སྐྱེས་སར་ཀླུ་སྒྲུབ།
འོས་ཤོག་དེ་གཡོ་སྒྱུས་མ་ལེན་རོགས།
ངས་བསྐྱར་དུ་ཁྱེད་རང་ལ་ཡིག་ལམ་ནས་སྐུལ་འདེད་ཅིག་བྱེད་འདོད་བྱུང་། དེའི་རྒྱུ་མཚན་ནི་ཁྱེད་ཀྱི་སྐད་ཆ་འགའ་ཞིག་ངའི་བློ་ངོར་མ་བབས་པས་ཡིན་ལ། ངས་བལྟས་ན་ཁྱེད་ཀྱི་སྐད་ཆ་དེ་རིགས་ཤོད་རྒྱུར་ཧ་ཅང་གཟབ་ནན་བྱེད་རྒྱུར་ངས་འབོད་སྐུལ་བྱེད་ཀྱི་ཡོད།
གཅིག
ཁྱེད་ཀྱིས་ཉེ་ཆར་རྡ་རམ་ས་ནས་བོད་ཀྱི་བང་ཆེན་གསར་འགོད་པའི་དྲི་བ་ཞིག་གི་ལན་འདེབས་ནང་། ‘‘བོད་དོན་དེ་ལོ་རྒྱུས་གཞི་ལ་བཞག་ནས་རྩོད་རྒྱུ་ཡོད་མོད། ལོ་རྒྱུས་དེ་མགོ་ཉོག་པོ་ཡིན་པས་ཕར་ས་ཁྲ་ཞིག་བསྟན་ན། ཚུར་ས་ཁྲ་ཞིག་སྟོན་པ་དང་ཕར་ཚེས་གྲངས་ཤིག་བཤད་ན་ཚུར་ཚེས་གྲངས་ཤིག་བཤད་ངེས། གལ་སྲིད་བདེན་པ་གཞི་ལ་བཞག་ན་ཕར་བདེན་པ་ཞིག་བཤད་ན་ཚུར་བདེན་པ་ཞིག་བཤད་སྲིད་པས་འཇུ་ས་མེད་པ་ཞིག་ཆགས་སྲིད།,, ཅེས་པའི་སྐད་ཆ་འདི་འདྲ་ཞིག་བཤད་འདུག ངས་གོ་ཚོད་ལྟར་ན། བོད་མི་རིགས་ཀྱི་ངོས་ནས་ཕར་རྒྱ་གཞུང་ལ་ལོ་རྒྱུས་ཀྱི་བདེན་པ་བཤད་ན། ཚུར་ཡང་ལོ་རྒྱུས་ཀྱི་བདེན་པ་སྐྱོར་རྒྱུ་ཡོད་པས། མཐར་ང་ཚོར་ལག་པ་འཇུ་སའི་ལོ་རྒྱུས་ཀྱི་བདེན་པ་ཞིག་མེད་ཚུལ་ཤོད་ཀྱི་འདུག དེ་ལྟར་ཤོད་ཀྱི་ཡོད་ན་ཁྱེད་རང་ནོར་བ་ཡིན་ལ། ཁྱོད་རང་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་གང་ཡང་མ་ཤེས་པའི་རྟགས་བསྟན་པ་ཡང་ཡིན། དེ་སྔ་བོད་རང་བཙན་ཅན་གྱི་རྒྱལ་ཁབ་ཞིག་མིན་པའི་ལོ་རྒྱུས་ཀྱི་བདེན་པའི་སྒྲུབ་བྱེད་ཅིག་རྒྱ་ནག་ལ་ཡོད་དམ། ལོ་རྒྱུས་ནང་ཕྱི་ལོ་ ༡༩༥༩ སྔོན་བོད་ཀྱི་རང་བཙན་ཟླ་ཚེས་འདིའི་ཉིན་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་ལུགས་ཀྱི་བདེན་དོན་ཞིག་རྒྱ་གཞུང་ལ་ཤོད་རྒྱུ་ཡོད་དམ། དེ་སྔ་བོད་རྒྱ་ཁོངས་ཡིན་པའི་ས་ཁྲ་ཚད་ལྡན་ཞིག་རྒྱ་གཞུང་ལ་སྟོན་རྒྱུ་ཡོད་དམ། སྐད་ཆ་དེ་རིགས་བཀའ་ཁྲིའི་འོས་མི་ཞིག་གིས་ཤོད་རྒྱུ་ཞིག་མ་རེད་ལ། མི་ཤེས་བཞིན་དུ་དེ་ལྟར་བཤད་ན་ཕན་ལས་གནོད་ཆེ་གི་རེད། རྒྱ་ནག་གིས་ཚུར་ལོ་རྒྱུས་ཤོད་པ་དང་། ས་ཁྲ་བསྟན་པ། བདེན་དོན་བཤད་པ་རྣམས་གང་དང་གང་ཡིན་ནམ། ཁྱོད་རང་གིས་ཕར་བཤད་ཚུར་བཤད་མང་པོ་ཞིག་བྱས་པའི་དམིགས་ཡུལ་དེ། བོད་ཀྱི་རྩ་དོན་དེ་ལོ་རྒྱུས་ཀྱི་ཕྱོགས་ནས་སྒྲུབ་དཀའ་བ་གང་ཞིག་ལ། ཁྲིམས་ཀྱི་ཐོག་ནས་སྒྲུབ་སླ་བ་དང་། ཁྲིམས་ངས་ཤེས་པས་ང་བཀའ་བློན་བྱས་ན། རྩ་དོན་འགྲུབ་མདོག་གི་རྣམ་འགྱུར་ཞིག་ྟོན་གྱི་འདུག་མོད། ཡིན་ན་ཡང་། སུས་ཀྱང་ཤེས་གསལ་ཞིག་ལ། བོད་རྒྱའི་དཀའ་ངལ་དེ་ཁྲིམས་དང་། ལོ་རྒྱུས་ཀྱི་གསལ་ཁ་ཐོན་མིན་ཙམ་དང་། ར་འཕྲོད་མིན་ཞིག་གིས་འགག་ནས་ཡོད་པ་ཞིག་མིན་པར། གནད་འགག་གཙོ་བོ་དེ་ཆབ་སྲིད་ཚོང་ལས་ཅན་ནམ། ཤོད་སྟངས་གཞན་ཞིག་ནས་བཤད་ན།རྒྱལ་ཁབ་ཕན་ཚུན་གྱི་ཁེ་ཕན་བརྒྱུད་སྤྲོད་ཀྱི་བར་ནས་བོད་ཀྱི་རྩ་དོན་དེ་གལ་ཆུང་དོན་ཆུང་ཞིག་གམ། སུས་ཀྱང་གནད་དོན་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་ཏེ་ལག་པ་འཆང་མ་ཐུབ་པར་ལུས་ནས་ཡོད་པ་འདི་ཡིན་ལ། མཐར་གཏུགས་ན།
