སྲོང་བཙན།
ལྷ་མི་ཐམས་ཅད་འཁྲུགས། ཆོལ་ཞེན་ཡོད་ཚད་སློང་བའི་དེ་རིང་། འོས་ཤོར་བའི་སྡུག་ནད་མ་ཐེབས་ཤིང་། དོན་གྱིས་ཕམ་ཁ་ཁེལ་བས་ནད་མ་ཆོག་པར་ལ་ལས་ངུ་འབོད་དང་། རེ་འགས་དམོད་མོ་བཏབས་ནས་ཟམ་འོག་གི་སྤྲང་པོ་ཁྱུ་ཅིག་གིས་སྤྲང་འཛིང་ལྡིར་རེ་བྱེད་པ་དང་གཉིས་སུ་མེད་པ་ཞིག་ད་ལྟ་ད་དུང་ཡང་ག་ས་གང་དུ་བྱེེད་བཞིན་འདུག མ་གཞིར་སྤྲང་འཛིང་བྱེད་པ་ལ་ལྟ་དགོས་དོན་མེད་རུང་མཐོ་དཔོན་པའི་གོ་ཐོབ་ཅན་དང་ལྷ་བླ་མའི་མཚན་སྙན་ཅན་ཚོས་རང་རང་གི་ནུས་མཐུ་རེ་བེད་སྤྱོད་བཏང་ནས་ཁྱེད་ལ་ཕྱོགས་ཀུན་ནས་གཏོར་མ་བཞིན་བཅའ་འདོད་དང་རྔ་གོག་བཞིན་རྡུང་འདོད་ཀྱི་ཁ་ལག་ཡོད་ཚད་ཐམས་ཅད་འདར་སིག་སིག་བྱེད་བཞིན་འདུག བསྟན་པོའི་དགྲ་བོ་རྒྱང་ལ་བཞག ཕ་གཞིས་འཕྲོག་མཁན་རིང་དུ་དོར་ནས་བློ་བཟང་སེང་གེ་ལ་ལྷ་མིང་ཅན་ཚོས་ཁ་གདང་མིག་བགྲོད་བྱས། དཔོན་མིང་ཅན་དག་གིས་ལག་རིང་ཐུང་བྱས་ནས་དཔུང་ངོམ་དང་གཡུལ་ངོམ་བཤམས། མངོན་ལྐོག་དང་རྒྱབ་མདུན་ཀུན་ནས་འཁྲབ་རྒྱུ་མེད་ན་མ་གཏོགས་འཁྲབ་བཞིན་འདུག་པས། ད་ནི་བློ་བཟང་སེང་གེ་ཁྱེད་ཀྱང་རྟ་ཁེར་རྒྱུག་དང་དཔའ་བོ་ཁེར་བུད་བྱེད་དགོས་དོན་མེད་ལ། རྡ་སའི་རི་ངོགས་ཀྱི་ཕྱི་ཁང་པ་ཨ་འདམ་ཅན་ལ་ནང་རུལ་སུངས་ཀྱི་རྙིང་དྲི་ཅན་དེ་ཐབས་དགུ་ལན་བརྒྱ་ཡིས་སྐྱོང་དགོས་དོན་ཅི་ཞིག་ཡོད། སྐྱ་ཆད་སྔོ་སྡུག་གི་སྒྲིག་འཛུགས་སྤར་མོ་གང་དེ་ཁྱེད་གཅིག་པུས་གནམ་ལ་དཀྱག་དགོས་དོན་མེད་ལ་ལག་ཐོག་ཚད་ཀྱིས་ཐུར་ལ་འདྲུད་དུས་ཁྱེད་ཁོ་ནས་ལ་ལ་འདྲུད་ཐབས་ཀྱང་ཨེ་ཡོད་མི་ཤེས།
བདེ་སྐྱིད་ཆོས་དབྱངས་ཀྱིས་འཁྲབ་སྟོན་ལེའུ་དང་པོ་ཚར་མ་ཐག་འབྲོག་ཆུང་དངོས་གྲུབ་ཀྱིས་ལེའུ་གཉིས་པ་དབུ་བཙུགས་ཏེ་སྟོན་མོ་གཤམ་འགོ་བརྩམས་ནས་ལྷ་འཁྲུགས་ནས་ཐལ་རྡུལ་མ་ཡལ་གོང་། མི་འཁྲུགས་པའི་རྡུལ་འཚུབ་སློང་འགོ་བརྩམས་ཏེ་ནག་ཉེས་ཡོད་ཚེ་བློ་སེང་གི་མགོ་ཐོག་ཏུ་གཡོགས་འདོད་དང་། སྡིག་ཉེས་ཆ་ཚང་བློ་སེང་གི་མིང་ཐོག་ཏུ་འཇོག་བསམ་གྱིས་རྩ་དགོངས་དང་ཡོངས་དགོངས་ཞུས་ཏེ་རང་ཉིད་དཀར་པོ་བྱུང་ན་ཅི་ཡང་བྱེད་ཐུབ་པའི་སྐུ་ངོ་འདི་ཚོའི་སྐྱུག་མེར་ལང་སའི་བྱེད་བབ་འདི་དག་བློ་བཟང་སེང་གེ་ཁྱེད་ཀྱིས་མཐོང་ཡོད་ཚད་རེད་ལ་གོ་དགོས་ཚད་རེད། ད་ནི་བློ་བཟང་སེང་གེ་ཁྱེད་དང་ཁྱེད་ལ་རེ་བའི་མི་མང་ཁྲི་ཕྲག་ལྷག་ལ་འགྲོ་བསམ་ན་ལམ་དཀར་པོ་མི་འདུག་ཅིང་། སྡོད་བསམ་ན་ས་གྲུ་བཞི་ཞིག་མི་རག་པས། སྐབས་རྗེས་མའི་སྲིད་སྐྱོང་ལས་དགོངས་ཞུ་གནང་སྟེ་ཕྱིར་ཨ་རི་ལ་ཕེབས་རོགས། ས་དེ་ལ་ཁྱེད་ཉིད་ཤོང་སའི་ནམ་མཁའ་དང་རང་ཉིད་བཞུད་སའི་ལམ་ཆེན་དེ་ཡོད་པས་སྤྲང་ཚང་འདི་ལས་རིང་དུ་གྱེར་རོགས།
དེ་རིང་སང་ཉིན་བཙན་བྱོལ་ནང་དུ་ཁ་གདངས་ནས་སྡོད་ན་ཁ་ནང་འབུ་སྐྱག་འདྲ་མ་གཏོགས་ཅི་ཡང་ཟག་རྒྱུ་མེད་པར་ཤེས་ནས་བོད་ལ་འགྲོ་མཁན་ཇེ་མང་ནས་ཇེ་མང་དང་། ཕྱི་རྒྱལ་དུ་སོང་ནས་རང་ཁ་གསོ་ཐབས་ཙམ་ལས་མི་རིགས་ཀྱི་རང་དབང་བསྐྱར་གསོ་དང་མི་རིགས་ལ་བཅངས་པའི་སེམས་ཤུགས་ཡོད་ཚད་བརླགས་ཏེ། མི་རིགས་གཞན་སྒྱུར་གྱི་ལས་ཀ་བྱེད་མཁན་ཉིན་རེ་ལས་ཉིན་རེ་ཇེ་འཕར་འགྲོ་བཞིན་པ་ནི་ཧ་ཅང་གསལ་པོ་ཡིན་ལ། ད་ལན་འོས་བསྡུའི་ནང་དུ་མི་ཁྲི་བཞི་ལྷག་གིས་ཆ་ཤས་གཏན་ནས་མ་བླངས་པར་འདི་ནས་གསལ་པོར་གྱུར་ཡོད། འོས་མི་བླུག་པའི་ངོ་རྒོལ་ལས་འགུལ་ཡང་བརྩམས་ཏེ་རྡ་སའི་རི་ངོགས་ལ་རེ་བ་དང་ཡིད་ཆེས་མེད་པ་གསལ་སྟོན་བྱས་ཡོད།
རྡ་སའི་རི་ངོགས་ཀྱི་སྒྲིག་འཛུགས་འདིའང་ཚོགས་པ་ཞིག་ལས་མི་ཤེད་ཅན་ཞིག་གིས་ཁུར་ཐུབ་ཚད་དང་། བུ་དཔའ་བོ་ཞིག་གིས་སྐྱོང་ཐུབ་རྒྱུ་ཞིག་མ་ཡིན་པར་གོང་གི་དབུ་ཁྲིད་ཀྱི་ལམ་སྟོན། གཤམ་འོག་གི་གཞུང་ཞབས་ཚོས་ཤར་སྐྱོད། མི་མང་དག་གིས་སེམས་ཁུར་དང་རོགས་རམ་བཅས་ལ་བརྟེན་ནས་འགྲོ་དགོས་པ་ཞིག་ཡིན་རུང་། ད་ཆར་འོས་ཤོར་གྱི་སྨྱོ་ནད་འཚབ་ཆེན་དེ་འགོས་ནད་བཞིན་ས་ཁྱབ་རྡབ་ཁྱབ་ཏུ་སོང་ནས། རྡ་སའི་རི་ངོགས་ཀྱི་སྒྲིག་འཛུགས་དེ་དུམ་བུ་དགུ་ལ་སོང་ཡང་ཁྱད་ཅིག་གཏན་ནས་མེད་པར། ལྷ་མི་ཐམས་ཅད་སྨྱོ་འཚུབ་འཚུབ་བཟོ་དུས། བློ་བཟང་སེང་གེ་ཁྱེད་དང་ཁྱེད་ལ་རེ་བའི་མི་མང་ཚོས་བློ་ཕམ་དང་ཡིད་ཆད་འབུམ་ཁྲག་གཅིག་ཁུར་ཏེ། རྡ་སའི་རི་ངོགས་ནས་ཕྱིར་འཐེན་བྱེད་རྒྱུ་འདམ་ཁ་ཞིག་མི་བརྒྱབ་དཀའ་མེད་རེད་ལ། འགྲོ་ལམ་མེད་ས་ནས་ཨུ་ཚུགས་ཤིག་མི་བྱེད་པར་ཕྱི་ནུབ་བྱེད་རྒྱུ་འགོ་མ་བཙུགས་རང་བཙུགས་རེད། འདི་ནི་གདམ་ཁ་མེད་པའི་གདམ་ཁ་ཞིག་ཡིན།
