཡང་ཁྱེད་ཀྱིས་མཁྱེན་གྱི་མེད་དམ།
ད་གང་ལྟར་གསལ་བོ་ག་རེ་ཆགས་སོང་ཟེར་ན།
འཇམ་ནོར་ཁོང་༧སྐུ་མདུན་ལ་བརྩི་བཀུར་མི་བྱེད་མཁན ཞིག་ཡིན་པ་གསལ་བོ་ཆགས་སོང་བ་དང་། ཁོང་གི་ལྟ་གྲུབ་ཀྱི་ཆ་ནས་མིན་པའི་བཀའ་ཁྲིར་ཤེས་ལ་མ་ཤེས་ཀྱི་རྒྱབ་སྐྱོར་བྱེད་སྟངས་འདིས་ང་ཚོས་འཇམ་ནོར་གྱི་མི་སྤུས་གསལ་བོ་མཐོང་སོང་བ་རེད། ད་ནས་བཟུང་འཇམ་ནོར་དེ་གང་འདྲ་ཡིན་མིན་ཤེས་སོང་། དེ་གཅིག་ཡིན།
དེ་ནས་རབ་གསལ་ལགས་ཀྱི་རྒྱལ་ཞེན་བསམ་བློས། བློ་སེང་གི་པ་སི་སེར་བོ་ངོམ་ངོམ་རྫིག་རྫིག་བྱས་པའི་མགོ་གཡོག་མགོ་བསྐོར་གྱི་མཐིལ་བརྟོལ་སོང་། དེ་བོད་རྒྱ་ཆེའི་མི་མིང་གིས་ཤེས་སོང་། དེ་གཉིས་ཡིན།
དེ་ནས་ཨ་རིའི་དོན་གཅོད་བཟང་སྤྱོད་མི་ལྡན་པ། བུད་མེད་ལོག་པར་སྤྱོད་མཁན་བོད་མིའི་གཤིས་ཀ་དང་ཁྲག་རྩ་མེད་མཁན་བློ་བཟང་སྙན་གྲགས་ཀྱིས། དཔྱ་དངུལ་གཙང་ཕུལ་ཟིན་པའི་རྒྱབ་གཉེར་གནང་བ་དེ་ནི་ཞིབ་འཇུག་བྱེད་དགོས་པ་ཞིག་ཡིན་ཞིང་། འདི་ནི་ད་བར་ས་འོག་དར་ཐག་ཚད་མཐོ་ཤོས་ཤིག་ཡིན་པ་ཁང་གསར་གྱིས་ཕྱིར་བཏོན་གནང་སོང་། དེར་རྒྱལ་ཞེན་ཡོད་མེད་གཅིག་མངོན་གྱི་ཡོད་པ་རེད། དེ་གསུམ་ཡིན།
དེ་ནས་བློ་སེང་གི་འོས་ཤོག་ཕྱོགས་ཞེན་གྱི་རླུང་གིས་ཁྱེར། གཞིས་ཆགས་ནས་གྲྭ་ཚང་བར་དུ་ཕྱོགས་རིས་ཀྱིས་ཁྱེར། ཟམ་གདོང་རིན་པོ་ཆེ་དང་དྲུང་ཟུར་བློ་སྦྱིན་ལྟ་བུས་མ་བཟོད་ཤ་ཚའི་གཏམ་བརྡོལ་བ་དེས་ཁོང་གི་རྒྱབ་ལྗོངས་ཨ་གསར་འུར་འགྲོགས། ཕྱོགས་རིས་ན་ཚས་སྐྱོམས་པ་མངོན་གསལ་ཆགས་སོང་། དེ་བཞི་ཡིན།
ཁོང་གིས་ཆུ་སྒང་གི་དྲུང་ཆེ་གནང་བ་ད་དུང་གསང་འདུག་ཁར། བོད་ཡིག་གི་ཤེས་ཚད་གསལ་ལ་མ་གསལ་གྱི་ངང་དུ་བཞག་ཡོད་ལ། དོན་དམ་ཞེ་དྲག་མཁྱེན་ཚུལ་བཞེས་ཡོད་པ་དེ་ཟོག་རྫུ་དངོས་གནས་དེ་རེད། དེ་ལྔ་ཡིན།