ཕྱིའི་རྒྱལ་ཁབ་དང་ཚོགས་སྡེ་མི་སྒེར་སུ་ལ་ཡང་། རང་དོན་ཨང་དང་པོ་ལས། བོད་དོན་ཨང་དང་པོ་མ་ཆགས་པས་ཡིན་པ་ལས། བོད་ཀྱི་ལོ་རྒྱུས་ཀྱི་བདེན་པས་མ་འདངས་པ་མིན་ལ། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཀྱང་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་ད་དུང་གསལ་རྟོགས་མ་བྱུང་བ་དང་། དེ་རྒྱ་གཞུང་ལ་གསལ་བཤད་མ་ཐུབ་པར་ལུས་ནས་ཡོད་པ་དེ་རིགས་གང་ཡང་མིན། ནམ་ཞིག་རྒྱ་ནག་རང་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ན། དེའི་ཉིན་རྒྱལ་སྤྱིའི་རྒྱབ་སྐྱོར་ལ་ལྟ་ཉན་ཞིག་བྱེད་རྒྱུ་ཞིག་ཡོད་ངེས་ལས། གཞན་ཁྱོད་རང་གི་ཁྲིམས་ལུགས་ཤེས་ཡོན་ཙམ་གྱིས་ཁ་ལོ་བསྒྱུར་ཐུབ་ས་ཞིག་ན་མེད་སྟབས། སྐད་ཆ་དེ་རིགས་ལ་ཁ་གཡར་ནས་མང་ཚོགས་ཀྱི་འོས་ཤོག་དེ་གཡོ་སྒྱུས་མ་ལེན་རོགས། ང་ཚོ་འོན་པ་མིན་ལ། ང་ཚོ་ལོང་བའང་མིན།
གཉིས།
ཁྱོད་ཀྱིས་སེམས་ཁྲལ་བྱེད་མི་དགོས་པ་ཞིག་ལ། ཁྱེད་ཉིད་ཨ་མི་རི་ཁའི་སྙན་གྲགས་ཆེ་བའི་ཧ་ཝལ་གཙུག་ལག་སློབ་གྲྭའི་ཁྲིམས་ལུགས་འབུམ་རམས་པ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད་ལ། གནས་ཚུལ་དེའི་ཐད་ནས་ངས་ཁྱོད་ལ་བརྩི་བཀུར་དང་གུས་ཞབས་ཆེན་པོ་ཡོད། གལ་ཏེ་ཁྱོད་ཀྱི་དྲན་ངོགས་ན་ཡོད་ཚེ། སྐབས་དེར་ངས་འཚམ་འདྲིའི་ཤོག་བྱང་ཞིག་ཀྱང་ཁྱོད་ལ་ངོས་སུ་སྤྲད་པ་ཡིན། ཡིན་ཡང་། ད་ལྟའི་ཆར་ཁྱོད་ཀྱི་ཧ་ཝལ་གཙུག་ལག་སློབ་གྲྭ་དང་། མཁས་པའི་བགྲོ་གླེང་། ཁྲིམས་ཀྱི་གནད་དོན་ཟེར་བ་དེ་གསུམ་འོས་འཚམ་ཡིན་མིན་གང་སར་བེད་སྤྱོད་མང་དྲགས་པས། ངས་ཁྱོད་ལ་དྲན་སྐུལ་བྱེད་རྒྱུར། ཁྱོད་ཀྱིས་སྦྲང་རྩི་དེ་སྤྲོད་ཤེས་པ་ཞིག་བྱེད་རོགས་ཞེས་འབོད་སྐུལ་བྱེད་ཀྱི་ཡོད། ཁྱོད་ཀྱི་སྦྱངས་བྱ་དེ་ཁྲིམས་ལུགས་ཡིན་པས་བོད་དོན་དང་འབྲེལ་མེད་མིན་ཁར། སྐབས་འགར་ཕན་ཐོགས་ཀྱང་ཆེན་པོ་ཡོང་སྲིད། ཡིན་ཡང་། ང་ཚོས་མཐོང་འདོད་པ་དང་། ཤེས་འདོད་པ་དེ། ཁྱོད་རང་ཧ་ཝལ་གཙུག་ལག་སློབ་གྲྭ་ནས་ཐོན་མིན་དང་། ཁྲིམས་ལུགས་འབུམ་རམས་པའི་ལག་འཁྱེར་ཡོད་མིན་དེ་ཙམ་ཞིག་མིན་པར། དེ་ལས་བརྒལ་ཏེ། བབ་བརླིང་བརྟན་གསུམ་གྱི་གཤིས་སྤྱོད་ཡོད་ཁར། དུས་རབས་ཀྱི་གོ་རྟོགས་དང་། ཕུགས་རྒྱང་རིང་བོའི་དམིགས་ཡུལ་ངེས་ཅན་ཡོད་པའི་རྣམ་དཔྱོད་ཅན་ཞིག་ཡོད་ན་འདོད་པ་ལས། ང་ཚོ་སློབ་གྲྭའི་ལག་འཁྱེར་ཙམ་གྱིས་ཡིད་ཁ་ཁེངས་འགྲོ་མཁན་ཞིག་དང་། དེ་ཙམ་ཞིག་མེད་པས་སེམས་ཤི་འགྲོ་མཁན་ཞིག་མིན་པས། ཁྱོད་ཀྱིས་ཡང་ནས་ཡང་དུ་དྲིས་ལན་ལ་འགྲོ་མིན་ཇི་ལྟར་ཡང་། ང་ཁྲིམས་ལུགས་ཀྱི་མཁས་པ་ཡིན་ཚུལ་བཤད་པ་མང་དྲགས་པ་འདིས་ཡང་སྙིང་ཁྱོད་རང་གི་བསམ་བློའི་གནས་རིམ་དེ་འདོད་བློ་ཁེངས་བྱེད་ཅིག་ཏུ་སླེབས་མེད་པ་གསལ་བཤད་བྱེད་ཀྱི་འདུག་པས།
ངསབསྐྱར་དུ་རེ་སྐུལ་བྱེད་རྒྱུར། བོད་མི་ས་ཡ་དྲུག་གི་བདེ་སྡུག་ལ་འགན་འཁུར་རྒྱུ་ཟེར་བཞིན། དེ་ལྟའི་ཅོར་ཆུང་གི་རྣམ་པ་མ་སྟོན་རོགས་
ཟེར་གྱི་ཡོད། དུས་རབས་ཀྱི་སྐྱོགས་མཚམས་འདི་ནས་དོན་དངོས་གང་ཡིན་ལ་མ་ལྟོས་པར། ནུབ་ཕྱོགས་ལུང་བར་སེམས་ཁ་ཕྱོགས་པའི་བོད་རིགས་མང་པོ་ཞིག་ལ་དགོས་མེད་ཀྱིས་མགོ་སྐོར་མ་གཏོང་རོགས། ཁོང་ཚོའི་འོས་ཤོག་དེ་གཡོ་སྒྱུས་མ་ལེན་རོགས།
ཡག་པོ་ཞེ་དྲག་བྲིས་འདུག སྐྱེས་གསར་འདི་པ་རྣམ་དཔྱོད་ཅན་ཞིག་རེད་འདུག་ཅེས་བརྗོད་ཆོག་སྙམ། དངོས་གནས་རེད། བློ་སེང་འདི་ཁྱད་མཚར་་རེད། བོད་ཀྱིས་བཤད་པའི་རྒྱལ་རབས་ལོ་རྒྱུས་ལ་བདེན་པར་འཛིན་གྱི་ཡོད་དམ། ཡང་ན་རྒྱ་ཡིས་བཤད་པའི་རྒྱལ་རབས་ལོ་རྒྱུས་ལ་ཡིད་ཆེས་ཡོད་ཆ་མ་འཚལ་བ་ཞིག་རེད་འདུག