སྒྲིག་འཛུགས་འདི་ཁོ་ཚོའི་རྐུན་ལག་ནང་དུ་ཡོད་གྱུར་ན་ཁྲ་རིལ་རིལ་དང་སྣུམ་བཙིར་བཙིར་བཟོ་རྒྱུ་ཡོད་མདོག་བྱས་ཏེ་སྐད་མགོ་ལ་མཐོ་དམན་དང་། ལག་གཡས་ལ་སུ་རིང་འདྲ་ཚད་ནས། ནམ་ཉི་མ་མ་ཤར་བར་དུ་འཁྲབ་ནས་སྡུག་ཚད་ཅིག་བཟུང་གི་མེད་ན། ཁོ་ཚོའི་ལག་ཏུ་གཅིག་ཞོགས་དང་ཁྲ་ཆུང་མིག་ལ་ལྟད་མོ་དང་གོར་གོར་རྣ་ལ་སྙན་པོ་ཞིག་ཡོང་རྒྱུ་གདན་མི་ཟ་བས། དེ་དུང་ཁོ་ཚོའི་ཁ་ནང་དུ་མཛུབ་མོ་བཅུག་ནས་འདུག་ལུགས་དེ་མཐོང་རྒྱུ་རེད། མི་རིགས་ལ་དཀའ་ངལ་དང་མི་མང་ལ་རང་དབང་དགོས་ན་དགོས་མཉམ་ལས་ངེད་ཅག་འགའ་ཤས་ལ་ཆེས་དམིགས་བསལ་གྱི་དཀའ་སྡུག་ཅིག་ཡོང་རྒྱུ་མེད་ལ། བདེན་མཐའ་གསལ་རུང་ངེད་ཅག་ལ་ལྷག་པོ་ཅིག་ཐོབ་རྒྱུ་མེད་པར། དེ་དུས་ཀྱང་ཧམ་པ་ཅན་དེ་ཚོས་ཤ་བཏོགས་ནས་རུས་པ་ངེད་ཅག་ལ་འབྲད་བཅུག་རྗེས་ད་དུང་གང་མེད་ཚད་སྦྱིིན་ཡོད་པའི་འགྱིང་ཉམས་ཤིག་སྟོན་རྒྱུ་རེད།
ད་ནས་བཟུང་རང་ཉིད་ཀྱིས་ཀྱང་སྒྲིག་འཛུགས་འདིའི་ཆ་ཤས་ཏིལ་འབྲུ་ཙམ་ལེན་རྒྱུ་མིན་པར་ཐག་གཅོད་ཟིན་ལ། རི་ངོགས་དེ་ནས་གསེར་ལྷུག་ལྷུག་འབབ་རུང་དགའ་རྒྱུ་དང་། གཡང་ལ་རྦབ་རིལ་ཐེབས་རུང་སྡུག་རྒྱུ་ཞིག་ཅི་ཡང་མེད་ན། རང་ཁ་ཁམ་བུ་ཙམ་དེ་གསོ་ཐབས་དང་གྲོད་ཁོག་རྩམ་ཁུག་འདྲ་དེ་རྒྱགས་ཐབས་ལས་རྐུ་ཇག་དང་ལྷ་འདྲེ་གདོན་བགེགས་མོད་པའི་རྡ་སའི་དཀྱིལ་འཁོར་དེ་ནས་ཕྱོགས་ཀུན་ནས་རིང་དུ་བཀྱེད་དེ་སྡོད་རྒྱུ་ལགས་པས། ཁྱེད་ཅག་གིས་རྐུབ་སྟེགས་ཐབས་ཅད་གཟུང་། གོ་གནས་ཐམས་ཆད་བླངས་ཏེ་ལྷ་གནས་ཆུང་ཆོས་རྒྱལ་ཆེན་པོ་ཟེར་བ་ལ་མོ་ལུང་ཐམས་ཅད་ཞུས། ལྷ་མོ་ཚེ་རིང་མཆེད་ལྔ་གྲགས་པ་དེར་མགོ་ལུས་ཐམས་ཅད་སྒུར་ནས་སྨྱོ་འཚུབ་འཚུབ་དང་བཟི་འཐོམ་འཐོམ་བྱེད་བཅུག་ནས་བཞུགས་རོགས།
ངེད་ཅག་ལ་ཅི་ཡང་མི་ཁོམ་པས་ཁྱེེད་ཅག་ལ་འབུལ་ཆོག
2016-4-6
བློ་སེང་དགོངས་པ་ཞུས་ན་ཡག་ཤོས་རེད། ནུས་པ་དང་འཇོན་ཐང་ནི་མི་འདུག ཁ་སྟོང་པ་ཙམ་ཞིག་རེད།
ཏག་ཏག་རེད། བློ་བཟང་སེང་གེས་དགོངས་པ་ཞུས་བཞག་ན་ཡག་གི་རེད། ལོ་ལྔའི་རིང་ལ་གྲུབ་འབྲས་འདི་ཡིན་ཟེར་བ་ཞིག་བྱུང་མ་སོང་། མི་དགོས་པའི་དཔོན་ཉམས་དེ་དང་། རྒྱལ་གཅེས་པ་ཚོའི་རོ་ཐོག་ནས་རྟ་རྒྱུག་པ་ལའང་ཅི་མི་སྙམ་པ་ཁོ་ཕེབས་སོང་ན་ཏག་ཏག་རེད། བཟང་སྤྱོད་ཟེར་བ་ངོ་ཤེས་ཀྱི་ཡོད་ན། ལོ་ལྔའི་རིང་ལ་འཐུས་ཤོར་བཏང་ནས་ཚད་འདིར་སྐྱེལ་མཚམས་སུ། བཟང་སྤྱོད་དང་ལྡན་པའི་ཐོག་ནས་དགོངས་པ་ཞུ་ཐུབ་དགོས་པ་རེད། ལོ་ལྔའི་རིང་ལ་ཅི་གང་འཇོན་མ་སོང་། ཚང་མ་སེམས་འཚབ་ལངས་པ་ཞིག་བཟོས་བཞག་ཡོད་པ་འདི་ལ། བཟང་སྤྱོད་ཀྱི་འགན་འཁྱེར་བའི་ཐོག་ནས་རྒྱ་ཆེའི་མི་མང་ལ་དགོངས་སེལ་དང་འགྱོད་བཤགས་ཞུ་དགོས་པ་རེད། བཟང་སྤྱོད་ནི་བཤད་ནས་འགྲིག་འགྲོ་བ་དེ་འདྲ་མ་རེད། ལག་ལེན་ནས་ར་འཕྲོད་དགོས་པ་རེད།
བློ་བཟང་སེང་གེས་རྩ་དགོངས་ཞུས་པ་ཡིན་ན་ཁྱེད་ཀྱི་འདོད་དོན་ཐམས་ཅད་བདེ་བདེ་ངང་འགྲུབ་ངེས་རེད། རྩོམ་པ་པོ་ཞིག་ཡིན་མདོག་མདོག་གི་བསམ་ཚུལ་དེ་འདྲ་ཞིག་ལས་བཤད་རྒྱུ་མེད་ན་ཁྱོད་དང་ཁྱོད་འདྲ་ཚོ་ཡོད་པ་ལས་མེད་པ་དགའ།
ཀྱེ་མ་ཀྱེ་ཧུད། ད་ཡིན་ན་ང་ཚོ་བོད་པ་ཚོས་མཐའ་འཁྱོལ་ཐུབས་པ་མིན་འདུག་༧གོང་ས་མཆོག་ནས་དམངས་གཙོ་ཆ་ཚང་གསོལ་རས་གནང་བའི་ཪྗེས་སྐབས་དང་པོའི་བཀའ་ཤག་ནས་འགོ་ལུག་ཡོང་གིན་འདུག། ད་ལྟ་༧གོངས་ས་མཆོག་ཞལ་བཞུགས་སྐབས་ལ་གནས་སྟང་དེ་ལྟ་བུ་ཆགས་ན་ཪྗེས་སུ་ག་རེ་ཆགས་ཡོང་་ཚོད་དཔག་བྱེད་ཐུབས་པ་འདུག།།
བཙན་བྱོལ་ནང་གི་ཁམས་པའི་མགོ་བ་ཚོས་ནམ་ཞར་རྒྱུན་ཏུ་ངོ་ལོག་གི་ཡིན་རབ་བཤད་ནས་འཇགས་མྱོང་མེད། འཇུ་ཆེན་དང་། ལི་ཐང་ཨ་ཐར་རྣམས་ལ་ལྟོས་ན་ཤེས། ད་སྲོང་བཙན་ཟེར་བ་འདི་ལ་གཟིགས་དང་། ཁ་སྟབས་འདི་ལས་མེད་པ་ནི་ཐབས་སྐྱོ་བོ་རེད། ཧཧཧཧཧ
