བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པས་སྤེལ། (By Editors of the Tibetan Political Review)
ཚེ་རིང་དོན་གྲུུབ་ཀྱིས་བསྒྱུར།
བཀའ་བློན་ཁྲི་བའི་འོས་བསྡུའི་འགྲན་བསྡུར་ལ་སེའེ་ར་པེ་ལིན་(Sarah Palin)ལ་བྱུང་བའི་ཐོག་མའིི་དོན་རྐྱེན་དེའི་རང་བཞིན་ལྡན་པ་དང་བློ་བཟང་སེང་གེ་དང་འཇམ་དབྱངས་ནོར་བུ་རྣམ་གཉིས་ལ་བཀའ་དྲིན་ཆེ་ཞུ། སེའེ་ར་པ་ལིན་ནི་ཕྱི་ལོ་༢༠༠༨ལོའི་ཨ་རིའི་སྲིད་འཛིན་གཞོན་པའི་འོས་གཞི་ལས་ཕམ་ཁ་མྱོང་མཁན་དེ་ཡིན་ཞིང་ཁོ་མོས་ཨུ་རུ་སུ་(Rassia)མོ་རང་གི་གཟིམ་ཤགས་ཨེ་ལ་སི་ཀ་(Alaska)ནང་ཡོད་པ་ནས་གཟིགས་ཐུབ་ཀྱི་ཡོད་ཙང་མོརང་ལ་ཕྱི་འབྲེལ་གྱི་ཉམས་མྱོང་ལྡན་ཡོད་ཞེས་བརྗོད། སྐད་ཆ་དེེས་ཁོ་མོའི་འཛིན་སྐྱོང་གི་དུས་ཡུན་ཕྱེད་ཀའི་རིང མོའི་ཞན་ཆ་དེ་དག་གནས་སྐབས་རིང་མི་མང་གི་སྐྱོན་བརྗོད་ལས་མཐར་ཐུབ་པ་བྱུང་བ་རེད། ཀློག་པ་པོ་ཚོས་མཁྱེན་གསལ་བཞིན་འཇམ་དབྱངས་ནོར་བུས་བདེན་མཐའ་སྐྱོང་བ་དེ་ནི་བློ་བཟང་སེང་གེ་ལགས་ཀྱིས་ཁོ་ནི་རྒྱ་ནག་གི་ཨོ་བྷ་མ་(Obama)བྱེད་འདོད་ཡོད་ཅེས་བརྗོད་པ་དེ་རེད། ཉན་ཞིབ་པ་ཁ་ཤས་ལ་མཚོན་ན་ཚིག་དེ་གསན་དུས་བློ་བཟང་སེང་གེ་ནི་རེ་འདུན་ཚད་བརྒལ་བྱེད་མཁན་ཞིག་གམ་ཡང་ན་ཆབ་སྲིད་ཀྱི་གོ་རྟོགས་སྐྱོ་བོ་འདུག་ཅེས་བརྗོད་སྲིད་པ་རེད། རྒྱ་ནག་གི་ཨོ་བྷ་མ་ཞེས་བའི་གླེང་གཞི་དེས་རྣོ་ངར་ཅན་གྱི་གླེང་སྟེགས་ཤིག་བསྐྲུན་ཡོད་པ་དང་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པ་(Editors of the Tibetan Political Review )ཚོ་ལ་མཚོན་ན་སྐད་ཆའི་འཐབ་རྩོད་འདི་ཙམ་གྱིས་གོ་རྟོགས་ལྡན་པའི་འོས་བླུགས་མཁན་ཚོ་ལ་དེ་འདྲའི་ཤུགས་རྐྱེན་ཐེབས་མི་ཐུབ་པའི་ཡིད་ཆེས་ཡོད། དེར་བརྟེན་ཚིག་དོན་འདི་ལ་གོ་བ་ལོག་པར་མི་ལེན་པའི་ཆེད་ང་ཚོས་བློ་བཟང་སེང་གེ་ལགས་ཀྱིས་དངོས་གནས་ག་རེ་བརྗོད་ཡོད་པ་ལ་འཚོལ་ཞིབ་བྱས་པ་དང་། ང་ཚོས་འོས་བླུགས་མཁན་ཚོས་འོས་མི་ཚོ་ཆབ་སྲིད་ཀྱི་ལང་ཕྱོགས་ཐོག་ནས་ཐག་གཅོད་བྱེད་རྒྱུ་ལས་དཀྲོག་གཏམ་ལ་ཡིད་ཆེས་བྱས་ཏེ་ཧོར་རྒྱུགས་མི་བྱེད་པའི་རེ་བ་བྱེད་ཀྱིན་ཡོད།
བློ་བཟང་སེང་གེ་ཡི་དབུ་མའི་ལམ་དང་བོད་རྒྱ་མཉམ་གནས།
བློ་བཟང་སེང་གེ་ལགས་ཀྱིས་འཇམ་དབྱངས་ནོར་བུ་ལ་ཁོང་གིས་རྒྱ་ནག་གི་ཨོ་བྷ་མ་ཞེས་བ་ནི་རྩེད་མོ་ཞིག་གི་ངོས་ནས་བཤད་པ་ལས་དོན་དངོས་ཀྱི་སྐད་ཆ་ཞིག་མིན་པའི་ལན་འདེབས་བྱས་ཡོད་པ་དང་། ང་ཚོའི་ཞིབ་འཇུག་ལ་གཞིགས་ན་དེ་ནི་བདེན་པ་ཞིག་ལ་མངོན། འོན་ཀྱང་རྩེད་མཚར་མིན་པའི་དངོས་ཡོད་ཀྱི་གནད་དོན་གལ་ཆེན་ཞིག་ནི་བློ་བཟང་སེང་གེ་ཡི་བསམ་ཚུལ་ལྟར་ན་བོད་ནི་རྒྱ་ནག་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྒྲོམ་གཞིའི་ནང་མཉམ་གནས་བྱ་རྒྱུ་དེ་ཡིན་མོད་ཀྱང་ཁོང་གི་བསམ་ཚུལ་འདི་ད་དུང་བོད་མི་མང་འོས་ཤོག་བླུགས་མཁན་རྣམས་ལ་གསལ་བོ་ཞུས་མེད་པ་དང་ཁོང་ཚོས་གནས་ཚུལ་འདི་ཇི་ལྟར་ཐག་གཅོད་བྱ་རྒྱུ་དེ་མི་དམངས་ཀྱི་འདོད་པ་ཡིན་ཡང་གནས་ཚུལ་འདི་ངེས་པར་དུ་མི་དམངས་ལ་ཞུ་དགོས་བ་ཞིག་རེད། གནད་དོན་འདི་བོའུ་སྒྲི་བེལ་སོན་སྟེ་གནས་ཁང་(Woodrow Wilson Center )དུ་བློ་བཟང་སེང་གེ་ལགས་ཀྱིས་འདུ་འཛོམས་བགྲོ་གླེང་ཞིག་གི་སྐབས་བཀའ་མོལ་གནང་བ་ཞིག་ཡིན་ལ་འདི་ནི་ཕྱི་ལོ་༢༠༠༨ ལོའི་ཟླ་བ་བཅུ་བའི་ཚེས་༢༧ ཉིན་ཏེ་ཨོ་བྷ་མ་སྲིད་འཛིན་གྱི་འོས་ཤོག་གི་རྒྱལ་ཁ་མ་ཐོབ་སྔོན་གྱི་ཉིན་བརྒྱད་པ་དེ་ཡིན། སྐབས་དེའི་བགྲོ་གླེང་གི་བརྗོད་གཞི་ནི་ ༢༠༠༨ དཔྱིད་ཀའི་བོད་མའི་ཡར་ལངས་ཀྱི་མཇུག་འབྲས་ཐོག་བཟུང་བའི་རྒྱ་ནག་གི་སྲིད་བྱུས་ཟེར་བ་དེ་ཡིན་ལ་། བློ་བཟང་སེང་གེ་ཡིས་བརྗོད་དོན་འཇམ་དབྱངས་ནོར་བུ་ཡིས་བགྲོ་གླེང་འཛུལ་ཞུགས་པ་རྣམས་ལས་དངོས་ཡོད་གནས་ལུགས་འཚོལ་བའི་བསམ་ཚུལ་བཏོན་ཡོད། སྟབས་ལེགས་པ་ཞིག་ལ་ད་དུང་ཡིད་ཆེས་བྱ་འོས་བའིགནས་ཚུལ་ཁུངས་ལྡན་ཞིག་ཡོད་པ་ནི་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པས་ཉིན་དེར་བྱུང་བའི་སྒྲ་ཕབ་ཀྱི་འཁོར་ཐག་(tape recording of the speech)ཅིག་ཡོད། འདི་ནས་ང་ཚོས་སྒྲ་ཕབ་ཡིག་ཆ་ཐུང་ཐུང་ཞིག་གཟིགས་འབུལ་ཞུ་ཡི་ཡོད།
བློ་བཟང་སེང་གེ་ལགས་ཀྱིས་སློབ་དཔོན་ཆེན་མོ་ཨི་ལོ་ཁྲི་སུ་པར་ལིན (Eliot Sperling ) དང་ཨ་ལན་ཁཱར་སོན་ (Allen Carlson)གཉིས་ཀྱི་རྗེས་གཏམ་གླེང་གསུམ་པ་དེ་འགོ་འཛུགས་བྱས།
ངའི་བསམ་ཚུལ་ལ་བོད་དང་ཨོ་བྷ་མ་གཉིས་དང་འབྲེལ་བའི་གཏམ་ཞིག་གླེང་ན་འགྲིག རྒྱ་ནག་གིས་བོད་དབང་བསྒྱུར་བྱས་ནས་ལོ་༦༠འཁོར་བ་དང་ཨ་རི་ནིི་མི་རིགས་ནག་པོ་ཞིག་གིས་སྲིད་འཛིན་གྱི་ལས་གནས་བཟུང་པའི་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་དེ་རེད། ཁྱེད་ཀྱིས་བོད་ཀྱི་གནས་བབས་ལ་ཅིག་གཟིགས་དང་། ང་ཚོས་རྒྱ་ནག་ལ་རྒྱ་ནག་གི་སྲིད་འཛིན་རྗེས་མ་དེ་བོད་མི་ཞིག་བསྡད་ན་འགྲིག་གམ། ཡང་ན་རྒྱ་ནག་གི་སྲིད་བློན་དེ་བོད་མི་ཞིག་བྱས་ན་འགྲིག་གམ་ཞེས་དྲི་བ་ཞིག་བཏང་ན། ནམ་ཡང་ཡོང་སྲིད་ཀྱི་མ་རེད་ཅེས་བའི་ལན་ཞིག་འདེབས་ངེས་མ་རེིད་དམ་། ཞེས་བཤད་པ་དང་དེ་ནས་བློ་བཟང་སེང་གེ་ཡིས་གཏིང་ཟབ་པོའི་སྒོ་ནས་ཨ་རའི་ཆབ་སྲིད་ཀྱི་སྒྲོམ་གཞིའི་ནང་གྲངས་ཉུང་མི་རིགས་ཀྱི་བདག་དབང་ཅི་ལྟར་ཡར་རྒྱས་ཕྱིན་སྐོར་དང་རྒྱ་ནག་ནང་བོད་རྩིས་བའི་གྲངས་ཉུང་མི་རིགས་དག་ལ་རྒྱལ་ཁབ་ཀྱི་གནས་རིམ་ལ་སླེབས་རྒྱུ་ཕར་བཞག་མཐའ་ན་ས་ཁུལ་གྱི་གནས་རིམ་ལ་སླེབས་མེད་པའི་གྲོས་འཆར་བཏོན་ཡོད། བློ་བཟང་སེང་གེ་ལགས་ཀྱིས་ད་དུང་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་ཐོག་ལ་འཛིན་པའི་རྩ་ཁྲིམས་དང་། རང་སྲིད་རང་སྐྱོང་སྐོར་ལའང་གྲོས་བསྡུར་བྱས་ཡོད་པ་དང་རྒྱ་ནག་གིས་ངེས་པར་དུ་རྩ་ཁྲིམས་དག་ལག་ལེན་ལྟར་དགོས་བའི་བགྲོ་གླེང་བྱས་ཡོད། ༼ངས་འདི་ལྟར་བརྗོད་དོན་ཅི་ཞིག་ཡིན་ཞེས་ན། ཨ་རིའི་མི་རིགས་ནག་པོ་ལ་མཚོན་ན་ཨ་རིའི་སྲིད་གཞུང་གི་ནང་དུ་སྐུ་ཚབ་ཡོད་པ་དང་དང་ཡར་རྒྱས་ཀྱི་རྩེ་མོར་སླེབས་ཡོད། བོད་མི་རིགས་ལ་ཆ་མཚོན་ན་ཉམས་རྒུད་དུ་འགྲོ་བཞིན་ཡོད། ངས་སླར་ཡང་བོད་དང་ཨོ་བྷ་མ་གཉིིས་ཀྱི་འབྲེལ་བའི་གཏམ་ཞིག་བཤད་ན། ཁྱེད་ཀྱིས་མཁྱེན་གསལ་ལྟར་རྒྱ་ནག་ནི་ཨ་རི་ལྟ་བུར་སྟོབས་འབྱོར་ལྡན་པ་ཞིག་བྱེད་འདོད་ཀྱིན་ཡོད་ལ། འོན་ཀྱང་རྒྱ་ནག་གིས་ཨ་རི་ལ་ཡོད་པའི་ཁྱད་ཆོས་བཟང་པོ་ཁ་ཤས་ཞིག་མིག་དཔེརལྟོས་ན་འགྲིག བྱ་བ་བཟང་པོ་དེ་དག་ནི་ཁྱེད་རྣམས་ཀྱིས་མཁྱེན་གསལ་ལྟར་འདྲ་མཉམ་དང་རང་དབང་། དྲན་བདེན་སོགས་ལ་གུས་ཞབས་དང་ལག་ལེན་བྱེད་བཞིན་ཡོད་པ་དེ་ཡིན། ཨ་རིའི་སྲིད་གཞུང་ནང་དུ་ཨ་རིའི་ཨ་ཧྤེ་རི་ཁའི་ (African-American) མི་རིགས་ཀྱིི་སྐུ་ཚབ་ཡོད་པ་དེ་རེད།༽
