དོན་གྲུབ་ཕུན་ཁང་།
ཉེ་བའི་དུས་སུ། བྷོ་སི་ཀྲོན་གྱི་མི་མང་ནང་ཁུལ་དང་དྲ་ཐོག་བཅས་སུ་བགྲོ་གླེང་གནང་བཞིན་པ་ནི། བློ་བཟང་སེང་གེ་ལགས་ཀྱིས་རང་གི་སྡོད་གནས་བྷོ་སི་ཀྲོན་ཏུ་གཏམ་བཤད་གནང་མེད་པ་དེ་རེད། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་དང་མི་སྒེར་བ་། ང་རང་བཅས་ཚུད་པའི་མང་པོ་ཞིག་གིས། ཁོང་ལ་སྐུལ་མ་གནང་རུང་། ད་ཕལ་ཆེར། དངོས་གཞིའི་འོས་བསྡུར་ཉིན་འགའ་མ་གཏོགས་མེད་པའི་མཚམས་འདིར། ཁོང་ནས་ས་གནས་བྷོ་སི་ཀྲོན་ཏུ་ལས་འགུལ་གྱི་གཏམ་བཤད་གནང་གི་མིན་པ་ཕལ་ཆེར་གསལ་བོ་ཆགས་འདུག ཁོང་ཉིད་བོད་མི་འདུས་སྡོད་ཀྱི་ས་ཁུལ་མང་པོར་བསྐོར་བསྐྱོད་གནང་ནས་གཏམ་བཤད་བྱས་ཡོད་རུང་། རང་ཉིད་སྡོད་སའི་བྷོ་སི་ཀྲོན་ཏུ་གནང་མེད་པ་ནི་ད་ལྟ་དྲི་བ་ཞིག་ཆགས་ནས་ཡོད།
ང་རང་སྒེར་ནས་བློ་བཟང་སེང་གེ་ལགས་ལོ་ངོ་བཅུ་ལྷག་ལ་ངོ་ཤེས་ཀྱི་ཡོད། ང་ཚོས་མཉམ་དུ་བྷོ་སི་ཀྲོན་བོད་རིགས་ཚོགས་པའི་འགན་འཛིན་ལྷན་ཚོགས་སུ་ལོ་གསུམ་རིང་ཞབས་ཞུ་བྱས་བ་དང་། བོད་རིགས་གཞན་བཅུ་དྲུག་དང་མཉམ་དུ། ཕྱི་ལོ་༢༠༠༩ལོར་༧གོང་ས་མཆོག་བྷོ་སི་ཀྲོན་ཁུལ་དུ་ཆིབས་བསྒྱུར་གནང་དུས་མཉམ་དུ་ལས་ཀ་བྱས་བ། ད་དུང་ས་གནས་བོད་རིགས་ཚོགས་པ་དང་ལས་དོན་གཞན་བཅས་མཉམ་དུ་གནང་མྱོང་ཡོད།
བློ་སེང་ལགས་ཀྱི་ཤེས་ཡོན་ལ་རྗེས་སུ་ཡི་རང་དང་མ་འོངས་པར་བོད་མིའི་དབུ་ཁྲིད་བཟང་པོ་ཞིག་ཡོང་བའི་རེ་བ་ཡོད། ད་ལྟའི་ཆར་ཁོང་ཁྲིམས་ལུགས་སློབ་ཐོན་ཙམ་ལས། ལས་དོན་ཐོག་ཉམས་མྱོང་མེད་པ་དང་། གཏམ་བཤད་སྔ་རྗེས་མི་མཐུན་པ། ལྷག་པར་ཧ་ཝཌ་མཐོ་སློབ་ཏུ་ལས་གནས་དང་འོས་སྡུའི་སྐབས་ཀྱི་གྲོན་དངུལ་འབྱུང་ཁུངས་ཁ་གསལ་མེད་པ་སོགས་ཀྱིས་སྐབས་འདིའི་ངའི་འོས་ཤོག་གི་ཁ་ཕྱོགས་གཞན་དུ་ཕྱོགས། དྲྭ་གྲོགས་རྣམ་པས་ཉམས་མྱོང་མེད་ན་ལས་དོན་ལ་འཐུས་ཤོར་འགྲོ་བ་གཤམ་གསལ་དཔེ་མཚོན་ལ་ཐུགས་སྣང་ཡོང་བ་ཞུ།