བོད་རྒྱ་གཉིས་ཀས་སྟོན་པའི་ས་ཁྲ་ཡང་དེ་བཞིན་རེད། གང་ལྟར་གཅིག་བདེན་པ་དང་གཅིག་རྫུན་པ་ཡིན་དགོས་པ་ལས། དེ་གཉིས་ཀྱི་བར་ན་གནས་པའི་བདེན་པ་གཞན་ཞིག་ཡོད་མི་སྲིད། གལ་ཏེ་གཉིས་ཀས་བཤད་པ་བདེན་པ་ཡིན་ན་། རྩོད་པ་ཡོང་དོན་མེད་ལ། གལ་ཏེ་གཉིས་ཀ་རྫུན་པ་ཡིན་ན་ང་ཚོས་བཤད་པའི་ལོ་རྒྱུས་ཀྱང་རྫུན་པར་ཆ་འཇོག་པས་༸གོང་ས་མཆོག་ནས་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་བོད་ལ་བདེན་པ་ཡོད་ཅེས་དུས་རྟག་ཏུ་འཛམ་གླིང་གཞུང་དམངས་ཁྲོད་ཐུགས་སྤོབས་ཆེན་པོས་གསུངས་པ་རྣམས་ཀྱང་རྫུན་པར་བཏང་སོང་བས་༸གོང་ས་མཆོག་ཀྱང་ཞལ་རྫུན་གནང་མཁན་ཞིག་ཏུ་མི་འགྱུར་རམ། དེ་འདྲ་སོང་ཙང་བློ་སེང་འདིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་རྩ་བ་ནས་ཤེས་ཀྱི་མེད་ཚོད་འདུག་ན། འདི་འདྲའི་བཀའ་ཁྲི་ཞིག་གིས་བོད་ལ་ཕན་ཐོགས་རྒྱུ་རེད་དམ། མ་ཟད་ཁོ་པའི་བསམ་བློའི་ཞེན་ཕྱོགས་ཕྱེད་ཙམ་ཞིག་རྒྱ་ཕྱོགས་ལ་ཡོར་ཚར་འདུག བྱས་ཙང་ཚང་མས་གཟབ་དགོས་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་ནས་བཤད་པ་ཡིན་ན་ཁོ་པས་བཤད་པའི་རྡ་སའི་སྐད་ཆ་དུམ་བུ་འདི་ཧ་ཅང་གི་ནག་ཉེས་ཆེན་པོ་ཞིག་དང་རྫབ་ཆེན་ཞིག་རེད། ཚུལ་འདི་ལ་དཔགས་ན་དོན་དངོས་ཐོག་ཁོ་པ་ལ་ཆབ་སྲིད་ཀྱི་ཤེས་ཡོན་ཏིལ་ཙམ་མེད་པ་དང་ལོ་རྒྱུས་ཀྱི་མྱོང་བ་རྩ་བ་ནས་མེད་པར་གོ་གནས་ཁོ་ན་ལ་བརྔམས་པ་ཞིག་ཡིན་པ་གསལ་པོར་ཤེས་ཀྱི་འདུག
འུད་དང་ཁ་ཕོ་མང་དྲགས་པས། རང་ལ་ཐོབ་བསྡད་པའི་འོས་གྲངས་དེ་དག་ཀྱང་རང་པང་ནས་ཡལ་འགྲོ་བའི་གནས་སྐབས་ཇི་མང་དུ་འགྲོ་བཞིན་འདུག ཉེན་ཁ་ཆེ་ཆེ་རེད། ཡིད་གཟབ་གནོངས་ཤིག་བཀུར་འོས་བློ་སེང་ལགས།
སྐྱེས་སར་ཀླུ་སྒྲུབ་ལགས། མཁས་དབང་བློ་སེང་གིས་དེ་ལྟར་གསུངས་མེད། ཁྱེད་རང་གོ་ཐོས་ནོར་བ་ཡིན་པ་འདྲ། དཔྱད་ཞིབ་གནང་ནས་གསུང་རོགས། དེ་ལས་ལྷག་པའི་ཉེ་ཆར་ཟམ་གདོང་རིན་པོ་ཆེ་ནས་བོད་བསྟན་པ་ཆབ་སྲིད་ལ་སེམས་ཤུགས་མེད་དོན་དང་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་ཁོང་ལ་ཤོས་རྒྱུ་མེད་པ་སོགས་གང་བྱུང་སྣ་ཚོགས་ཞིག་གསུངས་ཡོད། དེ་ལ་ཁྱེད་ཀྱིས་དྲི་བ་སོགས་གང་ཡང་མེད་པ་ད་ཆ་བློ་སེང་ལ་འཛིག་འཛིག་བྱ་དགོས་ཚུལ་གང་ཡིན་ནམ། སྤྱི་ཚོགས་གང་དུ་ཡིན་ཡང་ལས་དོན་དྲང་པོ་ཞིག་སྤེལ་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཡིན། ཚང་མའི་དྲང་པོ་ཞིག་གནང་རོགས་ཞེས་འབོད་སྐུལ་ཡིན།
༼ བོད་དོན་དེ་ལོ་རྒྱུས་གཞི་ལ་བཞག་ནས་རྩོད་རྒྱུ་ཡོད་མོད། ལོ་རྒྱུས་དེ་མགོ་ཉོག་པོ་ཡིན་པས་ཕར་ས་ཁྲ་ཞིག་བསྟན་ན། ཚུར་ས་ཁྲ་ཞིག་སྟོན་པ་དང་ཕར་ཚེས་གྲངས་ཤིག་བཤད་ན་ཚུར་ཚེས་གྲངས་ཤིག་བཤད་ངེས། གལ་སྲིད་བདེན་པ་གཞི་ལ་བཞག་ན་ཕར་བདེན་པ་ཞིག་བཤད་ན་ཚུར་བདེན་པ་ཞིག་བཤད་སྲིད་པས་འཇུ་ས་མེད་པ་ཞིག་ཆགས་སྲིད། ༽དངོས་གནས་ཀླུ་སྒྲུབ་ཀྱིས་གནད་འགག་ཅིག་བཏོན་འདུག
༼ འཇུ་ས་མེད་པ་ ༽ཞེས་པ་འདི་སྐད་ཆ་ཉེན་ཁ་ཆེན་པོ་རེད་ལ། གལ་སྲིད་བཀའ་ཁྲིའི་ལས་ཐོག་ཞིག་གི་ཞལ་ནས་ཚིག་འདི་ཐོན་པ་ཡིན་ན། རྒྱ་ནག་གཞུང་གིས་རང་ཉིད་ལ་རྒྱལ་ཁ་ཐོབ་པར་ངོས་འཛིན་བྱེད་ཀྱི་རེད་ལ། སྔར་བཞིན་རྫུན་བཟོ་རྫུན་སྒྲོག་ལ་མ་དངུལ་ཕོན་ཆེ་བཏང་ནས་ཤུགས་རྒྱག་རྒྱུ་རེད།
རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྟེང་གི་༧སྐུ་མདུན་གྱི་བཀའ་སློབ་དུ་༼ ཕོ་བྲང་པོ་ཏཱ་ལ་དེ་རྒྱ་ནག་གིས་བཞེངས་པའི་གནས་ཚུལ་ཞིག་རྒྱ་གར་གསར་ཤོག་ཅིག་ཏུ་བཀོད་པ་༧སྐུ་མདུན་གྱིས་མཐོང་སོང་ཞེས་གཟབ་ནན་གྱིས་བཀའ་ཕེབས་སོང་།༽ འོ་ན་བློ་སེང་གིས་གལ་སྲིད་པོ་ཏཱ་ལ་སུས་བཞེངས་མིན་ཀྱང་ལག་པ་འཇུ་ས་མེད་པ་ཞིག་གི་སྒང་ནས་བཞག་པ་ཡིན་ན། བོད་སྐྱབས་པ་རེད་དམ། བོད་བཙོང་བ་རེད།
བོད་རྒྱ་ནག་གི་ཆ་ཤས་ཡིན་པ་རྫུན་སྒྲུབ་བྱེད་པའི་ཆེན་པོ་ཧོར་གྱི་གོང་མ་ཆིང་གི་སི་གང་གི་ཡོན་རྒྱལ་རབས་དེ་རྒྱ་ནག་གི་རྒྱལ་རབས་ཡིན་པར་ལག་པ་འཇུ་ས་མེད་པའི་སྟེང་༧སྐུ་མདུན་དང་བཙན་བྱོལ་བོད་གཞུང་སུས་ཀྱང་བཞག་མི་འདུག་ལ། བློ་སེང་ཁོང་གིས་སྐྱོང་རྒྱུ་ཡིན་ཟེར་བའི་དབུ་མའི་ལམ་གྱི་སྲིད་བྱུས་དེའི་རྩ་དོན་གཉིས་ནི། ༡ བྱུང་རབས་ལ་འགྱུར་བ་མི་གཏོང་བ་དང་། ༢ བོད་གངས་ཅན་པ་ཚོ་ཆིག་སྒྲིལ་བྱེད་རྒྱུ་དེ་རེད། འོ་ན་ཁོང་གིས་འཛིན་རྒྱུའི་སྲིད་བྱུས་ཀྱི་རྩ་དོན་དང་དགོས་དམིགས་ཀྱང་༼ ལག་པ་འཇུ་ས་ ༽མེད་པ་ཆགས་མི་འགྲོ་འམ།
གལ་སྲིད་བློ་སེང་གིས་སྐད་ཆ་འདི་ཁྲི་པའི་རྐུབ་སྟེགས་སྟེང་བཤད་ཡོད་ན། བོད་མི་རིགས་བསྐྱལ་ས་ཅིག་བསྐྱལ་ཚར་བ་རེད།
ཝ་ཡེ། ཨ་ཁུ་སྟོན་པ། ཟམ་གདོང་ཚང་གིས་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ཁོང་ལ་ཤོད་རྒྱུ་མེད་ཅེས་གསུངས་མིན་མ་ཤེས་ཀྱང་། གལ་ཏེ་བཤད་པའི་དབང་དུ་བཏང་ཀྱང་དེ་ལ་ཉེས་པ་གང་ཡང་མེད། ཁོང་གིས་རྒྱ་ཡིས་བཤད་པའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་བདེན་པ་རེད་ཅེས་མ་བཤད་པ་དེ་གས་འཐུས། བོད་འདི་རང་བཙན་ཡིན་མིན་མ་ཤེས་པ་དེས་རང་བཙན་མིན་པར་བསྒྲུབ་ཀྱི་མེད། སྐད་ཆ་མང་ཙམ་ཉོན། དུས་ཚོད་བྱུང་ན་རིགས་ལམ་ལ་སློབ་སྦྱོང་འདྲ་གནང་ཐུབ་ཚེ་ད་གཟོད་གཞི་ནས་དགག་སྒྲུབ་ཀྱི་རྣམ་དབྱེ་ལ་བློ་ཁ་ཕྱོགས་ཐུབ། དེ་ལྟར་མིན་པར་སྐད་ཆའི་ནང་དོན་དང་ཁ་ཕྱོགས་རྩ་བ་ནས་མི་ཤེསཔར་ཉ་ཉུང་མཉམ་བསྲེས་བྱས་ན་དགག་པའི་ཆར་པ་བབས་ཡོང་།
ཨ་ཁུ་སྟོན་པ་ལགས། གནད་འགག་ཆེ་སར་རང་དོན་གྱིས་འཁྱོག་བཤད་བྱས་ན་སྤྱི་བར་གནོད་འགྲོ་གི་རེད།
བཀའ་ཁྲི་མཆོག་ཉེ་ཆར་ཐོན་མཇལ་འཚམས་བཅར་སྐབས་ཧ་པ་པོར་བཀའ་སློབ་བསྩལ་བའི་ནང་གཞོན་ལྷན་དང་དབུ་མའི་ལམ་གྱི་ལས་འགུལ་བ་ཚོའི་སྐོར་ནས་དྲངས་པའི་གནས་ཚུལ་ཞིབ་ཚགས་བཀའ་གནང་འདུག་པ་དེར་གསལ་བས། སྐུ་ཉིད་ནས་མཁྱེན་འདོད་ཡོད་ན། ཕྱི་དྲིལ་ལྷན་ཁང་ནས་འོད་སྡེར་རེག་གི་འདུག
གཟབ་གདོང་རིན་པོ་ཆེའི་ལོ་བཅུའི་ཕྱག་རྗེས་ལ་རྗེས་སུ་ཡི་རང་དང་། ཁོང་གི་སྐུ་ཚེ་ཡུན་བརྟན་ཤོག །
མཁས་དབང་བློ་སེང་གིས་གཡོ་བཤད་དང། སྐྱེས་སར་གྱིས་བཤད། ཨ་ཁུ་ཆོས་གྲགས་ལ་དྲིས་དང་གསལ་ནི་རེད། ཧར་ཝ་གཙུག་ལག་སློབ་གྲྭ་ནས་ཐོན་པར་དངོས་བདེན་ཡིན་པས་དེས་ཁྱོད་ལ་གནོད་དོན་ཅི། བོད་ལ་ལོ་རྒྱུས་ཀྱི་རང་བཙན་ཡིན་པའི་བདེན་དཔང་ཡོད་ཀྱང། དབུ་མའི་ལམ་གྱི་སྲིད་ཇུས་འཛིན་པ་ཞིག་གིས་དེའི་དོན་ལ་རྩོད་པ་རྒྱབ་པར་དགོས་པ་མི་ཆུང་ངམ། རྡོ་རིང་པའི་རྣམ་ཐར་སོགས་ཀློག་དང་ཉན་མི་འདོད་པའང་དུ་མ་འདུག
ད་ནི་ངུ་བའི་ཁ་ལ་བལྟོས་ན་ངུ་། ཟེར་བ་ཅིས་མ་བདེན། མཆན་བུ་བ་འདི་ཚོས་ན་ནིང་ན་གཞོན་ལ་གོ་སྐབས་མི་རེག་པའི་སྡུག་སྐད་བཏོན། ད་ལོ་ན་གཞོན་ལ་སྐུ་སྟེགས་འཆོར་དོགས་ཀྱི་ངུ་ཟུགས་བྱེད།
ཨ་ཁ་ད་ངོ་མ་དྲྭ་འབུ་དག་སྨྱོས་འདུག །
兩個軍人放假回家座火車”
一個住台中一個住嘉義
她們是在桃園當兵
上火車前去買了一些東西吃
其中有一包歐斯麥餅乾
兩人吃著吃著
剩一包歐斯麥
住嘉義的那個去上廁所
此時台中到了台中這個把剩下的歐斯麥放在住嘉義的那位的包包內
它便下車了
台中也有人上車有一個女生就做在她們的位子
手上還拿著一包歐斯麥吃
嘉義這個回來了
看到有一個女生拿著她們的歐斯麥吃
就一直看這女生那女生想這男生怎一直看著她
吃歐斯麥這嘉義男生想這女生怎可以拿她的歐斯麥吃
女生以為這男生看她吃”是不是也想吃
就把餅乾拿給男生吃
這男生想
這是我的餅乾我當然要吃
兩個就醫人一塊一人一人一塊的把餅乾吃完
到最後一塊那女生也把最後一塊給男生吃