བློ་བཟང་སེང་གེ་ལགས་ཀྱི་ཐབས་ལམ་འདི་ནི་དམིགས་གསལ་བ་ཞིག་ཡིན་པ་དང་ཐབས་ལམ་འདིས་བོད་ཀྱི་འཐབ་རྩོད་དེ་རང་དབང་དང་རང་ཐག་རང་གཅོད། མི་སེར་གྱི་ཐོབ་ཐང་དང་སྲིད་གཞུང་གྱི་ནང་དུ་བོད་མའི་སྐུ་ཚབ་སོགས་ལྡན་པའི་ཁ་ཕྱོགས་ལ་བསྒྱུར་ཡོད། ལྟ་ཚུལ་འདི་ནི་གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་དོན་དང་ཐ་དད་པ་ཞིག་ཡིན་པ་དང། ཚད་མཐོའི་རང་སྲིད་རང་སྐྱོང་གིས་བོད་པའི་ཁྱད་དུ་འཕགས་པའི་རིག་གཞུང་དང་ངོ་བོ་བདག་གཉེར་བྱེད་རྒྱུ་དེ་ཡིན། འོན་ཀྱང་བློ་བཟང་སེང་གེ་ཡི་ཐབས་ལམ་གྱི་དམིགས་འདུན་ནི་བོད་མི་ཚོར་ཨ་རིའི་མི་རིགས་ནག་པོ་བཞིན་བོད་མི་རིགས་ལ་རྒྱ་ནག་གི་མི་སེར་བཞིན་ཐོབ་ཐང་འདྲ་མཉམ་སྤྲད་དེརྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྒྲོམ་གཞིའི་ནང་མཉམ་གནས་བྱེད་རྒྱུ་དེ་རེད། འདྲ་མཉམ་འདིའི་ལྟ་གྲུབ་ཀྱི་ནང་དུ་བོད་མི་རེ་འདོད་ཆེན་པོ་ཅན་ཚོ་རྒྱ་ནག་དམངས་གཙོ་རྒྱལ་ཁབ་ཀྱི་སྲིད་འཛིན་གདམས་པའི་ཁེ་དབང་སྤྲད་ཡོད། ང་ཚོ་བློ་བཟང་སེང་གེ་ལགས་ཀྱི་དགོངས་ཚུལ་ལ་མོས་མཐུན་བྱེད་ཀྱིན་ཡོད་ལ་རྒྱ་ནག་གིས་ངེས་བར་དུ་གྲངས་ཉུང་མི་རིགས་དག་ལ་ལྟ་སྟངས་ཡག་པོ་འཛིན་རྒྱུ་དང་རྒྱ་ནག་མི་སེར་ཡིན་ཚད་ཁྲིམས་ཀྱི་མདུན་སར་གཅིག་མཚུངས་ཡིན་པའི་རེ་བ་བྱེད་ཀྱིན་ཡོད། འོན་ཀྱང་ཨ་རིའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ནི་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་མི་འདྲ་ཞིང་ལྡོག་ཟླ་རུ་གྱུར་ཡོད། བོད་ཀྱི་ལོ་རྒྱུས་དང་གནས་བབ་ནི་ཨ་རིའི་ཨ་ཧྤེ་རི་ཁའི་མི་རིགས་ཀྱི་ལོ་རྒྱུས་དང་གནས་བབ་ཐད་ཁྱད་པར་ཧ་ཅང་ཆེན་པོ་ཡོད། ཨ་རིའི་གྲངས་ཉུང་མི་རིགས་ཀྱི་གྲངས་འབོར་འཕར་ཀྱིན་ཡོད་པ་དང་སྤྱི་ལོ་༢༠༠༠ལོར་ཨ་རིའི་མི་འབོར་གྲངས་གཤེར་སྐབས་གྲངས་ཉུང་མི་རིགས་ཀྱི་མི་གྲངས་བརྒྱ་ཆ་༢༥ཟིན་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ལ་དབྱེ་འབྱེད་དང་ཐོབ་ཐང་འཕྲོག་པ་གཅིག་པོ་མ་ཡིན་པར་བཙན་བནོན་གྱིས་མི་རིགས་བྱེ་བྲག་ཅིག་གི་ས་ཁུལ་ལ་ཧན(Han)་མི་རིགས་ཀྱི་གྲངས་འབོར་ཇེ་མང་དུ་གཏོང་གི་ཡོད། རྒྱ་ནག་གི་ནང་དུ་གྲངས་ཉུང་མི་རིགས་ཀྱི་གྲངས་ཚད་ནི་བརྒྱ་ཆ་༡༠ལས་ཉུང་བ་ཡིན། འོན་ཀྱང་ད་དུང་བཤད་རྒྱུ་ཞིག་ལ་བློ་བཟང་སེང་གེ་ལགས་ཀྱིས་བོའུ་སྒྲི་བེལ་སོན་(Woodrow Wilson Center ) སྟེ་གནས་ཁང་དུ་ཁོང་གི་དགོངས་ཚུལ་གྱི་གཏམ་གླེང་བྱས་སྐབས་རྒྱ་མི་རིགས་ཀྱི་བྱེད་ཕྱོགས་ཧན་མི་རིགས་མ་ཡིན་པའི་མི་རིགས་དང་དེའི་རིག་གཞུང་ལ་མཐོང་ཆུང་བྱེད་ཀྱིན་ཡོད་པ་དེ་འགྲེལ་བརྗོད་བྱས་མེད། ད་དུང་གཅིག་བྱས་ན་བོད་མི་ཚོ་རྒྱ་ནག་གི་མི་སེར་བྱེད་འདོད་མེད་པ་དང་ཡང་ན་རང་ཉིད་རྒྱ་མི་ལྟ་བུ་ཞིག་བྱེད་འདོད་མེད་པ་དེ་འགྲེལ་བརྗོད་དམ་གླེང་མོལ་བྱས་མི་འདུག
གཅིག་བྱས་ན་རྙོག་གཞི་ཆེ་ཤོས་ནི་བློ་བཟང་སེང་གེ་ལགས་ཀྱིས་རྒྱ་ནག་གི་མི་སེར་བོད་ནང་དུ་གནས་སྤོ་བྱེད་པ་ལ་ཚོད་འཛིན་བྱེད་དགོས་པའི་ཐོག་ལ་དགོངས་པ་བཞེས་མེད་པ་དེ་དང་། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ཚོར་ཨ་རིས་གྲངས་ཉུང་མི་རིགས་ལ་བཟུང་བའི་སྲིད་བྱུས་དང་གཅིག་པ་ཡིན་ན་བོད་མི་རིགས་ལ་རྒྱ་མི་ག་ཚོད་ཅིག་བོད་ལ་གནས་སྤོ་བྱེད་པར་བཀག་འགོག་བྱེད་པའི་ཐོབ་ཐང་མེད་པ་དང་། ཨ་རིའི་ནང་དུ་མི་རིགས་ནག་པོ་ལ་རང་སྲིད་རང་སྐྱོང་གི་ས་ཁུལ་མེད། དེར་བརྟེན་བོད་མི་ཚོས་རྒྱ་ནག་མི་སེར་ག་ཚོད་ཅིག་བོད་ལ་གནས་སྤོ་བྱེད་ཆོག་ཅེས་དགོངས་པ་དང་གཅིག་མཚུངས་རེད། རྒྱུ་མཚན་འདིས་དབང་གིས་དབུ་མའི་ལམ་དང་ཁ་གཏད་དུ་གྱུར་ཡོད་པ་དང་དབུ་མའི་ལམ་གྱི་དགོངས་དོན་ནི་བོད་རང་ཉིད་ཀྱིས་ཆབ་སྲིད་ཀྱི་ངོ་བོ་ཞིག་བསྐྲུན་ཏེ་བོད་མི་ཚོས་རང་ཉིད་ནང་ཁུལ་གྱི་ཆབ་སྲིད་ཀྱི་བྱ་གཞག་དག་དོ་དམ་བྱེད་རྒྱུ་དེ་རེད། ང་ཚོས་སྟོང་ཆ་འདི་དག་ལ་མ་ལྟོས་པར་ཚོད་དཔག་བྱེད་ཐུབ་པ་ཞིག་ནི་བློ་བཟང་སེང་གེ་ལགས་ཀྱིས་དགོངས་གཞི་འདི་ལ་བསམ་གཞིགས་ནན་མོ་ཞིག་གནང་ཡོད་པ་དེ་རེད། རྒྱུ་མཚན་ནི་སྐད་ཆ་འདི་ནི་ཁོང་གི་གླེང་མོལ་གྱི་ཆ་ཤས་གཙོ་བོ་དེ་ཆགས་ཡོད་པ་དང་། སེང་གེ་ལགས་ཀྱིས་བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་སྒྲོམ་གཞིའི་ནང་མཉམ་གནས་བྱེད་པར་མོས་མཐུན་བྱས་པ་དེ་ནི་བོད་མི་ཚོ་རྒྱ་ནག་གི་སྲིད་འཛིན་འདུག་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད་དམ། ཁོང་གིས་ཅི་ཕྱིར་དོན་དངོས་ཐོག་བོད་མི་ཚོར་རྒྱ་ནག་མི་སེར་དང་གཅིག་མཚུངས་ཀྱི་བདེ་འཇགས་དང་ལྡན་པའི་ཐོབ་ཐང་འདྲ་མཉམཀྱི་གནད་དོན་མི་རྩོད་པར་བོད་མི་ཞིག་གིསརྒྱ་ནག་སྣེ་ཁྲིད་བྱེད་རྒྱུའི་རེ་འདུན་བཏོན་པ་རེད། བློ་བཟང་སེང་གེ་ལགས་ཀྱིས་བོད་མི་ཞིག་མང་གཙོ་ཅན་གྱི་རྒྱ་ནག་གི་སྲིད་འཛིན་བྱེད་པ་ལ་རྒྱ་ནག་མི་མང་ཐེར་འབུམ་གཅིག་དང་ཚེག་གསུམ་གྱི་འོས་ཤོག་དགོས་བ་དང་དེ་ནི་བོད་མི་ས་ཡ་དྲུག་གི་འོས་ཤོག་ལས་མང་བ་ཡིན་པ་མ་རྟོགས་པ་རེད་དམ།
བློ་བཟང་སེང་གེའི་རྙོག་འཛིང་ཅན་གྱི་དོན་གནད་ཁག
བློ་བཟང་སེང་གེ་ལགས་ཀྱིས་ཅི་ཕྱིར་ཐད་ཀར་དུ་བོད་མི་འོས་ཤོག་བླུགས་མཁན་ཚོ་ལ་དོན་གནད་འདི་མ་བཤད་པའི་གནས་ཚུལ་འདི་ང་ཚོ་ཤེས་འདོད་ཆེན་པོ་ཡོད། སེང་གེ་ལགས་ཀྱི་བྱ་ཐབས་ནི་མི་འདྲ་བ་ཞིག་ཡིན་ལ་གྲོས་བསྡུར་བྱ་འོས་བ་ཞིག་ཀྱང་ཡིན་པས་འོས་ཤོག་འཕེན་མཁན་ཚོས་གནས་ཚུལ་འདི་རྟོགས་པའི་ངང་ཐག་གཅོད་བྱ་ཐུབ་པ་ཞིག་ཡིན། སེང་གེ་ལགས་ཀྱིས་ཝ་ཤིན་ཀྲོན་(Washingon DC)དུ་བོད་མི་མ་ཡིན་པའི་ཤེས་ལྡན་པ་ཚོ་ལ་བརྗོད་པའི་གནད་དོན་དེ་བོད་མི་འོས་ཤོག་བླུགས་མཁན་རྣམས་ལ་གསལ་བཤད་བྱེད་དགོས་བ་ནི་བོད་མི་ཚོའི་ཐོབ་ཐང་ཞིག་ཡིན། བློ་བཟང་སེང་གེས་བོད་མི་ཚོར་བཤད་པའི་དོན་དེས་བོད་མི་མང་ངང་འཚབ་ཅན་ཞིག་ཏུ་བཟོས་ཡོད། དཔེར་ན་བློ་བཟང་སེང་གེ་ལགས་ཀྱིས་ཕ་ཡུལ་དྲ་རྒྱའི་ནང་དུ་བྲིས་དོན་ལ་བོད་ཀྱི་རྒྱལ་དར་དེ་ཕོ་བྲང་པོ་ཏཱ་ལའི་རྩེ་རིར་སྒྲེང་ཡོད། རྣམ་འགྱུར་འདི་ལྟ་བུ་ནི་གཅིག་བྱས་ན་བོད་མི་འོས་ཤོག་བླུགས་མཁན་ཚོ་ལ་སྤྱིའི་ཆ་ནས་སེམས་འགུལ་ཐེབས་ཆེན་པོ་ཐེབས་ཡོད་ངེས་ཡིན། འོན་ཀྱང་བློ་བཟང་སེང་གེ་ལགས་ཀྱི་དགོངས་དོན་དེ་བོད་མི་ཚོ་རྒྱ་ནག་དང་མཉམ་གནས་ཀྱི་དགོངས་དོན་དེ་དང་མཐུན་གྱི་མི་འདུག དེའི་རྐྱེན་པས་དྲི་བ་ཞིག་ལ་ཅིའི་ཕྱིར་སེང་གེ་ལགས་ཀྱིས་བོད་མི་འོས་ཤོག་འཕེན་མཁན་ཚོར་བསམ་ཚུལ་གཅིག་དང་ཝ་ཤིན་ཀྲོན་དུ་སྲིད་ཇུས་བཟོ་མཁན་ཚོ་ལ་བསམ་ཚུལ་གཞན་ཞིག་བཤད་པ་རེད་དམ། བློ་བཟང་སེང་གེ་ལགས་ནི་ཝ་ཤིན་ཀྲོན་དུ་ཧཱཝ་གཙུག་ལག་སློབ་གྲྭའི་ (Harvard University) ཁྲིམས་རྩོད་པ་ཞིག་ཡིན་པ་དང་ཁོང་གི་རྒྱལ་ཞེན་ནི་ཁྱད་དུ་འཕགས་ཞིང་བོད་མི་ཚོ་རྒྱ་ནག་གི་སྒྲོམ་གཞིའི་ནང་ཞུགས་པར་སྐུལ་མ་དང་བོད་མི་ཚོ་ལ་རྒྱ་ནག་གི་མི་མང་བཞིན་ཐོབ་ཐང་འདྲ་མཉམ་དགོས་བའི་དགོས་མཁོ་བཏོན་ཡོད།