ཚངས་དབྱངས་ཟེར་བ། འཇམ་ནོར་ལ་བློ་བཟང་སེང་གེར་སྐྱོན་བསྐྱོད་བྱེད་པའི་འོས་ཡོད་དང་ཡོད། ཡོད་མཁན་གཅིག་པོ་ཁོ་རེད། གང་ཡིན་ཟེར་ན་འཇམ་ནོར་ལ་མ་ཉེས་ཁ་གཡོག་བྱས་པ་རེད། དེ་ལ་སྐྱོན་བརྗོད་མི་བྱེད་གང་ལ་བྱེད། ཁྱོད་འདི་མྱི་གླུའུ་ལྟིག་ཆེ་ཞིག་རེད།
༡) བུད་མེད་དེའི་དྲི་བར་ལན་འདེབས་སྐབས། བློ་བཟང་སེངྒེས་བཀའ་བློན་ཁྲི་པའི་འོས་མི་ཞིག་དང་། མི་མང་གི་འགོ་ཁྲིད་ཅིག་གི་རྣམ་འགྱུར་དང་བཟང་སྤྱོད་ཐོག་ནས་ལན་འདེབས་མ་བྱས་པར། དྲི་བ་འདྲི་མཁན་མོ་རང་བཀྲས་མཐོང་གི་རྒྱབ་སྐྱོར་བ་རེད། ཨུ་ཚུགས་ཅན་རེད་སོགས་མཐོང་ཆུང་དང་ཁྱད་གསོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཞིག་བསྟན་ཏེ། དྲི་བའི་དོན་དག་ཆུང་ཆུང་ཡིན་པ་དང་། དྲི་བ་འདྲི་མཁན་གྱི་ཀུན་སློང་ལ་སྐྱོན་ཡོད་པའིོ་རྣམ་པ་བསྐྲུན་འདུག དམངས་གཙོའི་སྤྱི་ཚོགས་ནང་འོས་བསྡུའི་སྐབས་སུ་ཕྱོགས་གང་ས་ནས་དྲི་བ་ཡོང་གི་རེད། ལྷག་པར་མཐུན་ཕྱོགས་ཀྱིས་འདྲི་མི་ཐུབ་པ་དང་བསམ་བློ་ལ་དྲན་མི་མཐུན་པ་མང་བོ་ཞིག་མི་མཐུན་ཕྱོགས་ཀྱིས་འདྲི་ཐུབ་པ་དང་དྲན་ཐུབ་པ་ཡིན། ཇི་ལྟར་ནའང་། དྲི་བ་ཚང་མར་སྤྱི་སྙོམ་ཐོག་ནས་ལན་འདེབས་པ་ལས། དྲི་བ་འདྲི་མཁན་གྱི་རྒྱབ་ལྗོངས་ཚོད་དཔག་གིས་ལན་འདེབས་པ་འདི་ཡག་པོ་མ་རེད་ལ། ཉམས་མྱོང་མེད་པའི་རྣམ་པ་གསལ་པོ་ཞིག་རེད།
༢) རང་ཉིད་རྒྱ་ནག་ཏུ་བསྐྱོད་པ་དེ་ཡང་དག་ཡིན་པའི་སྒྲུབ་བྱེད་རྒྱུ་མཚན་དུ། གཞན་དག་མང་བོ་ཞིག་དྲུད་ཡོང་བ་དཔེར་ན། རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ཡང་རྒྱ་ནག་གི་ཕྱི་སྡོད་རང་མིའི་ལག་འཁྱེར་ཐོག་ནས་བོད་ལ་ཕྱིན་པ་རེད་ཅེས་ཚིག་ཐག་བཅད་ནས་བཤད་འདུག དེ་ལ་འཇམ་དབྱངས་ནོར་བུས། ཁོང་ལ་དེ་འདྲའི་གོ་སྐབས་དངོས་གནས་ཐོབ་པ་མ་ཟད་བོད་ལ་འགྲོ་འདོད་ཤིན་ཏུ་ཆེ་ཡང་། མི་རིགས་དང་རྒྱལ་ཁབ་ཀྱི་ལ་རྒྱར་བསམས་ནས་ལག་འཁྱེར་དེ་འདྲ་འཁྱེར་ནས་བོད་ལ་རྩ་བ་ནས་འགྲོ་མ་མྱོང་ཞེས་རང་ཉིད་དག་འབུད་བྱས་ཡོད། བློ་བཟང་སེངྒེས་འདི་ལྟར་མི་ཆེན་འདི་དང་འདིས་རྒྱ་ནག་གི་ཕྱི་སྡོད་རང་མིའི་ལག་འཁྱེར་བཟུང་ནས་བོད་དང་རྒྱ་ནག་ལ་བསྐྱོད་པ་རེད་ཅེས་མིང་གཞུང་དྲངས་པ་དེ་ཚོ་ཏག་ཏག་བསྡད་ཡོད་མེད་དྲི་བ་ཆེན་པོ་ཞིག་རེད། ཉུང་མཐར་ཡང་འཇམ་དབྱངས་ནོར་བུ་མ་སོང་བཞིན་དུ་ཕྱིན་པ་རེད་ཅེས་བཤད་པ་དེའི་ཐོག་ནས་ཁོང་གིས་ཁུངས་ལུང་མེད་པའི་སྐད་ཆ་བཤད་ཀྱིན་ཡོད་པ་གསལ་པོ་རེད།
༣) རྒྱ་ནག་ཏུ་སོང་བ་ཙམ་གྱིས་མ་འགྲིག་པ་ཅི་ཡང་མ་རེད། སྐབས་འདིར་བསམས་དགོས་པ་དེ་ཅིའི་ཕྱིར་སོང་བ་དང་ཇི་ལྟར་སོང་བ་དེ་རེད། འགྲོ་དོན་ནི་རྒྱ་ནག་གི་“མཁས་པ་”ཟེར་བའི་མི་ཆང་ངེ་ཆུང་ངེ་ཁ་ཤས་ཐུག་ཆེད་རེད། དེ་ཚོ་ཡང་ཡག་པོ་ཞིག་ཐུག་ཐུབ་མེད། རྒྱ་ནག་ལ་སོང་ནས་ཡང་སྙིང་རྒྱ་དཔོན་སུ་ཐུག་པ་དང་། རྒྱ་ནག་གི་ལས་ཁུངས་གང་ལ་འབྲེལ་བ་བཟང་ངན་ཅི་བྱས་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ང་ཚོར་མེད། ཅུང་ཟད་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ཡོད་པ་ནི། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས། བློ་སེང་རྒྱ་ནག་ལ་སོང་བ་མཁྱེན་རྟོགས་ཡོད་པ་དང་། དེས་ཕན་ཐོགས་བྱུང་ཞེས་གསུངས་པ་དེ་རེད། ཇི་ལྟར་ཕན་ཚུལ་ང་ཚོར་གསལ་པོ་གསུངས་མེད། རྒྱ་ནག་གི་“མཁས་པར”བསྙད་པ་དེ་ཚོ་ཐུག་མ་ཐུབ་ཀྱང་། བོད་ལ་ཕན་ཚུལ་གསུངས་པ་དེའི་རྒྱབ་ནས་བློ་སེང་གིས་རྒྱ་ནག་གི་ལས་ཁུངས་ཤིག་ལ་ཏན་ཏན་འབྲེལ་གཏུགས་ཤིག་བྱས་ཡོད་པའི་ཚོད་དཔག་བྱས་ཆོག་པ་ཡིན།
ཇི་ལྟར་སོང་བ་ཞེས་པའི་དྲི་བ་དེའི་རྒྱབ་ཏུ་གནས་ཚུལ་མང་བོ་ཡོད། མགྲོན་ཤོག་སུས་བཏང་བ་རེད། ༡༩༩༤ རྗེས་ནས་བོད་དོན་འཐབ་རྩོད་པ་མངོན་གསལ་ངང་བོད་དང་རྒྱ་ནག་ལ་འགྲོ་བར་དཀའ་ངལ་ཡོད་པས། རྒྱ་ནག་གཞུང་གིས་བློ་སེང་ལྟ་བུའི་མི་མངོན་གསལ་ཅན་ཞིག་རྒྱ་ནག་ལ་འོང་ཆོག་པའི་ཆོག་མཆན་སྤྲོད་དོན་ཅི་རེད། ཆོག་མཆན་དེ་ཡང་རྒྱ་ནག་གི་ཕྱི་སྡོད་རང་མིའི་ཐོག་ནས་སྤྲད་པ་དང་། སྤྲད་པ་ལྟར་བློ་བཟང་སེངྒེས་ལེན་རྐྱང་བྱས་པ་རེད། དངོས་གནས་བྱས་ན། བོད་པ་སྐྱབས་བཅོལ་བ་གཞུང་དོན་ཆེད་རྒྱ་ནག་ལ་འགྲོ་སྐབས་དཀའ་ངལ་དེ་འཕྲད་མྱོང་མེད་པ་མ་རེད། འོན་ཀྱང་སྔོན་གྱི་མི་རབས་སྙིང་སྟོབས་ཅན་ཚོས་གདོང་ལེན་གནང་ཡོད། དཔེར་ན། སྔོན་མ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་སོགས་བོད་དང་རྒྱ་ནག་ལ་འབྲེལ་མོལ་ཆེད་ཕེབས་སྐབས། རྒྱ་ནག་གཞུང་གིས་ཀྲུང་གོའི་ཕྱི་སྡོད་རང་མིའི་ལག་འཁྱེར་སྤྲད་ཀྱང་། ཁོང་རྣམ་པས་ལག་འཁྱེར་དེའི་ཐོག་ནས་རྩ་བ་ནས་འགྲོ་གི་མིན་ཞེས་བཤད་དེ་སྐབས་ཤིག་རིང་འབྲེལ་མོལ་མཚམས་ཆད་དགོས་པ་བྱུང་ཡོད། ཐ་མ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་སོགས་ལ་རྒྱ་ནག་གཞུང་གིས་དམིགས་བསལ་ལག་འཁྱེར་ཞིག་འབུལ་དགོས་བྱུང་ཡོད། དེར་བརྟེན། བློ་སེང་གིས་ཐབས་ཤེས་དང་ཨུ་ཚུགས་མ་བྱས་པ་མ་གཏོགས་ལམ་ཁ་གཞན་རྩ་བ་ནས་མེད་པ་མ་རེད། གང་ལྟར་དོན་དག་འདིས་བློ་བཟང་སེང་གེས་བརྟག་དཔྱད་དང་བསམ་གཞིགས་ཟབ་ནན་མ་བྱས་པར། གཡམ་རྒྱུག་མང་པོ་ཞིག་བྱེད་བཞིན་ཡོད་པ་དང་། གཡམ་བཤད་མང་པོ་ཞིག་བྱེད་བཞིན་པ་མཚོན་པ་རེད།
༤) དེ་ནས་བློ་བཟང་སེང་གེས་གནས་ཚུལ་མང་བོ་ཞིག་སྦས་སྐུང་བྱེད་བཞིན་འདུག དཔེར་ན།
ཀ) ལི་ཐང་ཨ་དར་གྱི་ཁ་གཏད་དུ་བློ་སེང་སོགས་ཀྱིས་ཆུ་སྒང་གསར་པ་བཙུགས་པ་དང་། དེའི་དྲུང་ཆེ་བྱས་པའི་ཉམས་མྱོང་ཡོད་ཀྱང་། ཉམས་མྱོང་ཡོད་པ་དེ་མ་བཤད་པར། ཉམས་མྱོང་མེད་པ་གཞོན་ནུའི་དབུས་རྒྱུན་དངོས་མ་ལོ་མང་བྱས་པ་ཡིན་ཟེར་བ་དེ་གནད་དོན་གཅིག་རེད།
ཁ) ཧ་ཝར་ཌི་གཙུག་ལག་སློབ་ཁང་དུ། འཕྲལ་སེལ་ཉམས་ཞིབ་པ་ཞིག་ཡིན་ཡང་། སྐབས་རེ་དེའི་སློབ་དཔོན་ནམ་ཉམས་ཞིབ་པ་རྒན་པ་ཡིན་ཞེས་སྒྲོག་པ།
