སེང་གེ་སྲབ་མེད།
བློ་སེང་མྱིག་ལ་སྤེན་ཚེས་བཀའ་མི་གཙི། །
སྤེན་ཚེ་མྱིག་ལ་བློ་སེང་ཇུས་ངན་གཤོམ། །
དོན་གྱིས་ནད་རྙིང་བསྐྱར་དུ་འཕར་བ་འདི། །
རྩ་དོན་ཡིན་པར་འཇོག་ལ་བློ་མ་བདེ། །
ཨ་མདོའི་ཞེ་ལ་ཁམས་པས་ཕྱོགས་རིས་བྱེད། །
ཁམས་པའི་ཞེ་ལ་ཨ་མདོས་ཕྱོགས་རིས་བྱེད། །
དོན་གྱིས་སྒེར་བའི་ཁ་སྣ་རྩོད་པ་འདི། །
བོད་དོན་ཡིན་པར་འཇོག་ལ་བློ་མ་བདེ། །
གཟན་ཤམ་འོག་ནས་ཚིག་གིས་མྱི་སེམས་གསོད། །
ཆོས་གོས་འོག་ནས་ཚིག་གིས་མྱི་སེམས་དཀྲུག །
གྲྭ་པ་སྲིད་དོན་གདོན་གྱིས་བརླམས་པ་འདི། །
བསྟན་དོན་ཡིན་པར་འཇོག་ལ་བློ་མ་བདེ། །
ལོ་ངོ་ང་བརྒྱད་བཞེངས་པའི་སྒྲིག་འཛུགས་ཤིག །
ཟ་དང་ཟུར་ནས་བཤིག་པའི་སྦྱོར་བ་རྩོམ། །
ཟུར་ལྔ་ཟུར་བདུན་ལྐོག་གླ་ལེན་མཁན་ཚོ། །
དྲ་འབུ་ཕལ་བར་འཇོག་ལ་བློ་མ་བདེ། །
མྱེ་སྲེག་པར་རིས་ཁྱེར་ནས་རྒྱལ་ཁམས་སྐོར། །
ངུ་ཞོར་བཤད་ཞོར་བྱས་ནས་ཌོ་ལོར་སློང་། །
ཁག་ཅིག་དཔའ་བོའི་ཁྲག་རིན་ཟ་བ་འདི། །
འཇོན་ཐང་ཡིན་པར་འཇོག་ལ་བློ་མ་བདེ། །
རྟ་རྐུན་གཡག་རྐུན་ཁེ་ལོག་ཚོང་ལོག་པ། །
ཆབ་སྲིད་བཙོན་པར་བརྫུས་ནས་སྐྱིད་ཉལ་རྒྱག །
ཁྱི་སྐྱག་འདྲ་བའི་མྱི་ངན་དེ་ཚོའི་གྲས། །
ཆབ་སྲིད་བཙོན་པར་འཇོག་ལ་བློ་མ་བདེ། །
དགྲ་ལ་ཐུག་ན་ཐོད་པའི་མྱིག་ཀྱང་བརྗེད། །
ཕུ་ནུའི་སྟེང་ལ་ལག་པས་གྲི་མགོ་འཕུར། །
མྱི་ལྤགས་འཕྲོ་བརླག་བཏང་བའི་བླ་འཚོང་ཚོ། །
ལ་ལས་དཔའ་བོར་འཇོག་ལ་བློ་མ་བདེ། །
རང་ཉིད་སྐྱིད་ས་བདེ་སར་འགྲོ་ཆོག་ཆོག །
གཞན་པ་དཀའ་ས་ཁག་སར་འདེད་ཆོག་ཆོག །
རྒྱང་ལ་ཡིབས་ནས་དགྲ་ལ་ཀི་འདིབས་པ། །
རང་བཙན་དཔའ་བོར་འཇོག་ལ་བློ་མ་བདེ། །
དཀའ་ས་ཁག་སར་གཞིས་ལུས་བོད་མྱི་མངག །
སྐྱིད་ས་བདེ་སར་བྱེས་གྱར་བོད་མྱི་འགྲོ། །
