གྲུ་ཟུར་གྱི་ཨ་མཆོད།
ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱི་ལན་འདེབས་གསལ་བཤད་ལ་ཉན་རྗེས་ཀྱི་འཆར་སྣང་འགའ་།
དང་པོ། གསལ་བཤད་འདིའི་སྤྱིའི་སྣང་ཚུལ་འགའ་།
ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་ཟླ་༡༢་པའི་ཚེས་༥་ཉིན་དཔལ་ལྡན་བཀའ་ཤག་གིས་ཁོང་ལ་བཙུགས་པའི་སྐྱོན་འཛུགས་དོན་ཚན་བཅུ་ལ་ལན་འདེབས་གསལ་བཤད་རིང་པོ་ཆུ་ཚོད་གསུམ་ཅན་ཞིག་གནང་། མང་ཚོགས་ཀྱིས་དེ་ལ་ཉན་རྗེས་“ཨོ་ཁོ་ལ་ཡང་བདེན་པ་འདྲ་ཞིག་ལབ་ཡ་འདུག་དའ”་ཞེས་དོན་དངོས་གནས་སུ་ནོར་བ་ཡིན་ནམ་སྙམ་པའི་ཐེ་ཚོམས་སྐྱེས་མཁན་ཡང་བྱུང་འདུག འདི་ནི་ཁོང་གི་གཏམ་བཤད་ཀྱི་རྩལ་ལས་མང་ཚོགས་ཀྱི་བློ་ཁ་འགུགས་པའི་ནུས་པ་ཐོན་པ་ཡིན་པས་ཁོང་གི་འཇོན་ཐང་ཞིག་རེད། གང་ལྟར་ངས་རྒྱུན་དུ་ཁོང་མི་དྲང་མོ་ཞིག་ཡིན་བསམ་མོད་དེ་དེ་འདྲ་རང་མིན་པ་ད་ལྟ་ཁོང་གི་གསལ་བཤད་འདི་ནས་གསལ་བོ་འདྲ་ཞིག་ཆགས་སོང་། ཞིབ་པར་ཉན་སྐབས་ཁོང་གི་གསུང་གི་ནང་དུ་ནང་འགལ་མང་པོ་ཞིག་མཐོང་།
༡༽ སྐར་མ་གཅིག་ཙམ་གྱི་ཡུན་ཚད་ལ་ཀློག་ཚར་བའི་བཀའ་ཤག་གི་དོན་ཚན་བཅུ་ཅན་གྱི་སྐྱོན་འཛུགས་དེ་ཚིག་བསྡུས་དང་། ཕྱོགས་སྡོམ་ཤ་སྟག་ཡིན་སྟབས་དེ་ལས་ཆུ་ཚོད་བཞི་བར་དུ་རྒྱས་བཤད་བྱས་པའི་ཚོགས་ཟུར་མཆོག་གིས་གསལ་བཤད་དེ་ཧོབ་དེ་བལྟས་ན་བདེན་ཁ་ཆེ་བ་འདྲ་ཞིག་རང་བཞིན་གྱིས་མཐོང་སྲིད། དེའི་རྒྱུ་མཚན་ནི་གནད་དོན་རྒྱས་བཤད་ཡོད་མེད་དང་གང་ཟག་གིས་ཚོར་བ་དང་འབྲེལ་ནས་དངོས་སུ་བཤད་ཀྱི་ཡོད་མེད་ཀྱི་དབང་གིས་ཡིན་པ་ཆོས་ཉིད་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁེ་ན་ཌ་ལ་གསལ་བཤད་གནང་བ་དེ་ལ་ཡང་སྐར་མ་༣༥་ཙམ་ལས་མེད་པས་ཚོགས་ཟུར་མཆོག་གི་གསལ་བཤད་སྐར་མ་༢༤༠་ཅན་དེ་ལ་འགྲན་མི་ཐུབ་པ་འདྲ་ཞིག་ཆགས་ནས་མི་རྣམས་ཀྱི་སེམས་ངོ་ལ་ཨོ་བདེན་པ་འདྲ་འདུག་དའ་སྙམ་པ་ཞིག་འབྱུང་གི་ཡོད། གལ་སྲིད་ཁྱེད་རང་བློ་གཟུར་བོར་གནས་འདོད་མཁན་ཞིག་ཡིན་ན་སླར་ཡང་དཔལ་ལྡན་སྲིད་སྐྱོང་གི་གསལ་བཤད་དེ་ལ་གཅིག་གསན་དང་ཕན་ཐོགས་ཡོད། གལ་སྲིད་བཀའ་ཤག་གི་ངོས་ནས་ཚོགས་ཟུར་མཆོག་གི་གསལ་བཤད་ལ་དག་བཅོས་ཀྱི་གསལ་བཤད་ཆུ་ཚོད་༤་མམ་༥་ཅན་ཞིག་གསུང་ན་སླར་ཡང་བདེན་པ་ཡོངས་རྫོགས་བཀའ་ཤག་འདུག་ཨང་སྙམ་པ་ཞིག་འབྱུང་གི་རེད་སྙམ། འོན་ཀྱང་དེ་འདྲ་ནམ་ཡང་ཡོང་གི་མ་རེད་སྙམ།
༢༽ ཚོགས་ཟུར་མཆོག་གིས་གསུང་བཤད་ཀྱི་ནང་དུ་བཀའ་ཤག་གིས་ཁོང་ལ་“འཁོན་འཛིན་བྱས”་པའི་རྣམ་པ་དེ་ཚིག་གི་ཟུར་ཕྲ་མོ་རེ་ནས་ཀྱང་མངོན་ཐབས་བྱེད་ཀྱིན་འདུག་ལ། ཁོང་གིས་གསུང་བཤད་རྣམས་“ཆ་མ་ཚང་བའམ་བདེན་པ་མེད་པ། འུར་གྱིས་བརྗོད་པ། ལོག་པར་འགྲེལ་བ”་བཅས་ཁོང་རང་གིས་ཀྱང་གནང་གི་ཡོད་པའི་རྣམ་པ་གསལ་བོ་འདུག ལྷག་པར་དུ་བཀའ་ཤག་གི་གསུང་སྟངས་ལས་དོན་གཅོད་ཀྱིས་ནོར་འཁྲུལ་ཧ་ཅང་ཆེན་པོ་ཞིག་བྱས་ཡོད་མདོག་བསྟན་སོང་ཞེས་ཁོང་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་གཅིག་མཚུངས་སུ་གླེང་གི་འདུག ངོ་མ་བསམ་ན་འདི་འདྲ་གླེང་དགོས་པའི་རྒྱུ་མཚན་ཞིག་ཡེ་ནས་མ་མཐོང་། གང་ལགས་ཤེ་ན་དོན་གཅོད་དམ་ལས་བྱེད་ཅིག་འཕོ་འགྱུར་གཏོང་བར་ལས་བྱེད་དེས་གོང་རིམ་གྱི་མིག་དང་བློ་ལ་མ་འཐད་པ་ཆེ་ཙམ་ཞིག་བྱས་པ་ཙམ་གྱིས་ཆོག་པ་ལས། མི་གསོད་ཁྲག་སྦྱོར་ལྟ་བུ་ཞིག་ནོར་འཁྲུལ་ཚབ་ཆེན་ཞིག་མ་བྱས་པར་འཕོ་འགྱུར་གཏོང་མི་ཆོག་པའི་ཆ་རྐྱེན་དེ་འདྲ་གང་དུ་ཡང་མེད།
ཁོང་གི་གསལ་བཤད་ཀྱི་ནང་དོན་ཟླ་༨་ཚེས་༢༡་ནས་འགོ་བཙུགས་ཀྱི་ཡོད་གསུང་ནས་ནོར་འཁྲུལ་དང་པོ་བཀའ་ཤག་ནས་ཁོང་ལ་ཡིད་ཆེས་མི་བྱེད་པར་བྱས་པ་དེ་ནས་བྱུང་བ་སྟོན་ཐབས་གནང་ཡང་། བཀའ་ཤག་གི་ཡི་གེའི་ནང་དུ་ནང་དོན་དེའི་སྔོན་དུ་ཟླ་སྒྲོན་ལགས་ལ་ཁོག་པ་བརྒྱངས་བའི་སྐབས་ནས་འགོ་བཙུགས་འདུག་པས་ནོར་འཁྲུལ་དང་པོ་ཚོགས་ཟུར་གྱི་ངོས་ནས་བྱུང་བ་ཞིག་བསྟན་འདུག ཟླ་སྒྲོན་ལགས་ཀྱི་དོན་རྐྱེན་དེས་དོན་དག་གཉིས་ལ་རྐྱེན་བྱས་འདུག་པ་ནི། བཀའ་ཤག་གི་ངོས་ནས་ཚོགས་ཟུར་ལགས་ལ་ཡིད་ཆེས་རུང་བ་ཞིག་ཡིན་མིན་ཐེ་ཚོམ་སྐྱེ་རུ་བཅུག་པ་དང་། ཚོགས་ཟུར་ལགས་ཀྱི་ཞལ་ནས་“ནམ་མཁའ་གཡའ་དག་ཡིན་་་”་སོགས་གསུང་པ་དེ་བརྫུན་དུ་བཏང་བ་གཉིས་བྱས་འདུག
༣༽ བཀའ་ཤག་གི་གནང་ཕྱོགས་ཕྲན་ཚེགས་ཁག་ཅིག་ཚོགས་ཟུར་མཆོག་གི་ཐུགས་ལ་ཕོགས་པ་ཁོང་གིས་ཞལ་ནས་ལན་འགའ་ཞིག་ལ་ཐོན་སོང་། ༡། ཨ་རིའི་རོགས་དངུལ་གྱི་སྐོར་ལ་དོན་གཅོད་ཀྱི་ངོས་ནས་མཇུག་སྐྱོང་ཞུ་དགོས་པ་ཡོད་དམ་ཞུས་པའི་ལན་དུ་སྲིད་སྐྱོང་གིས་“མེད”་ཅེས་གསུང་པ་ཚོགས་ཟུར་གྱི་ཐུགས་ལ་བབ་མི་འདུག འདི་སུའི་ནོར་བ་རེད། (ལར་ནས་འདི་ལ་དོགས་གཞི་ཞིག་ཀྱང་འདུག) ༢། སླར་ཡང་རོགས་དངུལ་གྱི་སྐོར་ལ་“ཕྱག་ལས་གནང”་བཞིན་པའི་སྒང་ལ་བཀའ་ཤག་ནས་སྐལ་རྡོལ་ལགས་ཕྱག་རོགས་སུ་བཏང་བ་དེ་ཁོང་གི་ཐུགས་ལ་བབ་མི་འདུག འདི་སུའི་ནོར། ༣། ཤེས་རིག་བཀའ་བློན་དང་ཕྱག་རོགས་ཁེ་ན་ཌ་ལ་ཕེབས་སྐབས་ཤིག་ལ་དོན་གཅོད་ལ་ལན་མ་ཕུལ་བ་ཁོང་གི་ཐུགས་ལ་བབ་མི་འདུག ༤། བོད་མིའི་སྤྱི་ཚོགས་ཡར་རྒྱས་ཀྱི་འགན་འཛིན་ལྷན་ཚོགས་ལ་མི་གཉིས་གསར་བ་བཅུག་པ་དེ་ཡང་ཁོང་གི་ཐུགས་ལ་བབ་མི་འདུག འདི་དག་སུའི་ནོར་བ་རེད། ༥། འདི་ལོ་ཨ་སྒོར་ས་ཡ་༣་ལོ་སྔོན་མ་ལས་མང་བ་རག་པའི་སྐོར་ཁོང་ལ་མ་བཤད་པ་ཐུགས་ལ་ཕོག་འདུག ༦། དཔོན་རིགས་མཐོ་ཁག་ལ་མཇལ་ཕྲད་སྐབས་ཀུན་དགའ་བཀྲ་ཤིས་ནང་དུ་མ་ཁྲིད་པ་ཁོང་གི་ཐུགས་ལ་བབ་མི་འདུག