ག) ཧ་ཝར་ཌི་གཙུག་ལག་སློབ་ཆེན་དུ་སློབ་ཁྲིད་བྱས་པའི་གླ་ཕོགས་ནི། སློབ་ཁང་དེ་ནས་གནང་གི་མེད་པར་ཕྱི་ནས་གནང་གི་ཡོད་ཀྱང་། བོད་མིའི་སྤྱི་ཚོགས་ནང་འགྲོ་སོང་དེ་ཚོ་གཙུག་ལག་སློབ་ཁང་དེས་གནང་གི་ཡོད་ཚུལ་སྒྲོག་པ་ལྟ་བུ་རེད།
དོན་དངོས་སུ་ཧ་ཝར་ཌི་སློབ་ཆེན་ནང་བློ་སེང་ལ་འགྲོ་སོང་གཏོང་མཁན་དེ་སུ་རེད། འདི་གནད་དོན་ཧ་ཅང་ཆེན་པོ་ཞིག་རེད། ད་ཕན་བཀྲ་ཤིས་དབང་འདུད་དང་བཀྲས་མཐོང་གཉིས་ཀྱིས་རང་གི་འགྲོ་སོང་ཡོང་ཁུངས་གང་ཙམ་གྱིས་གསལ་པོ་བཟོས་ཡོད། འོན་ཀྱང་བློ་སེང་གིས་ཧ་ཝར་ཌིས་གནང་བ་རེད། མང་པོ་ཞིག་ང་རང་སྒེར་གྱིས་བཏང་བ་ཡིན། འགྲོ་སོང་ཆུང་ཆུང་རེད། ཆེན་པོ་མ་རེད་ཅེས་སོགས་སྤོམ་སྤོམ་ཞིག་ལས་བཤད་མེད།
༥) ད་དུང་གསལ་པོ་བཤད་དགོས་པ་ཞིག་ནི། བློ་སེང་གི་རྒྱབ་ལྗོངས་སུ་ཡོད་པའི་གཞུང་འབྲེལ་མི་སྣ་ཁ་ཤས་རེད། དཔེར་ན། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་དང་། འཆར་འགོད་སྤྱི་ཁྱབ་འགན་འཛིན་དཀོན་མཆོག་བརྩོན་འགྲུས་གཉིས་ཀྱིས། གཞུང་གི་གོ་གནས་སྤྱད་དེ། བློ་བཟང་སེང་གེར་འོས་ཤོག་ཐོབ་ཐབས་བྱེད་བཞིན་ཡོད། དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་དང་བློ་བཟང་སེང་གེའི་དབར་ཉིན་རེར་ཁ་པར་ཐེངས་གཉིས་གསུམ་གྱི་འབྲེལ་བ་འཆར་ཅན་དུ་ཡོད་པ་རེད། འདི་ནི་གནད་དོན་ཆེན་པོ་ཞིག་ཡིན། དཔེར་ན། བློ་བཟང་སེང་གེས་དང་བླངས་དཔྱ་དངུལ་དུས་ཐོག་གྲངས་ཚང་ཕུལ་འདུག་ཅེས་པའི་དཔང་ཡིག་སྤྲོད་མཁན་བློ་བཟང་སྙན་གྲགས་རེད། དཔང་ཡིག་དེའི་རྒྱབ་རྟེན་ཡིག་ཆར་དོགས་པ་མང་བོ་འདུག་ཀྱང་། ང་ལ་ད་དུང་དཔྱད་གཞི་མ་འཛོམས་པས་འདིར་མང་པོ་མི་འབྲི།