གནའ་སྔ་མོ་སྔ་མོ་དུས་ཅིག་ཏུ། གནས་སྐོར་བ་ཞིག་ལ་སྨན་རྐྱལ་གཅིག་རྙེད། སྨན་ཁྲོད་དུ་ཕྱི་ཐུམ་ནང་ཐུམ་བརྒྱབ་པའི་སྨན་ཁུག་ཁ་བྱང་ལ་སྨན་ཆེན་ཞེས་འཁོད་པ་གཅིག་ཡོད། གནས་སྐོར་བས་བསམ་པར་སྨན་འདི་རྩ་ཆེན་ཞིག་ཡིན་ངེས་སྙམ། ཉིན་གཅིག་ཕྱུག་པོ་ཞིག་གི་སྒོ་འགྲམ་དུབསོད་སྙོམས་ཞུ་སྐབས་སྨན་དཔྱད་ཤེས་མིན་དྲིས་པར། ཤེས་ཟེར། འོ་ན་ང་ཚོའི་སྦྱིན་བདག་སྙུན་བབ་ལྕི་བོ་ཡོད་པས་སྨན་བཅོས་གནང་རོགས་ཞུས། གནས་སྐོར་བས་ཁས་ལེན་གྱིས་ནང་དུ་ཕྱིན་ནས་ནད་པར་ལྟ་སྐབས། ཁྱིམ་བདག་དེའི་ནད་བབ་ཤིན་ཏུ་ལྕི་བ་མཐོང་། སྨན་ཆེན་དེ་ནས་ཐུན་གཅིག་སྤྲད་ན་དྲག་ངེས་བསམས། དེ་ཉིན་ཁོ་རང་ཡང་གཟུགས་པོ་བདེ་པོ་རང་མ་བྱུང་བས། སྨན་དེ་ནས་ཐུན་གཅིག་ཟ་དགོས་སྙམ་ཞིང་བ། དེ་ནས་གནས་སྐོར་བས། ཁྱིམ་བདག་ནད་གཞི་ཤིན་ཏུ་འཚབས་ཆེ་བས། །ནད་ཆེན་འདི་ལ་སྨན་ཆེན་གཏོང་། །ཐུན་དང་པོ་སྨན་པ་ང་རང་ཟ། །ཐུན་གཉིས་པ་ནད་པ་ཁྱེད་ལ་སྟེར། །ཟེར་ནས་ཐུན་གཅིག་ཁོ་རང་གིས་ཟོས། ཐུན་གཅིག་ནད་པར་སྤྲད་དོ། །སྨན་ཆེན་ཞེས་པ་དེ་དུག་ཡིན་པས་ཁྱིམ་བདག་གི་ནད་ཛ་དྲག་ཏུ་གྱུར། དེ་ལྟར་གྱུར་ལུགས་བཤད་པར་གནས་སྐོར་བས། ཁ་ཁ་བཞུགས་དང་། ང་རང་ཡང་གཅིག་བྱས་བྱུང་ཟེར་ནས་གཉིས་ཀ་ཤིའོ།།
བློ་སེང་ལགས་ཀྱི་ཤེས་ཡོན་ལ་རྗེས་སུ་ཡི་རང་དང་མ་འོངས་པར་བོད་མིའི་དབུ་ཁྲིད་བཟང་པོ་ཞིག་ཡོང་བའི་རེ་བ་ཡོད། ད་ལྟའི་ཆར་ཁོང་ཁྲིམས་ལུགས་སློབ་ཐོན་ཙམ་ལས། ལས་དོན་ཐོག་ཉམས་མྱོང་མེད་པ་དང་། གཏམ་བཤད་སྔ་རྗེས་མི་མཐུན་པ། ལྷག་པར་ཧ་ཝཌ་མཐོ་སློབ་ཏུ་ལས་གནས་དང་འོས་སྡུའི་སྐབས་ཀྱི་གྲོན་དངུལ་འབྱུང་ཁུངས་ཁ་གསལ་མེད་པ་སོགས་ཀྱིས་སྐབས་འདིའི་ངའི་འོས་ཤོག་གི་ཁ་ཕྱོགས་གཞན་དུ་ཕྱོགས། དྲྭ་གྲོགས་རྣམ་པས་ཉམས་མྱོང་མེད་ན་ལས་དོན་ལ་འཐུས་ཤོར་འགྲོ་བ་གཤམ་གསལ་དཔེ་མཚོན་ལ་ཐུགས་སྣང་ཡོང་བ་ཞུ།