གང་ལྟར་བློ་སེང་གིས་དགོངས་པ་ཞུ་རྒྱུ་ཡིན་པ་གསལ་བོ་ཡིན་སྟབས། ཏྲེ་བོ་བསོད་ནམས་གིས་འོས་གྲངས་རྫུན་མ་ཞིག་ཐོབ་ཀྱང་། མིའི་སེམས་དང་ཡིད་ཆེས་མ་ཐོབ་པ་ཤེས་ནས་འཁྲབ་གི་ཡོད་པ་རེད་ལ། སྨྱོ་རྟགས་སྟོན་གི་ཡོད་པ་རེད། ད་གང་ལྟར། བློ་སེང་ལ་ཡིད་ཆེས་བྱེད་མཁན་དཀོན་པོ་རེད། ལྷ་མི་གཉིས་ཀ་གཅིག་པ་རེད། དེའི་ཆ་ནས་དགོངས་པ་མི་ཞུ་རང་ཞུ་རེད། ཞུས་ལབ་དགོས་པ་མ་རེད། ཧཧཧཧ
བློ་བཟང་སེང་གེས་མ་འཇོན་པ་ས་རིས་ཐང་གསལ་རེད། དེ་གླེང་ན་ཁྱེད་ཅག་མི་དགའ་བ་བྱེད་དོན་ཅི་རེད། དམའ་མཐར་ཡང་། ང་ཚོས་གནས་ལུགས་ཁས་ལེན་དགོས་པ་རེད། ཞེན་ཁོག་ཁོ་ནས་ཁུངས་འཁྱོལ་ཐུབ་ཀྱི་མ་རེད། བློ་བཟང་སེང་གེ་ལ་བཟང་ཆའང་ཡོད་པ་རེད། བཟང་ཆ་མེད་པ་དེ་འདྲ་མ་རེད། ཡིན་ནའང་། ལོ་ལྔའི་རིང་ལ་སྲིད་སྐྱོང་བྱས་ནས་གཞུང་གི་ལས་དོན་འཐུས་ཤོར་མང་བ་བཏང་ཡོད་པ་རེད། གྲུབ་འབྲས་ཁུངས་འཁྱོལ་བ་ཞིག་སྟོན་རྒྱུ་མེད་སོང་བ་རེད། ད་ཕན་ཐོགས་ས་རེད་མ་རེད། ཕན་མ་ཐོགས་ན་ཁ་ནང་གི་སོ་ཡིན་རུང་བཀོག་དགོས་ཟེར་བ་རེད། བློ་བཟང་སེང་གེ་སྐྱོབ་སྟངས་དེ་འདྲ་མ་རེད། བློ་བཟང་སེང་གེ་ལ་གཞོགས་འདེགས་བྱེད་སྟངས་དེ་འདྲ་མ་རེད། གནས་ལུག་མངོན་སུམ་པ་དག་གླེང་ན་མི་དགའ་བར་བྱེད་པ་འདི་བཟང་སྤྱོད་ཅིག་དེ་བས་མ་རེད་ལགས།
མི་འདིས་བོད་མིའི་སྒྲིག་འཛུགས་ལ་དམའ་འབེབས་དང་། བོད་མིའི་དད་མོས་ལ་མཐོང་ཆུང་ཁྱད་གསོད། སྤྱི་དོན་གྱི་དཔུང་པ་གཅོག་ཐབས་ཀྱི་རྩོམ་འཆལ་ལྷུ་འགྲིག་པོ་ཞིག་སྤེལ་འདུག ཁྱོད་ལ་བོད་མིའི་སྒྲིག་འཛུགས་ལ་འགན་འཁུར་མེད་པ་དང་། རང་གི་ལྟོ་གོས་ཙམ་ཞིག་གི་སླད་འདུར་རྒྱུ་ཡིན་ན་རྒྱུགས་ཤིག་ཨང་། མ་གཞི་ནས་བོད་མི་འགན་འཁུར་ཡོད་པ་ཞིག་ཀྱང་ཡིན་བཟོ་མི་འདུག་པ་ཚིག་ཟུར་ལས་གསལ་འདུག མི་འདི་ཚོས་འཚེར་མར་སྐོར་དེ་རི་བོང་ལ་འཇབ་རྡོ་གཞུ་བཞིན་འདུག
ཆོལ་ཞེན་གྱིས་སྤྱི་ཚོགས་འུར་ཟིན་པའི་སྐབས་སུ་ཁ་ལག་བཟུང་རྒྱུ་ནི། མི་རིགས་འདི་ལ་འགན་ཁུར་བྱེད་པའི་ཆ་ཤས་སུ་བགྲང་ནའང་ཆོག་ངེས། རྒྱུ་མཚན་དེས་འོས་བསྡུར་ཆེན་མོའི་ལས་འགུལ་དབུ་འཛུགས་བྱས་ནས་བཟུང་དྲ་རྒྱའི་ཐོག་ཏུ་ཡིག་ངག་གཉིས་པོའི་ལས་ཀྱི་བགྱི་བ་རང་ངོས་ནས་འཚམས་བཞག་ཟིན། འོན་ཏེ་དགོས་དུས་ལུང་བསྟན་མེད་ལ་མི་དགོས་དུས་དཀྲོགས་གཏམ་ལུང་དུ་བརྫུ་བའི་གནས་ཆུང་དང་། ཚེ་རིང་མར་གྲགས་པ་དེ་གཉིས་ཀྱིས་ཡང་སྐྱར་སྤྱི་ཚོགས་འདི་དཀྲུགས་མགོ་བཙུག་སོང་། བཀུར་འོས་ཀྱི་མི་རྗེ་སྲིད་སྤྱི་གཉིས་ལ་སྡང་མིག་དང་། སྡིགས་དམོད། རྡུང་རྡེག་སོགས་ཀྱིས་རྟེན་འབྲེལ་ངན་པ་ཞིག་གིས་སྣེ་ཁྲིད་བྱེད་མཁན་གྱི་བུ་མོ་དེ་བོད་པའི་སྤྱི་ཚོགས་ནས་ངེས་པར་དུ་རྒྱང་འབུད་བཏང་དགོས། འདི་ནི་སྡུག་འདྲེ་དོལ་རྒྱལ་ལས་ཀྱང་སྡུག་པའི་གདོན་བགེགས་ཤིག་ཡིན་ངེས། སློབ་དཔོན་ཆེན་པོ་མཆོག་དང་། དཔལ་བཞད་པ་རྡོ་རྗེ་སོགས་ཀྱི་བཀའ་ཡིས་གཉེར་དུ་གཏད་པའི་སྨན་བཙུན་བཀྲ་ཤིས་ཚེ་རིང་མ་དེ་ཉིད་བྱ་ངན་སྤྱོད་ངན་ཅན་གྱི་བུ་མོ་འདི་འདྲ་ཞིག་ལ་ཞུགས་མི་སྲིད་པ་ནི་སུས་ཀྱང་ལོས་ཤེས།
དངོས་ནས་བཤད་ན་ད་ལྟ་བློ་བཟང་སེངྒ་ལགས་སྔོན་ཆད་སོ་སོའི་ནོར་འཁྲུལ་གང་བྱས་མིན་དང་འཐུས་ཤོར་གང་དག་བཏང་ཡོད་མེད་མི་དམངས་ལ་འཐེར་འདོན་བྱེད་ནས་བཟོད་གསོལ་ཞུ་ན་ལེགས་ཚོད་འདུག། དེ་ལྟར་བྱེད་ན་ཕྱིས་སུ་མི་དམངས་ནས་རྒྱབ་སྐྱོར་བྱེད་ངེས་ཡིན། རྒྱལ་ཁབ་དང་ཚོགས་པ་གང་གི་འགོ་ཁྲིད་ཡིན་ཀྱང་ནོར་འཁྲུལ་མེད་པ་མི་སྲིད་མོད་དེར་བརྟེན་མི་དམངས་ནས་ཀྱང་བསམ་ཤེས་བྱ་ངེས་ཡིན་ཕྱིས་སུ་སོ་སོ་ལས་དོན་བྱེད་ཕྱོགས་ཐད་གུ་ཡང་ང་ཡོང་ངེས་ཡིན།།
སྐལ་ཚེ་ཟེར་བའི་མི་དེ་་་ཁ་ལག་བདག་པོ་རྒྱབ་རོགས་གནང་ཁུང་ལུང་མེད་པའི་སྐད་ཆ་དེ་འདྲ་བཤད་ཐུབ་པའི་བློ་ཁོག་དེ་ག་ནས་བྱུང་སོང་ངམ་་རྒྱབ་རྩ་ལང་མཁན་སྟོབས་ཆེན་རྒྱལ་ཁབ་ཞིག་ཡོད་པས་་
ཆོས་ལུགས་དང་ཆོལ་ཁའི་ཞེན་ཁོག་ལ་གཞི་གཙོ་བོར་བཅོལ་ནས་གྲོས་ཚོགས་ནང་དུ་སྲིད་བྱུས་བགྲོ་གླེང་དང་ཐག་གཅོད་བྱེད་མཁན་གྱི་བཀའ་བློན་དང་སྤྱི་འཐུས་སུ་འདྲ་ཞིག་ཡིན་རུང་། བཟང་སྤྱོད་ཀྱི་ཐོག་ནས་རྩ་དགོངས་ཞུས་ན་་ཡག་ཤོས་རེད། རྒྱུ་ཚན་གལ་ཆེ་ཤོས་ནི། དབུས་བོད་མིའི་སྒྲིག་འཛུགས་འདིས་གཞིས་སུ་གནས་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་མགྲིན་ཚབས་བྱེད་ཐུབ་པ་དགོས་ལ། བོད་ནང་དུ་ཆབ་སྲིད་ཀྱི་གོ་རྟོགས་ཡོད་པའི་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ཀྱིས་ནི། ཆོས་ལུགས་ཆོལ་ཁའི་སྲོལ་རྒྱུན་གྱི་དབྱེ་གཞི་དེ་དུས་ཚོད་དང་གནས་སྟངས་ཀྱི་ཆ་ནས་གོ་དོན་མེད་པ་མ་ཟད། དགོས་མཁོའང་མེད་ཅིང་བོད་སྤྱི་བའི་རྩ་དོན་དང་གོང་བུ་གཏོར་ཤིག་གཏོང་བའི་རྒྱུ་ཞིག་ལ་ངོས་འཛིན་གསལ་པོར་གནང་ཐུབ་ཀྱི་ཡོད།
སྲོང་བཙན་ལགས། བཙན་བྱོལ་དུ་འབྱོར་ནས་ད་བར་དུ་(བོད་གཞུང་ངམ་)བོད་མིའི་སྒྲིག་འཛུགས་འདིའི་ནང་དུ་རྙོག་གླེང་བཟོ་མཁན་དང། ༸གོང་ས་མཆོག་ཐུགས་ཕམ་འབྱུང་གཞིའི་ལས་དོན་སྤེལ་མཁན་རྣམས་ཀྱི་གྲལ་ལ་སུ་དང་སུ་ཡོད་མེད་ཁྱོད་ཀྱིས་ཤེས་ཀྱི་མེད་པ་འདྲ། མ་གཞི་ཆོལ་ཞེན་གྱིས་བཟི་ནས་ཡོད་ཙང་བཙན་བྱོལ་སྒྲིག་འཛུགས་ཀྱི་ལོ་རྒྱུས་དེ་ཚོ་བལྟས་ཡོད་ཀྱང་། ནག་པོར་དཀར་པོ་མཐོང་གི་ཡོད་སྲིད། དེ་འདྲ་ཡིན་ན་གང་ཡང་ཞུ་རྒྱུ་མེད།
གང་ལྟར་ད་ལྟའི་ལས་ཐོག་སྲིད་སྐྱོང་གིས་སྒྲིག་འཛུགས་ལས་གང་ཟག་གལ་ཆེ་བར་འཛིན་མཁན་ཞིག་ཡིན་པ་གསལ་པོར་ར་འཕྲོད་ཡོང་གི་འདུག
བློ་བཟང་སེང་གེས་བྱས་རྗེས་ག་རེ་བཞག་ཡོད་པ་རེད། དེ་བཙལ་ནས་རྙེད་ཡོད་མཁན་ཡོད་ན། གསལ་བཤད་རེ་གནང་རོགས། དེ་མིན་བློ་བཟང་སེང་གེ་ཆེན་པོ་དང་འཇོན་པོ་ཡོད་རབས་ཨུ་ཚུགས་ག་བརྒྱབ་ཀྱང་ངོས་ལེན་མེད། མཁས་དབང་ཡིན་པར་ཧ་ལས་ཀྱི་མེད། གཙོ་བོ་ལས་དོན་ཡག་པོ་བྱེད་དགོས་པ་རེད། ཨ། མ་རེད་པས། གནོན་ཤུགས་སྤྲོད་མཁན་སུ་གང་ཡོད་པ་མ་རེད། འཐུས་ཤོར་བཏང་བ་ལ་བཏང་འདུག་ལབ་ཆོག་གི་ཡོད་པ་རེད། དེ་ལབ་མི་ཆོག་ལབ་ན། དྲང་པོ་མ་རེད།
བློ་སེང་གིས། དྲང་པོ་བྱས་མེད་ན། ད་ཐེར་འདོན་བྱེད་དགོས་རེད། སྲིད་སྐྱོང་གིས། ལྐོག་ཟ་རུལ་སུངས་བྱས་ཡོད་ན། གསལ་དོན་བྱེད་དགོས། ཡང་ཁོང་གིས། མ་རབས་བྱས་ཡོད་ན། འཐེར་འདོན་བྱེད་དགོས། དེ་མིན་མི་མང་གིས་ཡར་བསྐོས་ཚར་པ་སྲིད་སྐྱོང་དེ་ལ། གུས་ཞབས་དང་། རྒྱབ་སྐྱོར། རེ་སྨོན་བྱ་རྒྱུ་དེ། བོད་མི་ངོ་རེ་ངོ་རེས་ལས་འགན་རེད་གདའ།།
སྲིད་སྐྱོང་དབྲལ་དཀར་དེས་དགོངས་པ་ཞུས་ན་ཏག་ཏག་རེད། དེ་མིན་ཁོས་བོད་མིའི་སྒྲིགས་འཛུགས་རྩབ་རལ་གཏོང་ས་རེད་ཏ།
སུ་ཞིག་ལ་བསམ་བློ་ཟེར་བ་དེ་ཡོད་ན། དྲང་བདེན་ཟེར་བ་དེ་ཡོད་ན། ལ་རྒྱ་ཟེར་བ་དེ་ཡོད་ན། ཆོལ་ཁ་ཆོས་ལུགས་དབང་གིས་རྨོངས་འདུག་མཁན་ཚོར། ཁྱེད་ཀྱིས་སྐྱག་པར་ལྟ་སྟངས་འདི་རན་པ་ཤེས་པ་གྱིས། ཅི་ཞིག་ལ་ཟེར་ན། ང་ཚོའི་མི་རིགས་འདིའི་བྱུང་བ་ཡི་གོད་ཆགས་ཡོད་དགུ་རང་གི་སེམས་ཀྱི་ན་ཚ་ཨེ་ཡིན། དེ་ལོས་ཡིན། ཐ་མར་རང་ས་དག་པའི་ཞིང་ཡང་རང་ལ་གཏན་ནས་མ་དབང་བ་གྱུར་བ་མ་ཟད། རང་གི་ཕ་མེས་ཡང་མེས་ཀྱི་རིན་ཆེན་སྲོག་ཀྱང་རང་ས་གོར་མོ་ནས་གཞན་གྱིས་འགེམས་ཤིང་། རྒྱུ་ནོར་ལོངས་སྤྱོད་ཡོད་ཚད་ཀྱང་མེ་མདའི་ཁ་གཏད་ནས་ཕྲོགས་སོང་ལ། ད་ལྟ་ད་དུང་ངའི་མི་རིགས་འདིས་གཞན་གྱི་དབང་འོག་ནས་རང་གི་མངོན་འདོད། རང་སྲོག་རང་གིས་བཅད་ན་ཨེ་བཟང་ནས། ངོ་རྒོལ་སྐད་འབོད་བྱས་ན་ཨེ་དྲག་སོགས་ཀྱི་ཐབས་བྱུས་སྣ་ཚོགས་དཀའ་སྡུག་ངང་འཚོལ་སྒང་ཞེས་ན། ད་ངས་ཁྱེད་ལ་རྒྱུ་མཚན་ཞིག་དྲན་གསོ་གཏང་། ང་ཚོའི་བྱུང་བ་ཡི་ཐེག་དཀའི་སྐྱོ་གར་དེ་དག ཆོལ་ཁ་ཆོས་ལུགས་ཀྱི་མིང་སྐམ་འཐེན་འཁྱེར་ཏེ། ནང་བཀྲ་མ་ཤིས་པའི་ཤེས་རྨོངས་ཀྱི་འཁྱེར་སོ་ཞིག་གིས་ང་ཚོར་མགོ་སྐོར་བཏང་ནས་སྤྲད་པ་ཅིས་ཀྱང་ཤེས་དགོས། རང་རེའི་དམ་པ་སྤྱི་སེམས་ཅན་དང་ཕྱི་མི་མཁས་པ་འགའ་ཡིས་བོད་ཕུང་རྩར་ཞིབ་འཇུག་བགྱིས་མཐར། ཆོལ་ཁ་ཆོས་ལུགས་དང་དཔོན་སྐོར་འཐེན་འཁྱེར་ལ་ཐག་གཅོད་ཕལ་མོ་ཆེ་གཅིག་མཚུངས་སུ་བྱུང་བར་བསམས་ན། ད་ཚོད་འུ་ཅག་ཕྱིར་ལྡོག་མི་དགོས་པ་འདྲ་ཞིག་ཡིན་ནའང་། ནམ་ནམ་ཞར་ཞར་དུ་བོད་ཡིག་རང་མགོ་ཐོན་ལ་མི་ཐོན་ལ་འབྲི་ཤེས་མཁན་བསམ་མེད་སྐོར་ཞིག་གིས་འུ་ཚོར་རྒྱབ་ལོག་ནས་འབོད་ཀྱིན་པའང་གསལ་བོ་ཤེས་དགོས། དེས་ན། རང་ཉིད་དང་མི་རིགས་ཕུང་ལ་སྦྱོར་བྱེད་ཀྱི་ཆོལ་ཁ་ཆོས་ལུགས་ཞེས་མི་དགོས་འཐབ་འཛིང་གི་བྱ་བྱེད་ཡོད་དོ་སྐྱག་པའི་སར་བཞག་ནས་བརྩོག་ལྟོས། རེད། སུ་ཞིག་གི་སེམས་སུ་བོད་ཟེར་བ་དེ་ཡོད་ན། བོད་པ་ཡིན་ཟེར་བ་དེ་ཡོད་ན། བོད་དོན་དགོས་ཟེར་བ་དེ་ཡོད་ན། གནད་འགག་གི་སྐབས་སུ་ཁྱེད་རང་གཅིག་པོའི་ཕྲག་ཏུ་རང་འགན་ཞིག་ཡོད་པ་མ་རྗེད།