མདོར་ན་དངུལ་དང་འབྲེལ་བའི་ལས་ཀ་ལ་དོན་གཅོད་ལ་ལག་པ་འཆང་བཅུག་གི་མི་འདུག་སྙམ་པའི་འཁུན་སེམས་ཆེན་པོ་ཞིག་ཚོགས་ཟུར་མཆོག་གིས་འཆང་འདུག དེའི་ཕྱིར་བསམ་བློ་དེའི་རྗེས་འབྲེལ་གྱིས་ལས་ཁོང་གིས་དོན་སྒྲུབ་སྐབས་ཀྱང་དེ་ལྟར་གྱི་རྣམ་འགྱུར་མངོན་ངེས་པར་དུ་ཡོད་ངེས། ལྷག་པར་དུ་བཀའ་ཤག་གིས་དོན་གཅོད་ཀྱིས་རོགས་དངུལ་འཚོལ་སྡུད་དེ་ཁོང་གི་ལས་ཀ་མིན་ཞེས་ཕར་གཡོལ་ཚུར་གཡོལ་བྱས་པར་གསུང་བ་ལ་རྒྱས་བཤད་དང་དཔང་རྟགས་བསྟན་མེད་ཅིང་། དེའི་ཐོག་ལ་ཚོགས་ཟུར་ལགས་ཀྱིས་ཀྱང་གང་ཡང་གསུང་མེད། གང་ལྟར་འདིའི་ཐོག་ལ་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་མེད་པ་ཚོད་དཔག་བྱེད་ཐུབ་པའམ་ཚོགས་ཟུར་ལགས་ཀྱིས་ལས་ཀ་ཏག་ཏག་བྱས་པ་ཡིན་གསུང་བའི་ནང་དུ་བདེན་པ་མིན་པའི་གནད་དོན་ཡོད་པ་གཏན་ཁེལ་རེད།
ལྷག་པར་དུ་ཁོང་ནི་བཀའ་ཤག་གིས་མངགས་པའི་ལས་བྱེད་པ་ཞིག་ཡིན་བཞིན་དུ་ཁོང་གིས་“བཀའ་ཤག་གི་ཐུགས་རེ་གང་ཡིན་ཁོང་གིས་མཁྱེན་གྱི་མེད”་ཅེས་མངོན་སུམ་འཛེམས་མེད་ཀྱིས་དངོས་སུ་གསུང་འདུག་པས་དེས་ན་ཁོང་ཨ་རི་ལ་སླེབས་ཚར་བའི་རྗེས་སུ་ཁོང་གིས་སྔར་སྤྱི་འཐུས་ཚོགས་གཙོའི་སྐབས་ཀྱི་སྣང་བ་དེ་ཁྱེར་ནས་རང་སྣང་གང་དྲན་གྱི་ཕྱག་ལས་གནང་ཡོད་པ་འམ་གནང་འདོད་པ་དེའང་གསལ་བོ་བྱུང་འདུག་སྙམ། དེ་ནི་ཁོང་གི་གོ་གནས་དེ་སྔར་བཞིན་སྲིད་སྐྱོང་དང་འདྲ་འདྲ་བྱེད་ཆོག་པའི་གནས་བབ་དེ་མིན་པ་ངོས་ལེན་མ་ཐུབ་པའམ་དེའི་བག་ཆག་ད་དུང་བསྡད་ཡོད་ས་རེད་སྙམ།
༤༽ ད་ལན་གྱི་ཁོང་གི་གསལ་བཤད་དེ་ཐོག་མར་བདེན་བདེན་འདྲ་ཞིག་སྣང་ན་ཡང་ཞིབ་ཏུ་བསམ་སྐབས་དྲང་པོ་གསུང་གི་མེད་པའི་རྟགས་མཚན་ཡང་ཡང་འབྱུང་གི་འདུག དེའི་དན་རྟགས་གསལ་བོ་གཅིག་ནི་ད་ལན་གྱི་བྱུང་རིམ་དེ་ཚོ་གསུང་སྐབས་མཆོངས་ནས་མཆོངས་ནས་གསུང་བ་མ་གཏོགས་ཆ་ཚང་བར་གསུང་གི་མེད་པ་དེ་རེད། དཔེར་ན་བཀའ་ཤག་གིས་གསལ་བཤད་སྔ་རྗེས་གནང་བའི་བར་དུ་ཁོང་གི་རྒྱབ་སྐྱོར་བ་ཚོས་འུར་བརྒྱབས་ནས་གསལ་བཤད་དེ་ཚོ་མ་གནང་འཐུ་མེད་བཟོས་པ་དེ་ཚོའི་སྐོར་ཟུར་ཙམ་ཡང་གླེང་གི་མི་འདུག་པ་ལྟ་བུའོ་།
༥༽ ད་ལན་གྱི་གསལ་བཤད་ཀྱི་ནང་དུ་ལན་མང་པོ་ཞིག་ལ་མང་ཚོགས་དང་མི་མང་གི་“ཁ་པར་རྒྱབ”་པའི་སྐོར་ལན་མང་པོ་ཞིག་བྱུང་བ་འདིས་ཁོང་གཞན་གྱིས་བཀོལ་ཇུས་འོག་ཏུ་འགྲོ་གི་ཡོད་པའང་གསལ་བོ་འདུག མི་གཅིག་གིས་དོན་ཚན་བཅུ་དེ་ཀློག་མ་ཕོད་ཅེས་བཤད་ཡོད་འདུག་དེ་ཡང་གལ་ཆེན་ལྟ་བུ་ཞིག་ཏུ་བརྩིས་འདུག དེ་འདྲའི་མི་དེ་ནི་སྤེན་ཚེ་ཁོ་རང་ལ་དམིགས་བསལ་གྱི་ཞེན་པ་ཅན་ཞིག་ཡིན་པ་ལས་དེས་མང་ཚོགས་ཀྱི་བསམ་ཚུལ་ཡེ་ནས་མི་མཚོན། མ་ཟད་ཁོང་གིས་“མི་མང་གི་གཞི་རྒྱ་ཆེ་བའི་ལས་འགུལ”་སྤེལ་བའི་སྐོར་ཡང་གསུང་སོང་། ད་ལན་གྱི་ས་གནས་གཉིས་སུ་བོད་གཞུང་ལ་ངོ་རྒོལ་བ་ཁག་གཉིས་ཀ་བསྡོམས་ན་མི་གྲངས་བརྒྱ་ལྷག་ཅིག་ཡོད་ཅིང་། དེས་བཙན་བྱོལ་བོད་མི་འབུམ་གཅིག་ལྷག་ལ་རྩིས་བསྐོར་ན་བརྒྱ་ཆ་0.1་ལྷག་ཡིན་ཞིང་དེའི་ལྷག་མ་ངོ་རྒོལ་ནང་ཞུགས་མེད་མཁན་ནི་བོད་མི་བརྒྱ་ཆ་99.9་ཡིན། གཞི་རྒྱ་ཆེ་བའི་ལས་འགུལ་ཟེར་སྐབས་དམའ་མཐར་ཡང་བོད་མི་བརྒྱ་ཆ་༥༠་བརྒལ་དགོས། དེ་མ་བྱུང་རུང་༥༠་ལ་ཉེ་བ་ཞིག་ངེས་པར་དུ་དགོས།
༦༽ དོན་གཅོད་ཀྱི་ངོས་ནས་བཀའ་ཤག་ལ་ཡིག་ལན་ཕུལ་བ་དེ་ཚོ་ཁ་གཏད་འདྲ་མཉམ་གཉིས་ཕན་ཚུན་གསལ་བཤད་གནང་རེས་བྱེད་ཀྱིན་ཡོད་པ་འདྲ་བོ་ཞིག་ལས་གཤམ་རིམ་ལས་བྱེད་ཅིག་གིས་གོང་རིམ་ལ་ཡི་གེ་འབུལ་གྱི་ཡོད་པ་འདྲ་བ་ཞིག་མི་འདུག ལར་ནས་སུ་གང་གིས་བཀའ་ཁྲོལ་མེད་པར་ནང་གནས་ཡི་གེ་དེ་ཚོ་འདི་ལྟར་ཕྱིར་བསྒྲགས་བྱས་པ་ནི་ངོ་མ་ཁོང་གི་སེམས་པའི་ནང་དུ་རང་གཞུང་ལ་རྩི་བཀུར་གང་ཡང་མེད་པ་འདྲ་པོ་འདུག འདིས་ནི་ཁོང་གི་མ་འོངས་ཆབ་སྲིད་ཀྱི་འདུན་ལམ་ཡང་གནོད་པ་བྱས་མ་སོང་ངམ་སྙམ།
༧༽ བཀའ་ཤག་གི་ཐུགས་རེ་གང་ཡིན་མཁྱེན་གྱི་མེད་གསུང་པ་དང་། དུས་ནས་དུས་སུ་དབུས་ལ་གནས་ཚུལ་སྙན་གསན་ཞུ་དགོས་པ་མཁྱེན་གྱི་མེད་གསུང་པ། གཤམ་འོག་ལས་བྱེད་པས་མ་འོངས་པའི་འཆར་གཞི་གསལ་བསྒྲགས་བྱེད་མི་ཆོག་པ་མཁྱེན་གྱི་མེད་གསུང་བ་སོགས་ནི་ཡིད་ཆེས་མི་ཐུབ་པ་ཞིག་རེད།
གཉིས་པ། དོན་ཚན་སོ་སོའི་གསལ་བཤད་དག་ལ་བདག་གི་འཆར་སྣང་།
གཅིག དོན་ཚན་གཉིས་པ་གནས་ཚུལ་སྙན་གསན་ཞུ་དགོས་པའི་ཡི་གེ་འདྲ་ཞིག་ད་ལོ་མ་གཏོགས་མེད་ཟེར་བ་ནི་ཡོང་མི་སྲིད་པ་རེད། དབུས་དང་ཡན་ལག་གི་འབྲེལ་བ་དེ་ས་གནས་ནས་དབུས་ལ་གནས་ཚུལ་སྙན་གསན་ཞུ་དགོས་པ་དང་དབུས་ཀྱི་ས་གནས་ལ་ལམ་སྟོན་ཡི་གེ་གཏོང་དགོས་པ་དེ་རེད། ཨ་རིའི་དོན་གཅོད་ལས་ཁུང་བཙུགས་ནས་ལོ་དེ་སྙེད་ཅིག་འགྲོ་བཞིན་ཡོད་པས་དབུས་སའི་འབྲེལ་བ་དེ་ཙམ་ཞིག་ཀྱང་ཚུགས་ཐུབ་མེད་པ་མི་སྲིད་པ་རེད་སྙམ། ལར་ནས་ངག་ཐོག་ནས་ཡོད་པ་ཁས་ལེན་གྱི་ཡོད་པའི་ཚོད་འདུག་ལ་དེ་ལྟར་དགོས་པ་ཁོ་རང་གིས་མཁྱེན་ངེས་རེད། གང་ལྟར་ལོ་འདིའི་ཟླ་བ་༤་ཚེས་༢༠་བར་དུ་ས་གནས་ནས་དབུས་ལ་གནས་ཚུལ་སྙན་གསན་ཞུ་དགོས་པའི་བཀོད་ཁྱབ་མེད་གསུང་བ་ཞལ་རྫུན་རློན་པ་ཡིན་པ་གསལ་རྐྱང་རེད། ལམ་སྟོན་དེ་སྔ་མེད་པ་དང་ཡོད་ན་དྲན་གསོ་བྱེད་དགོས་པའི་གནས་བབ་དེ་འདྲ་ཡེ་ནས་མིན། ད་དུང་དོན་གཅོག་མཆོག་གོང་རིམ་ལ་ཆོག་མཆན་ཞུས་ནས་ས་གནས་ཁག་༢༦་ཙམ་ལ་གཟིགས་སྐོར་ལ་ཕེབས་པར་གསུང་བ་དེ་དག་ཡོངས་ཀྱི་གནས་ཚུལ་རེ་རེ་བཞིན་སྙན་གསན་ཞུ་དགོས་པ་སྨྲོས་མེད་རེད། འདི་ནི་འཛིན་སྐྱོང་གི་གཞི་རྩའི་ཤེས་བྱ་ཞིག་རེད།
