ཤེས་རབ་རིག་གྲོལ།
བཀའ་བློན་ཁྲི་པའི་འོས་མི་བློ་བཟང་སེང་གེ་མཆོག་གིས་༢༠༠༥ལོར་༼ཕྱིར་སྡོད་རྒྱ་མི།༽ཡིན་པ་ངོས་འཛིན་བྱས་ནས་རྒྱ་ནག་ནང་ཕྱིན་པ་དེ་བཞིན་ཟླ་གཉིས་པའི་ཚེས་༡༤ཉིན་དང་ཚེས་༡༥ཉིན་རྡ་རམ་ས་ལར་བློ་སེང་མཆོག་ནས་ཁ་གསལ་གྱིས་ཁས་ལེན་བྱས་ཡོད།¹
༢༠༡༡ ཟླ་༡ཚེས་༨ ཉིན་ཨ་མེ་རི་ཁའི་མེ་ནི་སོ་ཌར་གནས་ཚུལ་དེའི་ཐོག་དྲི་བ་དྲིས་པའི་ལན་དུ་ཁོང་གིས་གསུངས་པར་ཁོང་རྒྱ་ནག་དུ་འགྲོ་བའི་ལག་འཁྱེར་དེ་སྐུ་ཚབ་གཞན་ཚོ་ཕེབས་སྐབས་ཀྱི་ལག་འཁྱེར་དང་གཅིག་པ་རེད་གསུངས་ཡོད། གནས་ཚུལ་དེ་ནི་བརྙན་པར་ནང་ཁོང་རང་གི་དྲྭ་རྒྱའི་ནང་མཐོང་རྒྱུ་འདུག²
༢༠༡༡ཟླ་༢ ཚེས་༡༥ ཉིན་སླར་ཡང་ཟླ་བ་བློ་སྐྱིད་ཀྱི་དྲི་ལན་ལ་བློ་བཟང་སེང་གིས་སྐུ་ཚབ་ཚོ་དང་དེ་བཞིན་འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་སོགས་ལག་འཁྱེར་ཤོག་བུ་དཀར་པོ་དེ་འཁྱེར་ཏེ་ཕྱིན་ཚུལ་བཤད་ཡོད།
གནད་དོན་དེ་ནི་རྫབ་ཆེན་པོ་ཞིག་ཡིན་པ་དང་སྐུ་ཚབ་ཚོས་༼ཕྱིར་སྡོད་རྒྱ་མི་བྱས་ནས་༽ཕེབས་ཡོད་ན་ད་བར་བོད་དོན་བདེན་མཐའ་གསེལ་ཐབས་ལ་ཆ་རྐྱེན་ཡོད་པ་རྣམས་རྩེས་མེད་ཕྱིན་ཡོད།
དེར་བརྟེན་བོད་གཞུང་ངོས་ནས་སྐུ་ཚབ་སུ་༼ཕྱིར་སྡོད་རྒྱ་མི་བྱས་ནས་༽ཕྱིན་པ་དང་། ག་དུས་ཕྱིན་ཡོད་མེད། ཡང་ན་སྐུ་ཚབ་སུ་ཡང་༼ཕྱིར་སྡོད་རྒྱ་མི་བྱས་ནས་༽ཕྱིན་མེད་ལུགས་སོགས་གནས་ཚུལ་ཁ་གསལ་ཞིག་གཞུང་འབྲེལ་གྱིས་ཕྱིར་བསྒྲག་གནང་དགོས་པར་མཐོང་གི་འདུག
རྒྱུ་མཚན་ནི།
༡༽བློ་སེང་མཆོག་རྒྱ་སྤྱིའི་ཁྲིམས་ལུགས་ལ་མཁས་པ་ཡིན་པ་དང་། ཁོང་གིས་འབུམ་རམས་པའི་རྩོམ་དེ་ ༡༩༥༩ ནས ༢༠༠༤ བར་གྱི་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་དང་དམངས་གཙོ་འཕེལ་རིམ་ཐོག་བྲིས་པ་རེད། དེར་བརྟེན་གནས་ཚུལ་ཁ་གསལ་ཤེས་ཀྱི་ཡོད་རེད།