བློ་སེང་དགོངས་པ་ཞུས་ཤོག ལབ་དུས། ཁོང་འོས་བླུགས་མཁན་ཚང་མ་ནོར་བ་རེད། ཟེར་བ་དང་གཅིག་མཚུངས་རེད་དོ།།
ལགས་རེད་འགུ་ལེ་་་་་རྒྱབ་བསྐྱོར་བ་ཚང་མ་ནོར་བ་རེད་ཧཧཧཧཧཧཧཧཧཧཧ
ཏྲེ་ཧོར་བསོད་ནམས་སམ་སྲོང་བཙན་འབོད་པའི་སེ་ར་དགོན་གྱི་གྲྭ་པ་ཁྱོད་ངོ་མ་འཇོན་པོ་འདུག ལུས་ལ་གྲྭ་ཆས་ཙམ་སྤྲས་པའི་མི་ཚང་མས་ཁྱོད་ནང་བཞིན་ཆོལ་ཁ་གསུམ་དཀྲུགས་ཐུབ་ན། བཙན་བྱོལ་བོད་གཞུང་སྔར་ནས་འཐོར་ཚར་ཡོད་རེད་དེ། སྟབས་མ་ལེགས་པ་ཞིག་ལ་ད་དུང་འཐོར་ཡོད་མ་རེད། ད་དུང་མུ་མཐུད་ཤུགས་རྒྱོབས་ཤོག་ཨ། རེ་བ་ཆེན་པོ་ཡོད་ད།
བཙན་བྱོལ་བོད་གཞུང་འཐོར་ཚར་བ་དང་རྒྱ་ཁོག་ཚོ་གད་མོ་འཚེར་འཚེར་ངང་ཁྱེད་རང་པེ་ཅིན་ལ་བསུ་མ་བྱེད་ཡ་རེད། དེ་དུས་ང་གཉིས་མཉམ་པོར་འགྲོ
སྐལ་ཚེ་ཟེར་བའི་མི་དེ་རྒྱ་མིའི་རྒྱུག་ཁྱི་འམ་དོོད་ཚོགས་མིས་བཤད་དང་ཁྱད་ག་རེ་འདུག་ སྤྲང་པོ་གསོས་ཀྱང་སྒོ་ཁྱི་ཟེར་བའི་དཔེ་ལྟར་སྤྲང་ཁྱི་རང་རེད་། བློ་བཟང་སངས་རྒྱས་ཀྱི་ལས་དོན་བྱ་ཕྱོགས་དང། མ་རབས་ཀྱི་སྤྱོད་པ་། ཧམ་པས་བོད་མི་མགོ་སྐོར་གཏོང་བའི་འདས་དང་ད་ལྟ་བྱེད་སྟངས་ལ་ཤ་ཚ་སྐད་ཆ་བཤད་པར་མི་དགའ་བྱེད་དགོས་དོན་མེད་།
བློ་བཟང་སངས་རྒྱས་ཀྱི་ཕྱོགས་རྟོག་ཁམས་པ་དང་དབུས་པ་ཀླད་མེད་ཚོས་རང་སྣང་དྲན་།་ཚིག་རྩུབ་།་ཉེས་རྡུང་བཏང་བའི་སྤྱོད་པ་བྱས་ད་དུང་གཞན་གྱི་མགོ་ལ་གཡུག་པ་ནི་རྒྱ་ནག་གཞུང་གི་བྱེད་བཏང་རང་རེད་། དམར་དམར་ལྕེ་ལ་བདག་པོ་མ་རྒྱོབ་།
བློ་བཟང་སངས་རྒྱས་རྒྱལ་ཁ་དྲང་བདེན་བྱས་ནས་མ་ཐོབ་པར་ཕྱོགས་ཞེན་དང་རྩོད་རྙོག་ནང་བྱུང་བ་ལ་རྟེན་ནས་བཟང་སྤྱོད་ཀྱི་ཐོག་ནས་རང་འགུལ་གྱིས་དགོངས་པ་ཞུ་དགོས་དྲན་གྱི་འདུག
ད་དུང་ཡང་བསྐྱར་དུ་བློ་སེང་ངམ་སློབ་བཟང་སངས་རྒྱས་ལ་སྲིད་སྐྱོང་གི་ལས་གནས་ཐོབ་པ་རེད། འདི་ནི་བཙན་བྱོལ་བོད་མིར་ལ་མཚོན་ན་བཀྲ་མི་ཤིས་པ་ཞིག་གི་འགོ་ཚུགས་པ་རེད། རྒྱུ་མཚན་བོད་མི་རིགས་ཀྱི་ངོ་བོ་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་རྒྱུ་ནི་འོས་འགན་གཙོ་བོ་ཞིག་ཡིན། བོད་མི་རིགས་འདི་མི་རིགས་གཞན་དང་མ་འདྲེས་པར་གནས་ཐུབ་མིན་ཡང་འདི་ལ་ཐུག་ཡོད། དེས་ན་སློབ་བཟང་སངས་རྒྱས་ཀྱི་ལུས་ན་བོད་ཁྲག་རྒྱུ་འང་སེམས་དེ་བོད་སེམས་མ་རེད། བོད་སེམས་ཟེར་དུས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱིས་སེམས་བརྒྱུད་རླབས་པ་ཞིག་ལ་གོ། སློབ་བཟང་སངས་རྒྱས་ནི་དེ་ལྟར་མིན་པ་ཤེས་སླ།
སྐུ་གསར་སློབ་བཟང་སངས་རྒྱས། །
ལུས་ལ་བོད་ཁྲག་རྒྱུ་ཡང་། །
བོད་ཀྱི་རིག་གནས་མེད་པས། །
སེམས་དེ་བོད་སེམས་མ་རེད། །
ཕྱི་དྲིལ་བཀའ་བློན་དང་སྡེ་སྲུང་བཀའ་བློན་
གཉིས་ནས་ཁྲབས་སྟོན་འདིའི་གོང་ས་མཆོག་དགོང་པ་དཱངས་རྒྱུའི་ཚབ་དུ་དགོང་པ་དཀྲུགས་པ་མ་རེད་དམ་།
བློ་བཟང་སེང་གེ་དགོང་པ་ཞུས་ཟེར་ན་བློ་
བཟང་སེང་གེ་ལ་འོས་སླུག་མཁན་ལ་དམའ་འབེབས་མ་རེད་དམ་།
བདེ་སྲུང་བཀའ་བློན་གྱི་བྱེད་སྟངས་དེ་ཁྱད་མཚར་རེད། རྒྱལ་བ་རིན་པོ་ཆེས་བཀའ་བཀྱོན་ཏོག་ཙམ་གནང་བ་དེ་ཙམ་སེམས་ལ་མ་སོང་ནས་རྩ་དགོངས་ཞུ་བ་དེ་བོད་རྒྱ་ཆེ་མི་མང་ལ་སེམས་ཁུར་མེད་པའི་རྟགས་མ་རེད་དམ།
འཕྲོད་བསྟེན་བཀའ་བློན་དགོངས་པ་ཞུ་བའི་དུས་ལ་བབས་འདུག
གོང་སས་ལས་ཀས་འགྲིགས་གི་མི་འདུག་ཟེར་ནས་བཀའ་བཀྱོན་བཏང་སོང་ཟེར་ནས་ལས་ཀ་གཡུགས་བཞག་ན་དེ་སུ་ལ་ངོ་རྒོལ་ཡིན་གསལ་པོ་གསལ་རྐྱང་མ་རེད་དམ།
ཁ་ཏྭ་ནག་པོའི་སྡིག་སྒྲིབ་ཀྱིས། ངང་པ་སེར་པོ་འདམ་ལ་ལྷུང་ཟེར་བ་དེ་བཀའ་བློན་འདི་དག་གི་མགོ་ལ་ཤར་བ་རེད།
དང་པོ་བརྩིགས་པའི་ལྷ་ཁང་།། ད་ལྟ་ཞིག་པའི་ལས་རོགས་བྱས་ནས་གང་ལ་ཡོང་། བཀའ་བློན་ཁོང་ལ་ཐུགས་ཁག་མེད།