གནའ་སྔ་མོ་སྔ་མོ་དུས་ཤིག་ཏུ། གནས་སྐོར་བ་ཞིག་ལ་སྨན་རྐྱལ་གཅིག་རྙེད། སྨན་ཁྲོད་དུ་ཕྱི་ཐུམ་ནང་ཐུམ་བརྒྱབ་པའི་སྨན་ཁུག་ཁ་བྱང་ལ་སྨན་ཆེན་ཞེས་འཁོད་པ་གཅིག་ཡོད། གནས་སྐོར་བས་བསམ་པར་སྨན་འདི་རྩ་ཆེན་ཞིག་ཡིན་ངེས་སྙམ། ཉིན་གཅིག་ཕྱུག་པོ་ཞིག་གི་སྒོ་འགྲམ་དུབསོད་སྙོམས་ཞུ་སྐབས་སྨན་དཔྱད་ཤེས་མིན་དྲིས་པར། ཤེས་ཟེར། འོ་ན་ང་ཚོའི་སྦྱིན་བདག་སྙུན་བབ་ལྕི་བོ་ཡོད་པས་སྨན་བཅོས་གནང་རོགས་ཞུས། གནས་སྐོར་བས་ཁས་ལེན་གྱིས་ནང་དུ་ཕྱིན་ནས་ནད་པར་ལྟ་སྐབས། ཁྱིམ་བདག་དེའི་ནད་བབ་ཤིན་ཏུ་ལྕི་བ་མཐོང་། སྨན་ཆེན་དེ་ནས་ཐུན་གཅིག་སྤྲད་ན་དྲག་ངེས་བསམས། དེ་ཉིན་ཁོ་རང་ཡང་གཟུགས་པོ་བདེ་པོ་རང་མ་བྱུང་བས། སྨན་དེ་ནས་ཐུན་གཅིག་ཟ་དགོས་སྙམ་ཞིང་། དེ་ནས་གནས་སྐོར་བས། ཁྱིམ་བདག་ནད་གཞི་ཤིན་ཏུ་འཚབས་ཆེ་བས། །ནད་ཆེན་འདི་ལ་སྨན་ཆེན་གཏོང་། །ཐུན་དང་པོ་སྨན་པ་ང་རང་ཟ། །ཐུན་གཉིས་པ་ནད་པ་འདི་ལ་སྟེར། །ཟེར་ནས་ཐུན་གཅིག་ཁོ་རང་གིས་ཟོས། ཐུན་གཅིག་ནད་པར་སྤྲད་དོ། །སྨན་ཆེན་ཞེས་པ་དེ་དུག་ཡིན་པས་ཁྱིམ་བདག་གི་ནད་ཛ་དྲག་ཏུ་གྱུར། དེ་ལྟར་གྱུར་ལུགས་བཤད་པར་གནས་སྐོར་བས། ཁ་ཁ་བཞུགས་དང་། ང་རང་ཡང་གཅིག་བྱས་བྱུང་ཟེར་ནས་གཉིས་ཀ་ཤིའོ།།
ཡང་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་བཙན་བཟུང་སྐབས་ལྷ་ས་ནས་སྐུ་དྲག་ཁག་གཅིག་མཚོ་སྣ་བརྒྱུད་ནས་བཙན་བྱོལ་དུ་ཕེབས་སྐབས་དེ་སྔོན་ཇ་བཟོ་མྱོང་མེད་སྟབས་ཇ་མར་ཚྭ་གསུམ་ཆུར་བཏབ་སྟེ་མཉམ་དུ་བསྐོལ་བས་ཇ་འཐུང་ཉན་མ་བྱུང་བའི་ལོ་རྒྱུས་ཡོད་པ་དངོས་འབྲེལ་ཡིན་མིན་སྐབས་དེར་ཕེབས་མི་སྐུ་ངོ་བར་ཚོགས་ལགས་སུ་བཀའ་འདྲི་ཞུས་པར་བདེན་པ་རེད་ཅེས་གསུངས།