༢༽ གནད་དོན་དེ་རྫབ་ཆེན་པོ་དང་། གནད་འགག་ཡོད་པ་བློ་སེང་གིས་ཧ་གོ་བ་དང་ཁྲིམས་ཐོག་ནས་ནག་ཉེས་ཡོད་མེད་གསལ་པོ་ཤེས་ཀྱི་ཡོད་རེད།
༣༽ འབུམ་རམས་པ་བློ་བཟང་སེང་གེས་གསུངས་པའི་སྐད་ཆ་དེ། ད་ཆ་བོད་མིའི་བཀའ་བློན་ཁྲི་པའི་འོས་མིའི་ནང་ཡོད་པའི་མི་ཞིག་གིས་བཤད་པའི་སྐད་ཆ་རེད། དེར་བརྟེན་སྐད་ཆ་དེ་ནི་སྣང་ཆུང་དུ་བཞག་མི་འོས་པར་མཐོང་གི་འདུག
༤༽ཁོང་དང་འོས་མི་གཞན་ཚོས་བཤད་པའི་སྐད་ཆ་དང་ལས་མྱོང་བའི་བྱ་རྣམས་བོད་མི་ཚོས་ཕྱི་གསལ་ནང་གསལ་ཤེས་དགོས་ཀྱི་ཡོད་པ་ན། དེ་ནི་དམངས་གཙོ་ལོངས་སུ་སྤྱོད་པའི་བརྒྱུད་རིམ་ནང་མེད་དུ་མི་རུང་བའི་ཆ་རྐྱེན་ཡིན་པར་འདོད།
གཅིག་ནས། བོད་གཞུང་གིས་ད་ཆ་བོད་མི་ཚོར་གནད་དོན་དེའི་ཐོག་ཁ་གསལ་བཟོ་དགོས་པའི་དུས་ལ་སླེབ་འདུག
གཉིག་ནས། ད་ལམ་བོད་གཞུང་གིས་བློ་བཟང་སེང་གེ་ལགས་ཀྱིས་བཤད་པའི་སྐད་ཆ་དེ་སྣང་མེད་དུ་བཞག་པ་དང་། གནད་དོན་ཁ་གསལ་བཟོ་མ་ཐུབ་པ་ཡིན་ན་ཉེས་པ་དེ་ཡང་བོད་གཞུང་དང་། བཀའ་ཤག དེ་བཞིན་འོས་བསྡུ་ལྷན་ཁང་ལའང་མི་ཡོང་བ་མི་སྲིད།
གསུམ་ནས། ད་ཆ་བོད་གཞུང་འོས་བསྡུ་ལས་ཁུངས་ཀྱིས་འོས་མིའི་ནང་འོས་མི་ལངས་ཕྱོགས་ཐད་ཀྱི་ཆ་རྐྱེན་ཁག་ལ་བསྐྱར་ཞིབ་གནང་དགོས་པ་དང་། ༼ཕྱིར་སྡོད་རྒྱ་མི་༽བྱས་ཡོད་པའི་ལག་འཁྱེར་བླངས་མྱོང་བ་དང་རྒྱ་ནག་གིས་གཞུང་ཚབ་ཁང་གནང་ཕྱིར་སྡོད་རྒྱ་མི་ཡིན་པའི་ངོས་ལེན་བྱས་ཡོད་པའི་གང་ཟག་ཞིག་གིས་བཀའ་བློན་ཁྲི་པའི་འོས་མིར་ལངས་ཆོག་མིན་དེ་ལ་ཞིབ་བཤེར་གནང་དགོས་འདུག
______________________________________
དཔྱད་གཞིའི་རྒྱུ་ཆ།
¹ བོད་ཀྱི་སྲིད་དོན་བསྐྱར་ཞིབ་དྲྭ་རྒྱ། (http://tibetanpoliticalreview.com/ )
ཁ་བརྡ་དྲྭ་རྒྱ། (https://www.khabdha.org/?p=16641 )