ད་ནི་གང་དགའ་བྱོས། ཕྱོགས་གང་ནས་བལྟས་ན་མི་རིགས་འདིར་རེ་བ་ཞིག་ཡོད་ཚོད་མི་འདུག ཡོད་ཚད་ཕྱོགས་རིས་དང་ཞེན་ཁོག་གིས་བཟིར་ཚར་འདུག ངོ་མ་ཡིད་ཐང་ཆད་འོང་བ་ཞིག་རེད། ད་ལོའི་ཕྱི་དྲིལ་བཀའ་བློན་གྱིས་ཆོལ་ཁའི་ཕྱོགས་རྒྱུག་བྱས་ནས་ལས་ཡུན་མ་འཁྱོལ་བ་དགོངས་ཞུས་དང་། དེའི་འཁྲབ་སྟོན་མཇུག་མ་བསྡུས་གོང་བདེ་སྲུང་བཀའ་བློན་གྱིས་དགོངས་ཞུ་བྱས་སོང་། རྡོག་རྡོག་བཤད་ན་དེ་དག་གིས་བྱས་སྟངས་སོགས་གང་ལ་བལྟས་ཀྱང་བོད་སྤྱི་ལ་བསམ་བློ་བཏང་བ་ཞིག་མ་རེད། ནང་ཁུལ་དུ་དཀྲུགས་ཤིང་དང་སྲིད་དབང་འཐབ་རྩོད་ཀྱི་རྣམ་པར་ལས་རང་ཉིད་རྟག་ཏུ་རྒྱལ་ཐུབ་ཆེད་རེད། གང་ལྟར་སྲིད་སྐྱོང་མཆོག་ལ་ཉེས་པ་དེ་དག་འགེལ་མི་རུང་བས་ངེས་པར་དུ་ཤེས་པར་བྱོས།
ཁ་ནས་བློ་བཟང་སེང་གེ་བརྗོད། །
ལག་པས་སློབ་བཟང་སངས་རྒྱས་བྲིས། །
ཁ་ལག་གཉིས་ཀ་མི་མཚུངས་པས། །
སྲིད་སྐྱོང་འདི་ཡི་དོན་མི་འགྲུབ། །
ཁ་ཡིས་བོད་དོན་རྟག་ཏུ་བསྒྲགས། །
ལག་པས་རང་དོན་ཁོ་ན་གཉེར། །
ཁ་ལག་གཉིས་ཀ་མི་མཚུངས་པས། །
ལོ་ལྔའི་གྲུབ་འབྲས་ལྷིང་འཇགས་ཙམ། །
ཁ་ཡིས་མཐུན་འབྲེལ་མཉམ་གནས་གླེང་། །
ལག་པས་རང་བློར་གང་ཤར་བྱས། །
ཁ་ལག་གཉིས་ཀ་མི་མཚུངས་པས། །
ལས་རོགས་རྣམ་པ་རྩ་དགོངས་བཏང་། །
མདོར་ན་ཁ་དང་ལག་པ་གཉིས། །
མི་མཚུངས་པ་ཡི་སྲིད་སྐྱོང་འདིས། །
ད་དུང་ལོ་ལྔ་བསྐྱང་རྒྱུ་ན། །
མཇུག་འབྲས་ཀོར་ཐིག་ཉིད་དུ་ངེས། །
འོས་བསྡུ་ཚར་དུས་དགག་བཞག་གི་རྩོམ་ཡིག་དང་མཆན་སོགས་འབྲི་འདོད་མེད་ཀྱང་། དི་རིང་དྲ་ངོས་འདི་ན་དྲ་འབུ་སྲོང་བཙན་ཟེར་བ་གླེན་པ་ལུག་འདྲ་བ། ཨུ་ཚུགས་གཡག་འདྲ་བ་འདིས་ཚིག་ཉོག་ཅིག་བྲིས་འདུག
དེ་བས་ངའི་ད་ལྟའི་སྲིད་ལས་ཐོག་བློ་བཟང་སེང་གེ༼ དངོས་མིང་སློབ་བཟང་སངས་རྒྱས་ཟེར། ༽ཡི་ལོ་ངོ་བཞི་དང་ཕྱེད་ཀའི་ཕྱག་ལས་ལ་སྤྱི་བསྡོམས་བྱས་ནས་དྲི་བའི་ཚུལ་དུ་འདྲི་བར་བྱ།
༡༽ ཤེས་གསལ་བཞིན་བློ་བཟང་སེང་གེའི་ཁོའི་མིང་ལ་སློབ་བཟང་སངས་རྒྱས། ༼ བློ་བཟང་སངས་རྒྱས།༽ ཡིན་བཞིན་དུ་སེང་གེ་ལ་མིང་རྫུན་བསྒྱུར་བ་ནས་སྐྱག་རྫུན་དང་ཧམ་པ་བཤད་འགོ་དང་པོ་འདི་ནས་ཚུགས
༢༽ དགོས་མཁོ་ཆེ་དུས་ ༧ གོང་ས་མཆོག་གི་མཚན་གནས་བེད་སྤྱད་ནས་མི་སེར་དཀྱུས་མའི་སེམས་པ་རྐུབ་སྟེགས་དེའི་ཆེད་འགུགས་ཐབས་བྱེད་པ།
༣༽ བློ་སངས་ནི་ཧ་ཝར་གཙུག་ལག་སློབ་གླིང་ནས་འབུམས་རམས་པ་ཐོན་པ་བདེན་ཡང་བོད་ཡིག་དང་བོད་ཀྱི་རིག་གཞུང་གི་ཞག་རྩི་ཙམ་མེད་པ་ཁོ་རང་གི་གཏམ་བཤད་ཉན་ན་ཤེས་ཐུབ། སྲིད་སྐྱོང་སློབ་ཡོན་འུར་བརྒྱབ་ནས་སྤྲད་པ་དེ་བོད་ཡིག་ལ་བརྒྱ་ཆ་༦༠% ལོན་ཡོད་མེད་ལ་སྤྲད་པ་དེ་སྲིང་སྐྱོང་གི་མཚན་གནས་ཡོད་པའི་སློབ་བཟང་སངས་རྒྱས་ལ་མཚོན་ན་བོད་ཡིག་ལ་ཁྱད་གསོད་དང་མཐོང་ཆུང་བྱས་པ་མ་རེད་དམ།
༤༽ སྲིད་སྐྱོང་ལས་ཐོགས་བློ་བཟང་སངས་རྒྱས་དངོས་གནས་༧ གོང་ས་མཆོག་ལ་བརྩི་བཀུར་དང་ཁོང་གི་བཀའ་དགོངས་བཞིན་འགྲོ་མཁན་ཞིག་ཡིན་ན་ལོ་ངོ་སུམ་ཅུ་ལྷག་ལ་འབད་བརྩོན་བྱས་པའི་དགེ་སློང་མའི་སྡོམ་རྒྱུན་དེ་བློ་སངས་ཀྱི་བྱས་རྗེས་དང་པོ་ཏཱ་ལའི་ལམ་ཁ་དེ་ཡང་ཁོའི་བྱས་རྗེས། ད་དུང་དེ་ལས་རྫབ་ཆེ་བ་ནི་ཨ་རིའི་དོན་གཅོད་ཁང་གསར་བ་ནང་༧ གོང་ས་མཆོག་གི་སྐུ་པར་བཤམས་པའི་ཚབ་ལ་ཁོ་རང་གི་འདྲ་པར་ཁོའི་གྲོགས་པོ་སྐལ་རྡོར་བཀལ་བཅུག་པ་བཅས་ནི་༧ གོང་ས་མཆོག་ནི་ཁོའི་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱད་པ་ལས་དད་པ་དང་བརྩི་བཀུར་རྩ་བ་ཉིད་ནས་མེད་པ་མཚོན་ཐུབ། ཁྱོད་ལྟ་བུའི་གླེན་པ་ལུག་འདྲ་དང་ཨུ་ཚུགས་གཡག་རྒན་དག་ནི་དཔྱོད་ཤེས་ཀྱི་བསམ་བློ་མེད་པར་ཞེན་ཁོག་ཁོ་ནས་བཟི་བས་སྤྱི་ཚོགས་ཟང་ཟིང་དུ་བཟོ་དང་བཟོས་པ་རེད།
༥༽ བློ་སངས་ཀྱིས་ཤེས་ཡོན་ཁ་ལ་ཁྱེར་ནས་ས་ཆ་གང་ལ་སོང་ན་ཡང་སྒོར་མོ་མ་གཏོགས་བོད་ཀྱི་རྩ་དོན་དང་ཁོའི་ལངས་ཕྱོགས་གསལ་བོ་བཤད་པའི་གཏམ་བཤད་གཅིག་ཀྱང་མཐོང་མ་སོང་། སྒོས་སུ་ཟླ་སྔོན་མའི་གྲོས་ཚོགས་སུ་གཏམ་བཤད་སྐབས་མོན་གྷོ་འདོད་རྒུ་གླིང་གི་རྩེད་ཐང་དེ་མི་ལོ་དྲུག་ཅུ་རིང་ལ་བརྒྱབ་པའི་རྩེད་ཐང་ཐོག་མ་ཡིན་ཟེར་ནས་ཁ་སང་གི་དེའི་མདོག་བསྟན་སོང་། དེ་ནི་ཕྱི་རྫིག་ནང་སྟོང་ངམ་གཟི་བརྗིད་ཁོག་སྟོང་ལྟ་བུ་ཡིན་པ་རྩེད་ཐང་དེ་ལས་ཤེས་ཐུབ།