སྲོག་ལ་འཛེམས་ནས་དཔའ་བོ་བཅའ་དགོས་པའི། །
མྱི་ངན་ཡན་པོར་འཇོག་ལ་བློ་མ་བདེ། །
རུས་པ་དཀར་པོ་ཁྱི་དང་སྤྱང་ཀིས་འཆའ། །
ཟུངས་ཁྲག་དམར་པོ་དོག་མོ་ས་ཡིས་འཐུང་། །
གཅེས་པའི་ཚེ་སྲོག་ཕུལ་ནས་བཞུད་མཁན་དག །
སྣང་མེད་རང་གར་འཇོག་ལ་བློ་མ་བདེ། །
འདི་ནི་སེམས་སྡུག་སྐྱོ་གླུ་ལེན་ཚུལ་ཡིན། །
འདི་ནི་མྱ་ངན་མྱིག་ཆུ་བཞུར་སྟངས་ཡིན། །
འདི་ནི་བོང་རྒྱབ་གཟིག་ལྤགས་བཤུ་ཚུལ་ཡིན། །
འདི་ནི་ངོ་པགས་མཐུག་པོ་འགོག་ཚུལ་ཡིན། །
རྩོམ་སྙིང་རྗེ་བ་ཞིག་བྲིས་འདུག བཀའ་དྲིན་ཆེ།
རྒྱ་དང་མགོ་སེར་ཚོ་ལ་གསང་སྔགས་སྟོན།
བོད་དང་ཤར་པ་མཐོང་ན་ལས་འབྲས་ཤོད།
སངས་རྒྱས་བསྟན་པ་ལྟོ་གོས་ཕྱིད་པའི་མགོན།
རྒྱ་བླ་ནུབ་བླ་དེ་ཚོར་བློ་མ་བདེ།
བློ་བདེའམ།
བློ་སེང་སྤེན་ཚེ་འཐབ་རྩོད་ནར་འགྱངས་བློ་བདེའམ། །
བློ་སྤེན་ཁམས་དང་ཨ་མདོའི་ཕྱོགས་རིས་བློ་བདེའམ། །
ཆབ་སྲིད་རང་བཙན་དབུ་མའི་གཉིས་གྱར་བློ་བདེའམ། །
གཞིས་གནོན་སེམས་འཚབ་བྱེས་འབྱོར་ཆིག་སྒྲིལ་བློ་བདེའམ། །
བློ་བདེའོ།
༸གོང་ས་མཆོག་༸སྐུ་༸སྐུ་དངོས་བཞུགས་པས་བློ་བདེ་འོ། །
བློ་སེང་སྤེན་ཚེའི་ལབ་གླེང་རྫོགས་རན་བློ་བདེ་འོ། །
ཤར་གླིང་སྤེན་ཚེའི་སྲིད་ཁྲིར་འགྲན་རན་བློ་བདེ་འོ། །
ཀརྡོ་ང་རང་བགྲེས་ཡོལ་འགྲོ་རན་བློ་བདེ་འོ། །
ཧ་ཧ། ཕྱེད་ཀུ་རེ་ཡིན་ནོ།
བློ་སེང་སྲབ་མེད་སྤེན་ཚེ་ཐུར་མེད་གཉིས།།
ཁ་བཤད་མཁས་པ་འགྲན་པའི་བཟླ་དང་བྲལ།།
སུ་བདེན་སུ་རྫུན་ཧ་ཅང་བཤད་དཀའ་བའི་།།
རྙོག་སློང་འདི་ལ་མགོ་བོ་ན་ནས་ཡོད།།
བློ་སེང་བཀའ་ཤག་བློ་སེང་ཁོ་ན་འདྲ།།
སྤེན་ཚེ་དོན་གཅོད་སྤེན་ཚེར་དབང་ཚོད་དཀའ་།།
ནད་རྙིང་ཞིག་གི་ཟ་འཕྲུག་སློང་བ་ལས།།
དོན་གྱི་ངོ་བོར་རྒྱུ་རྐྱེན་གཞན་མེད་འདྲ།།
མང་གཙོ་ཟེར་བའི་ཐ་སྙད་སྟབས་བདེ་ཞིག།