後來嘉義到了男生下車
要找她的車票
打開她的包包
才看到她的歐斯麥
བསྟན་འཛིན་ཆེ་བཀྲ་ལགས།
ཁྱེད་རང་ཡང་གྱྈ་མིས་མི་སེར་བྱེད་འདོད་ཡོད་པ་འདྲ་་་་་བློ་སེང་མཉམ་པོ་གྱྈ་ནག་ལ་ཕེབས་རོགས་།
བོད་པའི་སྤྱི་ཚོགས་ནང་བསྡད་དགོས་ཡ་གྱུྈ་མཚན་ཙྈ་བ་ནས་མིད་དོ།ྈ
ངས་ཁྱོད་ལ་རེ་བ་རུམ་གང་བཟུང་ཡོད་མོད
འོན་ཀྱང་ཁྱོད་ཀྱི་སྐྱག་དྲི་བྲོ་བའི་གཏམ་འདི་དག་ཐོས྄་རྗེས་
ངོ་ཡིད་ནག་གཏིང་ནས་ཆད་སོང་
གལ་ཏེ་ཁྱོད་རང་བཀའ་བློན་ཁྲི་བར་ཕེབས་ན་
བོད་འདི་ཏན་ཏན་ཁ་ཆག་སྣ་རལ་དུ་འགྱུར་བར་ཐེ་ཚོམ་མི་ཟ
གཞིས་ལུས་ཀྱི་བོད་མི་ང་ཚོ་སྙིང་མ་རྗེ། །
སྐྱེས་གསར་ཀླུ་སྒྲུབ་འདི་ཕ་རན་སིའི་ལྕགས་དོང་དེའི་རྩེ་ལ་མཛེགས་ནས་བློ་བཟང་སེང་གེའི་ནོར་འཁྲུལ་ཁབ་ཀྱི་འཚོལ་གི་ཡོད་ས་རེད་། ཧཧཧ
དྲ་གྲོགས་ཚོ།
ཟམ་གདོང་གི་འདི་དང་འདི་འདྲ་བའི་སྐད་ལ་རྫོགས་རྒྱུ་མེད་པའི་ཚོད་དུ་ཡོད། ད་དེ་ཚོ་གཡུག་ཞོག ཚར་བ་རེད། ལོ་བཅུ་ལ་སྲིད་བཟུང་བ་རེད། བཟང་བོ་བྱུང་ན་བོད་གངས་ཅན་པས་བྱུང་བ་རེད། ངན་པ་བྱུང་ན་ཡོད་ན་བོད་གངས་ཅན་པས་མ་བྱུང་བ་རེད། ཉེ་ཆར་ཁོ་རང་གིས་དགོངས་དྭགས་ཕར་ཞུ་ཚུར་ཞུ་ཡིན་ཚུལ་གསུང་བ་མ་རེད་ཟེར་རྒྱུ་མེད།
དེ་ལས་སྐྱེས་སར་ལགས་ཀྱིས་གསུང་པ་བདེན་ན་ཁོང་གིས་དྲ་འབྲེལ་སོགས་ཁུངས་སྐྱེལ་བྱེད་དགོས། དེ་མིན་གཤམ་དུ་དེ་རྫུན་རེད་གསུང་མཁན་ཡང་འདུག
གལ་སྲིད་བདེན་ན་ད་ངས་སྔ་ཕྱི་ཚང་མ་སྡོམ་ནས་བློ་སེང་ལ་བལྟ་སྟངས་གསར་བ་ཞིག་འབྱུང་ས་རེད། དེ་ནི་གཅིག་ནས་བློ་སེང་ལ་སྲིད་དོན་གྱི་སྐད་ཆ་བཤད་པའི་ཉམས་མྱོང་མེད་པ། གཉིས་ནས་བློ་སེང་མཁས་པའི་ལམ་ལ་མཛའ་བ་ལས་སྲིད་དོན་པའི་གཤིས་ཀ་ལ་མི་མཛའ་བ་དེ་གཉིས་ཡིན། bbc དང་ལ་རྒྱའི་བདག་པོ་དགའ་སོང་ངམ།
འོན་ཀྱང་དེ་ནི་མིའི་རིན་ཐང་ཡིན། ཡིན་ན་ཡང་ཁོ་རང་སྲིད་དོན་ཞུགས་ནས་ལོ་འགའི་རྗེས་སུ་རིན་ཐང་དེ་ཉམས་འགྲོ་རྒྱུན་ཡིན་པ་ངས་ཚོད་དཔགས་བྱེད་ཀྱི་ཡོད། དེ་ནི་བློ་སེང་གཅིག་བུ་ལ་མིན་པར་སྤྱི་ལ་ཁྱབ་པའི་སྤྱི་འགྲོས་ཤིག་ལ་བརྩི་བཞིན་ཡོད།
སྐྱེས་སར་ཚང་གིས་གཞན་སྐྱོན་ཁབ་འདྲ་བོ་མཐོང་ནས་རང་སྐྱོན་རི་རབ་འདྲ་བོ་གང་ལ་གཡུགས་རྩིས་ཡིན་ན།
འདི་ན་གཞན་སྐྱོན་གཅིག་ཙམ་ལས་རྙེད་ཐུབ་མི་འདུག་ད་འོས་བསྡུ་སླེབས་ལ་ཉེ་བའི་མུ་མཐུད་ཤུགས་རྒྱག་དགོས་ས་རེད། གཅིག་བྱས་ན་བློ་སེང་གི་སྐྱེ་བ་སྔ་མ་ན་བྱས་ཉེས་རི་རབ་ལྟར་སྤུངས་ཡོད་ལས་ཆེ་དེ་ཡང་འདིར་དྲངས་དགོས། སྐྱེ་བ་སྔ་ཕྱི་ཁས་ལེན་དགོས་བའི་བོད་པ་ཚང་ལ་མཚོན་ན་དེ་ཡང་ཞིབ་འཇུག་བྱས་ཏེ་ཁྱེད་ཀྱི་རྩོམ་རྗེས་མའི་རྒྱབ་དཔུང་དུ་ཁྲིད་ལ་ཤོག
ངས་བལྟས་ན། བློ་སེང་གི་སྐད་ཆ་འདི་ཉམས་མྱོང་རྒས་པོའི་འབེལ་གཏམ་ལྟ་བུ་ཞིག་འདུག མ་རེད་ཟེར་ཡས་རྩ་བ་ནས་མིན་འདུག ཁོས་བཤད་པ་འདིར་བདེན་པ་དམར་དམར་ཧྲིག་ཧྲིག་གཅིག་འདུག དེ་ག་རེད། བོད་རང་བཙན་ཡིན་ཞེས་ཕར་ས་ཁྲ་དང་ཡིག་ཆ་གཅིག་བསྟན་ན། ཚུར་ཡང་ཡིག་ཆ་ཞིག་དང་ས་ཁྲ་གཅིག་བསྟན་ཐག་ཆོད་རེད། དེ་ངོ་མ་རེད། ད་དེར་བར་མི་ཞིག་འཚོལ་ན། རྒྱ་ལ་སྟོབས་དང་ནོར་གྱིས་ཤུགས་ཡོད་སྟབས། བོད་པའི་ཁེ་ཕན་ཤོད་མཁན་བར་མི་ཞིག་རག་གི་མ་རེད། དེ་ཡང་དངོས་ཡོད་རེད།
བདེན་པ་ཞེས་རང་ཚུགས་ནས་རང་དབང་ལྟ་བུས་གྲུབ་པའི་དངོས་པོ་དང་གནས་ཚུལ་ཞིག་ལ་བསམ་བློ་བཏང་ན་ནོར་འཚར་བ་རེད། ང་ཚོར་བདེན་པ་ཡོད་ཟེར་དུས་ག་རེ་ཟེར་གྱི་ཡོད་དམ། བདེན་པ་མིས་བཟོས་པ་རེད། དེ་ལ་བཟོ་བཅོས་རྒྱག་གི་རེད་ལ། དེ་ལ་གསར་བཟོ་ཡང་བྱེད་ཀྱི་ཡོད། ང་ཚོ་བོད་པར་བདེན་པ་ག་རེ་ཡོད་ཟེར་ན། ལོ་རྒྱུས་ཡི་གེ་བསྟན་གྱི་རེད། ཡི་གེ་དེ་ཚོ་མིས་བྲིས་པ་ཡིན་སྟབས། ཡིག་ཆ་འགའ་ཞིག་གིས་ཀུན་མོས་བྱེད་པའི་བདེན་པ་བསྟན་ཐུབ་ཀྱི་མ་རེད།