²བློ་བཟང་སེང་གེའི་དྲྭ་རྒྱ་༼མི་ནེ་སོ་ཌར་དྲི་བ་དྲི་ལན་བྱས་པ།༽ (http://www.kalontripafortibet.org/videos13.aspx
བློ་སེང་ལགས་སྐྱབས་བཅོལ་བའི་ལག་དེབ་གནང་ནས་ཕེབས་ཀྱི་ཡོད་པར་བརྟེན་ཕྱིར་སྡོད་རྒྱ་མིའི་ལག་ཁྱེར་བསྣམས་ནས་ཕེབས་ཡོད་པ་ཐག་ཆོད། དེ་འདྲ་ཡིན་ན་ཁོང་ཁྲིམས་ཐོག་ནས་ཕྱིར་སྡོད་རྒྱ་མི་ཞིག་དང་། ལྷག་པར་བོད་མི་དམར་གསོད་གཏོང་མཁན་ལག་དམར་ཀྲུང་གུ་གུང་ཕྲན་ཏང་གི་མི་ཞིག་ཆགས་པ་རེད། ད་བཀའ་ཁྲི་དེ་གང་འདྲ་ཞིག་ཆགས་ས་རེད། མགོ་འཐོམས་པའི་སྒང་ལ་ཡང་ཐོམ་ཞྭ་ནག་པོ་ཞིག་གཡོག་སོང་།
ཕྱི་སྡོད་རྒྱ་མིའི་ལག་འཁྱེར་ཞིག་ཁྱེར་ནས་བོད་ནང་ཐེངས་གཅིག་འགྲོ་བ་ལ་ག་རེ་ཧམ་བསམ་དགོས་ཡ་ཡོད་རེད། ང་ཚོ་ཚང་མ་བོད་ནང་འགྲོ་དགོས་ན་ཡང་ན་རྒྱལ་ཁབ་གཞན་གྱི་ལག་འཁྱེར་རམ་ཕྱི་སྡོད་རྒྱ་མའི་ལག་འཁྱེར་གྱི་ཐོག་ནས་མི་འགྲོ་རང་འགྲོ་རེད་དེ་ལས་གཞན་ཅི་ཞིག་ཡོད། ད་དུང་ཁོང་ཕྱིར་སྡོད་རྒྱ་མའི་ལག་འཁྱེར་གྱི་ཐོག་ནས་བོད་ནང་ཕྱིན་པ་འདི་ལ་དཔག་ན་བོད་པ་གཙང་མ་ཞིག་དང་བོད་མི་རྣལ་མ་ཞིག་ཡིན་པ་ཡང་མཚོན་ཐུབ། གང་ཡིན་ཟེར་ན་ཁོང་ལ་(ཨ་རི་)ལྟ་བུའི་རྒྱ་ཁབ་གཞན་གྱི་ལག་འཁྱེར་མེད་པ་ཡང་གསལ་འདུག། གཞན་བཀྲ་མཐོང་སོགས་ལ་ནི་མ་ངེས་སོ། དགོངས་དག་སྐད་ཆ་དྲང་པོ་ཞིག་བཤད་ཤོར་སོང།
གངས་ལྷ་མེ་ཏོག་ལགས།
གཞིས་ལུས་བོད་པ་ཚང་མ་བོད་མི་དམར་གསོད་གཏོང་མཁན་ཡིན་པ་ཐལ།
ཁོང་ཚོ་གཞིས་སྡོད་གུང་ཁྲན་ཏང་གི་མི་སེར་གྱི་ལག་དེབ་དང་མི་ཁུང་སྤ་སི་ཡོད་བའི་ཕྱིར།
ཁྱོད་རང་གི་མིང་ལ་གངས་ལྷ་མི་ཤེས་མཁན་ཟེར་ན་ཡག་ས་རེད།
གངས་ལྷ་མེ་ཏོག་ལགས།
གཞིས་ལུས་བོད་པ་ཚང་མ་བོད་མི་དམར་གསོད་གཏོང་མཁན་ཡིན་པ་ཐལ།
ཁོང་ཚོ་གཞིས་སྡོད་གུང་ཁྲན་ཏང་གི་མི་སེར་གྱི་ལག་དེབ་དང་མི་ཁུང་སྤ་སི་ཡོད་བའི་ཕྱིར།