གལ་སྲིད་དེའི་སྔོན་ལ་དང་། དོན་གཅོད་གཞན་དུ་དེ་འདྲ་འབྱུང་གི་མེད་པའི་རླན་ཀ་བྱས་ཚེ་དེ་ནི་ངོ་མ་གཏི་ཐུག་གི་རྙོག་དྲ་ཞིག་ལས་གཞན་གང་ཡང་མ་རེད། གལ་སྲིད་དེའི་སྔོན་དང་དོན་གཅོད་གཞན་ནས་གནས་ཚུལ་གཏོང་སྲོལ་མེད་ན་དེ་ཡོང་པར་བཟོ་བ་ནི་ལས་དོན་ཚགས་ཚུད་གཏོང་བའི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡིན་ཞིང་། དེ་ལ་འདོད་པ་མེད་པ་ནི་ཡར་རྒྱས་གཏོང་འདོད་མེད་པ་རང་རེད།
གཉིས། དཔལ་ལྡན་སྲིད་སྐྱོང་མཆོག་ཟླ་བ་༥་བའི་ནང་གྲོས་ཚོགས་གོང་འོག་གི་གལ་ཆེན་མི་སྣ་ཐུག་འཕྲད་བྱེད་པར་ཕེབས་སྐབས་ཕྱོགས་གཅིག་ནས་“བྱང་ཨ་རིའི་སྤྱི་འཐུས་ལ་མ་གཏོགས་དོན་གཅོད་ལ་བརྡ་ལན་གནང་མ་སོང”་ཞེས་གསུང་གི་འདུག་ལ། ཕྱོགས་གཞན་ནས་དེའི་སྐོར་ཕྱི་ཟླ་༤་ཚེས་༡༢་ལ་བརྡ་ལན་གནང་སོང་ཞེས་དངོས་སུ་འགལ་བའི་བཀའ་མོལ་གསུང་འདུག དེར་མ་ཟད་ཕར་ཞལ་པར་འབུལ་སྐབས་གལ་ཆེན་མི་འདི་དང་འདི་ལ་དུས་ཚོད་བཟོས་ཤོག་གསུང་སོང་ཞེས་ཀྱང་གསུང་སོང་། དུས་ཚོད་བཟོ་མ་ཐུབ་པ་བཀའ་ཤག་གི་ངོས་ནས་འཐུས་ཤོར་ལ་བརྩི་འོས་ཀྱང་ཁོ་རང་གིས་བཀོད་སྒྲིག་བྱེད་པ་མ་ཐུབ་པར་ལྷོད་ཡངས་བཏང་བ་ཡིན་སྲིད་མོད་ཐབས་ཤེས་མ་ཐོན་པ་ལ་ཁག་མེད་པ་ཡང་ཡིན་ཆོག་སྙམ། དེ་ནས་སྤྱི་འཐུས་ལགས་ལ་བཀའ་མངགས་པ་དེ་ཕྱིས་སུ་ཐབས་ཟད་ནས་བྱས་པ་ཡིན་པའི་གསལ་ཁ་འདོན་གནང་མ་སོང་བ་ནི་དྲང་གཏམ་མ་རེད།
གསུམ། ཨ་རིའི་རོགས་སྐྱོར་དེའི་ཆེད་དུ་མཇུག་སྐྱོང་གི་ལས་ཀ་དེ་ལས་གཡོལ་བྱེད་ཀྱི་འདུག་ཅེས་བཀའ་ཤག་གིས་གསལ་བོར་གསུང་བ་དེ་བཀའ་བློན་ཡོངས་ཀྱི་སྤྱི་མོས་ཀྱིས་གསུང་པ་ཡིན་སྟབས་གཞི་རྩ་མེད་པ་ཞིག་ཡིན་ཡེ་ནས་མི་སྲིད་པས་ཚོགས་ཟུར་མཆོག་གིས་དྲང་མོ་མ་གསུང་བ་གསལ་པོ་རེད། གང་ལཚོགས་ཟུར་ལགས་ཀྱིས་དེ་ཁས་ལེན་གནང་གི་མི་འདུག་པས་ང་ལ་དེ་གསལ་པོ་ཆགས་མ་སོང་། འོན་ཀྱང་མཐའ་མ་དོན་གཅོད་ཀྱི་ངོས་ནས་ཀྱང་དེའི་ཆེད་དུ་ཕྱག་ལས་གནང་ཡོད་ས་རེད་སྙམ། ཡང་ཁོང་གིས་སྐལ་རྡོར་ལགས་ཕར་འབྱོར་བའི་ཉིན་མོ་དེར་གྲོས་ཚོགས་འོག་མས་རྒྱབ་གཉེར་འབྱོར་སོང་ཞེས་དོ་སྣང་ཞིབ་པར་བསམ་གཞིགས་མེད་མཁན་མི་ཞིག་ལ་སྐལ་རྡོར་ལགས་ཡོང་བ་དོན་མེད་དུ་མཐོང་ཐབས་ལྟ་བུར་གསུང་སོང་བ་དེ་ནི་མང་ཚོགས་མགོ་རྨོངས་ཐབས་འདྲ་ཞིག་ལ་རྩི་ཆོག རྒྱབ་གཉེར་ཡི་གེ་ཙམ་གྱིས་གང་ཡང་མི་ཕན་པ་གསལ་བོ་རེད། གང་ལྟར་མཐའ་མར་ཁོང་གིས་ཀྱང་སྐལ་རྡོར་ལགས་ཚུད་པའི་ཚང་མས་མཉམ་རུབ་ཀྱིས་ནུས་པ་ཐོན་པ་ཞིག་ཡིན་པར་གསུང་བར་བསྔགས་པ་ཞུ།
བཞི། དངུལ་ཁང་གི་སྐོར་ལ་གསུང་སྐབས་ཀྱང་གནས་ཚུལ་ཅི་མ་ཇི་བཞིན་ཏག་ཏག་ཅིག་གསུང་ཨེ་སོང་བསམ། རྒྱུ་མཚན་ནི་བཀའ་ཤག་གིས་དངུལ་ཁང་གི་འགན་འཛིན་ལ་ཐུག་མི་འདུག་གསུང་ཡོད་ལ་ཁོང་ཐུག་ཡོད་གསུང་བས་སུ་བདེན་སུས་ཤེས། གོང་བཞིན་བཀའ་ཤག་ལ་མི་བདུན་ཡོད་པས་བདེན་པ་ནི་དེ་ལ་ཡོད་ཤས་ཆེ་ཡང་ད་ལྟའི་ཆར་ང་ལ་གསལ་པོ་ཆགས་མ་སོང་། འོན་ཀྱང་ཚོད་དཔག་ཅིག་བྱས་ན་ཁོང་གིས་དངུལ་ཁང་འགན་འཛིན་ལ་ཐུག་པ་ཡིན་ཟེར་བ་དེ་འགན་འཛིན་ལས་རོགས་ལ་མ་གཏོགས་འགན་འཛིན་གཅོ་བོ་ལ་ཐུག་མེད་གསལ་བོ་ཆགས་སོང་། དེས་ན་ཐོག་མ་ཉིད་ནས་དོན་གཅོད་རང་ཉིད་འགན་འཛིན་གཙོ་བོ་ལ་ཅིའི་ཕྱིར་མ་ཐུག་པ་རེད། བཀའ་ཤག་གིས་གསུང་པ་དེ་འདི་ལ་གསུང་བ་ཡིན་ནམ། ཡང་འདིར་ཁོང་གིས་གསུང་སྟངས་གཅིག་ལ་དངུལ་དེ་སྔ་ཡང་བཏང་བསྡད་ཡོད་པ་དང་ཁྲལ་ཕོག་ལུགས་གཅིག་པ་ཡིན་མདོག་གསུང་བ་དེ་མང་ཚོགས་ལ་གཡོ་གཏམ་རེད། དངུལ་གཏོང་སྐབས་ཕོན་ཆེ་ཆུང་ཚད་ངེས་ཅན་ཞིག་ལ་ཁྲལ་དགོས་པ་ལས་དངུལ་བཏང་ཚད་ལ་དེ་ལྟར་མེད་པ་དང་། ཁྲལ་ཕོག་མིན་དེ་ལོ་མཇུག་ལ་མ་གཏོགས་གསལ་བོ་ཡོང་གི་མེད་འགྲོ་སྟངས་རེད། བྱས་ཙང་ད་ལན་གྱི་དེ་ནམ་རྒྱུན་དང་གཅིག་མཚུངས་ཡིན་མདོག་གསུང་པ་དེ་བདེན་པ་མ་རེད།
འདིར་དོན་ཟུར་ལགས་ཀྱིས་དངུལ་ཁང་གིས་རྒྱུ་མཚན་གང་ཡང་བཤད་མ་སོང་གསུང་ཡང་བདག་གིས་ཚོད་དཔག་བྱས་རྒྱུ་མཚན་ཡེ་ནས་མེད་པར་ཡོང་ཤེས་ཐབས་མེད། དེ་ནི་དོན་གཅོད་གསར་རྙིང་རྗེས་སྐབས་ས་ཡིག་གསར་པ་ལ་ཞིབ་འཇུག་བྱེད་དགོས་པའི་དབང་གིས་ཆ་རྐྱེན་ཆུང་ཚགས་ཤིག་མ་ཚང་བའི་དབང་གིས་མིན་ནམ་སྙམ། གང་ལགས་ཤེ་ན་དོན་གཅོད་གསར་བ་དངོས་གྲུབ་ཚེ་རིང་ལགས་ལ་དངུལ་ཁང་གིས་“ཁྱོད་རང་ལ་ས་ཡིག་གསར་པ་ཡོད་སྟབས་ལས་ཁུང་ཨ་མས་ཞིབ་འཇུག་མགོ་ནས་བྱེད་དགོས་པས་སྔར་བཞིན་དཀའ་ངལ་ཕྲད་མི་སྲིད་པ་མ་རེད་ཅེས་ལབ་པ་དེ་ལས་བདག་ལ་བསམ་ཚུལ་དེ་བྱུང་། དེ་ནི་དང་པོ་རྩིས་སྤྲོད་ལེན་སྐབས་སུ་ཡིག་ཆ་ཆུང་ཚགས་རེ་མ་ཚང་འམ་ཡང་ན་དེའི་རྗེས་ནས་དོན་གཅོད་ཀྱི་ངོས་ནས་དངུལ་ཁང་ལ་འབྲེལ་བ་ཡག་པོ་ཞིག་བཟོ་མ་ཐུབ་པའི་སྐྱོན་ཞིག་མིན་ནམ་སྙམ།