བདེན་པ་ཚིག་སྐམ་པོ་འདི་འདྲ་ལྟ་བུ་རྩོད་རྩོད་ནས་བོད་པའི་དོན་བརླགས་འགྲོ་གི་ཡོད། ཁ་སང་གཏམ་དཔེ་ཞིག་མཐོང་སོང་། “རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར།”ཟེར་བ་ལྟ་བུ་རེད།
ང་ཚོ་རྩོད་རྒྱུ་འདི་བོད་པའི་མིའི་ཐོབ་ཐང་རྩོད་དགོས། དྲ་མཉམ་རྩོད་དགོས། ཆབ་སྲིད་ཀྱི་རང་དབང་རྩོད་དགོས། རང་བཙན་ཚིག་སྐམ་པོ་འདིར་མགོ་འཁོར་ནས་ལུས་ན། བོད་དོན་ཤི་འགྲོ་གི་རེད། རྒྱུ་མཚན་འདི་དག་ལ་ལྟོས་ནས། རྒྱལ་བ་རིན་པོ་ཆེས་ཀྱང་བོད་རང་བཙན་གྲུབ་ཀྱི་མིན་འདུག
བློ་སེང་གི་སྐད་ཆར་རྒྱུ་མཚན་འདི་འདྲ་འདུག
རྒན་ཚངས་དབྱངས་ལགས་ཀྱི་སྐད་ཆ་ཅིག་བཤད་ཡོང་དུས་རླུང་འཚུབ་ནང་བཞིན་ཡག་བཙོག་ཀུན་པོའི་སྟེང་དུ་ཐལ་རྡུལ་རྩུབ་བཞག་གི་འདུག
(ང་ཚོ་ལ་བདེན་པ་ཡོད་པ་རེད་)ཅེས་པའི་སྐད་ཆ་འདི་༸གོང་ས་མཆོག་གིས་ཀྱང་ལན་གྲངས་དུ་མར་གསུངས་དང་གསུང་བཞིན་འདུག་ལ། དེ་ལྟར་དུ་བདེན་པའང་ཡོད་པ་བདེན་པ་རེད་པས། བདེན་པ་ཡོད་པ་མཐོང་ཡོད་མེད་གང་ལྟར་ཀྱང་བཤད་ཚུལ་འདི་ངོ་མ་བློར་འཐད་པོ་རང་མི་འདུག
ང་ཚོར་བདེན་པ་ཡོད་པ་དཔེར་ན་ཁྱོད་ཀྱིས་ཁ་སང་དཀར་ཡོལ་ཞིག་ལ་རྡོས་བརྒྱབས་ནས་བཅག་པ་རེད་དེ་ངས་མཐོང་བ་རེད། དེ་རིང་ངས་དལར་ཡོལ་དེ་ཁྱོད་ཀྱིས་ཁ་སང་རྡོས་བརྒྱབས་བཅག་སོང་བ་རེད་ཅེས་ལབ་ན་དེ་ང་བདེན་པ་ཡོད་པ་རེད། བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་བདེན་རང་བཙན་ཡིན་པ་བདེན་པ་རེད་ཡིན་ཚུལ་ཡང་དེ་ལྟར་དུ་རེད་སྙམ།
ཁྱོད་ཀྱིས་བཤད་སྟངས་འདི་མའོ་ཀྲུའུ་ཞི་ཡིས་(རྫུན་པ་གཅིག་ལན་བརྒྱར་བཤད་ན་བདེན་པ་ཆགས་གི་རེད)ཟེར་བ་དེའི་རྗེས་འབྲངས་ཀྱི་བཤད་སྟངས་ཤིག་མ་རེད་དམ། འདི་ངས་བསམ་ཚུལ་ཙམ་ཡིན།
ཕར་ལ་ཡིག་ཆ་ཞིག་བསྟན་ན་ཚུར་ལའང་ཡིག་ཆ་ཞིག་སྟོན་པ་དང་ས་ཁྲ་ཞིག་བསྟན་ན་ཚུར་ཡང་ས་ཁྲ་ཞིག་སྟོན་ཀྱང་། ཡིག་ཆ་དང་ཡིག་ཆའི་བར་དང་ས་ཁྲ་དང་ས་ཁྲའི་བར་དུ་བདེན་པ་དངོས་གནས་པ་ཞིག་ཅིས་ཀྱང་ཡོད་ངེས་ན། སེམས་ཤུགས་མི་ཆགས་པར་ཡིག་ཆ་དང་ཡིག་ཆ་གཏུག ས་ཁྲ་དང་ས་ཁྲ་གཏུག་ནས་མུར་སོང་ན། བདེན་པ་དངོས་དེའི་མཐའ་གསལ་ཡོང་གི་རེད་སྙམ།
བཤད་སྟངས་ཤིག་གིས་ཕོག་ཐུགས་མི་འགྲོ་བའི་རེ་བ་ཆེ།
དྲྭ་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། འཛམ་གླིང་རྒྱལ་སྤྱིའི་ཆབ་སྲིད་མི་ཤེས་ལ། བོད་གཞུང་སྐྱབས་བཅོལ་དུ་ཡོད་པའི་སྒྲིགས་གཞི་ཡང་ཞིབ་ཆ་ཤེས་ཀྱི་མེད། འོན་ཀྱང་ང་རང་གི་བསམ་ཚོད་ལྟར་ན་བོད་ཀྱི་ཤ་ཁྲག་ལས་གྲུབ་ཤིང་། བོད་སྐད་རང་སྐྱ་འཕེར་མཁན། བོད་པར་ཁ་ཞེ་གཉིས་མེད་དུ་ཞལ་གྱི་བཞེས་མཁན་ཞིག་ཡོད་ནས་བཟུང་། ལག་ཁྱེར་གང་འདྲ་ཞིག་ཁྱེར་ན་འདྲ། མི་སེར་གང་གི་ཁོང་དུ་ཆགས་ཡིན་ན་འདྲ། བཀའ་ཁྲིར་ལ་ཕེབས་ཆོག་པར་སེམས།
གལ་སྲིད་ད་ལྟའི་ཆབ་སྲིད་པ་རྣམས་ཀྱིས་བསམ་ཚུལ་ནང་བཞིན་བྱས་ན། བོད་དུ་ཡོད་པའི་བོད་མིར་བཙན་བྱོལ་དུ་གནས་པའི་བོད་གཞུང་གི་ཆ་ཤས་ཏིལ་ཙམ་ཡང་ལེན་མི་ཆོག་པའི་གནས་ཚུལ་ཞིག་བོད་སྐྱབས་བཅོལ་པའི་སྒྲིགས་གཞི་དང་། བོད་སྐྱབས་བཅོལ་དུ་གནས་པའི་བསམ་ཚུལ་དུ་འདུག བོད་ལ་ཡོད་པའི་བོད་མིས། ཨ་རིའི་མི་སེར་གྱིས་བཙན་བྱོལ་བོད་གཞུང་གི་ཆ་ཤས་ལེན་ཆོག་པ་ནང་བཞིན་པ་བཙན་བྱོལ་དུ་གནས་པའི་བཀའ་བློན་ཁྲི་བར་ཞུགས་ཆོག་པ་ཞིག་བྱུང་ན། བཀའ་ཁྲིར་ལོངས་ཆོག་གི་རེད་པས། ཅེས་དཔྱོད་ལྡན་རབ་གསལ་སོགས་། ཁ་བརྡ་ཚང་། དུས་བབ་ཚང་། གསར་འགྱུར་འགོད་མཁན་དང་དྲྭ་གྲོགས་ཡོང་ལ་འདྲི་བཞིན་ཡིན།