ཕྱོགས་སློང་ཟེར་བའི་ཐ་སྙད་སྡུག་པོ་ཞིག།
བདེན་དོན་ཕྱོགས་ལ་བདེན་པའི་རྒྱབ་ལོག་ལ།།
གནས་ལུགས་ཟེར་བ་ཞེན་ཁོག་འདྲེ་མོས་འཁྱེར།།
བདེན་རྫུན་གང་ཡིན་བརྟག་དཔྱད་གང་ན་མེད།།
དགའ་ཞེན་ཆགས་སྡུག་འདྲེན་མས་ཀུན་སེམས་དཀྲུགས།།
གནས་ལུགས་འོར་ཚོད་རི་གཟར་སྒང་ལ་འཕེན།།
རྨོང་རྟུལ་མགོ་བོ་ནམ་ཡང་དུད་ནས་བཞུགས།།
ཡག་པོ་བྲིས་འདུག
ཨ་སྒོར་ས་ཡ་གཅིག་དང་ཕྱེད་དེ་ཡིག་ཐོག་བུན་གཡར་གན་ཡིག་ཡོད་པ་ནང་དོན་གནང་སྦྱིན་ཡིན་པ་བློ་མ་བདེ་།
ཨ་རིའི་གཞུང་གི་མཁེ་མེད་ཐེབ་རྩའི་སྒྲིག་གཞི་དང་ཁྲིམས་འགལ་མིན་པའི་བདེན་དཔང་ཐུབ་མིན་བློ་མ་བདེ་།
བཙན་བྱོལ་བོད་མིའི་སྔོན་རྩིས་གཏན་འབེབས་དང་དངུལ་རྩིས་གཏོང་ལེན་གྱི་སྒྲིག་གཞི་དང་ཕྱོགས་མཐུན་བྱུང་མེད་ཐོག་བློ་མ་བདེ་།
དཔལ་འབྱོར་དང་འབྲེལ་བའི་ལས་དོན་གལ་ཆེན་འདི་རིགས་སྤྱི་འཐུས་གྲོས་ལ་སྔོན་ཚུད་བཀའ་འཁྲོལ་ཞུས་ཡོད་མེད་བློ་མ་བདེ་།
ཨ་དོན་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་བཅའ་ཁྲིམས་དོན་ཚན་གང་གི་ནང་གསལ་ཡོད་བློ་མ་བདེ་།
ལས་བྱེད་གསར་འཛུལ་སྐབས་ཡིག་ཚད་རྒྱུད་ནས་ཚུད་དགོས་པ་ཨ་དོན་གསར་བསྐོ་དེ་དག་ཡིག་ཚད་གཏོང་མ་དགོས་པ་འགོ་འདྲེན་རྒྱུད་ནས་བསྐོས་པ་སྒྲིག་མཐུན་ཇི་ཆགས་བློ་མ་བདེ་།
ཡ་ད་་ཁྱེད་ཚོ་བློ་མ་བདེ་ན་ངས་གཞས་གཅིག་གཏོང་བ་ཡིན།
༄༅། དགུང་ཨ་སྔོན་ཕ་འཛོམས་མ་འཛོམས་རེད། ང་མ་འཛོམས་ནུབ་ཕྱོགས་མཐའ་ན་ཡོད།
ང་མཐའ་ན་མི་སྡོད་དཀྱིལ་ན་ལངས། ངས་ནངས་མོ་འབྲུག་བརྒྱའི་གྲག་རོགས་རེད།
མག་མོག་གི་འཁོར་སྨུག་འཇིག་རྟེན་ན། དངས་གཙང་གི་ཞལ་རས་འོད་འཚེར་འཚེར།
དགུང་ཨ་སྔོན་ཁ་ཞེངས་ཆེན་པོ་ལ་།
བྱ་བྱེའུ་ག་པར་ཕུར་ཕུར་རེད་།
ས་ལེབ་རྩེ་མུ་མཐའ་རྫོགས་མེད་ལ་།