ཁྱོད་རང་གི་མིང་ལ་གངས་ལྷ་མི་ཤེས་མཁན་ཟེར་ན་ཡག་ས་རེད།
བློ་སེང་རྒྱ་ནག་ལ་སོང་བ་ཡག་པོ་རེད། དེ་བློ་སྟོབས་ཤིག་དང་མིག་རྒྱང་རིང་བོ་བསམ་བློ་བཏང་བ་རེད། དེ་མིན་རྒྱ་གར་གྱི་བོད་པ་དེ་ཚོ་རྒྱ་ནག་ལ་འགྲོ་རྒྱུ་ཞེད་བསྡད་ཡོད་རབས་འདུག གལ་སྲིད་བློ་སེང་རྒྱ་ནག་གི་ཕྱི་མི་སེར་ཆགས་ཡོད་ན་ང་ཚོའི་སྐུ་ཚབ་ཚོ་ལས་རྒྱ་ནག་དང་མཉམ་དུ་གྲོས་མོལ་མང་ཙམ་བྱེད་ཐུབ་རྒྱུ་རེད། དེ་ཙང་བློ་སེང་ལ་རྒྱབ་སྐྱོར་བྱས་ན་རན་པོ་འདུག
གངས་ལྷ་མེ་ཏོག་དང༌། ཤེས་རབ་རིག་གྲོལ་གཉིས་ལ་ཞུས་ཡ་ལ་ཁུང་ལུངས་མེད་པའི་སྐད་ཆ་གང་མ་བཤད་ན་ཡག་གི་རེད། གལ་ཏེ་སྐྱབས་བཅོལ་ལམ་ལུང་པ་གཞན་གྱི་ལག་འཁྱེར་ཞིག་ཁྱེར་ནས་བོད་ལ་མ་འགྲོ་ན། ང་རང་ཚོའི་བོད་གཞུང་ལ་བོད་ལ་བསྐྱོད་ཆོག་ལག་འཁྱེར་ཞིག་སྐྲོད་རྒྱུ་ཡོད་དམ། གལ་ཏེ་མཁས་དབང་བློ་སེང་ལག་འཁྱེར་དེ་ཁྱེར་ནས་བོད་ལ་ཕྱིན་ནས་རྒྱ་ནག་དང་ལག་འགྲེལ་རེད་ཟེར་ན། བོད་ནང་བསྡད་མཁན་གྱི་བོད་མི་ཡོངས་རྫོགས་རྒྱ་ནག་དང་ལག་འགྲེལ་ཡིན་པ་ཟེར་དགོས། ཁྱེད་རྣམས་སྐུ་ཡོན་ཡོད་པའི་གང་ཟག་ཞིག་ཡིན་ན། རང་ཕྱོགས་ལ་ཕྱོགས་ཞེན་བྱས་ཀྱང༌། གཞན་ཕྱོགས་ལ་སྨད་མི་དགོས། ཁོང་རང་ཡང་བོད་མི་ཞིག་ཡིན་ཆ་ནས། འགན་ཁུར་ཆེས་བཞེས་ཐོག་བཀའ་བློན་ཁྲིད་པར་བཞེངས་ཐུབ་པའི་ལྡེངས་ཚད་ཡོད་པས་ཐོག་འོས་མིར་བཞུགས་པ་ཡིན།། མཁས་དབང་བློ་སེང་རྒྱལ་ལོ། །བོད་རྒྱལ་ལོ། །
གངས་ལྷ་མེ་ཏོག་དང༌། ཤེས་རབ་རིག་གྲོལ་གཉིས་ལ་ཞུས་ཡ་ལ་རྫབ་ཆེན་པོ་ཞེས་པའི་ཚིག་དེ་གང་འདྲ་ཞིག་ལ་བེད་སྤྱོད་བྱ་དགོས་པ་མཁྱེན་དགོས།
ཤེས་རབ་རིག་གྲོལ་ལགས། སྐད་ཆ་ཤོད་དུས་ལྷོད་ལྷོད་གནོང་།
བློ་སེང་གིས་སྐུ་ཚབ་རྣམ་པ་དང་གཞན་དག་དེ་ལྟར་ཕྱིན་པར་བསྒྲགས་ཚེ། དེ་ཁོང་གི་ངོས་ནས་གསལ་ཁ་བཏོན་པའམ་ཁུངས་སྐྱེལ་རྒྱུ་ལས། བོད་གཞུང་འགན་ཡོད་པ་མ་རེད།