ངའི་དྲི་བ་འདི་ལ་དོ་སྣང་གནང་མཁན་མེད་པ་ཡིན་ནམ། ལན་མི་ཕོག་པ་ཡིན་ནམ། བརྟག་དཔྱད་ཆེད་དུ་ཡང་བསྐྱར་འདིར་བཀོད་ཀྱི་ཡིན། དྲྭ་གྲོགས་ལ་རྒྱའི་བདག་པོའི་དཔྱད་པ་ལ་དགའ་བསུ་ཡོད་ཀྱང་ལན་དེས་ཡིད་ཚིམ་མ་སོང་།
ལོ་རྒྱུས་ཐོག་ནས་བོད་འདི་རང་དབང་གཙང་མའི་རྒྱལ་ཁག་ཅིག་ཡིན་པ་སྨྲོས་མ་དགོས་པ་ཞིག་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་མའི་ལམ་གསུངས་པའི་སྐབས་སུའང་ལོ་རྒྱུས་ཀྱི་གནས་བབས་ལ་འགྱུར་བ་གཏོང་ཐབས་མེད་པ་གསལ་པོར་གསུངས་ཡོད། སྐུ་ཚབ་ཚོགས་པ་རྒྱ་ནག་ཏུ་ཕེབས་སྐབས་སུ་རྒྱ་དམར་ནས་བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་མིའི་འོག་ཏུ་ཡིན་པ་ཁས་ལེན་བྱ་དགོས་པ་སྔོན་འགྲོའི་ཆ་རྐྱེན་དུ་སྟོན་བཞིན་པ་རེད། མ་ཟད་དངོས་ཤུག་བརྒྱུད་གསུམ་ནས་བོད་ཀྱི་ལོ་རྒྱུས་རྫུན་མ་བཟོ་བ་དང་། དཔང་རྟགས་མི་མངོན་པ་བྱེད་པ་སོགས་ཀྱིས་རྒྱ་དམར་ལ་སེམས་ཚབ་ཇི་ཙམ་ཡོད་པ་ཤེས་ཐུབ།
སྐྱེས་སར་ལགས་རྐི་རྟི་དགོན་པས་ཁྱོད་ལ་ཡིན་ཅི་མིན་གཉིས་ཕྱིར་ཤོད་ཞེས་བརྡ་རྒྱག་འདུག
སྐྱེས་སར་ཀླུ་སྒྲུབ་དང་ཤར་ཕྱོགས་ཁུག་རྟས་གཙོས་པའི་དྲ་གྲོགས་ལྷན་རྒྱས་ལ་ཞུ་རྒྱུར།
ཁྱེད་རང་ཚོས་སྐད་ཆ་དུམ་བུ་དེ་ལ་དེ་འདྲའི་འཇིགས་སྣང་དང་ཧང་སངས་མདོག་གནང་དགོས་དོན་གང་ཡང་མི་འདུག་སྙམ། ངས་བལྟས་ན་བློ་སེང་གིས་བཤད་པ་དེ་བདེན་པ་རེད། ལོ་རྒྱུས་རང་གི་ཐོག་ཏུ་ཕྱིན་པ་ཡིན་ན། མན་ཇུ་དང་སོག་པོ་དང་ཟེར་ནས་གང་ལྟར་གཅིག་འོག་གཅིག་འདུས་ཀྱི་སྐད་ཆ་མང་པོ་ཞིག་བཤད་ནས་ཧ་ཅང་མགོ་རྙོག་པོ་དང་དཀའ་ལས་ཁག་པོ་ཆགས་འགྲོ་བ་དེ་དངོས་ཡོད་གནས་ཚུལ་རེད།
དེ་བཞིན་ས་ཁྲ་ལ་སོགས་པའང་དེ་ལྟར་རེད། གནད་འགག་དེའི་ཐད་ན་ནིང་༧རྒྱལ་བ་རིན་པོ་ཆེས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐབས་སུ་ཡིན་པ་ཡོད། དེའི་སྐབས་སུ་ཞལ་གསལ་པོ་བྱས་ནས། ང་ཚོས་ལོ་རྒྱུས་གཞིར་བཞག་གིས་བོད་དོན་རྩོད་དགོས་ན་ཧ་ཅང་མགོ་རྙོག་པོ་རེད། དེར་བརྟེན་དབུ་མའི་ལམ་ཟེར་བ་དེ་ལ་དགེ་མཚན་ཡོད་ལུགས་སོགས་བཀའ་གནང་བ་དེ་ཁྱེད་རྣམ་པས་གསན་ཡོད་ཚོད་རེད། དེ་ལ་བདེན་པ་ཡོད་མེད་ཀྱི་སྐད་ཆ་མ་རེད། ལས་དོན་ཞིག་འགྲུབ་ཐུབ་མི་ཐུབ་ཀྱི་གནད་འགག་ཐུག་པའི་སྐད་ཆ་ཞིག་རེད།
དེར་བརྟེན་བློ་སེང་གིས་ལོ་རྒྱུས་རང་ལ་གཞི་བཅོལ་ནས་རྩོད་དགོས་ན་མགོ་རྙོག་པོ་ཡིན་པ་དང་། ཁྲིམས་ལུགས་ཀྱི་ཐོག་ནས་འགྲོ་རྒྱུའི་ལམ་ཁ་ཞིག་ཡོད་པར་བརྗོད་པ་དེ་བློ་སེང་གི་སྐད་ཆ་དུམ་བུ་དེའི་ནང་དོན་ངོ་མ་རེད་འདུག གཞན་བོད་ལ་ལོ་རྒྱུས་ཀྱི་བདེན་པ་མེད་པ་དང་། བོད་རྒྱའི་ཆ་ཤས་ཡིན་རབས་སོགས་ཀྱི་ནང་དོན་མེད་པ་གསལ་པོ་རེད། དེར་བརྟེན་ཚང་མ་འདྲོགས་མགོ་མ་ལངས་རོགས། ཚིག་གི་འགྲོ་ཕྱོགས་ཙམ་ལ་འཇུས་ནས་སྐྱོན་བརྗོད་བྱེད་པ་ནི་རྣམ་དཔྱོད་ཅན་གྱི་བྱེད་སྟངས་ཤིག་མིན་པར་འདོད་དོ།།
ཉི་མ་ལྷ་ས་ལགས།