རྐང་བཞི་ཁྲ་ག་པར་སྤོས་སྤོས་རེད་།
སྡེ་འཛམ་གླིང་འཁོར་རྒྱ་ཆེན་པོ་ལ་།
ཡུལ་ག་པ་གང་སྡོད་རང་མོས་རེད་།
རང་དབང་མང་གཙོའི་སྤྱི་ཚོགས་ནང་།
སྨྲ་བརྗོད་རང་དབང་ཐོབ་ཐངས་རེད་།
གླུ་ལེན་ན་མང་གཙོའི་ཁྲིམས་འོག་ལེན་།
ཁྲིམས་སྒྲིག་གཞི་སྲུང་སྐྱོབས་ཐུབ་ལ་ལེན་།
གླུ་ལེན་ན་སྡེ་ཆེན་དཀྱིལ་ལ་ལེན་།
སྡེ་ཆེན་པོ་སྣང་བ་སྐྱིད་ལ་ལེན་།
གླུ་ལེན་ན་མི་མང་དཀྱིལ་ལ་ལེན་།
ཁྲོམས་མི་མང་བལྟས་མོ་རྒྱང་ནས་བལྟ་།
ཧཧཧཧཧ
༄༅། བྱ་བྱེའུ་ག་བར་འཕུར་དབང་མེད། ས་རེ་ལ་བྱ་ཁྲལ་རེ་རེ་ཡོད།
སྡེ་འཛམ་གླིང་ས་རྒྱ་ཆེ་ན་ཡང། རང་སེམས་ལ་གང་ཤར་འགྲོ་ས་མེད།
ཡུལ་རེ་ལ་ཁྲིམས་རེ་ཡོད་པ་རེད། ཁྲིམས་དེ་བཞིན་ཚུལ་བཞིན་མ་བརྩི་ན།
མཐར་བཙོན་ལ་མི་འགྲོ་གང་ན་འགྲོ།
གླུ་ལེན་འདོད་ཡོད་ཀྱང་ལེན་དབང་མེད། གཏམ་བཤད་འདོད་ཡོད་ཀྱང་བཤད་དབང་མེད།
འདི་བསམ་བཞིན་བསམ་བཞིན་སེམས་རེ་སྐྱོ། སེམས་སྐྱོ་བའི་སྙིང་གཏམ་སུ་ལ་བཤད།
དུས་དེང་སང་རང་དབང་ཆེ་དྲག་ནས་།
ཕྱི་ཁྲིམས་ནང་ཁྲིམས་རྩི་མཁན་མེད་།
ཧམ་པ་སུ་ཆེ་ཕྱོགས་གཏོགས་སུ་མང་རེད་།
འགོ་འདྲེན་སུ་བཟང་སྐབས་ཚོལ་སུ་བདེ་རེད་།
༄༅། དུས་དེང་སང་རིག་གནས་མེད་དྲག་རེད།
དུས་དེང་སང་བཟང་སྤྱོད་མེད་དྲག་རེད།
དུས་དེང་སང་རང་ཉིད་གཅེས་དྲག་རེད།
དུས་དེང་སང་སེམས་ངན་ཆེ་དྲག་རེད།
དུས་དེང་སང་ར་ལངས་ཆ་ལངས་རེད།
དུས་དེང་སང་མགོ་མཇུག་གཉིས་མེད་རེད།
དུས་དེང་སང་ཁ་དམག་ཤ་སྟག་རེད།
དུས་དེང་སང་ཆོས་མེད་རྒྱུ་མེད་རེད།
གླུ་ལེན་ན་རི་ཆེན་འགོ་ནས་ལེན་།
རི་གནས་སྲོག་ཆགས་སྣང་བ་བདེ་འདྲ་ལེན་།
གླུ་ལེན་ན་རྒྱ་མཚོའི་གཏིང་ནས་ལེན་།
ཉ་སྦལ་ཅོང་སྣང་བ་བདེ་འདྲ་ལེན་།
གླུ་ལེན་ན་སྡེ་ཆེན་དཀྱིལ་ལ་ལེན་།
སྡེ་ཆེན་པོ་སྣང་ན་སྐྱིད་ལ་ལེན་།