ལྔ། “ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་དེ་ངའི་ངོས་གནས་མང་ཚོགས་སྔོན་ལ་བསྒྲགས་མེད་པས་དེའི་འགན་བཀའ་ཤག་གིས་ཁུར་དགོས”་གསུང་པ་ཡང་ཧམ་བཤད་དུ་མཐོང་། གནས་ལུགས་ཚང་མ་ཧ་གོ་བཞིན་དུ་དེ་བསྔོག་པའི་ཀུན་སློང་ངན་པ་ཞིག་ཡོད་པ་ལྟ་བུར་སྣང་། དངུལ་ཚུར་སྤྲད་ཡོད་པ། མ་འོངས་པར་ཕར་ལྷོག་མི་དགོས་པ། གྲོས་ཚོགས་དང་འགན་ལྷན་ལས་བཀའ་ཁྲོལ་ཞུས་ཡོད་པ། སྲིད་སྐྱོང་སོགས་སུས་ཀྱང་ཟོས་མེད་པ་སོགས་ཤེས་བཞིན་དུ་ཡོངས་བསྒྲགས་བྱས་པ་དེ་ཐོག་མ་ཁོང་གི་ཕྱོགས་ནས་བྱུང་བ་རེད། དེ་ཡང་ཐེབས་རྩ་ཁང་ནས་ཨ་སྒོར་ས་ཡ་༡་༥་གནང་འདུག་མོད་དོན་གཅོད་ཡིག་ཆ་ལ་མི་འདུག་ཅེས་ཧ་ལམ་བར་ནས་བརླགས་སོང་བ་འདྲ་བོ་ཞིག་མང་ཚོགས་ལ་གོ་བཅུག་པ་རེད། མཐར་བཀའ་མོལ་ཆུང་དུ་བཏང་ནས་“ངས་སྤྲོད་བསྡད་ཅིག་གསལ་མི་དགོས་སམ”་ཞེས་པ་དྲི་བ་གཅིག་བུ་བཏོན་པར་གསུང་ཡང་ཁུང་འཁྱོལ་བའི་གསུང་དུ་མི་སྣང་། དྲི་བ་འདོན་ཆོག་ལ་དྲི་བར་ཐ་མའི་ལན་ཡང་སྲིད་སྐྱོང་གི་ངོས་ནས་གསལ་བོར་བཏབ་ཟིན་འདུག དེས་མ་ཚིམས་པར་ད་དུང་རྩིས་ཞིབ་པ་ལ་བསྐྱར་དུ་རྩིས་ཁོང་ལ་བཅུག་དགོས་གསུང་པ་དེ་ངོ་མ་ཁོང་གི་ཀུན་སློང་གི་སྐྱོན་རེད། བློ་མ་བདེ་ན་བཀའ་ཤག་གིས་ཡིག་ཐོག་ནས་གནང་གི་རེད་ཅེས་ཀྱང་སྲིད་སྐྱོང་མཆོག་གིས་གསུང་སོང་། ལྷག་པར་དུ་རྩིས་ཀྱི་འགྲོ་ལུགས་དེ་འདྲ་ཕྱི་བསྒྲགས་མེད་པར་ནང་འགྲིག་གི་ཐོག་ནས་བྱེད་སྟངས་དེ་འདྲ་ཡོད་པ་ཁོང་གིས་མི་མཁྱེན་པ་མི་སྲིད་པ་རེད་སྙམ། མཁྱེན་བཞིན་དུ་དེ་ལྟར་ཕྱིར་བསྒྲགས་གནང་བ་དེ་ངོ་མ་ཁོང་གི་ཀུན་སློང་ལ་དོགས་པ་ཟ་ཤོར་བ་འདྲ་ཞིག་འདུག ལྷག་པར་དུ་ཐེབས་རྩ་ཁང་གི་དྲ་རྒྱ་ལ་བཞག་པའི་ཡིག་ཐོག་ཏུ་དེ་འདྲ་ཞིག་གསལ་ཡོད་ན་ཡང་འབྲེལ་ཡོད་འགན་འཛིན་གྱིས་སྔ་ཕྱིར་དེ་བུ་ལོན་མིན་པར་གསལ་བཤད་གནང་ཡོད་པ་དེས་ཅིའི་ཕྱིར་མ་འགྲིག་པ་རེད།
འདིར་ཡང་འཛིན་སྐྱོང་གི་ལས་ལུགས་ལ་དོ་སྣང་མེད་པའི་མང་ཚོགས་ལ་དམིགས་ནས་འགྲེལ་ལོག་ཅིག་གསུང་གནང་གི་འདུག གོང་རིམ་གྱིས་ནོར་འཁྲུལ་བྱེད་གྱི་ཡོད་པར་རང་གིས་མཐོང་ན་འཚོགས་འདུར་གསུང་ཆོག་གི་རེད་ལ་གསུང་དགོས་པ་ཡང་རེད། དེ་མིན་ལས་ཀའི་བརྒྱུད་རིམ་ནང་དུ་གོང་རིམ་གྱི་བཀའ་ལ་ཅི་གསུང་དང་ལེན་ཞུ་དགོས་པ་ལས་ངས་དྲང་མོ་བཤད་ཀྱི་ཡོད་ཅེས་ལབ་ས་རྩ་བ་ནས་མེད། གལ་སྲིད་ཚོགས་འདུའི་ནང་དུ་རང་གི་བསམ་འཆར་བཏོན་པ་དེས་ད་དུང་འདོད་པ་མ་ཚིམས་པ་དང་མུ་མཐུད་དེ་ནོར་འཁྲུལ་མཐོང་ན་རང་ཉིད་སྒྲིག་འཛུགས་དེ་ནས་དགོངས་པ་ཞུས་ནས་གཞུང་གི་ཕྱི་ལོགས་ནས་གཞུང་ལ་དག་ཐེར་ཞུ་དགོས་པ་ལས་ང་དྲང་མོ་ཡིན་ཞེས་གོང་རིམ་གྱི་བཀའ་ལ་གྱེན་ལྡོག་བྱེད་པ་ནི་ལམ་ལུགས་གང་དུ་ཡང་མེད་པ་ཞིག་རེད། འདས་པའི་དུས་སུ་དེ་འདྲ་བྱུང་མེད་པ་ཡང་མ་རེད། མ་གཞི་ཁོང་གིས་འདི་དག་མཁྱེན་མེད་པ་ཡེ་ནས་ཡིན་གྱི་མ་རེད་སྙམ།
ཡང་ཁོང་གིས་ཕྱོགས་སྡོམ་མ་དངུལ་ནང་དུ་བཀའ་ཁྲོལ་ཞུས་ཡོད་པ་ཁས་བླངས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་དངུལ་རྩིས་སྟངས་འཛིན་དོན་ཚན་བདུན་པའི་ནང་གསེས་ལྔ་པའི་ནང་དུ་དངུལ་གསར་བ་དང་གཡར་བ་གང་ཡོད་སྤྱི་འཐུས་ལ་ཞུ་དགོས་པ་ཞུས་མེད་པས་ཁྲིམས་འགལ་ཆགས་ཡོད་པར་གསུང་འདུག་པ་ལས། དངུལ་འབོར་འདི་ཨ་རིའི་དོན་གཅོད་ཀྱི་སྐལ་བ་དེ་ཡིན་པས་གསར་བ་མིན་ལ་ཐེབས་རྩ་ཁང་གི་ངོས་གནང་སྦྱིན་ཡིན་པས་བུ་ལོན་ཡང་མིན་པའི་གནས་སྟངས་ཤིག་ཡོད་པ་དེ་སྦས་སོང་། ཕྱོགས་སྡོམ་མ་དངུལ་ནང་དུ་བཀའ་ཁྲོལ་ཞུས་ཡོད་གསུང་པ་དང་སྤྱི་འཐུས་ལ་ཞུས་མེད་གསུང་བ་གཉིས་ནང་འགལ་མིན་ནམ་སྙམ། ལར་ནས་འདིའི་ཐོག་ལ་རྗེས་སུ་བཀའ་ཤག་དང་སྤྱི་འཐུས་གང་རུང་གི་ངོས་ནས་གསལ་བཤད་ཡོང་མདོག་ཆེ།
ལྷག་པར་དུ་ཡིག་ཆ་དེ་བོད་སྒྱུར་བྱས་ནས་དེའི་ནང་དུ་བུ་ལོན་ཞེས་པའི་ཚིག་ཡོད་པ་དང་གཡར་མཁན་དང་སྐྱི་མཁན་གྱི་མིང་ཡོད་པ་སོགས་རྩལ་དུ་བཏོན་འགྲེལ་བཤད་བྱེད་ལུགས་འདིས་ཀྱང་ཁོང་གིས་སྣེ་བཏོག་གི་ཡོད་པའི་ཚོར་བ་ཡོང་གི་འདུག གང་ལགས་ཤེ་ན་ཡིག་ཆ་དེ་འདྲ་མེད་ཟེར་གྱི་ཡོད་མ་རེད། དེ་ཤོག་ཐོག་གི་རི་མོ་གཞན་ལ་སྟོན་རྒྱུ་རེད་ནང་དོན་དེ་ལྟར་མིན་པ་ཡིག་ཐོག་ཚུན་ཆད་ལ་ཡོད་པར་གསལ་བོ་གསུང་སོང་བས་དེ་འདྲ་གསུང་བ་ཉན་མཁན་བྱེ་བྲག་པ་ཞིག་ལ་དམིགས་པ་གསལ་བོ་འདྲ་ཞིག་མཐོང་སོང་། དེར་མ་ཟད་བོད་ཀྱི་ཐེབས་རྩ་ཁང་གི་དྲ་རྒྱའི་ཐོག་ལ་ཡོད་པའི་༢༠༡༦་ལོའི་ཡིག་ཆའི་ནང་དུ་“མ་འོངས་པར་འདི་རོགས་དངུལ་ལ་ཁ་སྒྱུར་རུང་བ་ཡིན”་ཞེས་༢༠༡༦་ལོ་ནས་གསལ་བོར་བཀོད་འགོ་ཚུགས་ཟིན་ཡོད་ན་ཡང་ཁོང་གིས་དེ་ཟུར་ཙམ་ཡང་གསུང་མ་སོང་།
འདིར་ང་རང་གི་འཆར་སྣང་ཞིག་བར་དུ་བཅུག་པ་ཡིན་ན་ཚོགས་ཟུར་ལགས་ཀྱིས་གནང་ལུགས་དེ་སྡུག་ན་བོད་གཞུང་ལ་བསམ་གནག་བྱས་པ་ཞིག་ཏུ་མཐོང་གི་འདུག་ལ། གལ་སྲིད་དེ་མིན་རུང་དགོས་དོན་ཡེ་ནས་མེད་པའི་དོན་མེད་ཀྱི་དཀའ་ངལ་བཟོས་པ་ཞིག་རེད། འོན་ཀྱང་ཚོགས་ཟུར་ལགས་ཀྱིས་གསུང་པ་བཞིན་སྤྲོད་བསྡད་ཅིག་གསལ་བཞག་པ་ཡིན་ན་སྐྱོན་ཆ་གཞན་ག་འདྲ་ཡོད་དམ་སྙམ། ནམ་ཞིག་ཐེབས་རྩ་ཁང་ནས་རྩིས་བསུབ་བཏང་བའི་ཉིན་མོ་ནས་རང་ངོས་ནས་ཀྱང་སྤྲོད་བསྡད་དེ་བསུབ་ཆོག་ཆོག་ཅིག་མིན་ནམ་སྙམ། ཡང་ན་ལོར་དེར་ས་ཡ་༡་༥་བྱུང་བ་ལྟ་བུ་ཡིན་པས་ཁྲལ་མང་པོ་ཞིག་སྤྲོད་དགོས་པར་ཆགས་པར་འགྱུར་བ་ཡིན་སྲིད་དམ་ཡང་སྙམ། མ་གཞི་སྤྲོད་མི་དགོས་པར་སྤྲོད་བསྡད་ཅིའི་ཕྱིར་གསལ་དགོས་སམ་ཡང་སྙམ།