ངས་ཅང་མ་འཁྱོང་བས་ཡིན་ནམ། མ་ཤེས་པས་ཡིན་ནམ། གང་ལྟར་ཞེད་སྣང་དང་འཇིགས་སྣང་བསྟུན་མར་ཡོང་གི། མགོ་ཉོག་པོ་ཡིན་པ་དེ་བཞིན་ཕར་ནས་ཚུར་ལའང་མགོ་ཉོག་པ་ཡིན་པ་ལས་ང་ཚོ་གཅིག་པུ་མགོ་ཉོག་པོ་རེད་གསུང་གི་ཡོད་པ་མ་རེད། ཡིན་ནའང་མགོ་ཉོག་པོ་དེ་མ་ཉོག་ཡ་བྱེད་རྒྱུའི་དུས་ཚོད་དངོས་ཡོད་གནས་ཚུལ་གྱིས་མ་གནང་བ་རེད། ད་ལྟའི་བོད་ནང་གི་གནས་བབ་ཀྱིས་མ་གནང་བ་རེད། མ་གནང་བ་དེ་ལམ་དབུ་མའི་སྟེང་བབས་ཡོད་པ་རེད། བབས་པ་དེས་གནས་སྟངས་དེ་དག་ཐད་ཀར་སྐྱོབ་ཐུབ་པའི་རེ་བ་དང་། ལམ་ཁ་ཞིག་འདུག་གསུང་གི་ཡོད་པ་རེད། དེ་མ་ནོར་བར་གསན་རོགས་ཞུ།
མགོ་ཉོག་པོ་ཡིན་པ་དེ་ཉོག་པོར་སྡོད་ཀྱི་རེད། བསྡད་པ་དེས་འགྲིག་གི་ཡོད་པ་རེད། དེ་གང་ལ་ལྟོས་ཏེ་ཉོག་པོ་རེད་གསུང་གི་ཡོད་པ་རེད་ཟེར་ན། དེང་སང་གི་གནས་ཚུལ་ཞིག་གིས་ཡར་འདས་པའི་གནས་ཚུལ་ལ་གཟིགས་ཀྱི་ཡོད་པ་རེད། བྱུང་རབས་ཚང་མ་ཡིག་ཐོག་ན་ཁྲ་ལེམ་མེར་ཡོད་པ་དང་། ཁྲིམས་ཀྱི་མདུན་སར་སྲ་ཐག་ཐག་ཡོད་མེད་གཉིས་ཀ་ཡོད་པ་རེད། དེ་མི་རིགས་དེའི་བྱུང་རབས་ཀྱི་གནས་སྟངས་ལས་ལྟ་རྒྱུ་རེད།
དེ་བས་ཁྱེད་ནས། ༧གོང་ས་མཆོག་གི་གསུང་དེ་ཡར་མར་ལ་སྦྲེལ་མི་ཤེས་ན་མ་སྦྲེལ་ན་དགའ་ནི་རེད།
ངས་འཇོན། ངས་ཤེས། ངས་ཐུབ། ཟེར་གྱིན་ཡོད་པ་རེད། གནད་དོན་དུ་སླེབས་ན་སྐད་ཆ་སྐྱུག་བྲོ་བོ་འདི་འདྲ་རེ་བཤད་བསྡད་ཀྱི་ཡོད་རེད། སྤྱིར་དེང་སང་བོད་སོག་རྒྱ་ཤིན་ཅང་མན་ཇུ་ཚང་མས་ལོ་རྒྱུས་གཞི་ལ་བཞག་ས་གཙོ་ཏུན་ཧང་ཡིག་ཆ་རེད། དེའི་ནང་བོད་དེ་རྒྱའི་ཆ་ཤས་ཡིན་པའི་ཡིག་ཆ་དང་ས་ཁྲ་གང་དུ་འདུག ད་དུང་ཉི་མ་ལྷ་ས་མ་ཤེས་ན་མ་ཤོད། རྒྱ་དང་མན་ཇུ་ཞེས་སྔ་མོའི་དུས་ནས་རྒྱལ་ཁབ་ཁག་ཁག་དང་མི་རིགས་ཁག་ཁག་རེ། ད་དུང་ཁྲིམས་ལུགས་ཀྱི་ཐོག་ནས་འགྲོ་དགོས་ཀྱང་དཔང་རྟགས་ཁུངས་བཙན་དགོས་པ་རེ། དཔང་རྟགས་མེད་ན་ཇི་ལྟར་ཁྲིམས་ལུགས་ཀྱི་ཐོག་ནས་བརྗོད་དགོས་པ་རེད། གང་ལྟར་མན་ཇུ་དང་བོད་སོགས་ཕྱིས་སུ་རྒྱ་ཡིས་དབང་བསྒྱུར་བྱས་པ་ནི་ཚང་མས་ཁས་ལེན་བྱེད་ཀྱིན་ཡང་ལོ་རྒྱུས་ཐོག་བོད་དེ་རང་བཙན་མིན་པའི་ཡིག་ཆ་གང་ན་འདུགབྲིས་མཁན་སུ་རེད། གསལ་པོ་བྱས་ནས་རེད།
སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་གནད་ལ་ཁེལ་པའི་དཔྱད་ཞིབ་གནང་འདུག།
མཇུག་གི་གསལ་པོ་བྱས་ནས་རེད་ཅེས་པར་གསལ་པོ་བྱས་ནས་བཟོ་རོགས་སམ་གསུངས་རོགས་ཞེས་བཅོས་རོགས།
ཨ་ཁ། ཉི་མ་ལྷ་ས་ཞེས་པ་འདི་བློ་སེང་ལ་རྒྱབ་སྐྱོར་བྱེད་རྒྱུའི་དོན་དུ་བོད་ཀྱི་ལོ་རྒྱུས་ངོ་མ་ལ་འཁྱོག་བཤད་ཀྱིས་རྒྱ་དམར་ངོ་མ་ཆགས་འདུག མགོ་ག་ཚོད་རྙོག་པོ་ཡོད་ཀྱང་དེས་ལོ་རྒྱུས་ནག་བསུབ་དང་བདེན་པ་རྫུན་མར་གཏོང་ཐུབ་ཀྱི་མ་རེད། ད་ཁྱེད་རང་ཚོའི་སེམས་ལ་བོད་ཀྱི་བདེ་སྡུག་དང་མ་འོངས་པ་ཟེར་བ་སོགས་རྩ་བ་ནས་མི་འདུག ཁྱོད་ཚོའི་མཐར་ཐུག་གི་བསྒྲུབ་བྱ་དེ་བློ་སེང་བཀའ་ཁྲིར་འཁོད་རྒྱུ་དེ་ག་རང་རེད། གལ་ཏེ་དེ་ལྟར་བྱུང་ཚེ་ལྟད་མོའི་ལེའུ་གསར་པ་ཞིག་འཁྲབ་ངེས་རེད། ཨ་ཙི། འདི་འདྲའི་ཞེད་སྣང་ལ།
བཀྲས་མཐོང་ལགས་བོད་ ཀྱི་བཀའ་ཁྲིར་འཁོད་ཐུབ་ན་དེ་ང་ཚོའི་གཟི་བརྗིད་དང་སྟོབས་ཤུགས་རེད། འོན་ཀྱང་ཨམ་ཕྲུག་ཅོར་ཆུང་འགས་འུར་བརྒྱབ་པ་དང་། ཁམས་རྒན་ཅི་ཡང་ཧ་མི་གོ་བའི་ལུང་ཞེན་ཅན་ཚོས་བཙན་ཤེད་ཚུད་སྤྱད་དེ་བློ་སེང་ དྲིལ་བསྒྲིགས་བྱས་པས་སྔོན་འགྲོའི་འོས་ཤོག་མང་པོ་ཁོ་ལ་ཐོབ་སོང་པ་རེད།
བློ་སེང་གི་གདོང་རིས་ངོ་ མ་ནི། སྐབས་འཚོལ་མགོ་བདེ། ཆོལ་ཁ་ས་གནས་ཀྱི་ཞེན་ཁོག་ཅན། མི་རིགས་དང་རིག་གཞུང་ལ་ལྷག་བསམ་མེད་མཁན། རང་གི་སྐད་ཡིག་རང་མགོ་མི་ཐོན་པ། རྒྱལ་པ་ཡིན་པོ་ཆེ་ལ་ལངས་ཕྱོགས་དང་དད་མོས་མེད་པ་དེ་རེད། ངོ་མ་དེ་འདྲ་ཞིག་རེད་དང་མ་རེད་གྲོགས་པོ་གཟུར་གནས་ཚོ།