འོན་ཀྱང་། རྡ་རམ་ས་ལར་ཧཱ་ཝ་གཙུག་ལག་སློབ་གྲྭའི་ཁྲིམས་རྩོད་པ་བློ་བཟང་སེང་གེ་ནི་ད་དུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་ཞིག་གི་བསམ་བློ་ཡོད་མཁན་ཞིག་ཡིན། ཁོང་གིས་གནད་དོན་འདི་དག་འགྲེལ་བརྗོད་བྱས་མེད། གཅིག་བྱས་ན་ཁོང་གིས་བོད་ལ་རང་བཙན་དང་ཡང་ན་རང་སྲིད་རང་སྐྱོང་གང་ཞིག་ཀྱང་ཐོབ་པའི་རེ་བ་མེད་པ་ཙང་ཐབས་ལམ་གསུམ་པ་དེ་བོད་ནི་རྒྱ་ནག་གི་ཆབ་སྲིད་སྒྲོམ་གཞིའི་ནང་མཉམ་གནས་བྱེད་རྒྱུ་དེ་ཡིན་པའི་ཡིད་ཆེས་བྱེད་ཀྱིན་ཡོོད་སྲིད། གལ་སྲིད་དངོས་གནས་འདི་ལྟར་དགོངས་ཀྱིན་ཡོད་ན་ཁོང་གི་དགོངས་གཞི་འདི་ནི་ད་དུང་བོད་མི་འོས་ཤོག་བླུགས་མཁན་ཚོར་བརྗོད་པའི་དུས་ལ་བབས་མེད་པ་བསམ་ཡོད་པ་འདྲ། བློ་བཟང་སེང་གེ་ལགས་ཀྱིས་བོད་ཀྱི་རྒྱལ་དར་པོ་ཏ་ཱལའི་རྩེ་རུ་སྒྲེང་བའི་བྱེད་ཕྱོགས་དེ་ནི་ཁོང་གི་ཆབ་སྲིད་མཉམ་གནས་ཀྱི་དགོངས་དོན་དེ་དང་མི་མཐུན་པ་དང་། ང་ཚོའི་རེ་བར་བློ་བཟང་སེང་གེ་ལགས་ཀྱིས་སྣང་ཚུལ་ཧེ་དཔག་ཅན་འདི་འགྲེལ་བརྗོད་དང་ང་ཚོར་ཁོང་གི་དགོངས་དོན་ངོ་མ་དེ་གསལ་བཤད་བྱེད་པའི་རེ་བ་བྱེད་ཀྱིན་ཡོད། སྲིད་འཛིན་ཨོ་བྷ་མ་ནི་འོས་ཤོག་འཕེན་མཁན་ཚོས་ཅི་ཞིག་གོ་འདོད་པ་དེ་བརྗོད་མཁན་ཞིག་མ་ཡིན་པ་དང་ཁོང་ཚོས་ཅི་ཞིག་ངེས་བར་དུ་གོ་དགོས་པ་དེ་བརྗོད་མཁན་ཞིག་ཡིན། སྤྱིར་དུས་ཚོད་དེ་ནི་ཨོ་བྷ་མ་ལ་མཚོན་ན་ཆབ་སྲིད་ཀྱི་དུས་ཚོད་ཅིག་ཡིན་མོད་ཁོང་གིས་རང་ཉིད་ཀྱི་ཡིད་ཆེས་དེ་འོས་ཤོག་འཕེན་མཁན་ཚོའི་བསམ་ཤེས་ཀྱི་ནུས་སྟོབས་ལ་བྱས་པ་རེད། དེར་བརྟེན་ང་ཚོའི་རེ་བ་ལ་སེང་གེ་ལགས་ཀྱིས་ཀྱང་ཨོ་བྷ་མ་བཞིན་ཆབ་སྲིད་ཀྱི་བཤད་སྟེགས་ལས་བབས་ཏེ་སྐད་ཆ་གཉིས་མི་བཤད་པའི་རེ་བ་དང་འོས་ཤོག་འཕེན་མཁན་ཚོས་ཁོང་གི་དགོངས་དོན་ངོ་མ་དེ་ལ་ཞིབ་འཇུག་དང་ཡིད་ཆེས་བྱེད་པའི་རེ་བ་ཡོད། གལ་སྲིད་འཇམ་དབྱངས་ནོར་བུ་ལགས་ཀྱིས་རྒྱ་ནག་གི་ཨོ་བྷ་མ་ཞེས་བའི་རྩོམ་ཡིག་འདི་མ་བྲིས་པ་ཡིན་ན་བོད་མི་འོས་ཤོག་འཕེན་མཁན་ཚོས་བློ་བཟང་སེང་གེ་ལགས་ལ་དྲི་བ་འདི་དག་འདོན་པའི་གནས་བབ་དང་ཁ་ཐག་ཧ་ཅང་རིང་བའི་གནས་སུ་གྱར་ཡོད་པའི་ཉེན་ཁ་ཧ་ཅང་ཆེ། ང་ཚོས་དྲི་བ་འདི་དག་ནི་ངེས་པར་དུ་འདྲིི་དགོས་པ་ཞིག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་ལ་བློ་བཟང་སེང་གེ་ལགས་ཀྱིས་ངེས་པར་དུ་རང་མོས་ངང་འོས་ཤོག་བླུགས་མཁན་ཚོར་གནས་ཚུལ་གསལ་བོ་བཟོ་དགོས། ང་ཚོས་ཚུལ་མཐུན་གྱི་ངང་བློ་བཟང་སེང་གེ་ལགས་གླེང་སྟེགས་འདིའི་སྟེང་དུ་ལན་འདེབས་དུ་ཕེབས་པར་གདན་འདྲེན་ཞུ་བཞིན་ཡོད། འོས་མི་སུ་ཞིག་ཡིན་ན་ཡང་རང་ཉིད་ཀྱི་དགོངས་ཚུལ་བརྗོད་པའི་ཐོབ་ཐང་ཡོད་པ་བཞིན་འོས་ཤོག་བླུགས་མཁན་ཚོ་ལའང་འོས་མིའི་གནས་ཚུལ་ཆ་ཚང་ལ་ཞིབ་འཇུག་བྱེད་པའི་ཐོབ་ཐང་ཡོད་པ་ལས་གཟིགས་བརྙན་ཕྱེད་ཙམ་སྟོན་པ་ཙམ་གྱིས་མི་ཆོག འོས་ཤོག་བླུགས་རྣམས་ཀྱིས་ངེས་པར་དུ་རང་ཉིད་ཀྱིས་རྒྱབ་སྐྱོར་བྱེད་འདོད་ཡོད་པའི་འོས་མི་དེའི་ལོ་རྒྱུས་ཆ་ཚང་ལ་ཞིབ་འཇུག་ནན་ཏན་ཞིག་བྱེད་དགོས་བ་ཡིན། ང་ཚོའི་རེ་བ་ཆེན་པོ་ཞིག་ལ་བོད་ཀྱི་གསར་འགྱུར་རྒྱུད་ལམ་ཁག་གིས་གནད་དོན་འདི་ལ་ཞིབ་འཇུག་ཡག་པོ་ཞིག་བྱེད་པའི་རེ་བ་ཡང་ཡང་ཞུ་བཞིན་ཡོད།
རྒྱ་ནག་གི་ཨོ་བྷ་མ།
མཐའ་དོན། བློ་བཟང་སེང་གེ་ལགསཀྱིས་དོན་ངོ་མ་ཁོང་ནི་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད་ཅེས་བརྗོད་ཡོད་མེད་ལ་འོས་ཤོག་བླུགས་མཁན་ཚོའི་ངོས་ནས་ཤེས་འདོད་ཆེན་པོ་ཡོད་ངེས་ཀྱང་། ང་ཚོའི་བསམ་ཚུལ་ལ་གནད་དོན་འདི་ནི་གོང་གི་དྲི་བ་དག་དང་བསྡུར་ན་དེ་ཙམ་གྱིས་གལ་ཆེན་ཞིག་མཐོང་མ་སོང་། གང་ལྟར་སྒྲ་ཕབ་ཀྱི་ནང་དུ་གསལ་བ་བཞིན་བགྲོ་གླེང་དེའི་ནང་ཚོགས་ཞུགས་པ་ཞིག་གིས་ཅང་ཙེ་མིན་གྱིས་བཤད་པའི་རྒྱ་མིས་བོད་ལ་ཞི་བའི་བཅིངས་གྲོལ་བཏང་བ་དང་ཨ་རའི་སྲིད་འཛིན་ལིན་ཁོན་(Lincoln) གྱིས་མི་རིགས་ནག་པོ་ལ་བཅིངས་གྲོལ་བཏང་བ་གཉིས་གཅིག་མཚུངས་ཡིན་པའི་སྐོར་གྱི་དྲི་བ་ཞིག་བཏང་། ཨི་ལོ་ཁྲི་སི་པར་ལིན(Eliot Sperling) གྱིས་གསུང་བཤད་གནང་བའི་རྗེས་བློ་བཟང་སེང་གེ་ཡིས་བརྗོད་དོན། ༼དུས་ཚོད་ཀྱི་དབང་གིས་ངས་བཤད་དགོས་པ་ཞིག་ལ་ཁྱེད་ཚོས་ཤེས་གསལ་ལྟར་ད་ལྟ་ང་ལ་གོ་སྐབས་ཤིག་ཐོབ་ཡོད་པ་ནི། ཅང་ཙེ་མིན་གྱིས་རྒྱ་ནག་གིས་བོད་ལ་བཟུང་བའི་སྲིད་བྱུས་དེ་ཨ་རིས་མི་རིགས་ནག་པོ་ལ་བཟུང་བའི་སྲིད་བྱུས་ལས་ལེགས་པར་བཤད་ཡོད། དེར་བརྟེན་ངས་རང་ཉིད་རྒྱ་ནག་གི་སྲིད་འཛིན་རྗེས་མའི་འོས་མི་ཁྲོད་དུ་གདམ་པ་ཡིན། མ་མཐའ་ཡང་ང་ལ་ཆ་རྐྱེན་ཞིག་ཡོད་པ་ནི་ཨོ་བྷ་མ་ཧ་ཝ་་ཁྲིམས་ལུགས་སློབ་གྲྭ་ནས་ཐོན་པ་ཞིག་ཡིན་པ་དང་ང་ཡང་དེ་ནས་ཐོན་པ་ཞིག་ཡིན་པས་ངེད་གཉིས་ལ་འདྲ་མཚུངས་ཀྱི་ཕྱོགས་མང་པོ་འདུག༽ བློ་བཟང་སེང་གེ་ཡིས་འདི་ནི་ཀུ་རེ་ཞིག་ཡིན་གསུངས་ཡང་ཕྱོགས་གཞན་ཞིག་ནས་ཀུ་རེ་དེ་ཁོང་གིས་གང་གསུངས་བཞིན་པའི་སྐད་ཆའི་ཡང་སྙིང་དག་གི་ལྡོག་ཕྱོགས་ཞིག་ཡིན་པ་གསལ་བོ་རེད། དེར་བརྟེན་འཇམ་དབྱངས་ནོར་བུས་འདི་ནི་དོན་གནད་གལ་ཆེན་ཞིག་ཏུ་མཐོང་བ་ལ་རྒྱུ་མཚན་འདུག སློབ་དཔོན་ཆེན་མོ་ཁཱར་སོན་(Carlson) གྱིས་བློ་བཟང་སེང་གེ་ལ་གསུངས་དོན། ཁྱེདཀྱིས་ཁྲིམས་ལུགས་བསྐྱར་ཞིབ་ལ་རྩོམ་སྒྲིག་བྱེད་མྱོང་ཡོད་དམ། དེར་བློ་བཟང་སེང་གེས། བསྐྱར་འདྲི་ཞིག་བྱེད་ཞོར་ངས་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཞིག་བྲིས་ཡོད་པ་དེ་ཁྲིམས་ལུགས་བསྐྱར་ཞིབ་ཅིག་ཏུ་རྩིས་ན་འགྲིག་གམ། ཞེས་ལན་དུ་བརྗོད། བཀའ་བློན་ཁྲི་བའི་བགྲོད་གླེང་སྐབས་བློ་བཟང་སེང་གེ་ཡིས་ཁོང་དང་ཨོ་བྷ་མ་གཉིས་འདྲ་མཚུངས་ཡིན་པའི་བྱེད་ཕྱོགས་སྐོར་ཁཱར་སོན་གྱིས་ང་ཚོ་ལ་དྲན་གསོ་ཞིག་བཏང་། ང་ཚོའི་བསམ་པར་ཐེངས་འདིའི་བློ་བཟང་སེང་གེ་ཡི་ལས་འགུལ་ཁག་དེ་འདྲའི་སྤུས་དག་པོ་ཞིག་རེད་བསམ་གྱི་མེད། གང་ཡིན་ཞེ་ན་བློ་བཟང་སེང་གེ་ཁོང་རང་ཉིད་ཆེས་ཕུལ་དུ་བྱུང་བ་ཞིག་ཡིན་བསམ་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་མེད་ལ། མ་ཟད་ང་ཚོས་ཁོང་དང་ཨོ་བྷ་མ་གཉིས་བསྡུར་ཐུབ་ཀྱི་ཡོད་དེ་བས་ཀྱང་བསམ་གྱི་མེད། ང་ཚོས་བློ་བཟང་སེང་གེ་ལགས་ལ་ཁོང་གི་ལས་འགུལ་ཁག་ཁོང་རང་ཉིད་ཀྱི་དངོས་ཡོད་གནས་སྟངས་ལ་གཞི་བཞག་ནས་སྤེལ་བར་སྐུལ་མ་གཏོང་གི་ཡོད།
(མཆན། འདི་དབྱིན་ཡིག་ནས་བསྒྱུར་བ་ཡིན་སྟབས། ནང་དོན་ལ་རྩོད་གཞི་བྱུང་ཚེ་དབྱིན་ཡིག་གི་ནང་དོན་དེ་ཁུངས་དག་ཡིན།
Note: This was translated from English. Should any discrepancy arise, the English version should be the final authority.)