འདིར་ཆ་མི་མཚུངས་པ་གཅིག་ཡོད་པ་ནི་བཀའ་ཤག་གི་ཡི་གེར་དོན་གཅོད་ཀྱིས་བུ་ལོན་དེ་“རྩིས་ཞིབ་སྙན་ཐོར་འགོད་དགོས”་ཞེས་གསུང་ཡོད་པར་གསལ་བ་དང་། ཚོགས་ཟུར་ལགས་ཀྱིས་དེ་ལྟར་གསུང་མེད་ཅེས་ཁས་བླངས་མི་འདུག འདིར་གཅིག་བདེན་པ་མིན་དགོས་ཀྱང་སུ་བདེན་ངས་མི་ཤེས། འོན་ཀྱང་བདེན་པ་མིན་པའི་གསལ་ཁ་མ་ཐོན་བར་དུ་བདེན་ཁ་བཀའ་ཤག་འབུལ་དགོས་སྙམ། རྒྱུ་མཚན་ནི་ཚོགས་ཟུར་ལགས་ཀྱིས་གསུང་པ་ལྟར་དྲི་བ་དྲིས་པ་ཙམ་ཡིན་ན་དེ་ལ་ལན་སྔར་ནས་བཏབ་ཟིན་ཞིང་། དེ་ཙམ་གྱིས་བཀའ་ཤག་གིས་བཀྱོན་ཡིག་གནང་དགོས་པའི་རྒྱུ་མཚན་མེད་པ་རེད་སྙམ།
དྲུག ནིའུ་ཡོག་ལ་དོན་གཅོད་ལས་བྱེད་གསར་བསྐོ་བྱེད་པའི་ཁྱབ་བསྒྲགས་དེ་ཡང་བྱས་ཡོད་པར་ཁས་བླངས་འདུག འདི་ལྟར་རང་འཚམས་ཀྱིས་བྱེད་པ་ནི་མི་འོས་པ་ཡིན་པ་མ་ཤེས་མདོག་མདོག་བྱེད་པ་ནི་རྦད་དེ་ཞལ་རྫུན་རེད། གཞུང་གི་སྒྲིག་འཛུགས་ཤིག་གི་ནང་དུ་ལས་ཀ་བྱེད་མྱོང་མཁན་ཞིག་ཡིན་ན་འདི་རིགས་ནི་སྤྱིར་བཏང་གི་རྒྱུན་ཤེས་ཤིག་རེད། ལྷག་པར་དུ་འཛིན་སྐྱོང་གིས་དགོངས་འཆར་དེ་ལ་ད་ལྟའི་ཆར་དགོངས་བཞེས་གནང་ཐབས་མི་འདུག་ཅེས་བཀའ་གསལ་བོར་བཏང་ཡོད་མེད་ལ་མ་ལྟོས་པར་བཀའ་ལས་ལྡོག་ནས་གསལ་བསྒྲགས་བྱས་པ་དེ་རྦད་དེ་ནོར་བ་གསལ་བོ་རེད། དེ་བཞིན་དོན་གཅོད་སྔོན་མའི་སྐབས་སུ་བདུན་ཕྲག་གཅིག་ལ་འགྲུལ་མི་མཇལ་བར་ཡོང་མཁན་མང་པོ་མེད་སྟབས་ལས་ཀ་དེ་གནས་སྐབས་རིང་ལ་དགོས་པ་མེད་པའི་གནས་སྟངས་ལ་ཡོད་མུས་སུ་ཟླ་བ་རེ་ཟུང་ཞིག་གི་ནང་དུ་བཀའ་ཤག་གིས་དེ་འདྲ་དགོས་གལ་ཅན་དུ་མི་གཟིགས་པ་ནི་རྒྱུ་མཚན་ལྡན་པ་རེད། དེར་བརྟེན་ཁོང་གི་སྐད་ཆ་རྒྱུ་མཚན་ལྡན་པ་ཡིན་པ་དང་དོན་གཅོད་སྔོན་མའི་ཐག་གཅོད་དེ་ལྟར་མིན་པར་གསུང་བ་དམའ་མཐར་ཡང་གུས་ཞབས་མེད་པའི་བཀའ་མོལ་རེད།
བདུན། བླངས་དོར་བརྡ་སྟོན་ཞེས་པའི་ཚིག་འདི་ཁོང་གིས་བཀའ་ཤག་གིས་གསར་གཏོད་རེད་ཅེས་ཁོང་གིས་རྩ་བ་ཉིད་ནས་ཤེས་ཀྱི་མེད་མདོག་སྟོན་གྱི་འདུག འདི་ལ་ཡིད་ཆེས་ཐབས་ཡོད་མ་རེད། རྩ་ཁྲིམས་སོགས་ཀྱི་ནང་དུ་ཚིག་རིས་ཇི་བཞིན་ཡོད་མེད་གང་ཡིན་རུང་འཛིན་སྐྱོང་གི་ལས་ཀ་རྒྱུན་རིང་པོར་བྱས་མྱོང་མཁན་ཞིག་གིས་འདི་མ་མཁྱེན་པ་མི་སྲིད་པ་རེད། ལར་ནས་འདི་ལ་ཨིན་སྐད་དུ་Advisory Note ཞེས་འབོད་པ་རེད། དེ་བཞིན་ཉེན་བརྡ་ཐ་མ་ཡིན་ན་དང་པོ་གཉིས་པ་ངེས་པར་དུ་ཡོད་དགོས་ག་ལ་ཡོད། འདིར་བགད་ཅིག་བསླངས་ན་ཉེན་བརྡ་ཐ་མ་མ་མཏོགས་མེད་པ་དེས་ཉེས་པ་གཉིས་པ་དང་གསུམ་པ་བསགས་ལོང་བྱུང་སོང་གསུང་གྲབས་ཡོད་དམ་ཞེས་ཞུ། ལྷག་པར་དུ་བྱ་སྤུ་གནོན་ཞེས་པའི་ཚིག་ཅིག་ཁྲིམས་ཡིག་གི་ནང་དུ་གསལ་མེད་ཅེས་གསུང་དགོས་དོན་མི་འདུག དེ་ལྟར་གསུང་པ་ནི་ངས་བྱ་སྤུ་གནོན་ཟེར་བ་རྩི་དགོས་དོན་མེད་ཅེས་གསུང་གྲབས་ཡོད་པ་འདྲ་ཞིག་འདུག གང་ལྟར་སྒྲིག་གཞི་གང་གི་ནང་དུ་ཡང་དེ་གསལ་མི་འདུག་པས་ཁུར་དགོས་དོན་མེད་མདོག་མདོག་གསུང་པ་དེ་ནི་ཁྱོད་རང་མི་རེད་མི་འདུག་གང་ལགས་ཤེ་ན་ཁྱོད་ཀྱི་མིང་གི་ནང་དུ་མི་ཞེས་གསལ་མི་འདུག་ཅེས་གསུང་པ་འདྲ་བོར་མཐོང་། སྒྲིག་གཞི་ཐམས་ཅད་བྱ་སྤུ་གནོན་ཡག་པོ་ཡོང་བ་ཁོ་ན་ལ་དམིགས་པ་ཡིན་པ་ལས་དེ་ལས་ལོགས་སུ་བྱ་སྤུ་གནོན་ཞིག་མེད།
བརྒྱད། དྲུང་ཆེན་གནས་མཉམ་ཟླ་སྒྲོན་ལགས་ལ་ངན་བསླབ་མ་བརྒྱབས་པ་པའི་གསལ་ཆ་གང་ཡང་བཏོན་རྒྱུ་མེད་སྟབས་རྩ་བའི་ཆ་ནས་ཁས་བླངས་པ་དང་། འདི་ནི་ཁོང་གིས་“འོས་བསྡུའི་འཁོན་འཛིན་གང་ཡང་མེད”་ཅེས་གསུང་བ་དང་། དོན་གཅོད་ལ་བསྐོས་ནས་བདུན་ཕྲག་འགའ་ཤས་ལས་འགྲོ་གི་མེད་པའི་སྐབས་ལ་བྱུང་བ་རེད། དོན་གཅོད་ལ་དངོས་སུ་ཐོན་ཁར་ཨ་རིའི་རོགས་ཀྱི་སྐོར་ལ་མཇུག་གནོན་བྱ་དགོས་པ་མེད་གསུང་བ་དེ་སྲིད་སྐྱོང་གིས་ཁོང་ལ་ཐོག་མ་ནས་ཡིད་ཆེས་བྱེད་ཀྱི་མེད་པའི་སྒྲུབ་བྱེད་དུ་བཀོད་ཀྱང་། ལར་ནས་འདི་རྒྱུ་མཚན་ཏག་ཏག་ཡིན་གྱི་མ་རེད་ལ། གལ་སྲིད་ཡིན་ན་ཡང་ཡིད་ཆེས་རླགས་བཅུག་པའི་ལས་དེ་ཁོ་རང་གིས་དེའི་སྔོན་ནས་ཟླ་སྒྲོན་ལགས་ལ་ངན་བསླབ་བརྒྱབས་ནས་བྱས་ཟིན་འདུག
གཞན་ཡང་ཨ་རིའི་ས་ཁུལ་ཁག་ལ་བཀའ་ཤག་ལ་སྐྱོན་བསྒྲགས་བྱས་སོང་ཟེར་བ་དེ་སྦུག་སྦུག་ཅིག་ལས་གསལ་བོ་མི་འདུག་ཅེས་ལན་བཏབ་མི་འདུག དེ་ནི་སྦུག་སྦུག་ཅིག་ཡེ་ནས་མིན་པར་ས་ཁུལ་གང་དུ་སྐད་ཆ་གང་བཤད་པ་དེ་དག་དྲ་ཐོག་ལ་མེད་ན་དྲ་ཐོག་ལ་བཞག ཡོད་ན་དེ་དག་གི་དྲ་སྣེ་ཚང་མ་དྲངས་ནས་ཁུངས་སྐྱེལ་ལས་སླ་བོར་བྱེད་ཆོག་ཆོག་ཡིན་ན་ཡང་དེ་ལྟར་གནང་མ་སོང་། དེའི་ཕྱིར་དོན་གྱིས་དེ་ཡང་ཁས་བླངས་བ་འདྲ་ཞིག་ཆགས་པ་རེད། གལ་སྲིད་ངོ་མ་དེ་འདྲ་ཡིན་ན་འདི་ཡང་མ་འོས་པ་ཆེན་པོ་ཞིག་རེད། ཞིབ་ཏུ་བསམ་སྐབས་ད་ལན་གྱི་ངོ་རྒོལ་གྱི་ཟིང་ཆ་འདི་དག་ཁོང་གི་བྱ་བ་འདི་ལས་བྱུང་བ་མིན་ནམ་སྙམ། ལྷག་པར་དུ་ཉེ་ཆར་ཨ་རི་ལ་གསུང་བའི་ཁོང་གི་གསུང་དུམ་བུ་ཞིག་དྲ་ཐོག་ན་འགྲོ་བཞིན་འདུག་པ་དེས་བཀའ་ཤག་གིས་གསུང་ལ་རང་ཉིད་ཀྱིས་བདེན་དཔང་བྱས་པ་འདྲ་བོ་ཞིག་འདུག
གསུམ་པ། གསལ་བཤད་འདིའི་མཇུག་སྡོམ།