འགན་ཡོད་དགོས་ན། ཁྱེད་རང་ངོ་མས་གནས་ཚུལ་ཁུངས་ལྡན་དང་སྙན་ཞུ་འོས་བསྡུ་ལས་ཁང་དང་བཀའ་ཤག་ལ་ཕུལ་ན་ལྟ་ས་ཞིག་ཡོད་པ་རེད། དེ་མིན་བོད་གཞུང་ཟེར་ནས་འུར་རྒྱག་གི་མ་འདུག
དངོས་མིང་འདོན་རྒྱུ་གལ་ཆེན་རེད། ཁྱེད་ཚོས་འགན་ཁུར་གྱི་ཡོད་ན།
ནི་རྒྱ་མི་ཡིན་པ་སྨོས་ཅི་དགོས།བོད་པ་ཞིག་ལ་དེ་འདྲའི་མིང་ཐོབ་པ་ནི་ངོ་མ་ཡ་མཚན་ཆེ།ཡིན་ན་ཡང་དཔྱད་དགོས་པ་ཞིག་ལ་ཕྱིར་སྡོད་རྒྱ་མི་དང་ཕྱིར་སྡོད་བོད་པ་གཉིས་ལ་ཁྱད་པར་འདུག་སྙམ།
གང་ཡིན་ཟེར་ན་ལྷ་སའི་ལོ་གསར་གི་མཚན་ཚོགས་དང་མཚོ་སྔོན་ལོ་གསར་མཚན་ཚོགས་སོགས་ནས་ཕྱེར་སྡོད་རྒྱ་མི་དང་ཕྱིར་སྡོད་བོད་པ་ཞེས་འཚམས་འདྲི་ཞུ་གི་འདུག
གལ་ཏེ་མཁས་དབང་ཁོང་ཕྱིར་སྡོད་་རྒྱ་མའི་མིང་ཐོག་ནས་རྒྱ་ནག་དུ་ཕྱིན་ཡོད་ན་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་ཀྱི་འདུག་སྙམ།
འོན་ཀྱང་མཁས་དབང་ཁོང་ཕྱིར་སྡོད་བོད་པའི་མིང་ཐོག་ནས་རྒྱ་ནག་དུ་ཕྱིན་འདུག་ན་དེ་ཀུན་གསལ་ཀུན་དར་ཞིག་རེད་
ཕྱིར་སྡོད་རྒྱ་མི་ནི་རྒྱ་མི་ཡིན་པ་སྨོས་ཅི་དགོས།བོད་པ་ཞིག་ལ་དེ་འདྲའི་མིང་ཐོབ་པ་ནི་ངོ་མ་ཡ་མཚན་ཆེ།ཡིན་ན་ཡང་དཔྱད་དགོས་པ་ཞིག་ལ་ཕྱིར་སྡོད་རྒྱ་མི་དང་ཕྱིར་སྡོད་བོད་པ་གཉིས་ལ་ཁྱད་པར་འདུག་སྙམ།
གང་ཡིན་ཟེར་ན་ལྷ་སའི་ལོ་གསར་གི་མཚན་ཚོགས་དང་མཚོ་སྔོན་ལོ་གསར་མཚན་ཚོགས་སོགས་ནས་ཕྱེར་སྡོད་རྒྱ་མི་དང་ཕྱིར་སྡོད་བོད་པ་ཞེས་འཚམས་འདྲི་ཞུ་གི་འདུག
གལ་ཏེ་མཁས་དབང་ཁོང་ཕྱིར་སྡོད་་རྒྱ་མའི་མིང་ཐོག་ནས་རྒྱ་ནག་དུ་ཕྱིན་ཡོད་ན་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་ཀྱི་འདུག་སྙམ།
འོན་ཀྱང་མཁས་དབང་ཁོང་ཕྱིར་སྡོད་བོད་པའི་མིང་ཐོག་ནས་རྒྱ་ནག་དུ་ཕྱིན་འདུག་ན་དེ་ཀུན་གསལ་ཀུན་དར་ཞིག་རེད་