༼བློ་བཟང་སེང་གེ་ཡི་ཐབས་ལམ་གྱི་དམིགས་འདུན་ནི་བོད་མི་ཚོར་ཨ་རིའི་མི་རིགས་ནག་པོ་བཞིན་བོད་མི་རིགས་ལ་རྒྱ་ནག་གི་མི་སེར་བཞིན་ཐོབ་ཐང་འདྲ་མཉམ་སྤྲད་དེརྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྒྲོམ་གཞིའི་ནང་མཉམ་གནས་བྱེད་རྒྱུ་དེ་རེད། འདྲ་མཉམ་འདིའི་ལྟ་གྲུབ་ཀྱི་ནང་དུ་བོད་མི་རེ་འདོད་ཆེན་པོ་ཅན་ཚོ་རྒྱ་ནག་དམངས་གཙོ་རྒྱལ་ཁབ་ཀྱི་སྲིད་འཛིན་གདམས་པའི་ཁེ་དབང་སྤྲད་ཡོད།༽ སེང་གེའི་དམིགས་འདུན་མཐར་ཐུག་འདི་ཡིན་ཚོད་འདུག འདི་ནང་བོད་མི་ཡང་རྒྱ་ནག་གི་དཔོན་པོ་འདུག་འདུག་ཆོག་པའི་ཐོབ་ཐང་གཅིག་པོ་རྩོད་འདོད་ཡོད་པས་ལས། སྐད་ཡིག་ཐོབ་ཐང་དང་ས་ཁོངས་ཀྱི་བདག་དབང་དང་། མི་རིགས་ཀྱི་ངོ་རྟགས་སོགས་མེད་ཐབས་བྲལ་བའི་བོད་མི་རིགས་ཀྱི་ཐོབ་ཐང་ཕལ་ཆེ་བ་ཚུད་མི་འདུག
བློ་བཟང་སེང་གེ་རྒྱ་ནག་གི་སྲིད་འཛིན་གྱི་གོ་འཕང་འཐོབ་རྒྱུ་ཁག་པོ་བྱས་པ་རེད། དམར་ཤོག་གི་ལམ་ལུགས་དེའི་འོག་ནས་རེ་བ་ཕྲན་ཙམ་ཡོད་ཀྱང་རྒྱ་དམར་ཇག་པ་དེ་ཚོས་བོད་པར་ཡིད་མཆེད་བྱ་གི་རེད་པས། རྒྱ་ནག་མང་གཙོ་ཆགས་་ན་དེ་བས་རེ་བ་མེད་འོས་བསྡུའི་ལམ་ནས་འགྲོ་དུས་གྲངས་བྱུང་མི་རིགས་ལ་འོས་ཐོབ་པ་ཁག་པོ་རེད། མ་གཞི་ནས་མཁས་དབང་བློ་སེང་ལགས་ཀྱིས་སྐུ་རྩེ་གནང་བ་ཡིན་གསུངས་ཀྱང་ནང་དུ་མེ་མ་འབར་ན་ཁ་ནས་དུ་བ་ཐོན་དོན་མེད། རང་དབང་མང་གཙོའི་ལུང་པའི་ནང་དུ་བཤད་ཚད་རང་དབང་ཡིན་བསམ་ནས་སྐད་ཆ་ཐལ་ཆ་ཆེན་པོ་ཁ་ནས་ཐོན་ཚར་ན་སུས་ཡིད་མཆེད་བྱ་གི་རེད། དེ་ལྟར་གསུངས་ན་མདོ་སྟོད་མི་མང་རྣམས་གང་བསམ་གྱི་རེད། དགྲ་མི་ཐུབ་མགོ་བོ་མགུར་བ་ལས། མགོ་ཁྲག་རལ་ཉིལ་རེ་ཤི་ན་དགའ་ཞེས་པའི་གཏམ་དཔེ་དེ་མདོ་སྟོད་ཀྱི་གཏམ་དཔེ་གྲགས་ཅན་ཞིག་རེད།
བློ་སེང་ལགས་ཀྱིས་ཁོང་”རྒྱ་ནག་གི་ཨོ་བྷ་མ”་བྱེད་འདོད་ཡོད་གསུང་པ་ནི་གད་མོ་སློང་བྱེད་ཡིན། ལར་ནས་བོད་ལ་གནས་བབ་དེ་འདྲ་ཞིག་འབྱུང་དགོས་པར་གསུང་པ་འདི་མཁས་པའི་བགྲོ་གླེང་སྐབས་སུ་བརྟག་པ་མཐའ་བཟུང་གི་འཆད་ཚུལ་ཞིག་ཡིན་ངེས་པ་ལས་རང་ཉིད་ཀྱི་བལྟ་བ་དངོས་དེ་ཡིན་གྱི་མ་རེད། གལ་སྲིད་ཡིན་ན་དེ་ནི་ཉིན་མོའི་རྨི་ལམ་ཡིན་ལ་ཁོང་འདི་ཙམ་ཞིག་ཀྱང་མི་མཁྱེན་མཁན་ཞིག་ཡིན་པའི་ཡིད་ཆས་བྱེད་ཀྱི་མེད།
གཉིས་ནས་བོད་མི་རིགས་ཀྱི་ཐོབ་ཐང་དེ་ཨ་རིའི་མི་རིགས་ནག་པོའི་ཐོབ་ཐང་དང་གཅིག་མཚུངས་སུ་ཡོང་བ་འདི་ནི་སྤྱིར་ན་ཧ་ལམ་མི་སྲིད་པ་ལྟ་བུ་ཡིན་ན་ཡང་ད་ལྟ་འགྲོ་བཞིན་པའི་བོད་ཀྱི་གནས་བབ་ནི་ཁ་ཕྱོགས་དེ་རང་ཡིན་པས་འདི་ལ་དགོས་འདུན་བཏོན་ནས་འཐབ་རྩོད་བྱེད་དགོས་པ་ཞིག་མི་འདུག ཉིན་ཞིག་རྒྱ་ནག་སྲིད་གཞུང་གིས་ཀྱང་བོད་རིགས་ལ་”ཡུལ་བདག་མི་རིགས་ལ་ཐུགས་རྗེ་ཆེ་ཞུ་”བའི་དུས་ཆེན་རེ་ཡང་སྲུང་བརྩི་ཞུ་ངེས། དེ་དུས་བོད་ཚར་ཚར་བ་རེད།
ཨ་རིའི་མི་རིགས་ནག་པོ་ལ་སྐད་ཡིག ས་ཁུལ། ཆོས་ལུགས། གོམས་གཤིས་སོགས་ལོགས་སུ་འདོན་རྒྱུ་མེད་པར་གྱུར་ཟིན། འདི་བོད་རིགས་དང་བསྡུར་ཐབས་བྱེད་པ་ནི་རྦད་དེ་ནོར་བ་ཡིན།
གོང་གི་རྒྱ་ནག་གི་ཨོ་བྷ་མ་ཞེས་པའི་འགྱུར་འདི་མ་ཡིན་པ་ཞིག་དེ་སྔོན་ཁ་བརྡའི་ནང་ཐོན་སོང། འོན་ཀྱང་སྔོན་གྱི་འགྱུར་དེ་ཁ་བརྡ་ཚང་ནས་བྱས་པའམ་ཡང་ན་གཞན་ཞིག་གང་ཡིན་ཤེས་མ་སོང། གང་ལྟར་སྒྱུར་མཁན་གྱི་མིང་མེད་པའི་འགྱུར་ཞིག་རེད། གནད་འགག་ཆེ་ས་ནི་དེ་སྔོན་དེ་དང་ད་ལྟའི་དོན་གྲུབ་ཚེ་རིག་གིས་བསྒྱུར་བ་གཉིས་བར་གྱི་ཧེ་བག་འདི་རེད།ང་ཚོས་དབྱིན་ཡིག་གི་མ་ཕྱི་རང་ལ་བལྟ་དུས་དེ་སྔོན་གྱི་འགྱུར་དེ་ད་ལྟའི་འདི་ལས་ཆེས་ལེགས་པཔར་མཐོང་། དོན་གྲུབ་ཚེ་རིང་གིས་སྔོན་གྱི་འགྱུར་དེ་གཞིར་བཞག་ནས་དེ་ལ་སླར་བཟོ་བཅོས་ཤིག་བརྒྱབ་མ་ཟད་སྐབས་འགར་ཆ་ཤས་མང་པོ་ཞིག་གཡུག་པ་དང་། གསར་འཇུག་ཀྱང་གང་ཙམ་བྱས་འདུག འོན་ཀྱང་ཡིག་སྒྱུར་གྱི་ལས་ཀ་འདི་མི་ཚང་མས་ཡོང་བ་ཞིག་མ་ཡིན་ལ་བསམ་བློ་ཡང་མང་པོ་གཏོང་དགོས་མ་ཟད། ཀློག་པ་པོ་རྣམས་ཡིད་དབང་འཕྲོག་ཐུབ་པ་ཞིག་ངེས་པར་དགོས་པ་ཡིན། དེ་འདྲ་སོང་ཙང་དོན་གྲུབ་ཚེ་རིང་ཞེས་པས་རང་གི་མིང་གྲགས་ཀྱི་ཆེད་དུ་སྔོན་གྱི་དེ་ལ་བཟོ་བཅོས་བྱས་པ་ཙམ་ཞིག་ཏུ་མངོན། དྲི་བ་གཞན་ཞིག་ནི་དབྱིན་ཡིག་ཐོག་བྲིས་པའི་མ་ཕྱི་ངོ་མ་དོན་ནས་ད་བར་ཟླ་བ་བཞི་ཙམ་ཕྱིན་ཡོད་ཀྱང་དོན་གྲུབ་ཚེ་རིང་ཅེས་པས་ད་བར་མི་བསྒྱུར་བ་གང་ཡིན། འདི་རྟ་རྒྱུགས། རྡུལ་ཡལ་ཞེས་པདང་གཅིག་མཚུངས་རེད། དོན་ལ་ཁོ་པའི་བྱ་བར་ནུས་པ་མེད་པ་ཆགས་ཟིན། མ་ཟད་སྐབས་འགར་ཐད་སྒྱུར་བྱས་བཟོ་དང་། ཡང་སྐབས་འགར་དོན་འགྱུར་བྱས་ཁུལ་གྱི་དབྱིན་སྐད་ནང་བྲིས་པའི་ཆ་ཤས་ཆེས་མང་པོ་ཞིག་མེད་པ་བཟོས་འདུག ཆེས་ཆེ་བའི་ཞན་ཆ་ནི་དོན་གྲུབ་ཚེ་རིང་གིས་བྲིས་པ་དེ་ཀློག་སྐབས་ལམ་སེང་ཉོབ་སྣང་སྐྱེ་བ་དང་ཡིད་དབང་འཕྲོག་ཤུགས་མེད་པ་དེ་རེད། གང་ལྟར་སྒྱུར་མཁན་ལ་ཚད་ངེས་ཅན་ལྡན་དགོས་པ་མ་ཟད་བོད་ཡིག་གི་ཆུ་ཚད་ཀྱང་ངེས་ཅན་ཞིག་དགོས། དེ་བཞིན་བསྒྱུར་གཞིའི་མ་ཡིག་གི་སྙིང་དོན་གཙོ་བོ་དངོས་ཤུགས་བརྒྱུད་གསུམ་ནས་ཀློག་པ་པོའི་སེམས་ངོར་འཆར་ཐུབ་པ་ཞིག་དགོས་པ་དེ་ཡིན། གང་ལྟར་གནས་ཚུལ་འདི་རིགས་བྱེད་མཁན་དོན་གྲུབ་ཚེ་རིང་གཅིག་པོ་མིན། དེ་སྔ་ཡང་བསྟན་འཛིན་རིགས་བཟང་གིས་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པ་དེ་རྡ་ས་བོད་ཀྱི་དཔེ་མཛོད་ཀྱིས་བསྒྱུར་བའི་བོད་ཡིག་གི་མ་ཟིན་ལ་བཟོ་བཅོས་བརྒྱབ་མིན་སྐོར་ལ་གླེང་ལྷག་ཤུགས་ཆེ་བྱུང་ཡོད། གང་ལྟར་འདི་རིགས་མིང་གྲགས་ཀྱི་ཆེད་བྱས་བརྐུ་མའི་བྱེད་སྟངས་ཞིག་ཏུ་མངོན་པས་ཀློག་པ་པོས་དགའ་བསུ་ཞུ་མི་ཐུབ།
དེ་སྔ་ཡིད་ཆེས་ཆེན་པོ་བྱེད་སའི་བློ་སེང་གི་རྒྱབ་མཆོག་གི་གནས་ཚུལ་ཚང་མ་གསལ་པོ་བཏོན་ཡོང་དུས།་ད་ནི་ཡིད་ཆེས་ཤོར་བའི་མ་ཚད།་བློ་སེང་ལ་གདོང་པ་མི་འདྲ་བ་གསུམ་བཞི་སྟོན་རྒྱུ་འདུག་་ཡིད་རྟོན་བྱ་ཐབས་བྲལ་སོང།་དེ་ནི་བློ་ཕམ་རེད།་ད་དུང་་་་་་་་
གོང་གསལ་གྱི་མཆན་བུའི་ནང་རྒྱབ་ཕྱོགས་ཞེས་པར་མཆོག་ཅེས་བྲིས་ཐལ་སོང་ན་བཅོས་འགྱུར་བྱ་ཡིན།་
གཞན་ཡང་བློ་སེང་ལགས་སུ།་་བོད་མི་ཁ་ཤས་ཀྱི་ཡིན་ཤག་ཤག་ངང་མཁས་དབང་ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་འདུག་་་་དེ་ནི་ཧ་ཅང་གི་ཐལ་ཆེས་དྲགས་པ་རེད།
བོད་ལུགས་ལྟར་ན།་་མཁས་དབང་སྨོས་ཅི།་མཁས་པར་ཡང་འཆད་རྩོད་གསུམ་གྱི་བྱ་བ་བྱེད་པ་ཞིག་ལ་ཟེར་འབོད།
བློ་སེང་ལ་མཚོན་ན།་་ཁྲིམས་ལུགས་རྩོད་པའི་མྱོང་བ་མེད།་་་བློ་མ་བསྐྱངས་པའི་འཆད་ཉན་མེད།་་རིན་ཐང་ལྡན་པའི་རྩོམ་ཡིག་གཅིག་ཀྱང་མཐོང་རྒྱུ་མེད་པར་མཁས་དབང་ཞེས་འབོད་བོད་ཀྱི་ལམ་སྲོལ་དང་འགལ་བ་རེད།
ཕྱི་ལུགས་བྱས་ན།་་བོད་སེང་གི་དབྱིན་ཡིག་གི་ཡིག་ཆ་ཚང་མའི་ནང་ཌོག་ཌར་ཞེས་འབོད་པ་ལས་ཕོར་ཕེལ་སལ་ཞེས་འབོད་སྲོལ་དང་བྲིས་སྲོལ་མི་འདུག་པས་དེ་ནི་ང་ཚོ་བོད་མིས་མི་ཞིག་བསྟོད་དགོས་ན་བསྟོད་ཐལ་ཤོར་བའི་ན་ཚ་ཞིག་ཨེ་གསར་ན་ཚ་ཡོད་པ་དེ་མིན་ནམ་སྙམ།་་