ད་ལན་གྱི་དོན་རྐྱེན་འདི་ལ་བལྟ་མཁན་གཉིས་ཡོད་པར་བསམ་ཆོག དེ་གཉིས་ནི་བློ་མིག་དང་སྤེན་མིག་གཉིས་རེད། དོན་ཚན་བཅུ་སོགས་ནི་བློ་མིག་ལས་མཐོང་བའི་བདེན་དོན་དེ་ཡིན་ཞིང་། ཚེས་༥་ཉིན་གྱི་གསལ་བཤད་འདི་སྤེན་མིག་གིས་མཐོང་བའི་བདེན་དོན་དེ་རེད། མིག་འདི་གཉིས་ཀྱིས་རང་རང་གི་ཁྱབ་ཚད་ལས་བརྒལ་བ་ཞིག་མཐོང་མི་ཐུབ་ཅིང་། ང་ཚོས་དེ་ལས་བརྒལ་ནས་བལྟ་ཐུབ་དགོས། འོ་ན་འགལ་བ་ལྟག་སྤྲོད་ཆགས་པའི་དོན་དག་དེ་ཚོ་ལ་བདེན་ཁ་གང་ལ་སྦྱིན་དགོས་སམ་ཞེ་ནཿ བདེན་པ་མིན་པའི་ར་འཕྲོད་གསལ་བོ་མེད་ན་བློ་མིག་ལ་བདེན་ཁ་ཙམ་སྦྱིན་དགོས་སྙམ། དེའི་རྒྱུ་མཚན་གཅིག་ནི་བློ་མིག་འདི་བློ་མིག་གཅིག་བུ་མ་ཡིན་པར་དེ་ལ་མི་དྲུག་གི་མིག་བསྣན་ནས་མཐོང་ཚུལ་ཞིག་ཡིན་པས་ནོར་བའི་ཆ་ཅུང་ཟད་ཉུང་ཤས་ཆེ་བ་དང་། བློ་མིག་འདི་དང་ལྷན་དུ་རང་ཉིད་ཀྱི་སྲིད་གཞུང་འབྲེལ་ཡོད་སྟབས་དེ་ལ་ཆ་འཇོག་ཙམ་བྱེད་འོས། འོན་ཀྱང་རྒྱུ་མཚན་དང་དཔང་རྟགས་ཡོད་ན་སྤེན་མིག་ལ་བདེན་ཁ་ལོས་སྦྱིན།
སྤྱིར་ན་ད་ལན་གྱི་ཟང་ཟིང་འདི་མདོག་ཉེས་པོ་ཞིག་དང་། གཟབ་གཟབ་མ་བྱས་ན་ཉེན་ཁ་ཅུང་ཟད་ཡོད་པ་ཞིག་ཡིན་པ་ལས་ཚབ་ཆེན་པོ་ཞིག་མིན་པ་མ་ཟད། བཟང་ཕྱོགས་ནས་བལྟས་ན་མང་གཙོ་ལག་སྟར་ཡག་པོ་ཞིག་གི་རྣམ་པ་ཡིན་ཆོག་པ་དང་། བཀའ་ཤག་གི་ཕྱོགས་ནས་བལྟས་ན་འདི་ནི་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་པོ་ཡོང་གི་ཡོད་པའི་རྟགས་མཚན་ཞིག་ཀྱང་ཡིན་སྲིད།
འོན་ཀྱང་བོད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པར་དགོངས་ན་ནི་འདིའི་འབྱུང་རྐྱེན་གཙོ་བོ་རྩ་དོན་གླིང་གི་ཚོགས་མི་རེ་ཟུང་དང་ཚོགས་ཟུར་ཁོང་རང་ཡིན་པ་འདྲ་ཞིག་མཐོང་། རྒྱུ་མཚན་ནི་ཁོང་གིས་“གལ་སྲིད་བཀའ་ཤག་གིས་ཐོག་མ་ཉིད་ནས་གསལ་བོ་བཟོས་པའམ་ཡང་ན་ཚིག་སྒྲུབ་དང་པོ་མེད་པ་བྱས་ནས་ཉི་མ་འདི་ནས་ལས་འཚམས་འཇོག་དགོས་ཞེས་བཀའ་ཤག་གིས་གསུང་ཡོད་ན་མང་ཚོགས་ནང་ལ་འཁྲུག་རྐྱེན་ཡོང་གི་མ་རེད”ཅེས་གསུང་བ་འདི་དོན་ལ་རྩ་བ་ནས་མི་གནས། ཁོང་གིས་གསུང་པ་ལྟར་རྒྱུ་མཚན་མ་བཀོད་པར་ཁོང་ལ་ལས་འཚམས་བཞག་བཅུག་ཡོད་ན་ཁོང་གིས་“ང་ལ་ལས་འཚམས་བཞག་གསུང་འདུག རྒྱུ་མཚན་གང་ཡང་བགྲངས་མི་འདུག”་ཅེས་མི་མང་ལ་སྒྲོག་ངེས་རེད། དེ་ནས་ཁ་སྔོན་མི་དེ་དག་གིས་ཟིང་སློང་བ་ངེས་གཏན་རེད།
ཁ་སང་ཟིང་ཆ་སློང་རྐྱེན་གཙོ་བོ་གཅིག་ཀྱང་ཁོང་རང་གི་གསུང་བཤད་དུམ་བུ་ཞིག་སྟེ་“ང་མི་གཅིག་རེད། སྤྱི་བ་གལ་ཆེ། ཕྱོགས་ཚང་མས་འཁྲུག་མ་ཐེབས་པ་བྱེད་རོགས”་ཅེས་ཤུགས་ལ་བཀའ་ཤག་གིས་ང་ལ་དྲང་པོ་བྱས་མ་སོང་བའི་རྣམ་འགྱུར་ཅན་གྱི་གསུང་དུམ་བུ་དེ་ཚོ་ལ་ཐུག་ཡོད། གལ་སྲིད་ཐོག་མ་ཉིད་ནས་ཁོང་གིས་གསུང་སྟངས་གཞན་པ་ཞིག་གསུང་ཡོད་ན་ད་ལན་གྱི་མི་དེ་དག་གི་ཟིང་ཆ་དེ་འདྲ་མ་ཡོང་བ་སྲིད་པ་ཞིག་རེད་སྙམ།
མཐའ་དོན་ད་ལན་གྱི་གསལ་བཤད་འདིས་ཁོང་གི་རྒྱབ་སྐྱོར་བ་སྲིད་སྐྱོང་ལ་སྐྱོན་ཁོ་ན་དང་། ཚོགས་ཟུར་ལ་ཡོན་ཏན་ཁོ་ན་མ་གཏོགས་མཐོང་འདོད་མེད་མཁན་དག་དང་། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ལ་ཆ་རྒྱུས་མེད་པའི་རིགས། དེ་བཞིན་དོ་སྣང་ཞིབ་ཚགས་མི་བྱེད་པའི་མང་ཚོགས་དཀྱུས་མ་ཁག་ཅིག་བཅས་ཀྱི་ངོར་བདེན་པ་འདྲ་བའི་མཐོང་བའི་ཚུལ་ཞིག་རྒྱུན་རིང་ཙམ་ལ་གནས་ཀྱི་རེད་སྙམ། འདི་ནི་གཞུང་ལ་ངོ་རྒོལ་བྱེད་མཁན་མི་གྲངས་ཅུང་ཟད་ཇེ་མང་དུ་སོང་བ་དེས་ཀྱང་མཚོན་ཐུབ་པར་སྙམ། གང་ལགས་ཤེ་ན་གསལ་བཤད་འདི་གླེང་རྙོག་འདིར་འབྲེལ་བའི་གསུང་བཤད་ཐ་མ་ཡིན་པ་དང་། རྒྱས་བཤད་ཆེ་ཤོས་ཡིན་པ། ཤོག་ཐོག་ལ་མ་ཡིན་པར་མི་རང་གིས་ཚོར་བ་དང་འབྲེལ་ནས་ཐད་ཀར་བཤད་པ་ཡིན་སྟབས་ཤོག་ངོས་གཉིས་ལས་མེད་པའི་སྐྱོན་འཛུགས་དེ་ལས་ནུས་པ་ཆེ་བ་ཞིག་ཡོང་གི་རེད། མ་ཟད་བཀའ་ཤག་གི་ངོས་ནས་ཀྱང་ཚོགས་ཟུར་མཆོག་གི་གསུང་གི་ནང་ནས་ཆ་མ་ཚང་བ་དང་འགྲེལ་ལོག་ཏུ་གྱུར་བའི་རིགས་དེ་མུར་འཇོག་པ་ལས་དེ་དག་ལ་དག་བཅོས་སོགས་གནང་བར་ཕེབས་ཀྱི་མ་རེད། དེའི་ཕྱིར་ད་ལན་གྱི་ཚོགས་ཟུར་ལགས་ཀྱི་གསུང་དེ་ཐ་མའི་ཚིག་ལྟ་བུར་གྱུར་བའི་ཁེ་ཕན་ཞིག་འཐོབ་རྒྱུ་རེད་དོ།
ད་ཡང་བློ་སེང་གིས་རྒྱུག་ཁྱི་གཅིག་བསླེབས་སོང་། བློ་སེང་འུར་བསྒྲོག་པ་བློ་སེང་ཧམ་ཆེན་པ་ ཧམ་པ་ཆེ་བ་ལ་ནི་དོན་ཁང་ནང་གི་༧གོང་ས་མཆོག་གི་སྐུ་པར་མ་ཕབ་ཁོ་པའི་པར་ཡར་བསྐོན། རྫུན་ཚ་བ་ལ་ནི་ཨ་སྒོར་ས་ཡ་གཅིག་དང་ཕྱེ་ཀ་བོ་ལོན་ཡིན་རུང་བོ་ལོན་མིན་ཟེ་མི་དམངས་ཕྲོད་ཉི་མ་ཁ་དཀར་ངོ་དཀར་ལ་འཆི་གསོན་ཐུག་པའི་ཧམ་པ་བཤད། ་ཕྱི་འབྲེལ་དང་༧གོང་ས་མཆོག་གི་དཀའ་དྲིན་ལས་བོད་མིར་བྱུང་བཞིན་པའི་་རོག་དངུལ་ཚང་མ་བློ་སེང་དང་སྐལ་རྡོར་དངོས་ཚེ་གསུམ་གྱི་མ་ཏོག་བོད་མི་སུ་གཅིག་ལ་ཧ་གོ་རུ་མ་གཅུག་ ཁོ་ཚོ་གསུམ་གྱིས་ང་ཚོ་བོད་མིའི་མིང་འཁྱེར་ནས་རང་དོན་ལོ་ཤས་འགྲུབ་རྗེས་ཨ་རིར་ལོག་ནས་སྒེར་གྱི་མ་རྐང་ཆེན་པོ་བཟོས་དེ་དུས་ད་ལྟའི་གོང་གི་སྒྲུམ་རིང་པོ་བྲི་ཁན་དེར་ཁོང་ཚོའི་ནང་གཙང་མ་བཟོོ་ཁན་གྱི་ལས་ག་སྤྲོད་སྲིད། ད་ལྟ་བློ་སེང་དཀར་པོ་ཆགས་དགོས་ན་གཅིག་དང་གཉིས་བྱས་ནས་མི་དམངས་འདུན་དུ་སྤེན་ཚེའི་གསལ་བཤད་ལ་ཆུ་ཚོད་གསུམ་ལྷག་གི་གསལ་བཤད་བྱ་ན་ང་ཚོས་དགའ་བསུ་བྱས་ནས་སྒུག་སྡད་ཡོད་དེ་ལྟར་གསལ་བཤད་མེད་ན་བོད་མི་དམངས་ལ་དགོང་དགས་ལབས་ནས་བོད་མིའི་སྤྱི་རྒྱུ་གཅིག་ཀྱང་མ་འཁྱེར་བར་སྲིད་སྐྱོང་དགོང་པ་ཞུས་ན་ལེགས་དེ་མིན་་ཐབས་ཤེསདྲག་པ་ཞིག་ཨེ་་འདུག?