པད་མ་མཚོ་ལགས།
ཡིག་གེ་དེ་བསམ་བློ་བཏང་རྒྱབ་ལྗོངས་ལ་ལྟས་བྱས་ནས་བྲིས་པ་ཡིན་ལ། འོས་བསྡུ་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་སོ་སོར་ཕུལ་ཟིན།
གཞིས་གྲོང་ཞིག་ནས་སྐྱེ་བའི་འཁྲི་ཤིང་ཞིག བྱང་གི་ཕྱོགས་ནས་ཡལ་འདབ་རྣམ་པར་གྲོལ། ན་གཞོན་ཀུན་གྱི་ཁྱེད་ལ་རེ་འདུག་ན། མགོ་ནག་བོད་ཀྱི་ཚེ་སྲོག་སྐྱོབས་ཤིག་ཀྱེ།
མགོན་པོ་ཟེར་བའི་ཁྱི་ཕྲུག་ཁྱོད་ལེགས་པར་ཉིན་ཞིག་ སོ་སོའི་མིང་བོད་ཡིག་ཏུ་འབྲི་མ་ཐུབ་པར་ད་དུང་མི་ལ་སྐྱོན་བརྗོད་བྱ་རྒྱུ་ནི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
པད་མ་མཚོ་ལགས།
གནད་དོན་འདི་གལ་པོ་ཆེ་ལ་དོན་ཆེན་ཡིན་ཙང་དཔྱད་གཞིའི་རྒྱུ་ཆ་ཁག་ལ་དོ་ནན་བྱས་ནས་བལྟས་པ་ཡིན།
གནས་ཚུལ་འདི་དྲྭ་རྒྱ་ལ་འདོན་པའི་རེ་སྐུལ་ཞུས་པ་ཙམ་མ་ཡིན་པར་དབུས་འོས་བསྡུ་ལས་ཁུངས་དང་། འབྲེལ་ཡོད་སྡེ་ཚན་ཁག་ལ་ཡང་ཕུལ་བ་ཡིན།
ངའི་མཆན་འདི་ཀློག་ཐུབ་པའི་རེ་བ་ཡོད། ད་རང་ཞོག་པ་མཆན་གཅིག་བྲིས་པ་ཡིན་ལྟའི་ད་ལྟ་མཐོང་རྒྱུ་མེད་པ་ཆགས་བཞག
ཤེས་རབ་རིག་གྲོལ་ལགས་དང་པོ་དེ་འཇམ་དབྱངས་ནོར་བུ་ལགས་དང་ལྷག་བསམ་ཚེ་རིང་ལགས་རྒྱ་ནག་ལ་ཕྱིན་པ་རེད་ཟེར་བའི་སྐད་ཆ་དེ་འདྲ་རྩ་བ་ནས་བཤད་མ་སོང་། ང་འགོ་ནས་འཇུག་བར་འགྲོ་གླེང་དེར་ཟུར་ཉན་དུ་ཡོད་།
མཐོང་གྲོལ་ལགས།
བྱས་ན་སྦྲེལ་ཐག་འདི་གསན་རོགས་གནང་།
http://sites.google.com/site/tibetanpoliticalreview/project-updates/lobsangsangaysoverseaschinesenationaltravel
ངས་ཞིབ་འཇུག་ཐར་ཕྱིན་པ་བྱས་པ་ཡིན་ལ་བློ་བཟང་སེང་གེ་མཆོག་གི་ལན་ཐེངས་མང་ཉན་པ་ཡིན།