༦༽ སློབ་སངས་ཀྱིས་” བོད་ལ་རྒྱལ་ཁབ་ཅིག་ཡོད་མྱོང་མེད་” ཚུལ་དང་ ” ང་ཚོས་རྒྱ་ནག་ལ་དམངས་གཙོ་རྩོད་ཀྱིན་མེད” ་ ཟེར་བའི་བོད་ཀྱི་ལོ་རྒྱུས་ཐོག་འདས་དང་མ་འོངས་པར་བཤད་མི་སྲིད་པའི་སྐད་ཆ་ད་ལྟའི་སྲིད་སྐྱོང་ལས་ཐོགས་པས་བཤད་པ་རེད། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་གསུབ་ཏུ་མེད་པའི་བློ་བཟང་སངས་རྒྱས་ཀྱི་ནག་ཉེས་རེད།
༧ ༽ དངོས་གནས་ཁོ་རང་་༧གོང་ས་མཆོག་ལ་དད་མོས་ཡོད་ན་༧ གོང་ས་མཆོག་ལ་བསྟོད་གླུ་གསུང་དང་ལད་མོ་ནང་གཞས་ཚིག་བཅོས་ནས་་་་་་་་” ་་ནོར་བུ་མི་འདུག་མ་གསུངས།། བློ་བཟང་སེང་གེ་ནོར་བུ་མིན་ན་གང་ཡིན།། ། ་་་་་་་་། ཟེར་བ་ཡོ་རོབ་ལ་འགྲོ་སྐབས་བླངས་ཟིན་པ་བརྙན་ཐུང་ནང་མཐོང་རྒྱུ་འདུག ད་དུང་ངོ་གདོང་ཀོ་བ་ཡིན་ནམ་གང་ནམ་སྐད་ཤུགས་ཆེ་རུ་ཟེར་ནས་ཧམ་པ་དེ་འདྲས་བོད་མིའི་བཟང་སྤྱོད་དང་མཐུན་ནམ། ༧ གོང་ས་མཆོག་ལ་དད་པ་དང་ཁོང་གི་བཀའ་དགོངས་གང་ལ་བཞག་ཡིན།
ད་དུང་བློ་བཟང་སངས་རྒྱས་ཀྱི་ལོ་བཞི་དང་ཕྱེད་ཀའི་ལས་བསྡོམས་ལ་བྱས་རྗེས་དང་འཐུས་ཤོར་ལས་འཐུས་ཤོར་མང་པོ་བཏང་བ་རེ་རེ་བཞིན་རྒྱུ་མ་ཕུ་འདེད་ནང་བཞིན་རྗེས་སུ་གནས་ལུགས་དང་རྒྱུ་མཚན། ཁུངས་ལུངས་ཡོད་པ་སྒོས་ནས་ཕྱོགས་ཞེན་གྱི་དུག་ནག་སྤངས་ཏེ་ཁོམ་པ་ཡོད་ཚེ་བྲི་ངེས་ཡིན། སྐབས་དེར་ཁྱོད་ཅག་དྲ་འབུ་ཕྱོགས་ཞེན་གྱིས་བཟི་ཞིང་གནས་ལུགས་དང་རྒྱུ་མཚན་བཤད་ས་མི་འགྲོ་བ་དག་གིས་ལན་ཇི་ལྟར་གདབ་མིན་ལ་སྒུག་ནས་འདུག
མཐའ་མར་བློ་བཟང་སངས་རྒྱས་དངོས་གནས་བཟང་སྤྱོད་དང་གདོང་གི་པགས་པ་ཀོ་བ་མིན་ན་ཁོས་རྩ་དགོངས་ཞུ་པ་ཨ་ཅང་ཅང་། ཡིན་ཡང་དེ་ལས་ལྡོག་ཏེ་ཧམ་པས་ང་ནི་མི་དམངས་ཀྱིས་འདེམས་པའི་དབུ་འཁྲིད་ཡིན་པས་སྲིད་སྐྱོང་གི་རྐུབ་སྟེགས་སྟེང་ནས་མུ་མཐུད་དུ་བསྡད་ཀྱི་ཡི་་ཟེར་བ་འདྲ། མདོར་དོན་ཁོས་སྲིད་སྐྱོང་གི་རྐུབ་བཀྱག་བློས་མི་ཐོངས་ལ་རྐུབ་བཀྱག་དེའི་ཆེད་ཧམ་པ་དང་སྐྱག་རྫུན་ག་ཙམ་བཤད་ཡོད་མེད་ག་ལེར་གསལ་བོ་ཆགས་འགྲོ་གི་རེད།
གོང་ས་མཆོག་བཀའ་སློབ་དང་ཆོས་སྐྱོང་ཚོའི་བཀའ་ལུང་ལ་
འགན་འཁུར་ནས་སྲིད་སྐྱོང་དང་བཀའ་བློན་ཚོ་སྤྱི་འཐུས་རྒྱན་
ལས་བཅས་ནས་གོང་ས་མཆོག་ལ་དགོང་གསེལ་ཞུ་དགོས་པ་དང་
མི་མང་ལ་སྔར་ལས་ལྷག་པའི་འགན་འཁུར་དགོས་པ་དང་རྩ་དགོང་ཞུ་རྒྱུ་དེ་ནི་གོང་ས་མཆོག་གི་བཀའ་སློབ་དང་ཆོས་སྐྱོང་གི་བཀའ་ལུང་རྣ་བར་མ་བབས་ནས་ཁྱེད་ཚོའི་དེ་འདྲ་གསུང་གི་ཡོད་ན་ད་རྩ་དགོང་ཞུ་གི་ཡིན་འདའ་འདིའི་རྒྱ་མི་ལ་དགོས་རྒྱུ་དེ་མ་རེད་བཀའ་ཤག་གི་དུས་ཚོད་མ་ཟིན་བར་རྩདགོང་ཞུྈམི་ཉན་ནོ་།
ལོ་ལྔའི་རིང་ལ་གྲུབ་འབྲས་འདི་ཡིན་ཟེར་བ་ཞིག་བྱུང་མ་སོང་། མི་དགོས་པའི་དཔོན་ཉམས་དེ་དང་། རྒྱལ་གཅེས་པ་ཚོའི་རོ་ཐོག་ནས་རྟ་རྒྱུག་པ་ལའང་ཅི་མི་སྙམ་པ་ཁོ་ཕེབས་སོང་ན་ཏག་ཏག་རེད།
ལོ་ལྔའི་རིང་ལ་གྲུབ་འབྲས་ཤིག་མེད་པ་བདེན་པ་རེད་དེ་ལོ་དྲུག་ཅུ་ལ་གྲུབ་འབྲས་ཅི་བསྟན་རྒྱུ་མེད་བ།
བོད་ཀྱི་བུ། མི་ལོ་དྲུག་ཅུའི་ནང་གྲུབ་འབྲས་མི་འདུག་ཟེར་མཁན་ཁྱོད་རང་ལོང་བ་མིན་ན་སྨྱོ་རྟགས་རེད། ས་སྦར་མཐིལ་ཙམ་མེད་ས་ན་བོད་མིའི་སྒྲིག་འཛུགས་བཙུགས། རྒྱུ་ཁབ་ཙམ་མེད་ས་ནས་སློབ་གྲྭ་གཞིས་ཆགས་བཙུགས། མང་གཙོའི་མིང་ཙམ་མེད་ས་ནས་ཡོད་པ་བཟོས། རྒྱལ་ཁབ་མེད་ཀྱང་གཞུང་ཚབ་ལྟ་བུའི་དོན་གཅོད་ཡོད་པ་བཟོས། དེ་ཚོ་གྲུབ་འབྲས་མིན་ན་ཅི་རེད། རི་བོ་ཟོས་ཀྱང་མི་ངོམས་མཁན་གྱི་ཡི་དྭགས་འདྲ་ཁྱོད་ཚོ། བཀའ་དྲིན་བསམ་ཤེས་མེད་པའི་དམ་ཉམས་འདྲེ་ཚོགས་ཁྱོད་ཚོ། ལོག་གཏམ་ལོང་གཏམ་ཤོད་ལ་བག་ཚ་མེད་པའི་ཁྱི་རྒན་ཁྱོད་ཚོ།