ཕན་ཐོག་གང་ཡང་མེད་པའི་རྩོམ་རྙོག་འདི་ལ་བལྟ་བ་ལས་གཉིད་བསྡད་ན་ཡག་རྒྱུ་མཚན་དང་གནས་ལུགས་གང་ཡང་མེད་པའི་རྩོམ་རྙོག་ཚོགས་ཟུར་ནས་ཁུངས་དང་ཡིག་ཆ་དུས་ཚོད་དང་ཟླ་ཚེས་སོགས་ཀྱིས་ཁུངས་བསྐྱེལ་ར་སྤྲོད་ག་འདྲ་གནང་མིན་ལ་མ་ལྟོས་བར་ཚིག་འགལ་དང་ནང་འགལ་སོགས་ཡོད་མདོག་གི་ཚིག་རྒུམ་འགའ་འཐུ་བས་དུས་ནམ་ཡང་རྒྱལ་མི་ཐུབ་བོ་་་བདེན་པ་ནི་དུས་ནམ་ཡང་བདེན་པ་ཡིན།
༄༄ གོང་གི་རྩོམས་ཡིག་རིང་པོ་དེ་བྲིས་མཁན་ཁོང་ལ་ཁྲིད་པའི་སྙུང་གཞི་ལྕོ་པོ་ཞིག་ཡོད་པ་འདྲ་དེའི་རྐྱེན་གྱིས་དཀར་པོ་ཚང་མ་སེར་པོར་གཟིགས་ཡོད་ས་རེད་ཡིན་ན་ཡང་རིམ་པས་བརྟག་དཔྱད་བྱས་སྟེ་སྤྱན་དངས་གསལ་དུ་འགྲོ་སྐབས་དགོང་པའི་ནང་ཐུགས་ཡིད་འཚིམ་པའི་ཐག་ཆོད་ཞིག་ངེས་པར་ཡོང་སྲིད་པ་རེད།
དང་པོ་ཁྱོད་རང་གི་བྲིས་བས་ནང་འགལ་ལ་ལྟོས་དང་་་་༼ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་ཟླ་༡༢་པའི་ཚེས་༥་ཉིན་དཔལ་ལྡན་བཀའ་ཤག་གིས་ཁོང་ལ་བཙུགས་པའི་སྐྱོན་འཛུགས་དོན་ཚན་བཅུ་ལ་ལན་འདེབས་གསལ་བཤད་རིང་པོ་ཆུ་ཚོད་གསུམ་ཅན་ཞིག་གནང་།༽ འདི་དང་ཡང་ ༼ཚོགས་ཟུར་མཆོག་གི་གསལ་བཤད་སྐར་མ་༢༤༠་ཅན་དེ་ལ་འགྲན་མི་ཐུབ་པ་འདྲ་ཞིག་ཆགས་ནས་མི་རྣམས་ཀྱི་སེམས་ངོ་ལ་ཨོ་བདེན་པ་འདྲ་འདུག་དའ་སྙམ་པ་ཞིག་འབྱུང་གི་ཡོད། ༽ ཆུ་ཚོད་གསུམ་རེད་དམ་བཞི་རེད་དེ་ཙམ་ཡང་མི་ཤེས་མཁན་ཁྱི་སྨྱོན་ཁྱོད་ཀྱིས་ཡིག་ཉོག་འདི་ལ་ལྟ་འདོད་མི་འདུག
གྲུ་ཟུར་གྱི་ཨ་མཆོད་ཟེར་བས་ཡི་གེ་ནག་པོ་མང་པོ་ཤོག་དཀར་ཐོག་སྤུངས་འདུག
ཡིན་ཡང་སློབ་བཟབ་སངས་རྒྱས་ཨ་རི་JFK གནམ་ཐང་ནས་བྲོས་བྱིན་པའི་སྐོར་འབྲི་རྒྱུ་དྲན་པ་བརྗེད་ཡོད་ས་རེད། ཡང་ན་དྲན་པ་ན་ཡོད་རུང་རྐང་བཙུགས་ནས་མ་བྲིས་པ་ཡིན་སྲིད། དེ་ནི་བཙན་བྱོལ་ཆེས་མཐོའི་དབུ་ཁྲིད་ཅིག་བཙན་བྱོལ་མི་མངས་ལ་གདོང་སྟོན་མ་ཐུབ་པར་འབྲོ་དགོས་བྱུང་པ་ཐོག་མ་དེ་ཡིན་རྒྱུ་རེད། ཁོ་ལ་ནག་ཉེས་ཆེན་པོ་ཞིག་དང་ནོངས་ཤིག་མེད་ན་འདི་ལྟར་འབྲོ་དགོས་དོན་མེད་སྙམས། སོང་ཙང་མ་འོངས་བཙན་བྱོལ་བོད་པའི་ལོ་རྒྱུས་ནང་འགོད་ངེས་རེད།
༄༅། གྲུ་ཟུར་ཨ་མཆོད་ལགས།
ད་སྐད་ཆ་རྙིང་རུལ་གྱི་ཁ་དམག་དྲ་རྒྱའི་ནང་མ་འབྲི་། གནད་དོན་ནད་མ་འཁྱག་པ་ཡོད་ན་་
་་ད་་ཁྲིམས་ལ་གཏུགས་དགོས་པ་ལས་་་དོན་མེད་དུས་ཚོད་འགྲོ་བརླག་མ་གཏོང་། སྡུག་བསྔལ་གྱི་སྡུག་བསྔལ་མ་བྱེད་། དེ་ལས་སོ་སོའི་འཚོ་གོས་ལ་བརྩོན་ན་ལེགས། དེ་མིན་ན་་་དགེ་བ་འདྲ་གསོག་ན་མ་འོངས་པར་ངེས་པར་ཕན་ནོ།
བདེན་པ་སུ་ཡིན་རྫུན་པ་སུ་ཡིན་ཁྲིམས་ལ་གཏུག་ན་མཐའ་གསལ་རྒྱུ་དང་གང་ལྟར་བོད་མིའི་ལོ་རྒྱུས་ནང་འཁོད་མ་མྱོང་བའི་ངོ་རྒོལ་དང་ཞུ་འབོད་སོགས་དགྲ་དགའ་གཉེན་སྡུག་གི་ལས་འགུལ་འདིའི་འབྱུང་རྩ་བཀའ་ཤག་ལ་ཐུག་པ་མ་རེད་དམ་མི་མང་གི་ཞུ་འབོད་ལས་འགུལ་ཞི་ཐབས་སུ་མི་མང་མདུན་བཀའ་ཤག་ཕེབས་ནས་མི་མང་ལ་གོ་སྐོན་གསལ་བཤད་ཚིག་གཅིག་མེད་པ་སྣང་མེད་དུ་འཇོག་སྟངས་ལ་བལྟས་ན་མི་མང་མང་གཙོའི་ལམ་ལུགས་ནས་གྲལ་རིམ་དམངས་གཙོའི་ལམ་ལ་ཁ་ཕྱོགས་འདོད་མ་རེད་དམ་།
བློ་སྤེན་གཉིས་ནི།
ཚོགས་ཟུར་དྲང་ཡང་སྐྱུར་དད་ཆེ། །
བློ་སེང་རྫུན་ཡང་སྐད་གྲགས་ཆེ། །
ཚོགས་ཟུར་རྙིང་ཡང་གོམ་བགྲོད་དལ། །
བློ་སེང་གསར་ཡང་གོ་བགྲོད་མགྱོགས། །
ཡིག་ཉོག་འདི་འབྲི་མཁན། བཀའ་བློན་བྱ་སྤུ་གནོན། གཡུ་ཐོག་ཚང་གི་གཡོག་པོ། སྤུན་མཆེད་ས་ལ་རྒྱག་མཁན། ཀརྨ་དགེ་ལེགས་ཡིན་ཐག་ཆོད་རེད། བཀའ་ཤག་ལ་ལན་འདེབས་མེད་པའི་ནང་སྙིང་རང་བློ་རང་ལ་ལྐོག་ཏུ་མ་གྱུར་གཤིས། ཉ་ཉོག་ལུང་པ་གང་གི་གཏམ་གྱི་འབབ་ས་ཚང་མ་བཀའ་ཤག་གིས་ལན་གནང་གི་མ་རེད། བཀའ་ཤག་གིས་ལན་གནང་གི་མ་རེད་ཅེས་པའི་ཚིག་འདི་སྒྲོག་ཏུ་སླེབས་པ་རེད། བློ་སེང་བཀའ་ཤག་གནས་སྟངས་འདིར་བརྒྱབ་ཡོད་པ་མི་མང་གིས་གསལ་པོ་གསལ་རྐྱང་ཤེས་ཡོད་པ་རེད།
བཀའ་ཤག་གིས་ཁྲམ་ལས་ཡོད་རྒུ་རྩལ་དཀྲུགས་གནོང་དང་། མཐའ་མའི་ཐུག་ས་བོད་གཞུང་ཁྲིམས་ཁང་རང་ལ་ཡིན་ངེས། བོད་གཞུང་ཁྲིམས་ཁང་རང་ལ་ཡིན་ངེས་ཞེས་ངས་མུ་མཐུད། བློ་སེང་དང་བྱ་སྤུ་གནོན་བཅས་ཁྲམ་པ་བདུན་གྱིས་གྲུབ་པའི་བཀའ་ཤག་གི་གཉོད་དཀྲོག་ན་སྙམ། རང་སྡུག་རང་གིས་ཉོས་སྟབས། ཐུགས་འཚབ་ལངས་ན། སྡུག་གྱོང་རེད། བཀའ་ལན་མེད་ན། སྡུག་གྱོང་རེད། དགོངས་པ་ཞུ་དགོས་ཁེལ་ན། སྡུག་གྱོང་རེད། ད་མང་དྲག་ནས་་་་་་་
ཧཧཧཧཧཧ། ཡིག་ཉོག་ལུང་པ་ཁེང་ཡང་དོན་དུ་ཁོ་རང་གི་བཤད་ཡ་དེ་བཀའ་ཤག་གི་ལན་མེད་ཁུ་སིམ་མེར་བསྡོད་པ་དེ་དྲང་པོ་ཡིན་ཡང་རྒྱལ་ཁ་དེ་སྦེན་ཚེ་བླངས་པ་རེད་བཤད་། དོན་ངོ་མ་ད་ག་རེ་བཤད་བརྩི་ཡོད་ན་ ཕལ་ཆེར་ཁོ་རང་བློ་སེང་ལ་བརྩེ་བ་ཡོད་ཀྱང་ད་ལན་དྲང་བདེན་གྱི་རྒྱལ་ཁ་དེ་སྤེན་ཚེའི་ཁུར་ནས་ཁོ་རང་ལྟ་བུ་མིག་ཡ་གཅིག་ལས་བལྟ་མ་ཤེས་མཁན་གྱི་ཕྱོགས་ལུང་རུ་ཁག་ལ་བློ་སེང་གི་ངོ་ཚ་བཟོས་འབྱུང་བཅས་བཤད་ཡ་ཡིན་པ་འདྲ།
ཧ་ཧ་ཧ། ཉོག་བཤད་རྒྱག་མཁན་འདིས་གཡོ་རྫུན་ཁ་ནས་རང་བརྡོལ་བྱེད་ཀྱི་འདུག སྤེན་ཚེ་གསལ་བཤད་མ་གནང་བར་དྲང་མོ་ཡིན་འདུག་བསམས་ཡོད་ན། སྤེན་ཚེ་ལ་མ་ཉེས་ཁ་གཡོག་བྱས་ནས་སྤེན་ཚེ་གསལ་བཤད་མ་གནང་བར་ཁྱེད་ཀྱིས་བདེན་པའི་རྒྱབ་ལངས་མ་བྱས་པར། སྤེན་ཚེ་གསལ་བཤད་ཀྱི་རྗེས་སུ་རྒྱབ་འགལ་བྱེད་དགོས་དོན་ཅི་ཡིན། ཁྱེད་འདྲ་བའི་གཡོ་རྫུན་ཅན་མང་སྟབས། བོད་འདི་ཕུང་བཞིན་པ་རེད། བློ་སེང་ལྟ་བུའི་མགོ་བདེ་ཅན་རེ་འཁྲབ་ཀྱི་ཡོད་པ་རེད།