མ་གཞི་བློ་སེང་ཁོ་རང་གིས་ཀྱང་བརྒྱུད་ལམ་གང་དུ་སྐད་ཆ་བཤད་ཀྱང་ང་མཁས་དབང་གི་གོ་གནས་ལེན་ཚུལ་བརྗོད་བཞིན་འདུག་་་དེ་ནི་ཨ་མཚན་རེད།་མ་མཐའི་ཀུན་སྤྱོད་ཀྱི་ཚད་གཞི་ནི་སྐྱག་རྫུན་དཔང་དགོས་པ་དེ་ཡིན།
རྒྱ་ནག་གི་ཨོ་བྷ་མ་ཡིན་ན་རེད་བོད་ཀྱི་ཨོ་བྷ་མ་ཡིན་ན་རེད་། གང་ཏར་མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་ལངས་ཕྱོགས་ལ་ཁ་གསལ་བོ་རེད་འདུག།
བོད་མི་རིགས་ལ་རྒྱ་ནག་གི་མི་སེར་ Han Chinese བཞིན་ཐོབ་ཐང་འདྲ་མཉམ་ཡོང་ཐབས་རེད་ བོད་རང་དབང་བསྐྱར་གསོ་ཕར་བཞག།
བོད་ཀྱི་སྲིད་དོན་བསྐྱར་ཞིབ་ཅེས་ཐད་བསྒྱུར་བྱ་རྒྱུ་མེད། ཕྱོགས་ཡོངས་ནས་ལྟ་སྐབས་སྐྱོན་ཆ་དང་ཉེན་ཁ་ཆེན་པོ་ཡོད། བོད་ཀྱི་སྲིད་དོན་ཉམས་ཞིབ་ཅེས་པ་ཅུང་འཚམ་པར་སྙམ།
མིག་བཤེར་ཅིག་མ་གཏོགས་བྱེད་ཁོམ་མ་བྱུང་ཐ། རྗེས་སུ་ཞིབ་མཇལ་གྱིས་གླེང་བར་སྤྲོའོ།
བློ་སེང་ལ་མཁས་དབང་གི་མཚན་སྙ་འབུལ་མཁན་བོད་ཀྱི་བང་ཆེན་དང་ཨེ་ཤ་ཡའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གཉིས་རེད། རྩོད་པ་རྒྱག་འདོད་ན་ཁོ་ཚོར་རྒྱོབས།
“China’s Tibet Policy in the Aftermath of Last Spring’s Unrest. གོང་གི་དབྱིན་ཡིག་འདི་དོན་གྲུབ་ཚེ་རིང་གིས་འདི་འདྲ་ཞིག་ལ་བསྒྱུར་འདུག དཔྱིད་ཀའི་བོད་མའི་ཡར་ལངས་ཀྱི་མཇུག་འབྲས་ཐོག་བཟུང་བའི་རྒྱ་ནག་གི་སྲིད་བྱུས་ཟེར་བ་འདི་རེད།
འོན་ཀྱང་དེ་སྔོན་གྱི་འགྱུར་དེའི་ནང། “འདས་ཟིན་པའི་དཔྱིད་ཀའི་དུས་ཟིང་གི་འབྱུང་འབྲས་ལ་བོད་ཐོག་འཛིན་པའི་རྒྱ་ནག་གི་རྒྱ་ནག་སྲིད་བྱུས།” ཞེས་པར་བསྒྱུར་འདུག བྱས་ཙང་འདི་དཔེ་ཚོན་ཙམ་ཞིག་རེད། དོན་ཚེའི་འགྱུར་དང་མ་ཕྱི་གཉིས་ཀྱི་དབང་ད་དུང་ཡང་བར་ཐག་ངེས་ཅན་ཞིག་ལུས་འདུག་ན། ཚདདང་ལྡན་པའི་སྐད་གཉིས་སྨྲ་བ་འགའ་ཞིག་ཐུན་མོང་ནས་སླར་ཡང་བསྒྱུར་ན་ཕན་ཐོགས་ངེས་ཅན་ཞིག་ཡོང་སྲིད།
BBC ལགས་ཁྱེད་རང་གསུང་ཕྱོགས་ནོར་མེད་དམ།་་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱིས་བློ་སེང་ལ་ཁྲིམས་ལུགས་ཉམས་ཞིབ་པ་ཟེར་བ་ལས་མཁས་དབང་ཞེས་འབོད་སྲོལ་མི་འདུག་་་འདི་ནི་དང་པོ་བློ་སེང་ཁོ་རང་གིས་བརྗོད་ཀྱི་འདུག་་་གཉིས་པ་བང་ཆེན་ཚགས་ཁང་དང་གསུམ་པ་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་དེ་དག་གིས་བེད་སྤྱོད་གཏོང་གི་འདུག་་་་དེ་འོས་འཚམས་མི་འདུག་་
སྤྱིར་བཏང་BBC་ཟེར་བ་དེ་མི་གནད་འགག་ཅན་ཞིག་རེད་འདུག་་་ཁོའི་མཆན་བུར་རིན་ཐང་དང་གནད་འགག་ལ།་ཁོང་གིས་རྩོམ་ཡིག་ལ་ཞིབ་འཇུག་ནན་ཏན་གནང་གི་འདུག་པས་ཡིད་རངས་བསྔགས་བརྗོད་ཡོད།་རྗེས་སུ་མུ་མཐུད་དེ་ལྟར་གནང་རོགས།་་
BBC་ལ་རྒྱབ་སྐྱོར་ཆ་ཚང་ཡོད།་་ཁྱེད་ནི་དོན་དམ་པའི་BBCརེད།་
ཁྱེད་ཀྱིས་བོང་བ་གསེར་གཟིགས་ཀྱིས་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ་ཞུའོ། །ཁྱེད་རང་ལ་རྒྱའི་བདག་པོ་སོང་ཙང་གུས་པས་ཅི་གསུང་བཀའ་བསྒྲུབ་ཞུས་ཆོག འོན་ཀྱང་དུས་ཚོད་དེ་ཙམ་མང་པོ་རག་གི་མི་འདུག
གཟུགས་མེད་ཀྱི་དྲ་གྲོགས་ཚོས་འགན་ཁུར་མེད་པའི་སྐད་ཆ་ལ་ས་མཚམས་མེད། དེ་དག་ཕལ་ཆེ་བ་སྲང་ལམ་བར་གྱི་
ཀུ་ཅོ་ལས་མ་འདས། བརྒྱ་བཤད་སྟོང་ལ་སྐོར་ནས་བཤད་ཀྱང་བློ་ཟུར་བོར་གནས་པའི་མི་བུ་སུས་ཀྱང་དེར་ཡིད་འཆེས་མི་ཞུ། མ་ཟད་དགྲ་དགའ་གཉེན་སྡུག་གིས་སྤྱི་ཚོགས་ཕུང་ལ་སྦྱོར་བར་དགའ་བའི་མི་ངན་རེ་འགའ་བསམ་དོན་འགྲུབ་སྲིད།
གལ་སྲིད་ཁྱོད་ལ་དོན་དངོས་ཀྱི་བདེན་སྤང་ཡོད་ཚེ་མི་དངོས་དོན་ནས་སྤྱི་ཚོགས་ཆུང་ཆུང་འདིར་ངོ་སྤྲོད་གནང་ན་ད་ཟད་ཁྱོད་ལ་རྒྱབ་སྐྱོར་ཐོབ་ངེས་ལ་ཁྱོད་ཀྱིས་བཤད་པའི་གཏམ་དེས་ནུས་པ་ཡང་ཐོན་སྲིད། དེང་སྐབས་ང་ཚོས་འཚོ་བཞིན་པ་ནི་བོད་མི་རིགས་འདིར་ཕན་ཐོག་ཡོད་པའི་རྣམ་དཔྱད་ཅན་གྱི་མི་བུ་ཞིག་ཡིན་པ་ལས་མི་རིགས་འདི་ཕུང་ལ་སྦྱོར་བའི་སྐྱོན་གྱི་གོང་བུའི་མི་ངན་ཞིག་འཚོ་བ་མིན། མི་ལ་སྐྱོན་སྣ་རེ་དང་ཡོན་ཏན་སྣ་རེ་མི་ལྡན་མཁན་མེད། མི་སུ་ཞིག་ལ་སྐྱོན་ཁོ་ནའི་ཕྱོགས་ལ་དཔྱད་པ་ཡིན་ན་ཁྱོད་ཀྱིས་མི་དེའིི་ཡོན་གཏན་མཐོང་མི་སྲིད་ལ་མི་དེའི་ཡོན་གཏན་ཁོ་ནའི་ཕྱོགས་སུ་དཔྱད་པ་ཡིན་ན་ཁྱོད་ཀྱིས་མི་དེའི་སྐྱོན་ཡང་མཐོང་མི་སྲིད། གལ་སྲིད་ཁྱོད་ཀྱིས་སྤྱི་ཚོགས་འདིར་ཕན་པའི་མི་ངོ་ཞིག་དཔྱད་པ་བྱེད་འདོད་ཡོད་ཚེ་མི་དེའི་སྐྱོན་མཐོང་ཐུབ་དགོས་ལ་དེ་བརྗོད་ཡང་ཐུབ་དགོས། དེ་བཞིན་མི་དེའི་ཡོན་གཏན་མཐོང་ཐུབ་དགོས་ལ་དེ་ཡང་བརྗོད་ཐུབ་དགོས། ངས་འདིར་དཔེ་ཚན་གཅིག་རང་ཞུ་ན་བློ་བཟང་སེང་གེ་ནི་མཁས་དབང་མ་རེད་ལ་ཁོར་མཁས་དབང་གསུང་མཁན་དེ་ཚོ་ནོར་བ་རེད་ཞེས་བཤད་པ་དེར་བསམ་བློ་ཞིག་གཏོང་དང། འཛམ་གླིང་འདིར་རྒྱལ་ཁབ་ཚང་མས་ངེས་འཛིན་ཡོད་པས་གཙུག་ལག་ཁང་གྲགས་ཅན་ཞིག་ནས་སློབ་མཐར་ཕྱིན་ནས་གཙུག་ལག་ཁང་དེ་རང་དུ་མཁས་པའི་མིང་ཁུར་ནས་ཕྱག་ལས་གནང་བཞིན་པ་རེད། དེར་མཁས་པ་མི་འདོད་ན་ང་ཚོ་བོད་མིར་འཛམ་གླིང་ནང་ངེས་ལེན་ཡོད་པའི་མཁས་པ་ཞིག་ཕར་ཟད་དེང་སང་སྤྱི་ཚོགས་སུ་དགོས་འཁོར་ཡོད་པའི་ལག་ཁྱེར་ཚད་ལྡན་ཐོབ་མཁན་གྱི་མཁས་པ་རྐང་གཅིག་ཀྱང་མེད་ཟེར་ན་ཁྱོད་ཚོར་ག་རེ་བཤད་ཡ་ཡོད། ཁོང་ལུང་རྒྱུ་མཚན་གང་ཡང་མེད་པའི་འཆལ་གཏམ་དེའི་རིགས་ཀྱིས་སྤྱི་ཚོགས་སུ་ཕན་ཐོག་གང་ཡང་མེད་དོ། དེ་ལས་སྤྱི་ཚོགས་སུ་ཕན་ཐོག་ཡོད་པའི་ལས་དོན་ག་རེ་འདུག་མིར་སྐྱོན་འཛུབ་ཙམ་མིན་པ་རང་ཉིད་ཀྱི་ནུས་ཚད་དང་མཐུན་པ་ཞིག་གནང་ན་གང་འདྲ་འདུག། ང་ཚོས་ཧ་གོ་གིན་འདུག་མིར་སྐྱོན་བརྗོད་ཅིག་པུར་བྱེད་མཁན་དེས་རང་ཉིད་ཀྱིས་སྤྱི་ཚོགས་སུ་ཆ་ཤས་ཕྲ་མོ་ཙམ་ཡང་འགན་ལེན་གྱི་མེད་དེ་གསལ་པོ་རང་རེད། མདོར་ན་མིར་སྐྱོན་མཚང་ཁོ་ན་གླེང་བ་དེས་སྤྱི་ཚོགས་ནང་གཏོར་གཤིབ་ལས་ཕན་ཐོག་གང་ཡང་མེད་དོ།
མི་ཞིག་ལ་སྐྱོན་དང་ཡོན་ཏན་གཉིས་ཡོད་མེད་སྐབས་འདིའི་རྩོད་གཞི་མ་རེད། གཙོ་བོ་ང་བཀའ་ཁྲི་བྱེད་ཀྱི་ཡིན་ཟེར་མཁན་གྱི་མི་དེའི་དམིགས་ཡུལ་གང་ཡིན་དང་། མི་དེས་བོད་ཀྱི་མ་འོངས་པའི་མདུན་ལམ་ཁ་གང་ཞིག་ཏུ་སྐོར་སྲིད་པ་ཚོད་དཔག་དང་གླེང་སློང་བྱེད་ཀྱི་ཡོད། ང་ཚོས་བོད་མི་ཞིག་རྒྱ་ནག་གི་དབུ་ཁྲིད་དུ་སླེབས་རྒྱུའི་རེ་བ་བརྒྱག་གི་མེད། ང་ཚོས་བོད་མི་ས་ཡ་དྲུག་གི་ཐོབ་ཐང་། བོད་ཀྱི་རིག་གཞུང་། བོད་ཀྱི་འཁོར་ཡུག བོད་ཀྱི་མི་འབོར། བོད་ཀྱི་ངོ་རྟགས། བོད་མིའི་རང་དབང་སོགས་རྩོད་ཀྱི་ཡོད། དམིགས་ཡུལ་དེ་འགྲུབ་མི་སྲིད་མོད། གལ་སྲིད་སེང་གེ་རྒྱ་ནག་གི་སྲིད་འཛིན་བྱེད་དུ་བཅུག་པ་ཡིན་ན་ཁོའི་དམིགས་ཡུལ་དང་འཐབ་རྩོད་རྫོགས་སོང་བ་འདྲ། ང་ཚོས་འདི་ཙམ་ལ་རེ་བ་བྱེད་ཀྱི་མེད།