བློ་སེང་ནི་ཤེས་འཇོན་ལེགས་པོ་ཡོད་པའི་བོད་པའི་གཞོན་སྐྱེས་ཤིག་རེད། ད་རེས་ཁོང་གིས་འོས་ཐོབ་ཐབས་ཁོ་ནར་འབད་སྟབས་ཐལ་ཆ་ཤོར་བའི་གནང་སྟངས་ཁ་ཤས་བྱུང་ཡང༌། རྗེས་མ་དེ་འདྲ་མི་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།
ངའི་བསམ་ཚུལ་ལྟར་ན། བློ་སེང་ནི་ལོ་ན་གཞོན་པ་མ་ཟད། ཤེས་འཇོན་ལེགས་པོ་ཡོད་པའི་བོད་པའི་གཞོན་སྐྱེས་ཤིག་རེད། ད་ནས་ཁོ་བཀའ་ཁྲིར་གདམས་པ་ཡིན་ན་ང་ཚོས་ཁོང་གི་ཤེས་འཇོན་བེད་སྤྱོད་གཏོང་མ་ཐུབ་པ་རེད། དེ་ལས་བཙན་བྱོལ་བོད་གཞུང་གི་འགན་ཡོད་པའི་ལས་ཀ་ཞིག་གི་ཐོག་ཏུ་ཞུགས་དགོས་ཤིང༌། དེ་ནས་འཇོན་ཐང་ཅུང་ཟད་ངོམས་རྒྱུའི་གོ་སྐབས་ཡང་ཡོང་གི་རེད། གང་ལྟར་ཁོང་གི་ཤེས་འཇོན་དེས་བཙན་བྱོལ་བོད་གཞུང་ལ་ཅུང་ཟད་ཕན་དགོས་པ་རེད།
དེ་དུས་བོད་མི་མང་གི་བློ་དོགས་ཡང་ཡལ་འགྲོ་གི་རེད་ལ། འཛིན་སྐྱོང་སོགས་ལས་ཀའི་མཉམ་མྱོང་ཡང་གང་ལ་གང་འཚམ་འབྱོར་ཡོང་གི་རེད། དེ་དུས་ཕྱིས་ནས་ང་ཚོས་ཁོང་བཀའ་བློན་ལ་འདེམས་པ་ཡིན་ན་བརྟན་ཆ་དང་ལེགས་ཆ་ཆེ་བ་ཡོད་པ་རེད།
དང་པོ་ངས་བོད་དོན་ཁོ་ན་བསམ་ནས་བློ་སེང་སེང་ལ་རྒྱབ་སྐྱོར་ཐ་ཅིག་ཏུ་བྱེད་པ་ཡིན་། འོན་ཀྱང་ཉམས་ཞིབ་པ་གླུ་ཁར་བྱམས་ཀྱི་བཤད་པ་བཞིན་བཙན་བྱོལ་བོད་གཞུང་དེ་དངོས་གནས་ཁྱིམ་ཚང་ཆེ་འགས་ལག་ཏུ་ཡོད་པ་ལས་མཐའ་ན་༧རྒྱལ་བ་རིན་པོ་ཆེ་ལ་ཡང་དབང་ཚད་ངེས་ཅན་ཞིག་ལས་མི་འདུག། འདི་ལོ་རྒྱུས་ཀྱི་དཔང་སྟགས་གསལ་པོ་ཡོད་པའི་སྐད་ཆ་ཅིག་ཡིན་པ་ལས་བོད་གཞུང་ལ་མ་དགའ་བའི་སྐད་ཆ་ཞིག་མ་རེད་། གནས་སྟངས་འདི་ཤེས་མཁན་ཚང་མས་དང་པོ་འགྱུར་བ་ཞིག་སོང་ན་བསམ་ཏེ་རེ་བ་ཡོངས་རྫོགས་ཤེས་འཇོན་གཉིས་ལྡན་འབུམ་རམས་བློ་སེང་ལ་འོས་ཕན་གནང་བ་རེད་། ཡིན་ཡང་ཚང་མས་ཤེས་གསལ་བཞིན་སྔོན་འགྲོའི་ཁོང་ལ་འོས་གྲངས་འགྲན་ཟླ་མེད་པ་ཞིག་ཐོབ་ཡོད་པ་བརྟན་དངོས་ཤུགས་རྒྱུད་གསམ་ནས་ཁོང་ལ་གནོད་ཤུགས་ཆེ་པོ་སྤྲོད་ཡོད་པ་དཔེ་མཚོན་ན་ཨེ་ཤི་ཡི་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