དགྲ་བོ་ལག་དམར་རྒྱ་འོག་ན་འདུག་འདོད་ཡོད་མཁན་བོད་པའི་མི་མ་ཚད་བོད་ཀྱི་ས་འོག་གི་འབུ་དང་ ཆུ་ནང་གི་ཉ་ ནམ་མཁའི་བྱ་བྱིའུ་སོགས་ལའང་ཨ་ཡོད་། ད་ལྟ་བོད་ཀྱི་་དངོས་ཡོད་གནས་སྟངས་ བོད་པའི་ཁ་ཐབས་ དགྲ་བོའི་སྟོབས་ཤུགས་སོགས་ཕྱོགས་གང་སར་བརྟགས་ཏེ་༧རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་ཡིན་མིན་ལ་མ་ལྟོས་པ་དབུ་མའི་ལམ་འདི་བསྡམས་པ་ཞིག་རེད་དྲན། བཀའ་བློན་སུ་ཕེབས་ཀྱང་ལམ་ད་ག་རང་རེད་ མི་འདྲ་བ་གཅིག་དགོས་པ་་ནི་རྒྱ་བོད་མི་རིགས་བར་མཐུན་སྒྲིལ་གྱི་ཟམ་པ་འཛུགས་ཐུབ་མཁན་གྱི་མི་ཞིག་དགོས་པར་སེམས་ ཕྱི་སྡོད་རྒྱ་མིའི་ལག་ཁྱེར་ཕར་བཞག་ ལག་ཁྱེར་དམར་པོའང་དངོས་སུ་འཛིན་རྒྱུ་ཡིན་པ་འདི་མ་བརྗེད་པ་དགོས།
དཀྲུགས་ཤིང་གི་ཆེད་དུ་ཧང་སང་མདོག་མ་གནང་རོགས།
དགྲ་བོ་ལག་དམར་རྒྱ་འོག་ན་འདུག་འདོད་ཡོད་མཁན་བོད་པའི་མི་མ་ཚད་བོད་ཀྱི་ས་འོག་གི་འབུ་དང་ ཆུ་ནང་གི་ཉ་ ནམ་མཁའི་བྱ་བྱིའུ་སོགས་ལའང་ཨ་ཡོད་། ད་ལྟ་བོད་ཀྱི་་དངོས་ཡོད་གནས་སྟངས་ བོད་པའི་ཁ་ཐབས་ དགྲ་བོའི་སྟོབས་ཤུགས་སོགས་ཕྱོགས་གང་སར་བརྟགས་ཏེ་༧རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་ཡིན་མིན་ལ་མ་ལྟོས་པ་དབུ་མའི་ལམ་འདི་བསྡམས་པ་ཞིག་རེད་དྲན། བཀའ་བློན་སུ་ཕེབས་ཀྱང་ལམ་ད་ག་རང་རེད་ མི་འདྲ་བ་གཅིག་དགོས་པ་་ནི་རྒྱ་བོད་མི་རིགས་བར་མཐུན་སྒྲིལ་གྱི་ཟམ་པ་འཛུགས་ཐུབ་མཁན་གྱི་མི་ཞིག་དགོས་པར་སེམས་ ཕྱི་སྡོད་རྒྱ་མིའི་ལག་ཁྱེར་ཕར་བཞག་ ལག་ཁྱེར་དམར་པོའང་དངོས་སུ་འཛིན་རྒྱུ་ཡིན་པ་འདི་མ་བརྗེད་པ་དགོས།
།
གྲོགས་པོ་ཚོ་ངོ་མ་བོད་སྤྱི་ལ་ཕན་པའི་ཁ་བཏའ་དང་དཔྱད་གདམ་རེ་སྤེལ་འདོད་པའི་ཀུན་སློངས་བཟང་པོ་རེ་ཡོད་ན་བསམ་བློ་རྒྱ་ཆེ་ས་ནས་ཐོང་དང་མཛའ་ནི་རེད།
ཡུལ་དུས་གནས་སྟང་གང་ལ་ཡང་མི་ལྟ་བར་ཁ་ཕོ་ཆེ་བའི་སྐད་ཆ་ཚོ་མ་བཤད་མ་ཡག་ནི་རེད། སྤྱིར་ང་ཚོ་བོད་མི་ཕལ་ཆེ་བ། ཕ་ཆེ་རབས་དང་མ་གཉན་རབས་སོགས་འབྱུང་རྒྱུ་མེད་པའི་སྟོང་གཏམ་བཤད་རྒྱུར་ཧ་ཅིང་གི་དགའ་ནི་རེད་ལ་རང་མི་རིག་གི་ནང་ན་ཤེས་ཡོན་འཇོན་ཐང་ཅན་རེ་ཡོད་ན་དེ་ལ་མངོན་སྐོག་གཉིས་ཀྱི་སྒོ་ནས་མར་འཐེན་བྱེད་གུ་འདུག་རྒྱུ་བོ་སྔོན་ཆད་ནས་གོམས་པའི་བགས་ཆགས་ངན་པ་དང་མཐོང་རྒྱ་ཆུང་རྟགས་རེད། ཁག་མི་འདུག