ཨོ་བྷ་མས་རྒྱ་ནག་མཉམ་དུ་ཚོང་ཕོག་སོང་ན་འགྲོ་བ་མིའི་ཐོབ་ཐང་སོགས་འཛམ་གླིང་སྤྱི་ཁྱབ་ཀྱི་དགོས་འདུན་དག་བློས་གཏོང་རྒྱུ་གྲ་སྒྲིག་ཡོད་ཀྱང་། རྒྱ་ནག་གིས་ཁོའི་དམིགས་ཡུལ་དེ་ཙམ་ཡང་ལས་སླ་བོ་བདག་པོ་བརྒྱག་གི་མེད་རེད། བྱས་ཙང་ཨོ་བྷ་མས་སྣེ་ཁྲིད་པའི་ཨ་རིའི་སྲིད་གཞུང་ནི། རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར་ཟེར་བའི་གནས་སུ་ལྷག་བཅུག་ཡོད་རེད། བློ་བཟང་རྨི་ལམ་དེ་ཡང་དེ་མཚུངས་རེད། བློ་བཟང་རང་ཉིད་རྒྱ་ནག་གི་དབུ་ཁྲིད་བྱེད་མ་ཐུབ། བོད་མིའི་འཐབ་རྩོད་ཀྱི་ནང་དོན་བརླག་གཏོང་རྒྱུ་དེ་རེད།
ནོར་བཅོས།
རྒྱ་ནག་གི་དཔོན་པོ་བྱེད་རྒྱུའི་སེང་གེའི་དམིགས་ཡུལ་དེ་འགྲུབ་མི་སྲིད་མོད། གལ་སྲིད་འགྲུབ་པའི་དབང་དུ་བཏང་ན། སེང་གེ་རྒྱ་ནག་གི་སྲིད་འཛིན་བྱེད་དུ་བཅུག་པ་ཡིན་ན་ཁོའི་དམིགས་ཡུལ་དང་འཐབ་རྩོད་དེ་ནས་རྫོགས་སོང་བ་འདྲ། ང་ཚོས་འདི་ཙམ་ལ་རེ་བ་བྱེད་ཀྱི་མེད།
བོད་ཀྱི་ཨོ་བྷ་མ་ཟེར་ཚིག་འདིས་བོད་མི་རྣམས་ནི། སེམས་འཚོར་རིང་ལུགས་པ་ཡིན་པ་མཚོན་ཐུབ། རྒྱ་རིགས་ལི་ཞོག་པོ་བཙོན་གྲོལ་བྱས་ནས། ཁོང་རྒྱ་ནག་གི་དམངས་གཙོའི་སྲིད་འཛིན་གྱི་གོ་སྐབས་རག་ན་ཡང་། ཨ་རི་ཨོ་བྷ་མའི་ཉེས་འཁྲིས་སུ་ཡང་སླེབས་དཀའ་བ་ཡིན་པ། དེ་ཚོ་ལ་བསམ་བློ་ཐོངས་དགོས་འདུག
བློ་སེང་ལ་ཁག་ཆེར་མེད། ཁོས་གཏམ་བཤད་བྱེད་སྐབས་ལོ་གཉིས་ཀྱི་རྗེས་ལ་ཁོ་རང་གིས་བཤད་པའི་སྐད་ཆ་དེ་ལ་རྙོག་གྲ་ཡོང་རྒྱུ་ཡིན་པ་ཤེས་མེད། སྐབས་དེར་བོད་པ་གཅིག་ཀྱང་མེད་ཙང་ཁོས་ཕྱི་རྒྱལ་བ་ཚོའི་མདུན་འཇོན་མདོག་བྱས་ནས་བཤད་པ་ཞིག་རེད། མ་གཞི་མི་འདིས་སྔ་བསམ་ཕྱི་བསམ་རྩ་བ་ནས་ཤེས་ཀྱི་མེད་ཚོད། དེ་འདྲ་ཡིན་ཙང་ཁོས་བོད་རྒྱལ་ཁབ་ཀྱི་དཔོན་པོ་བྱེད་རྒྱུ་ཁག་པོ་བྱས་འདུག འོན་ཀྱང་ཁོ་ལ་གོ་སྐབས་ཤིག་སྤྲོད་དང་དེ་ནས་ཤེས་ཡོང་གི་རེད། གསེར་དང་རག་གང་ཡིན་ཀ་གཞུ་ཀ་ལ་བརྡར་ན་ཤེས་ཞེས་པ་ལྟར་རེད།
ཀརྡོ་འདིས་ཡི་གེ་ཀློག་མི་འདུག་ལ་ཞིབ་འཇུག་ཀྱང་བྱེད་ཤེས་ཀྱི་མི་འདུག རྒྱ་ནག་གི་ཨོ་བྷ་མ་བྱེད་ཀྱི་ཡིན་ཟེར་མཁན་བློ་སེང་ཡིན་པ་ལས་བོད་མིའི་སེམས་ཚོར་མ་རེད། ཁྱེད་ཀྱིས་བློ་སེང་གིས་ཚོགས་ཐོག་བཤད་པའི་སྐད་ཆ་ལ་བརྟག་དཔྱད་གྱིས། བློ་སེང་གིས་ཨོ་བྷ་མ་དང་བསྡུར་བ་བྱེད་ཀྱི་ཡོད་པ་རེད། མ་ཟད་བློ་སེང་གིས་བཀྲམས་པའི་དེབ་ལྗང་ཁུ་དེའི་ནང་ལ་ཡག་པོ་ལྟོས་ཤིག ད་དུང་རྡ་ས་དང་གཞིས་ཆགས་ནང་བཤད་པའི་གཏམ་བཤད་ལ་ལེགས་པར་ཉོན།
དྲ་གྲོགས་ཚོའི་བསམ་ཚུལ་སྟོན་དགའ་བསུ་ཞུ་།
ཡིན་ན་ཡང་དྲ་གྲོགས་འགའ་ཞིག་གིས་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་མ་ཉེས་སྐྱོན་འཛུག་དང་ཕྱོགས་རིས་ཀྱིས་ཁོང་ནག་པོ་བཟོ་ན་ཧ་ཅང་བློ་ཕམ་ཆེ་། ཡང་མཚན་དགོས་པ་ཞིག་ལ་བཀྲས་མཐོང་གིས་གཞུང་དངུལ་འབུམ་༧༠༠ཙམ་སྐོག་ཟ་ཟས་པ་ཁ་བརྡ་ཚང་གི་དྲ་གྲོགས་སུ་ཞིག་གི་བགྲོ་གླེང་མི་བྱེད་པ་གང་ཡིན་ནམ་།
ང་ཚོའི་བཙལ་འབྱོར་གཞུང་འདིའི་མགོ་འཁྲིད་ནི་སྐོག་ཟ་རུལ་སུངས་དང་ཕྱོགས་རིས་ཐེན་འཁྱེན་གྱི་མི་ངན་ཞིག་ནམ་ཡང་མི་དགོས་། གུས་པས་རེ་འདུན་བྱས་ས་ནི་གཞིས་བྱིས་གཉིས་ཀའི་རེ་འདུན་བྱས་ས་མཁས་དབང་བློ་བཟང་སེང་གེ་མཆོག་རང་ལས་གཞན་ད་ལྟར་གང་ཡང་མ་བརྙེད་དོ་།།
ཨ་ཁ། དུས་ངན་སྙིགས་མ་འདི་ལ་སྟོན་པའི་རྗེས་འཇུག་ཏུ་ཁས་འཆེ་བ་འདི་ལྟ་བུ། སངས་རྒྱས་བསྟན་པའི་ཞབས་འདྲེན་རང་རེད། ཆོས་པའི་གཟུགས་སུ་སྣང་ལ་ཤེས་རྒྱུད་གདོལ་པ་ལས་ཀྱང་ཐུ་བ། མི་ཡི་ཤ་གཟུགས་ཕྱུགས་ཀྱི་འདུ་ཤེས་ཅན། ཁྱེད་ཀྱིས་བསྟན་རྣམ་ལགས་རྐུན་པོ་ཡིན་པའི་དཔང་རྟགས་ཆ་ཚང་སྟོན་རྒྱུ་ཡོད་དམ། དཔང་རྟགས་མེད་པར་མི་ལ་གཞི་མེད་སྙོན་འཛུགས་བྱས་ན་ཁྱོད་ཀྱི་དམ་ཚིག་སྡོམ་པ་གང་དུ་འགྲོ མ་གཞི་ནས་ཁྱོད་ལ་དམ་སྡོམ་མེད་པ་འདྲ། ཁྱིམ་པ་ལས་ཀྱང་ཐབས་སྐྱོ་བ་འདུག བརྟག་དཔྱད་མཐིལ་ཕྱིན་བྱས་ནས་དཔང་རྟགས་ཁུངས་བཙན་རྙེད་ན་སྐྱོ་འཛུགས་བྱས་ཆོག ཁྱེད་རང་ཕྱོགས་ཞེན་གྱིས་བློ་གྲོས་ཀྱི་མིག་ལྡོངས་འདུག
BBCལགས། བློ་སེང་ལགས་ལ། བོད་ཀྱི་ཨོ་བྷ་མ་བཏགས་མཁན་དེ་ཚོ་ལ། བོད་མི་སེམས་འཚོར་རིང་ལུགས་པ་རེད་ཟེར་བགྱིད་ཡོད། ད་གསལ་པོ་ཆགས་ངེས།
ད་དུང་བློ་བཟང་སེང་གེ་རྒྱ་ནག་ལ་སོང་སྟེ་རྒྱ་ནག་གི་མཐོ་སློབ་ནང་སྐད་ཆ་ག་འདྲ་བཤད་ཡོད་མེད་ཤེས་རྒྱུ་ཧ་ཅང་གལ་ཆེ་བས་དེ་སྐོར་ཁུངས་ལྡན་མཁོ་སྤེལ་ནུས་ན་མཁོ་ངེས་དང་ཕན་ངེས་འདུག
དབྱངས་ཅན་སྒྲོལ་དཀར།
ངས་སྔོན་འགྲོའི་འོས་ཤོག་བློ་བཟང་སེང་གེ་ལགས་ལ་ཕུལ་པ་ཡིན། རྒྱུ་མཚན་དང་ཐོག་ཁོང་ལ་རྒྱུས་མངའ་དེ་ཙམ་མེད་པ་དང་། ཁོང་གི་ལྟ་བ་ལངས་ཕྱོགས་དང་སྐད་ཆ་བཤད་པ་ཁག་ལ་ཉམས་ཞིབ་དོ་ནན་བྱེད་རྒྱུ་མ་བྱུང་པས་ལན་པ་རེད། འོན་ཀྱང་དངོས་གཞིའི་སྐབས་ངའི་འོས་ཤོག་གཅིག་པོ་ཁོང་ལ་ཕུལ་ཐུབ་ས་མ་རེད། མི་ཐུབ་◌པའི་རྒྱུ་མཚན་གཤམ་གསལ་ཁག་ཡིན།
དང་པོ། ཁོང་གི་སྔ་ཕྱིའི་སྐད་ཆ་ལ་ནང་འགལ་མང་པོ་འདུག ཁོང་གིས་ཁོར་ཡུག་མི་འདྲ་བ་རེ་ནས་སྐད་ཆ་མི་འདྲ་བ་རེ་ཤོད་ཀྱི་འདུག གདོང་པ་མ་འདྲ་བ་རེ་ལ་ལྟས་ནས་སྐད་ཆ་མ་འདྲ་བ་རེ་ཤོད་ཀྱི་འདུག དེ་ནི་ཁོང་གི་ཐུགས་གཤིས་བརྟན་པོ་མེད་པ་དང་། ཁོང་གི་གཤིས་ཀ་འགྱུར་ཆོག་ཆོག་ཡོད་པའི་མཚོན་རྟགས་དངོས་གནས་པ་དེ་རེད། སོང་ཙང་སྐབས་འཚོལ་བ་ཞིག་བཀའ་ཁྲི་ལ་བསྐོས་པ་ཡིན་ན་མང་ཚོགས་ལ་རྡབ་སིག་ཕོག་རྒྱུ་དང་། སྤྱི་དོན་འཐུས་ཤོར་འགྲོ་རྒྱུ་ལས་མ་འདས།
ཁོང་གི་སྐད་ཆ་མང་བོ་ཞིག་གནས་སྐབས་ཤེས་ཡོན་མེད་མཁན་དང་། ཉམས་མྱོང་མེད་མཁན་གཞོན་སྐྱེས་ཚོ་འགུག་ཐབས་ཀྱི་སྐད་ཆ་རྫིག་པོ་ཙམ་མ་གཏོགས་ལག་ལེན་ལ་བསྟར་ཀྱི་མེད་པའི་སྐད་ཆ་སྟོང་པ་མང་ཤོས་རེད། ཁོང་སྤོབས་པ་མཐོ་དྲག་ནས་མི་མང་དཀྱུས་མའི་བསམ་ཚུལ་ལ་ཉན་འཇོག་བྱེད་ཐུབ་ཀྱི་མི་འདུག མི་གཞན་གྱི་བསམ་ཚུལ་དང་སྐད་ཆ་ལ་བརྩི་འཇོག་རྩ་ནས་གནང་ཐུབ་ཀྱི་མི་འདུག དེ་ནི་མི་མང་གི་བདེ་སྡུག་ལ་ལྟ་མཁན་བཀའ་ཁྲི་ཞིག་ལ་མ་ཚང་པའི་སྐྱོ་གནས་ཆེ་ཤོས་ཞིག་རེད་དྲན།
གཉིས་པ། ཁོང་ནས་ཕྱི་རྒྱལ་པ་ཚོ་ལ་བོད་ཀྱི་གནས་སྟངས་ཤོད་དུས་དགོན་པ་དང་གྲྭ་བཙུན་ཚོ་ལ་སྨད་ར་མང་པོ་གཏོང་གི་འདུག ཁོང་ཚོས་ལོ་རྒྱུས་ཐོག་བོད་ལ་གནོད་བསྐྱལ་པ་དང་། ད་ལྟ་མང་གཙོའི་ལམ་དུ་འགྲོ་རྒྱུ་ལ་གནོད་སྐྱེལ་ཀྱི་ཡོད་སྐོར་མང་པོ་ཤོད་ཀྱི་འདུག ཡང་གྲྭ་ཚང་དང་དགེ་འདུན་པ་ཚོ་དང་ཐུག་དུས་སྐད་ཆ་མ་འདྲ་བ་ཤོད་ཀྱི་འདུག ཁ་གཅིག་གི་ནང་ལ་ལྕེ་གཉིས་ཡོད་པ་ནི་དུག་སྤྲུལ་གྱི་ལས་ཀ་རང་རེད།
གསུམ་པ། སྦོ་སི་ཌོན་ནང་ལ་སྡོད་མཁན་བོད་པ་ཚང་མ་ཁོང་ལ་འདོད་མོས་མི་འདུག གང་ལགས་ཤེ་ན། ཁོང་ནམ་རྒྱུན་ས་གནས་བོད་མིའི་བོད་དོན་ལས་འགུལ་ཁག་ནང་མཉམ་ཞུགས་གནང་གི་མེད་པ་དང་། ཁོང་ལོ་མང་རིང་བོད་མི་ལ་དགྲ་ནང་བཞིན་ལྟ་མཁན་རྒྱ་མོ་ཞིག་དང་མཉམ་སྡོད་བྱས་པའི་རྐྱེན་པས། ས་གནས་བོད་མི་རྣམས་ཁོང་ལ་ཡིད་ཐང་ཆད་ནས་འདུག ཁོང་ལ་རྒྱུས་མངའ་ཡོད་མཁན་ཚང་མ་ཁོང་ལ་ཞེ་མེར་ལངས་ཀྱི་ཡོད། ཁོང་གི་མགོ་བདེ་དང་ཁྲམ་རྟགས་མང་པོ་གནས་སྐབས་རེ་རེ་བཞིན་བགྲང་མ་དགོས་བྱེད།