ཕྱི་བསྡོད་བོད་མི་རྒྱལ་ཁབ་གཞན་པ་དག་གིའི་མི་སེར་མིན་པ་ཚོ། བོད་ལ་འགྲོ་དུས་སུ་། ༼ཕྱིར་སྡོད་རྒྱ་མི།༽ལགས་ཁྱེར་དེ་མ་གཏོག་ཁྱེར་རྒྱ་མེད་པ་བདེན་པ་རེད་། འོན་ཀྱང་མིང་རྟགས་བཀོད་ནས་༼ཕྱིར་སྡོད་རྒྱ་མི།༽ཡིན་ཞེས་ཁས་ལེན་མི་ལེན་དེ་། དོ་བདག་རང་ཉིད་ཀྱི་སེམས་ཕུག་ན། ང་བོད་ཡིན་ཞེས་འདི་ཤེས་དེས་ཆེ་ཆུང་གི་རེད་། གནས་ཚུལ་འདི་ཐད་ནས་ལྟོས་ན་ང་ཚོའི་བཀའ་ཁྲིའི་འོས་མི་བློ་སང་ལ་ཆ་བཞན་ན་རང་ཉིད་བོད་པ་ཞིག་ཡིན་པས་དབང་རྟག་དེ་། པེ་ཅིང་ལ་གི་ལྟ་སྐོར་ཞིག་གི་ཆེད་དུ་བློས་བཏང་བཞག་པ་དེ་ནི་ཆེ་བློ་ཕམ་ཞིག་རེད་།
ཡོན་ཏན་ཅི་མེད་པས་། མི་དཀྱིལ་མ་ཚོའི་ནང་གནད་དོན་འདི་ཐད་རང་ཉིད་ཀྱི་ཕ་མ་གཉིས་ལ་ངོ་ཐུག་གང་མང་ཡོད་།
དགའ་ལྡན་ལགས།
ང་ནི་ཅུང་བཞེད་སོང་གང་ཡིན་ཟེར་ན།. ཞེ་ལྡང་ལྟབུའི་སྡིག་པ་མེད།. སྐལ་བ་སྟོང་དུ་གསག་བ་ཡིས།
སྦྱིན་དང་བདེ་གཤེགས་མཆོད་ལ་སོགས།. ལེགས་བྱས་གང་ཡིན་དེ་ཀུན་ཀྱང།. ཁོང་ཁྲོ་གཅིག་གིས་འཇོམ་པར་བྱེད།
ཞེ་མ་སྡང་།
སྐད་ཆ་འདི་དག་གོ་དུས་དངོས་གནས་དེ་སྔོན་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་དྲན་སོས་བྱུང་ཁོང་རྒྱ་གར་སོགས་སུ་ཕེབས་ནས་རྒྱལ་སྤྱིའི་གནས་སྟངས་གསལ་པོ་རྟོགས་པའི་ཐོག་བོད་ཀྱི་ལས་དབང་ལ་གོ་སྐབས་དམ་འཛིན་བྱེད་ཏུ་ཕེབས་པ་ན་བོད་རིགས་དབང་འཛིན་པའི་གནོད་ཤུགས་ལ་བརྟེན་ནས་ཚེ་འཇུག་བོད་གཞུང་གི་བརྩོན་ནག་ཏུ་སྐུ་གྲོང་པ་རེད་། ད་དུང་ཡང་ལས་ངན་འདི་འཇུག་སྐྱོང་བྱེད་དགོས་པའི་རྒྱུ་མཚན་ཡལ་ནས་མེད་པ་མ་ཡིན་ཡང་ཕ་སྲོད་བུ་ལ་བཤད་རྒྱུ་ཡོད་ཅེས་པའི་དཔེ་ལྟར་ལས་དོན་གཞན་ཡོད་པ་མ་མཐོང་། དེ་ཡང་རྒྱལ་སྤྱིའི་ཐོག་ཏུ་སྙན་གྲགས་ཆེས་ཆེ་བའི་འབུམ་རམས་པའི་མཚན་གནས་དང་པོ་ཐོབ་མཁན་བློ་སེང་མཆོག་ཁྱེད་རང་གི་བོད་གཞུང་བཀའ་ཁྲིར་འོས་ཕན་མ་འདོད་ན་རང་དབང་ཆ་ཚངས་ཡོད་པའི་