འོན་ཀྱང་བློ་བཟང་སེང་གེས་སྔོན་ཆད་ལག་ཁྱེར་ཞིག་འཛིན་མྱོངས་ཡོད་ནི་རེད་ཞེས་སྐྱོན་བརྗོད་བྱེད་པ་འདི། ཁྱོད་རང་གི་སེམས་པ་འཐེན་འཁྱེར་དང་གཏོར་བཤིག་གི་ཀུན་སློང་ཐ་ཆད་རེའི་དབང་བརྒྱུར་བ་ཡིན་མ་གཏོགས། གནས་སྟང་མ་ཤེས་པ་དང་དོན་བདག་ཉམ་ལ་མ་བསམ་བློ་མ་བཏང་བའི་པའི་སྐད་ཆ་འདི་འདྲ་མ་བཤད་ན་ཡག་ནི་རེད། ཁྱེད་རང་གི་བསམ་བློ་ཞིག་ཐོང་དང་། ང་ཚོ་ཤུལ་སྡོད་མི་རྣམས་ལ་མཚོན་ན་སུ་ལ་ཡང་རྒྱ་ནག་གི་བཟོས་པའི་ཐོབ་དཔང་ལག་ཁྱེར་འདི་འཛིན་རྒྱུར་འདོད་པ་མེད་མོད། འོན་ཀྱང་རང་དབང་མི་འདུག ང་ཚོས་དུས་རྟག་པར་ང་ཚོ་ལ་རང་དབང་མི་འདུག་རང་དབང་མི་འདུག་ཞེས་སྐད་རྒྱག་གི་འདུག་རྒྱུ་བོ་ཡང་དེ་ཡང་དངོས་ཡོད་གནས་ཚུལ་རེད་མ་གཏོགས། ང་ཚོ་སྐད་ངན་རྒྱག་རྒྱུར་སྤྲོ་བ་ཡོད་ནས་བརྒྱབ་པ་མ་རེད།
དྲ་གྲོགས་ལྷན་རྒྱས་ལ་ གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་གྲངས་མེད་ཞུ་།།།།།
ཁ་བརྡ་ཚང་ལ་ལོ་གསར་བཟང་། ཁ་བརྡ་རོགས་ཚོ་ལ་ལོ་གསར་ཧ་ཅང་བཟང་། བློ་སེང་གི་སྐོར་ལ་བཀའ་ཁྲི་མཆོག་གིས་གསལ་བཤད་ཡག་པོ་གནང་པ་དེའི་དེ་ལྟར་འགྲིག་པར་བྱས་ན་མི་བཟང་ངམ།
ལོ་གསར་པ་འདིའི་ནང་མི་ཐམས་ཅད་ཆགས་སྡང་གི་སྨྱོ་དྭངས་བའི་གསོལ་འདེབས་ཞུ།།
ལོ་གསར་པ་འདིའི་ནང་མི་ཐམས་ཅད་ཆགས་སྡང་གི་སྨྱོ་དྭངས་བའི་གསོལ་འདེབས་ཞུ།།
ལོ་གསར་པ་འདིའི་ནང་མི་ཐམས་ཅད་ཆགས་སྡང་གི་སྨྱོ་དྭངས་བའི་གསོལ་འདེབས་ཞུ།།
མདོར་ན། འཁོར་བའི་ལྟ་སར་མི་ལ་སྨྱོ།
མི་ལས་ལྟ་སར་འཁོར་བ་སྨྱོ་འདུག
ངའི་སེམས་ནང་གི་བཀའ་ཁྲི། བོད་རེགས་ན་གཞོན་དང་། དེང་དུས་ཀྱི་ཤེས་ཡོན་ཅན། མི་སེར་དཀྱུས་མ་བཅས་ཀྱི་ཚབ་མཚོན། རྒྱལ་ཞེན་ལྷག་བསམ་གྱིས་ཕྱུག་པའི་མཁས་དབང་བློ་བཟང་སེང་གེ་རྒྱལ་གྱུར་གཅིག།