བཞི་པ། ཕྱི་ལོ་༢༠༠༧ ལོར་བོད་གཞུང་བཀའ་ཤག་ནས་བཀོད་སྒྲིག་འོག་ལྡི་ལི་མགྲོན་ཁང་སྐད་གྲགས་ཆེ་བ་ཞིག་ཏུ་འཚེ་མེད་ཞི་བའི་ཟབ་སྦྱོང་གནང་སྐབས། ཁོང་ནས་དཔྲ་ཕྲུག་ངག་དབང་གི་བུ་མོ་མགྲོན་ཁང་དུ་ཁྲིད་ཡོང་ནས་སྐུ་ངོ་བཀའ་བློན་བློ་བཟང་སྙན་གྲགས་དང་ཁོང་ཚོ་མི་མང་མདུན་དམར་ཧྲེང་ངང་ཁྲུས་རྫིང་ནང་ཆགས་རྩེད་ཐལ་ཆ་ཅན་བྱས་པས། བོད་གཞུང་གི་གནད་ཡོད་མི་སྣ་ཚོ་ཁོང་གི་བྱ་སྤྱོད་ལ་ཞེ་མེར་ལངས་ཞིང་། དེ་ནས་མགྲོན་ཁང་ནང་ཆགས་སྤྱོད་གནང་། ཁོང་གིས་ཆགས་སྤྱོད་གནང་ནས་སྐུ་ངོ་བཀའ་བློན་བློ་བཟང་སྙན་གྲགས་ལགས་ལ་ངོ་སྤྲོད་གནང་བའི་རྐྱེན་བྱས་ནས། བློ་སྙན་ལགས་ཀྱི་མཚན་མཐོང་ཉམས། བཀའ་བློན་ཤོར། བློ་སྙན་མི་ཚེ་འཕྲོ་རླག་འགྲོ་བ་བློ་བཟང་སེང་གེ་ལགས་ཀྱི་གནང་བབ་དང་འབྲེལ་བ་ཆགས། གནས་ཚུལ་འདི་བདེན་པ་ཡིན་མིན་སྐབས་དེའི་ཟབ་སྦྱོང་ལ་ཞུགས་མཁན་ཚང་མས་ཤེས་ཀྱི་ཡོད་པས་ཡིད་མ་ཆེས་པ་ཚོས་ཉམས་ཞིབ་གནང་རོགས།
བློ་སེང་ལགས་ནས་ནམ་རྒྱུན་རང་གི་བཟའ་ཚང་ཕྲུ་གུ་ལ་མགོ་སྐོར་བཏང་ནས་སྐྱེ་དམན་གང་བྱུང་དང་ཆགས་སྤྱོད་གནང་གི་ཡོད་བརྟེན་ཁོང་བཀའ་ཁྲི་ལ་བསྐོས་པ་ཡིན་ན། གཤམ་འོག་ལས་བྱེད་བུད་མེད་ཚོ་ལ་དཀའ་ངལ་འཕྲད་རྒྱུ་ཤོད་མ་དགོས་པ་ཞིག་དང་། བཀའ་ཤག་ལས་ཁང་ཆགས་སྤྱོད་གནང་ས་ཞིག་ཏུ་འགྱུར་མི་སྲིད་པ་མ་རེད། ཀུན་སྤྱོད་དེ་འདྲ་ཁྱེར་མཁན་བཀའ་ཁྲི་ལ་ལན་པོ་མ◌ེད་པ་མཐོང་བྱུང་།
ལྔ་པ། བློ་སེང་ལགས་ཀྱིས་ད་ལྟའི་བར་ལས་ཀ་འདི་བྱས་བཞག་ཟེར་པ་ཞིག་མེད། ཕྱི་ལོ་༢༠༠༤ ལོར་ལྡི་ལི་ཆུ་སྒང་བྱེད་གཏེ་ཚོས་ཐའི་ཝན་བོད་སོག་ལས་ལས་ཁུངས་མཉམ◌་ཆིངས་ཡིག་བཞག་སྐབས། བློ་སེང་སོགས་མི་ཁ་ཤས་ཤིག་ནས་ལི་ཐང་ཨ་ཐར་ཅན་ལ་མ◌ི་འདོད་པའི་རྣམ་འགྱུར་སྟན་པའི་སྐད་ཆ་ཞིག་ཡོད་རེད། དེའི་གཟིགས་གསོལ་ལ་ཁོང་ཨ་རིར་སློང་སྦྱ◌ོང་འགྲོ་བའི་གོ་སྐབས་རག་པ་རེད། ཡིན་ནའི་ཁོང་ནས་བོད་གཞུང་ཤེས་རིག་ལས་ཁུང་མཉམ་གན་རྒྱ་བཞག་པ་བརྩིས་མེད་ཀྱིས་ཨ་རི་ནས་ཕྱིར་ལོག་བྱས་མེད། ཨ་རི་ནང་ལོ་གཉིས་ཀྱི་སློབ་སྦྱོང་ལ་ཕེབས་ནས་ལོ་བཅུ་རིང་བོད་གཞུང་དང་འབྲེལ་བ་རྩ་ནས་གནང་མེད། ཕྱི་ལོ་༢༠༠༤ ལོར་གཞི་ནས་བོད་གཞུང་དང་མཉམ་དུ་དེའི་སྐོར་སྐད་ཆ་ཞིག་བྱུང་པ་སྐོར་གོ་རྒྱུ་ཡོད། དེ་ནི་ཁོང་གི་དམིགས་ཡུལ་ལྡན་པའི་འཆར་གཞི་ཞིག་ལས་བོད་གཞུང་ལ་བརྩི་བཀུར་ཞུས་པ་མཚོན་ཐུབ་ཀྱི་མེད།
དྲུག་པ། སྔོན་ཆད་ཝ་ཤིན་ཀྲོན་ཌི་སི་ནས་བློ་སེང་ལགས་ཀྱིས་ཁོང་རྒྱ་མིའི་ཨོ་བྷ་མ་བྱེད་ཀྱི་ཡིན་གསུངས། རང་བཙན་འཐབ་རྩོད་པ་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་བློ་སེང་གི་བསམ་ཚུལ་དང་བཀའ་མོལ་དེ་ལ་སྐྱོན་བརྗོད་རྩོམ་ཡིག་སྤེལ། བློ་སེང་དེ་ལ་མ་དགའ་པར་འཇམ་དབྱངས་ནོར་བུ་ལགས་སུ་ཁ་པར་ཕུལ་ཏེ་ཁོང་གཉིས་ཀྱིས་རྒྱུན་རིང་ཁ་པར་ནང་རྩོད་པ་བརྒྱབ་ཀྱང་བསམ་ཚུལ་གཅིག་མཐུན་མ་བྱུང་སྐོར་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཡང་བསྐྱར་རྩོམ་ཡིག་སྤེལ་གནང་ཡོད། རྒྱ་མིའི་ཨོ་བྷ་མ་གནང་འདོད་ཡོད་མཁན་ཞིག་བོད་ཀྱི་བཀའ་ཁྲི་ལ་ཕེབས་པ་ཡིན་ན་ཁྱད་མཚར་མ་རེད་དམ། གོང་ཞུས་རྒྱུ་མཚན་དེ་འདྲའི་རྐྱེན་པས་ངའི་བསམ་བློ་ལ་འགྱུར་བ་ཕྱིན་སོང་། སོང་ཙང་དངོས་གཞིའི་སྐབས་ངས་ཁོང་ལ་འ◌ོས་ཤོག་ཕུལ་ཐུབ་ཀྱི་མི་
བཀུར་འོས་བསྟན་འཛིན་ཆོས་འཕེལ་ལགས་སུ་ཐུགས་ལྷོད་ལ་བབས་ཤིང་།་བློ་རྣལ་དུ་གནས་རྒྱུའི་རེ་བ་དང་བཅས་གཤམ་དུ་བློ་སེང་གི་སློབ་གནས་སྐོར་ཞུ་ན།
བློ་སེང་ཧ་ཝར་ཌེ་སློབ་ཐོན་བྱས་པ་དོན་དངོས་རེད།་འོན་ཀྱང་ཧ་ཝར་ཌེ་ནས་ཐོན་ཚད་ལ་མཁས་དབང་ཞེས་བརྗོད་ཀྱི་མེད།་་་བློ་སེང་གི་ཧ་ཝར་ཌེའི་སློབ་གནས་ནི་ཌོག་ཌར་ཞེས་འབོད་སྲོལ་ཡོད་ཅིང་ཌོག་ཌར་ཡིན་ཚད་དབང་ཡིན་པའི་ངེས་པ་མེད་པས་དེ་ནི་ངའི་དཔྱད་གཞི་ཙམ་ཡིན་པས་ཉེན་ཁ་ཆེར་མེད་ཐུགས་ཀློང་མི་འཁྲུགས་པའི་འབོད་སྐུལ་ཞུ།
དྲ་གྲོགས་བསྟན་འཛིན་འཕགས་པ་ལགས་སུ་ཞུ་རྒྱུར།་་
སྐུ་ཉིད་ཀྱིས་ཤེས་ཀྱང་མ་ཤེས་ཁུལ་གནང་བ་ཡིན་ནམ།་་བཀྲས་མཐོང་མཆོག་གི་དངུལ་བཟས་ཟེར་བའི་གཏམ་འཆལ་དེ་རིགས་ཕྱི་གསལ་ནང་གསལ་དང་།་ས་རིས་ཐང་གསལ་ཆགས་ཟིན་པའི་གནས་རྙིང་པ་བསྐྱར་གླེང་བྱས་ན་གླེན་རྟགས་ཡིན་པ་ཚང་མས་ཤེས་ཀྱི་ཡོད་སྟབས་དེའི་སྐོར་གླེང་གི་མེད།་
བློ་སེང་གི་གདོང་རིས་ངོ་མ་དང་འཆལ་པོ་རྐུབ་ཀྱོ་ག་གི་རྗེས་ཤུལ། དབྱངས་ཅན་སྒྲོལ་དཀར་ཞེས་པས་དག་འབུད་བྱས་པ་ལྟར་ན།
དང་པོ། ཁོང་ནས་ཕྱི་རྒྱལ་པ་ཚོ་ལ་བོད་ཀྱི་གནས་སྟངས་ཤོད་དུས་དགོན་པ་དང་གྲྭ་བཙུན་ཚོ་ལ་སྨད་ར་མང་པོ་གཏོང་གི་འདུག ཁོང་ཚོས་ལོ་རྒྱུས་ཐོག་བོད་ལ་གནོད་བསྐྱལ་པ་དང་། ད་ལྟ་མང་གཙོའི་ལམ་དུ་འགྲོ་རྒྱུ་ལ་གནོད་སྐྱེལ་ཀྱི་ཡོད་སྐོར་མང་པོ་ཤོད་ཀྱི་འདུག་ཟེར། འདི་དངོས་གནས་ཡིན་ན་ཧ་ཅང་གི་རྫབ་ཅན་ཞིག་རེད། བོད་ཀྱི་གྲྭ་བཙུན་རྣམས་ལོ་རྒྱུས་ཀྱི་ཉེས་ཅན་པ་དང་། དམངས་གཙོའི་བཀག་རྡོ་ཆགས་འདུག གྲྭ་བཙུན་ཞེས་པའི་ཁོངས་སུ་༸གོང་ས་མཆོག་ཀྱང་ཚུད་ཡོད། འདི་ངོས་ལེན་བྱ་ཐབས་མེད། དེ་འདྲ་སོང་ཙང་ཁོས་ཕྱི་རྒྱལ་བའི་མདུན་གྲྭ་བཙུན་ལ་སྨད་ར་བཏང་བའི་དཔང་རྟགས་གཅིག་རང་མཁོ་འདོན་བྱེད་རོགས། དེས་འཐུས་པ་ཡིན། དེ་མིན་ཡིད་ཆེས་བྱ་ཁག་པོ་འདུག
གཉིས་པ། སྦོ་སི་ཌོན་ནང་ལ་སྡོད་མཁན་བོད་པ་ཚང་མ་ཁོང་ལ་འདོད་མོས་མི་འདུག གང་ལགས་ཤེ་ན། ཁོང་ནམ་རྒྱུན་ས་གནས་བོད་མིའི་བོད་དོན་ལས་འགུལ་ཁག་ནང་མཉམ་ཞུགས་གནང་གི་མེད་པ་དང་། ཁོང་ལོ་མང་རིང་བོད་མི་ལ་དགྲ་ནང་བཞིན་ལྟ་མཁན་རྒྱ་མོ་ཞིག་དང་མཉམ་སྡོད་བྱས་པའི་རྐྱེན་པས། ས་གནས་བོད་མི་རྣམས་ཁོང་ལ་ཡིད་ཐང་ཆད་འདུག་ཟེར། འདི་གནད་འགག་ཆེན་པོ་འདུག་ཀྱང་དོན་དངོས་ཡིན་མིན་བྷོ་སེ་ཊོན་གྱི་བོད་མི་རྣམས་ལ་དྲིས་ན་ཆུ་དངས་གྲམ་གསལ་ཆགས་རྒྱུ་རེད། འོན་ཀྱང་བློ་སེང་རྒྱ་ནག་ལ་དགའ་པོ་འདི་འདྲ་གང་ཡིན་ནམ། སྔོན་མ་ལི་ཐང་ཨ་ཐར་ནས་བོད་སོག་ལས་ཁུངས་མཉམ་དུ་བོད་འཚོང་རྩར་བཞག་སྟེ་གྲོས་ཆོད་བཞག་འདུག ད་ཡང་ལི་ཐང་བློ་སེང་ནས་བོད་ཚོང་རྩར་བཞག་སྟེ་རྒྱ་ནག་མཉམ་དུ་གྲོས་ཆོད་འཇོག་འདོད་པ་མིན་ནམ། དངོས་གནས་གཟབ་གཟབ་མ་བྱས་ན་ཞེད་སྣང་འདུག
གསུམ་པ། བློ་སེང་གིས་ཕྱི་ལོ་༢༠༠༧ ལོར་དཔྲ་ཕྲུག་ངག་དབང་གི་བུ་མོ་བཀའ་བློ་སྙན་སོགས་མི་བདུན་གྱི་མདུན་དམར་ཧྲེང་ཕུད་ནས་མོའི་མ་རྩ་བ་གཏོར་བ་ཡིན་ན་དཔེ་མི་སྲིད་པའི་རྫབ་ཆེན་རེད། དངོས་གནས་བྱས་ན་དཔྲ་ཕྲུག་ཚང་བཟོད་སྒོམ་བྱེད་ཐུབ་ཐབས་མེད། ད་ཡིན་ན་ལྟད་མོ་འདུག ད་བློ་བཟང་སྙན་གྲགས་དྲང་པོ་བྱེད་པའི་དུས་ལ་བབ་འདུག བཞི་པ། བློ་སེང་ལགས་ནས་ནམ་རྒྱུན་རང་གི་བཟའ་ཚང་ཕྲུ་གུ་ལ་མགོ་སྐོར་བཏང་ནས་སྐྱེ་དམན་གང་བྱུང་དང་ཆགས་སྤྱོད་གནང་གི་ཡོད་བརྟེན་ཁོང་བཀའ་ཁྲི་ལ་བསྐོས་པ་ཡིན་ན། གཤམ་འོག་ལས་བྱེད་བུད་མེད་ཚོ་ལ་དཀའ་ངལ་འཕྲད་རྒྱུ་ཤོད་མ་དགོས་པ་ཞིག་དང་། བཀའ་ཤག་ལས་ཁང་ཆགས་སྤྱོད་གནང་ས་ཞིག་ཏུ་འགྱུར་མི་སྲིད་པ་མ་རེད།