མི་མང་གིས་གདམས་པའི་སྲིད་སྐྱོང་འོས་ཤོས་མཐོ་ཤོས་ཐོབ་མཁན་བློ་བཟང་སེང་གེ་རེད། ཁོང་སྲིད་སྐྱོང་གི་ལས་གནས་ལས་དགོངས་པ་ཞུ་དགོས་རེད་ཟེར་མཁན་དད་པའི་ལོག་སྤྱོད་ཤོག་ཁག་དང་། སྐུ་དྲག་རིང་ལུགས་པ་རྣམས་རེད། ད་དུང་ལྷ་འདྲེ་དང་བླ་མ་རིང་ལུགས་ཀྱང་དེའི་ཁོངས་སུ་གཏོགས་ཡོད། ཁོ་ཚོས་ངོ་ཚ་འཛིན་མེད་ཀྱིས་མཁས་དབང་བློ་བཟང་སེང་གེ་ལ་དགྲ་རུ་བརྩི་དགོས་དོན་ནི། སོ་སོའི་ཆོས་བརྒྱུད་དར་སྤེལ་ཆེད་དང་། སོ་སོའི་མི་རྩ་རྒྱུད་འཛིན། ལྷག་པར་དུ་ལྐུབ་སྟེགས་སྲུང་སྐྱོབས། བོད་མི་སྒྲིག་འཛུགས་ཀྱི་ས་ཁང་དང་ཕྱི་རྒྱལ་གྱི་རོགས་དངུལ་རྣམས་རང་ཉིད་ཀྱི་དབང་བའི་ཆེད་དུ་ཡིན་པ་ལས་བོད་མི་ས་ཡ་དྲུག་ལ་བསམ་མནོ་གཏན་ནས་གཏོང་མྱོང་མེད་པ་ཧ་གོ་དོན་གསལ་རེད། གལ་སྲིད་ཡིན་གཅིག་བློ་སེང་གི་དགོངས་པ་ཞུ་དགོས་ཡོད་ན་ཁོང་ལ་རྒྱབ་སྐྱོར་གནང་མཁན་རྣམས་རང་སར་བསྡད་དམ། བསམ་མནོ་སྔོན་ལ་བཏང་ན་མི་ལེགས་སམ། ངས་བསམ་ན་བོད་པ་རྣམས་མཐུན་སྦྲེལ་གནང་ན་ལེགས་ཤོས་སུ་མཐོང་། ཡིན་གཅིག་བློ་སེང་རྒྱང་ཕུད་གཏང་ན་བོད་པ་རྣམས་ཀྱི་ནང་དུ་འཁྲུག་འཛིངས་གང་འཚམས་ཡོང་ངེས་རེད། དེའི་འགན་དེ་སུས་ཁྱེར་ཀྱི་རེད། ཐུགས་བསམ་བཞེས་མྱོང་ངམ། གལ་སྲིད་དེའི་དོན་དུ་ནང་འཁྲུགས་འདྲ་བྱུང་ཚེ་ཤུགས་ལྡན་ཚོགས་པ་ནི་ཆུང་ངུ་རེད། དེ་ལས་ལྡབ་ཁ་ཤས་མི་འབོར་མང་ངེས་ཡིན། བླ་མ་དང་ལྷ་འདྲེ་རྣམས་ཀྱིས་ཀྱང་དམ་ཚིག་མི་སྲུང་ན་མི་མང་གཅིག་པུས་སྲུང་དགོས་དོན་ཅང་མེད། དམ་ཚིག་འགལ་ན་འགལ་མཉམ་དང་། སྲུང་ན་སྲུང་མཉམ་ཡིན་པ་མཁྱེན་པར་མཛོད་ཅིག ཐོག་མར་ཚོགས་ཁག་བཅུ་གསུམ་གྱི་རྙོག་སྒྲ། དེ་ནས་ཆུ་བཞི་སྒང་དྲུག་གི་རྙོགས་སྒྲ། དེ་ནས་ཤུགས་ལྡན་ཚོགས་པའི་གནོད་སྒྲ། ཡང་སྐྱར་ཚོགས་པ་གསར་པ་ག་རེའི་གནོད་སྒྲ་རེད་དམ།
གོང་གི་རྩོམ་ཉོག་དེར་”མཐོ་དཔོན་པའི་གོ་ཐོབ་ཅན་དང་ལྷ་བླ་མའི་མཚན་སྙན་ཅན་ཚོས་རང་རང་གི་ནུས་མཐུ་རེ་བེད་སྤྱོད་བཏང་ནས་ཁྱེད་ལ་ཕྱོགས་ཀུན་ནས་གཏོར་མ་བཞིན་བཅའ་འདོད་དང་རྔ་གོག་བཞིན་རྡུང་འདོད་ཀྱི་ཁ་ལག་ཡོད་ཚད་ཐམས་ཅད་འདར་སིག་སིག་བྱེད་བཞིན་འདུག”ཟེར། ཚིག་དུམ་དེས་སུ་དང་གང་ལ་གཟས་པའི་སྐད་ཆ་ཞིག་རེད། ལྷ་བླ་མའི་མཚན་སྙན་ཅན་ཚོས་རང་རང་གི་ནུས་མཐུ་རེ་བེད་སྤྱོད་བཏང་ཞེས་པ་༸གོང་ས་སྐྱབས་མགོན་མཆོག་དང་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཚོར་ཟུར་ཟ་དང་འཕྱ་སྨོད། ཁྱད་གསོད་མིན་ན་གང་རེད། མི་ངན་དེ་རིགས་ནི་བློ་སེང་ལ་རྒྱབ་སྐྱོར་བྱ་འདོད་ཀྱང་བྱེད་སྟངས་མ་ཤེས་པར་རྐང་པ་འཐེན་གྱི་རིགས་རེད་ལ། བློ་སེང་གི་རྒྱབ་སྐྱོར་བ་ཡོད་ཚད་ནག་པོ་བཟོ་མཁན་གྱི་རིགས་ཀྱང་རེད། མདོར་ན་དེའི་རིགས་ནི་དོལ་ཚོགས་དང་རྒྱ་ཁྱི་ལས་འགྲོ་ས་མེད་པའི་མི་དག་རེད།
ལྷ་འདྲེ་ཁོག་བབ་པ་འདི་ཚོ་ནི་ཅིག་ཅིག་ཚང་གི་སྒོ་ཁྱི་ཐེབས་ཆག་རེ་རེད། འདི་ཚོས་རྨུག་ཐུབ་ས་ལ་རྨུག་གི་རེད། ཟུག་ཐུབ་ས་ལ་ཟུག་གི་རེད། རྩམ་ལྡོག་རེ་སྟེར་མཁན་གྱི་དོན་དུ་ཅི་ཡང་བཤད་ལ་གང་ཡང་བྱེད་པ་དེ་སྒོ་ཁྱིའི་རང་གཤིས་རེད།
སྤོབས་སྐྱག། ཅིག་ཅིག་གི་སྒོ་ཁྱི་ཡིན་པ་ཤེས་ཡོད་ན། ཅིག་ཅིག་མིང་ཅན་གྱི་ཁྱིམ་ཚང་དེ་སུ་ཚང་རེད། ཁ་གསལ་ན་གོ་བདེ། ནམ་ལངས་ན་འགྲོ་བདེ།
ཁྱེད་ཚོ་ལ་གཏམ་བཤད་རང་དབང་ཡོད་པ་རེད། བློ་སྙིང་ན་ན་ཚ་ཡོད་ན། ད་དོན་ཤོག།
བློ་བཟང་སེང་གེས་རྩ་དགོངས་ཞུ་དགོས་དོན་མི་འདུག བོད་མི་དམངས་ཀྱིས་ངོས་ནས་རྒྱབ་སྐྱོར་ཡག་པོ་རག་སོང་། དམངས་གཙོའི་དབུ་ཁྲིད་རེད། གཉིས་པ་་་བློ་སེང་ཁོག་ཏུ་ཡོད་པའི་ཧ་ཝ་ཌའི་མཐོ་སློབ་ཀྱི་ཤེས་ཡོན་གྱི་ཁ་གཏད་བཅག་མ་ཐུབ་ནས་བོད་རྙིང་པའི་ལྷ་འདྲེ་ཁོག་བབ་ལམ་ལུགས་ཀྱིས་ཐོག་ནས་བློ་སེང་ལ་རྒོལ་བཞིན་འདུག
རྡ་སའི་རྗེས་ལུས་ཅན་གྱི་མི་རྣམས་ཀྱིས་དད་པ་ལོག་སྤྱོད་དང་། ལྷ་འདྲེ་ཁོག་བབ་སོགས་ཀྱི་རིག་གནས་རྙིང་པའི་སྟ་གྲི་བེད་སྤྱད་ནས་དེང་རབས་གསར་པའི་རྒྱལ་སྤྱིའི་ཁྲིམས་ལུགས་རབ་འབྱམས་པ་ཞིག་གི་མགོ་བོ་བཅག་རྩིས་བྱེད་བཞིན་ཡོད་པ་འདི་ནི་ཡིད་མུག་ཡ་རང་རེད།
བྷྱོ༠ མ་གཅིག་དཔལ་ལྡན་ལྷ་མོ་རང་བྱུང་མ། །
སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །
ལུང་དང་རྟོགས་པའི་བསྟན་པ་འཛིན་སྤེལ་པོ། །
དེ་ལ་སྲུང་སྐྱོབ་བྲན་དང་ཕོ་ཉར་བྱེད། །
གལ་ཏེ་མ་བྱས་ལུས་སྲོག་མེ་འབར་ནས། །
མནར་མེད་དམྱལ་བར་སྐྱེ་བའི་དམོད་བོར་བའི། །
དམ་བཅའ་དམ་ཚིག་གཉན་པོའི་དུས་ལ་བབས། །
དམ་ཉམས་སྨྲ་བ་ངན་འདི་ཐལ་བར་སློག །
#37 སྤོབས་པ་མཐའ་ཡས། ་ལགས་ཀྱི་མཆན་འདི་ལ་ངོས་ལེན་རྩ་བ་ཉིད་ནས་མེད་དོ།།