ཐོག་ནས་མ་ཕན་འགྲོག་པ་ལས་བོད་དོན་རང་གི་ཐོག་ཏུ་ཤེས་ཡོན་སོགས་ནུས་པའི་ཐོག་སེམས་ཤུགས་འཁྱེར་མཁན་གཅིག་ལ་ཟེར་རྒྱུ་ཕོང་ཏེ་འགོ་བཀའ་བློན་ཁྲི་པ་ཟམ་གདོང་མཆོག་ནས་གསལ་བཤད་ཆ་ཚང་གནང་གྲུབ་པའི་རྒྱུད་རིམ་གཅིག་ལ་རྣམ་པ་མི་འདྲ་བའི་ཐོག་སྐྱོན་མེད་ཉེས་འཛུགས་འདི་མ་འོངས་ན་གཞོན་ཚོར་བོད་དོན་དང་དམིགས་བསལ་བཀའ་སྤྱིའི་ལས་དོན་གནང་འདོད་མེད་པའི་བག་ཆགས་ངན་པ་འདི་འདྲ་ཞིག་དཔེ་ན་འཇམ་ནོར་སོགས་ཀྱི་བློ་སེང་ལ་ཁྱེད་རང་གི་བོད་དོན་ཐོག་ཕྱག་ལས་གནང་ན་ཧ་ལམ་གསོད་གྱི་ཡིན་ཟེར་བའི་ཚིག་འདི་མ་གཏོགས་སྤྱི་ཚོགས་ནང་ལབ་ཚར་སོང་།
ཤེས་རབ་རིག་གྲོལ་ཟེར་བའི་བླུན་པོ་ཁྱོད་ཀྱི་གང་ཡང་ཤེས་མི་འདུག དེ་བཞིན་ཁྱོད་ཀྱིས་རྒྱ་ནག་གི་གནས་ཚུལ་ལ་ཡག་པོར་བལྟ་དགོས། fuck you
ངས་དོན་དག་སྙིང་པོ་བཤད་ན་མི་སྤྱོད་ལས་འདས་པའི་བསྙོན་འཛུགས་དེ་འདྲ་མ་གནང་ན་བཟང་གི། འདི་བོད་སྤྱི་པའི་དོན་ཆེན་དང་མི་རབས་གསར་པའི་ལས་དབང་དང་འབྲེལ་བ་ཡོད་པ་རེད་། མ་ཟད་མ་འོངས་ཤེས་ཡོན་ཅན་ཚོས་རང་དོན་ཁོ་ན་ལས་བོད་དོན་དང་དམིགས་བསལ་བཙལ་བྱོལ་གཞུང་གི་ནང་དུ་ཕེབས་རྒྱུར་ཡིད་སོན་ན་བག་ཆགས་ངན་འདི་མི་རིགས་ཆགས་འཇིག་གི་འགན་ཆེ་པོ་ཞིག་ལ་བསམ་དགོས་རྒྱུ་ལས་ཁ་ནང་ག་ཐོན་སྤྱི་ཚོགས་ཐོག་བསྒྲགས་ན་ཉེ་ཆར་རྒྱ་གར་གསར་འགོད་པས་དཔལ་རྒྱལ་བ་རྐ་མ་པ་མཆོག་ལ་དཀྲོག་གཏམ་བཟོས་པའི་འཇུག་འབྲས་ལས་ཤེས་ཐུབ་ངེས་རེད་།
དྲྭ་གྲོགས་ཚོས། ལེགས་པར་གཟིགས་དང་། ཤེས་རབ་རིག་གྲོལ་གྱིས་བཤད་པའི་སྐད་ཆ་རྣམས་ལ་སྙོན་འཛུགས་ཀྱི་སྐད་ཆ་མི་འདུག
ཁོང་གིས་བཤད་པའི་སྐད་ཆ་རྣམས་མཁས་དབང་བློ་བཟང་སེང་གིས་གསུངས་པའི་སྐད་ཆ྄་ཁ་ཤས་ཕྱོགས་བསྒྲིགས་བྱས་བཞག
དེ་ལ་བློ་གཟུ་བོར་གནས་པའི་ཐོག་ནས་དཔྱད་ན་ལེགས་ཆ་མཐོང་གི་འདུག