ཞེས་པ་འདི་རེད། འདི་ཡང་བསམ་བློ་གཏོང་དགོས་པ་ཞིག་རེད། བཀའ་ཤག་ལས་ཁུངས་གཞང་ཁང་ཆགས་པ་ཡིན་ན་འདི་གནས་ཚུལ་ཐབས་སྐྱོ་པོ་ཞིག་དང་༸གོང་ས་མཆོག་གི་མཚན་སྙན་འཛད་གཞི་ཞིག་རེད། མཐའ་དོན་དྲི་དགོས་པའི་དྲི་བ་གཅིག་རང་ཡོད་པ་ནི་དབྱངས་ཅན་སྒྲོལ་དཀར་ལགས་ཀྱི་མ་རྩའང་བློ་སེང་ནས་གཏོར་བ་མ་རེད་དམ། ཡིན་ན་ཁ་མཆུ་རྒྱག་པའི་དུས་ལ་བབ་འདུག་གོ ། དགོངས་འགལ་མེད་པ་མཁྱེན། སྐུ་རྩེད་ཞུས་པ་ཡིན།
དེང་སྐབས་དཔྲ་ཕྲུག་བུ་མོར་བཟའ་ཟླ་ཡོད་དང་མེད། མོ་ལ་ཕྲུ་གུ་ཡོད་དང་མེད། དོགས་པའི་གནས་མང་པོ་འདུག
བློ་སེང་ལ་རྒོལ་བའི་མི་བུ་དག་གིས་བརྒྱ་བཤད་སྟོང་སྐོར་གྱི་སྐྱོན་འཛུགས་ག་རེ་བྱེད་ཀྱང་ཁོང་ལ་གནོད་རྒྱུ་ལྟར་ཕར་ཚད་སོ་སོ་ཡི་རྫུན་ཚང་མང་དུ་མཐོང་ཡོང་གི་འདུག། ད་གང་གྲག། ཧཧཧཧ་་་་་་་་ ཁྱོད་རྣམས་ཀྱིས་རྫུན་ཚིག་དེ་ཚོར་ཉིན་ཤས་ཙམ་ལས་ཚེ་ཚོད་མི་འདུག། གང་ལྟར་ཁྱོད་རྣམས་ཀྱི་ཁོག་ནང་མེ་འབར་སྣ་ནས་དུ་བ་ཐོན་ཐོན་བར་དུ་ཁོང་ལ་སྐྱོན་འཛུགས་བྱེད་ཀྱང་ཁོང་གི་བཀའ་བློན་ཁྲི་པའི་འོས་ཤོག་ལ་འགྱུར་བ་ཅུང་ཟད་ཀྱང་གཏོང་མི་ཐུབ་བོ། ངས་འདིར་བཤད་ཟིན་ཁྱོད་རྣམ་པས་གཟིགས་ཨ། ཧཧཧཧ བོད་ཆོས་སྡེའི་ཞིང་ཁམས། ཤ་རེས་གཅིག་པའི་སྤུན་ཟླ། བྱམས་དང་སྙིང་རྗེས་སྐྱོང་པའི་སྤུན་ཟླ། དམ་ཚིག་རྡོ་རྗེའི་སྤུན་གྲོགས། བོད་མིའི་ཡར་རབ་བཟང་སྤྱོད་་་་་་། བོད་མིའི་ནང་ཆོས་ཀྱི་རིན་མཐོང་དེ་དངོས་གནས་་་་་་་་་་་།
གལ་སྲིད་བློ་བཟང་སེང་གེར་བཀའ་ཁྲི་ཐོབ་པ་ཡིན་ན། བོད་གཞུང་གི་འཐབ་རྩོད་དེ་མི་སྒེར་གཅིག་གི་གོ་གནས་སམ་ཁོ་རང་རྒྱ་མིའི་དཔོན་པོ་བྱེད་ཐུབ་རྒྱུར་དོན་མེད་ཀྱི་འབད་བརྩོན་བྱ་རྒྱུ་དེ་རེད། བོད་དོན་བརླག་རང་དོན་མ་འགྲུབ་པར་ལྷག་གི་རེད། ང་ལྟ་བུར་ཕན་གནོད་མེད། སྔ་མོ་ནས་བོད་པའི་སྤྱི་ཚོགས་ལ་རྒྱུས་ཡོད་ཡི་ན་པས་གྲ་སྒྲིག་སྡུག་ས་ནས་བྱེད་ཤེས་ཡོད། སུ་ཐོབ་ནའང་ང་ལ་ཕམ་ཁ་མེད་པས་བསྟན་འཛིན་ཆོས་འཕེལ་དགའ་བ་དོན་མེད་རེད།
དྲ་གྲོགས་བསྟན་འཛིན་ཆོས་འཕེལ་ལགས།་
སྐུ་རླུང་དེ་འདྲ་གནང་དགོས་ཨེ་འདུག་་་ང་ཚོས་དྲ་བའི་ནང་བློ་སེང་ངོ་མ་དེ་དམངས་ཀྱིས་ཤེས་ཆེད་བློ་སེང་གི་དགེ་སྐྱོན་གཉིས་ཀ་གླེང་དགོས་པ་ལས།་་བསྟོད་བསྔགས་རྐྱང་བྱས་བསྡད་ན་དགེ་མཚན་ཆེར་མེད།་
ད་ལྟ་འགག་རྩའི་དུས་ཚོད་འདིར་བཀའ་ཁྲིའི་འོས་མི་གསུམ་སོ་སོར་རྒྱབ་སྐྱོར་བྱེད་མཁན་སོ་སོའི་ངོས་ནས་དགེ་སྐྱོན་གཉིས་ཀ་གླེང་དགོས།་་ཡིན་ནའང་རྒྱུ་མཚན་ཁུངས་ལྡན་གྱི་དགེ་སྐྱོན་བརྗོད་དགོས།
དཔེར་ན།་བཀྲས་མཐོང་གིས་གཞུང་དངུལ་བཟས་སྐོར་གསལ་གཙང་ཆགས་ཡོད་ཀྱང་དེ་མིན་སྐྱོན་ཆེ་བའི་རིགས་ག་རེ་འདུག་གམ།
བློ་སེང་ལ་སྤྱིར་མི་ཞིག་ལ་ཡོད་སྲིད་པའི་སྐྱོན་ཡོད་པ་རྣམས་གལ་ཆེན་པོ་མིན།་་་དེ་མིན་བཀའ་ཁྲིར་མི་འོས་པའི་ཞན་ཆ་ཆེ་བ་ག་རེ་འདུག་གམ་ངེས་པར་གླེང་དགོས།
བཀྲས་དབང་ལ།་རང་ཚུགས་བརྟན་པོ་མེད་པ་དང།་་རང་ལ་ལྟ་བ་མེད་པ་ཕུད་དེ་མིན་སྐྱོན་ཆེ་བ་ག་རེ་འདུག་གམ་དེ་ཚོའི་ཕྱོགས་ནས་ངེས་ཞིབ་འཇུག་བྱས་ནས་བརྒྱུད་ལམ་ཚང་མ་ནས་བརྗོད་དགོས་པ་གལ་འགངས་ཆེའོ།
དྲ་གྲོགས་ལ་རྒྱའི་བདག་པོ་སོགས་ཁྱེད་རྣམས་ཀྱིས་བོད་དོན་ཐོག་ལ་ཐུགས་འཁུར་གནང་བར་དགའ།
འོན་ཀྱང་ཁྱེད་རྣམ་ཚོས་ཕྱོགས་གཅིག་དང་མི་དེའི་སྐྱོན་གྱི་ཕྱོགས་མ་གཏོག་དགེ་བའི་ཕྱོགས་སུ་ཟུར་ཆ་ཙམ་ཡང་གླེང་གི་མི་འདུག། དེ་བློ་ཟུར་བོར་གནས་པའི་དཔྱད་པ་རེད་པས། དེས་མི་དམངས་ལ་མི་དེའི་སྐྱོན་ཡོན་ཆ་ཚང་ངོ་སྤྲོད་ཐུབ་ཀྱི་རེད་པས། སྐད་ཆ་དེས་བློ་ཟུར་བོར་གནས་པའི་སྐྱེ་བོ་སུ་ཞིག་ལ་འདྲི་ཚེ་དེ་ཆགས་སྡང་རེད་ཟེ་བ་མ་གཏོགས་ལེན་གཞན་ཞིག་མེད། དེས་ཁྱེད་རྣམ་ཚོར་རྣམ་དཔྱད་དྲང་ཚུབ་མེད་པ་དང་ཆགས་སྡང་གི་ཕྱོགས་ཞེན་ཡིན་པ་དེ་ཉིད་ཀྱིས་གསལ་པོར་མཐོང་ཐུབ།
གནས་ཚུལ་དེའི་རིགས་ལ་ང་ཞེན་པ་ལོག་གིན་འདུག་མ་གཏོགས་གཞན་མི་གང་ཞིག་གིས་དེར་སྐྱོན་ཡོན་གྱི་ཕྱོགས་གཉིས་ཆར་བསམ་ཚུལ་གསུང་པ་ཡིན་ན་ངར་ལྟ་ཚུལ་གང་ཡང་མེད། མ་གཞི་བོད་མི་རིགས་ལ་བྱམས་སྙིང་རྗེ་དང་ཡར་རབས་བཟང་སྤྱོད་དང་ལྡན་པའི་མི་རིགས་ཡིན་གསུང་ཡ་དེ་དང་འདས་པའི་ལོ་རྒྱུས་ནང་ཆོས་ལུགས་དང་གྲུབ་མཐའི་བར་དཔོན་ཁག་དང་སྲིད་དབང་བར་ཡུལ་སྡེ་དང་ལུང་ཚན་བར་སོགས་ཀྱི་ཕྱོགས་སླུང་ཆགས་སྡངས་ཀྱིས་ད་ཆར་བོད་འདིའི་གནས་སྟོངས་ཐབས་སྐྱོར་པོ་འདི་བྱུང་བ་རེད། ད་དུང་དེར་འགྱུར་བ་ཞིག་མེད་ན་ཁ་བ་རིགས་པའི་ལས་དབང་དེར་འགྱུར་བ་ཞིག་ནམ་ཡང་འགྲོ་མི་སྲིད་དོ། ད་ངར་དེའི་སྐོར་བཤད་འདོད་མི་འདུག་རང་སེམས་སྡུག་ཏུ་སྦྱོར་ལས་མ་མཐོང་།
གདན་སའི་འོས་བསྡུའི་ཐད་བཀའ་ཁྲི་མཆོག་གི་བཀའ་སློབ།
༡༡ཚེས་༡༥ཉིན་གདན་ས་སེར་ར་བླ་སྤྱིའི་ཚོགས་ཁང་དུ།
ཆབ་སྲིད་ནང་ཆ་ཤས་ལེན་པའི་སྐབས་ལ་ཁྱིམ་པ་དང་མི་འདྲ་བར་རབ་བྱུང་ཡིན་པའི་འདུ་ཤེས་གསལ་བོ་ཞིག་མེད་པ་ཡིན་ན།སྐྱེས་བུ་ཕལ་བ་ཉོན་མོངས་རག་པའི་དབང་དུ་སོང་བ་དེ་ཚོས་བྱེད་སྟངས་ནང་བཞིན་བྱས་ནས་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད།དེ་འདྲ་བྱས་ནས་ཕེབས་པ་ཡིན་ན་རྗེས་མ་གྲྭ་ཚོགས་ཆེན་པོ་ཡོད་པའི་གདན་ས་དེ་ཚོ་ཆབ་སྲིད་པ་ཚོས་བེད་སྤྱོད་གཏོང་རྒྱུའི་ལག་ཆ་ཆགས་བསྡད་པ།ཆབ་སྲིད་པ་ཚོས་འོས་ཤོག་ལེན་སའི་མཛོད་འདྲ་བོ་བྱས་བསྡད་པ།ནུབ་ཕྱོགས་པའི་སྐད་ལ་ལབ་སྲོལ་ཞིག་ཡོད་པ་དེ་votebankའོས་ཤོག་གི་མཛོད་དེ་འདྲ་རབ་བྱུང་གི་སྡེ་ཡི་ནང་ཆགས་སོང་བ་ཡིན་ན།ཏན་ཏན་ཞབས་འདྲེན་ཆེན་པོ་རེད་བསམ་བསྡད་ཡོད།ཆོས་དང་མ་མཐུན་པ།འདུལ་བ་དང་མ་མཐུན་པ།ཡ་རབས་བཟང་སྤྱོད་དང་མ་མཐུན་པ།དགེ་འདུན་པའི་ནང་ཁྲིམས་དང་མ་མཐུན་པ།རབ་ཏུ་བྱུང་བའི་བཅས་ཁྲིམས་དང་མ་མཐུན་པ་བཅས་ཆགས་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད།དེ་འདྲ་སོང་བ་ཡིན་ཙང་རབ་ཏུ་བྱུང་བ་དེ་ཚོས་རབ་ཏུ་བྱུང་བའི་འདུ་ཤེས་མ་དོར་བའི་ཐོག་ནས་འོས་ཤིང་འཚམས་པའི་སྤྱི་ཚོགས་དང་ཆབ་སྲིད་ནང་ཆ་ཤས་བཞེས་སྟངས་དེ་མཐའ་གཉིས་སུ་མ་ལྷུང་བ་གནང་དགོས་དེ་གལ་ཆེན་པོ་ཞེ་དྲག་རེད།བར་ལམ་ཞིག་ནས་དེའི་སྐོར་ང་ལ་དམིགས་བསལ་ཚོར་སྣང་ཆེན་པོ་ཞིག་བྱུང་།
ཉེ་ཆར་རང་ང་མར་ཡོང་ཁར་དབུས་འོས་བསྡུ་སྤྱི་ཁྱབ་ལྷན་ཁང་གིས་སྤྱི་འཐུས་དང་བཀའ་བློན་ཁྲི་བའི་འོས་ཤོག་གསལ་བསྒྲགས་བྱས་པ་རེད།དེའི་སྐབས་ལ་གདན་ས་ཁག་གི་འོས་ཤོག་འཕེན་སྟངས་ཀྱི་འགྲོས་ཏེ་ཅིག་གོ་སོང་།སྐབས་དེར་ཡ་མཚན་པོ་འདྲ་བོ་དང་ཅུང་ཧང་སང་དགོས་པ་འདྲ་བོ་ཞིགགྲྭ་བ་ཚོས་དེ་འདྲ་གནང་གི་ཡོད་པ་རེད་པེ་བསམ་བསམ་འདྲ་བོ་བྱུང་།དེ་འདྲ་བྱས་པ་ན་གྲྭ་པ་ཚོས་ཆབ་སྲིད་ནང་ཆ་ཤས་བཞེས་དགོས་པ་རེད་ཅེས་ང་ཚོས་རྒྱུན་ལྡན་བཤད་བསྡད་པ་དེ་ཆོས་སྲིད་ཟུང་འབྲེལ་ཆགས་ཀྱིན་འགྲོ་ཡོད་དང་ཆོས་འགལ་རང་ལུགས་ཤིག་ཆགས་འགྲོ་ཡོད་ངེས་པ་མི་འདུག་བསམས་ན་ཞེད་སྣང་འདྲ་བོ་བྱུང་སོང་།དེ་ངས་ནང་ཚག་བྱས་ནས་ང་ལ་ཚོར་སྣང་གང་བྱུང་བ་དེ་འདིར་ཞུས་པ་ཡིན།