་རྣམས་ཀྱི་ཁོང་གི་གསུང་བཤད་འབྲེལ་ཐུབ་བྱེད་མེད་པ་སོགས་པ་དང་སྒེར་པ་་སོགས་ཀྱི་ནུས་ཤུགས་ཡོད་ཚོད་སྟོན་ནས་མཐའ་ན་ཁོང་ཚེ་སྲོག་ལ་གནོད་མི་མི་ཡོངས་ངམ་སྙམ་པའི་དོགས་གནས་ཞིག་ཏུ་ལུས་འདུག། དེས་་བློ་སེང་ལ་འོས་ཕན་པའི་ངའི་བསམ་བློ་འགྱུར་བ་བཏང་ནས་མེས་པོའི་ཁྱིམ་རྒྱུད་ཡིན་པ་བཀྲས་མཐོང་དང་གཞུང་དྲངས་ལྡན་པའི་བཀྲེས་དབང་འདུས་གཉིས་གང་རུང་འོས་ཕན་གྱི་ཡིན། འདི་ནི་རེ་བར་སེང་གེ་གངས་ལ་ཡོད་ན་སེང་གེ་དང་སེང་གེ་ཐང་ལ་བབ་ན་ཁྱི་རྒན་ཡིན་ཟེར་བའི་གཏམ་དཔེ་དེ་བློ་འཁོར་ན་མ་འོངས་བོད་འདི་དམངས་གཙོ་ཚད་ལྡན་ཞིག་མ་ཆགས་བར་ཏུ་བློ་སེང་མཆོག་ཨ་རེའི་སྙན་གྲགས་ཆེ་བའི་མཐོ་སློབ་དེར་བཞུགས་པ་ལས་རྡ་རམ་སའི་འཁོར་ཡུགས་ནང་མ་ཕེབས་པའི་རེ་བ་ཡོད་།
བློ་བཟང་སེང་གེའི་ལྟ་སྒྲུབ་གསུམ།
གཅིག་དཀྲུག ༼ གཅིག་སྒྲིལ།༽
ཟ་འདོད། ༼གསར་གཏོད།༽
རང་མགོ་གང་ཐོན། ༼ རང་མགོ་རང་ཐོན། ༽
༡༽ གཅིག་དཀྲུག་རང་བཞིན་གྱི་ལྟ་བ།
སྐུ་དྲག་དང་མི་དཀྱུས་མའི་བར་དཀྲུག་པ།
རྒན་པ་དང་གཞོན་པའི་བར་དཀྲུག་པ།
ཤེས་ཡོན་ཅན་དང་མི་སྣ་དཀྱུས་མའི་བར་དཀྲུག་པ།
ཆོས་ཁ་དང་ལུང་མཚན་གྱི་བར་དཀྲུག་པ།༼ལེ་ཐང་བརྟན་བཞུགས་ཕུལ་བ་ལས་ཁོང་གིས་དཔུང་སྒྲིག་པ།༽
༢༽ ཟ་འདོད་ཀྱི་རང་བཞིན་གྱི་ལྟ་བ།
བཀའ་ཁྲིའི་ཁྲི་རག་ཐབས་ལ་རྫུན་གྱི་རྒྱུན་རིམ་པར་བཤད་པ
རྫུན་དང་པོ།
འོས་ཤོག་རག་ཐབས་ཀྱི་ལས་འགུལ་ཆེད་དཔའ་འབྱོར་གྱི་འབྱུང་ཁུངས་ལ་སྔ་ཕྱིའི་འགལ་བ་ཡོད་པ་བཤད་པ།
རྫུན་གཉིས་པ།
སྐུ་ཚབ་ཚོའི་ནང་ནས་༼ཕྱིར་སྡོད་རྒྱ་མ་ཡིན་པའི་ངོས་ལེན་བྱས་༽པའི་ཐོག་ནས་རྒྱ་ནག་དང་བོད་དུ་ཕེབས་རབ།
ད་དུང་དེ་མ་ཚད་པའི་རྫུན་དུ་མ་ཡོད།
༣༽ རང་མགོ་གང་ཐོན་གྱི་རང་བཞིན་གྱི་ལྟ་བ།
༢༠༠༥ལོར་ཕྱིར་སྡོད་རྒྱ་མི་བྱས་པ།
འོས་ཤོག་རག་ཐབས་ལ་གདམས་ངག་ཁ་ཤས་གཏན་འཁེལ་བྱས་པ།