ཡིག་ཉོག་དང་ནང་འགལ་ཅན་གྱི་གཏམ་འཆལ་མང་དག་ཅིག་སྤེལ་ནས་བྲིས་འདུག་ཀྱང་། རྩོམ་འབྲི་མཁན་ལ་མཙོན་ན་ཆབ་སྲིད་ཀྱི་གོ་རྟོགས་དང་གནད་དོན་ལ་དཔྱད་པའི་བློ་མིག་མི་ལྡན་པས་རང་མཚང་བསྟན་པ་ཙམ་རེད།
གཞུང་པ་ཚེ་དབང་བསོད་ནམས་ལགས།
རྒྱུ་རྐྱེན་རྒྱུ་མ་ཕུ་འདེད་བྱས་ན་ཚོགས་ཟུར་ནས་འགོ་བརྩམས་ནས་འདེད་དགོས་ཤིང་། ལམ་བར་དུ་བཀའ་ཤག་ལ་ཡང་ཐུག་ངེས་ཀྱང་། དེ་ནས་འགག་འགྲོ་བ་ཞིག་མ་རེད། གལ་སྲིད་དེད་ན་ད་དུང་མུ་མཐུད་ནས་འདེད་དགོས་ཤིང་དེ་ལྟར་དེད་ན་སླར་ཡང་ཚོགས་ཟུར་རང་ལ་ཐུག་འགྲོ་བ་འདྲ་ཞིག་འདུག ཧ་ཧ་ཧ་
མ་གཞི་བཀའ་ཤག་གིས་སྐྱོན་འཛུགས་ཡི་གེ་དེ་ཤོག་ངོས་གཉིས་ཙམ་ལ་ཤོངས་དགོས་སྟབས་སྐྱོན་འཛུགས་དོན་ཚན་དག་ཚིག་བསྡུས་དང་སྡོམ་ཚིག་ཤ་སྟག་ཡིན་སྟབས་དོན་ཚན་དེ་དག་ལ་རྒྱས་བཤད་དང་། ཁུངས་སྐྱེལ་དཔང་རྟགས་གང་ཡང་སྟོན་པའི་གོ་སྐབས་མེད། འོན་ཀྱང་བཀའ་ཤག་གི་དོན་ཚན་ཁག་ཅིག་ལ་ཚོགས་ཟུར་རང་གི་ངོས་ནས་དཔང་རྟགས་ཕུལ་བ་འདྲ་ཞིག་འདུག ངོས་ལེན་མ་གནང་བ་ལྟ་བུར་ལྷག་པ་ནི་བྱ་ཨ་རིའི་ས་ཁུལ་ཁག་ལ་ཚོགས་ཟུར་མཆོག་གིས་བཀའ་ཤག་ལ་སྐྱོན་བརྗོད་བྱས་ཡོད་མེད་དང་། དྲུང་ཆེན་མཚན་མཉམ་ཟླ་སྒྲོན་ལགས་ལ་ཁོག་པ་བརྒྱངས་བའི་གཏམ་བཤད་ཡོད་མེད། ཨ་རིའི་རོགས་དངུལ་འཚོལ་བ་ལ་ལས་འགན་གཡོལ་ཐབས་བྱས་ཡོད་མེད་བཅས་འདི་རྣམས་རེད། གལ་སྲིད་ཞིབ་འཇུག་ཚོགས་པ་བཙུག་པ་ཡིན་ན་འདི་དག་ལ་བཀའ་ཤག་གིས་དཔང་རྟགས་ཁུངས་སྐྱེལ་སྟོན་དགོས་ཆགས་ཀྱི་རེད། གལ་སྲིད་དེ་སྟོན་རྒྱུ་ཡོད་ན་ཚོགས་ཟུར་ལ་ད་དུང་ཡང་ནག་རུ་འགྲོ་བ་ཞིག་མ་གཏོགས་མི་འདུག་སྙམ། གལ་སྲིད་གོང་གསལ་འདི་ཚོ་ལ་དཔང་རྟགས་སྟོན་རྒྱུ་མེད་ན་བཀའ་ཤག་ནག་པོ་ཆགས་ངེས་རེད། འོན་ཀྱང་མི་བདུན་གྱིས་སྤྱི་མོས་ཀྱིས་ཐག་བཅད་པ་ཡིན་སྟབས་དཔང་རྟགས་ཡོད་ནས་གསལ་བསྒྲགས་བྱས་པའི་ཡིད་ཆེས་ཞུ་གི་ཡོད
སྲིད་གཞུང་ངམ་སྒྲིག་འཛུགས་ག་འདྲ་ཞིག་ཡིན་ཀྱང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་འགན་འཁུར་ནས་མི་མང་གི་མདུན་དུ་ཕེབས་ནས་ཞི་བདེ་ལྷིངས་འཇགས་བཟོ་བཞིན་པ་ལས་བཀའ་ཤག་གི་སྒོ་འགྲམ་དུ་མི་མང་ཞུ་འབོད་ལ་སྒོ་སྐོན་གསལ་བཤད་གནང་རྒྱུའི་ཚབ་ཏུ་མི་མང་ལ་གདོང་ཙམ་མ་བསྟན་པ་འདིའི་བཙན་སྤྱི་ནང་བསམ་ཚུལ་མང་པོ་བཟོས་པ་དེའི་འགན་དེ་མི་མང་ནས་ཞུ་འབོད་ཞུ་སའི་སྡེ་ཚན་འཛིན་སྐྱོང་བཀའ་ཤག་ལ་མེད་ན་སུ་ལ་ཡོད་རེདགསུང་དང་བཀའ་ཤག་དང་ཨ་དོན་ཟུར་བའི་བར་གྱི་སྐད་ཆ་དེ་ཚོ་ཁྲིམས་ཐོག་ནས་ཐག་གཅོད་རྒྱུ་ཙམ་ལས་སུ་བདེན་སུ་རྫུན་འདིར་གླེང་གི་མེད་ན་བཀའ་ཤག་གི་ཐུགས་འགན་ངོ་མ་བཙན་བྱོལ་བོད་མིའི་ཆིག་སྒྲིལ་དང་མཆམས་མཐུན་བདེ་འཇགས་ལ་འགན་འཁུར་དགོས་པ་མ་རེད་དམ་།
ནོར་བཅོས་ (བཙན་སྤྱི་) འདི་བཙན་བྱོལ་སྤྱི་ཚོགས་ལ་བཅོས་རོགས་
ད་ལྟ་བློ་སེང་གིས་བཟོས་པའི་རྙོག་གྲ་འདིའི་སྐོས་ལ་བློ་སེང་ཕྱོགས་གཏོག་པ་དེ་ཚོས་བྲིས་པའི་ཡིག་ཉོགས་དེ་ཚོར་རྒྱ་མཚན་རྩ་བ་ནས་ཐོང་རྒྱུ་ཡོད་པ་གཅིག་ཐོང་མ་སོང་རྦད་དེ་བློ་སེང་ནང་བཞིན་ཧམ་བཤད་ཤ་ཅིག་རེད་འདུག་རྒྱུ་མཚན་དང་ལྡན་པ་ཞིག་བཤད་རྒྱུ་ཡོད་ན་ང་རང་བློ་སེང་ལ་བརྒྱབ་བསྐྱོར་བྱ་འདོད་ཡོད་ ཡིན་ནའི་བློ་སེང་དང་ཁོ་པའི་ཕྱོགས་གཏོག་ཚོར་ཁུངས་ལུང་ལྡན་པའི་རྒྱུ་མཚན་མེད་སྟབས་གདེན་པ་སུ་ལ་ཡོད་ན་དེ་ལ་བརྒྱབ་བསྐྱོར་ཞུ་རྒྱུ་ཡིན་
གཞུང་པ་ལགས།
བོད་མིའི་ཆིག་སྒྲིལ་གྱི་འགན་བཀའ་ཤག་ལ་ཡོད་པ་བདེན། འོན་ཀྱང་ཚོགས་ཟུར་ལགས་ལ་མེད་དམ། ད་ལན་གྱི་འབྱུང་རྐྱེན་གཙོ་བོ་ཁོང་ཡིན་པ་ཁྱེད་ཀྱིས་ཞལ་བཞེས་མི་གནང་བ་ཅི་ཡིན། བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་བཏང་བ་དེའི་རྒྱུ་རྐྱེན་ཚོགས་ཟུར་རང་ཉིད་ལ་ཐུག་པ་ཞལ་བཞེས་མི་མཛད་དམ། བཀའ་ཤག་གིས་ཟུང་དྲུང་བཏང་ནས་ངོ་རྒོལ་བ་རྣམས་ལ་བཀའ་མོལ་གནང་བ་མ་གཟིགས་སམ། བཀའ་ཤག་གིས་གསལ་བཤད་དེ་ཚོ་མི་མང་ལ་གདོང་ཙམ་མ་བསྟན་པ་རེད་དམ། ད་ལན་ཅི་ཙམ་གསལ་བཤད་བྱས་པ་དེ་ཙམ་གྱིས་ངོ་རྒོལ་བ་ཚོ་ཇེ་རྡུག་ཏུ་འགྲོ་གི་ཡོད་པ་མི་གཟིགས་སམ། ཁོ་ཅག་ལ་གསལ་བཤད་ལ་ཉན་འདོད་མེད་པ་མི་གཟིགས་སམ། ཁོང་ཅག་གིས་ངོ་རྒོལ་བྱས་པ་ལ་རྒྱུ་མཚན་ཡང་དག་མེད་ཀྱང་ངོས་ལེན་ཡོད། འོན་ཀྱང་ཁ་སང་བོད་ཀྱི་ཐེབས་རྩ་ཁང་ལ་ངོ་རྒོལ་བྱེད་ལུགས་དེ་ཚད་ལས་བརྒལ་བར་མི་གཟིགས་སམ། བཀའ་ཤག་ལ་ལས་དོན་སྒྲུབ་པའི་དབང་ཚད་དེ་ཙམ་ཡང་མེད་དམ། ཚང་མ་ཁོ་ཅག་གི་འདོད་པ་དང་མཐུན་པ་ཞིག་དགོས་སམ། དེ་དགོས་ན་ཁོ་ཅག་གི་ལྷག་མ་བོད་མི་བརྒྱ་99.9་ཙམ་གྱི་འདོད་པ་ལ་བསྟུན་དགོས་པ་ཞིག་མིན་ནམ།
མི་མང་གི་ཞུ་འབོད་བདེ་སྡུག་གི་ལས་འགུལ་དེ་ཨ་དོན་ཟུར་པ་ལ་ཡིན་པ་ངས་ཤེས་མ་སོང་ངས་གང་མཐོང་བ་དང་གོ་བ་དེ་ཨ་རི་ནི་ཝུ་ཡོག་དང་ཁེ་ན་ཌ་རྡ་ས་བཀའ་ཤག་སྒོ་ཐངས་བཅས་ལ་མི་མང་གི་ཞུ་འབོད་བདེ་སྡུག་གི་ལས་འགུལ་སྤེལ་བ་དེ་མ་རྟོགས་ཨ་རི་དོན་ཟུར་ལ་མི་མང་གི་ཐུགས་སྤྲོ་དང་ཕེབས་སྐྱེལ་ཞུས་པ་ལས་ངོ་རྒོལ་དང་ཞུ་འབོད་ལས་འགུལ་སྤེལ་བ་ངས་ཤེས་མ་བྱུང་ལ་ད་ལམ་ཨ་དོན་འཕོ་འགྱུར་དང་འབྲེལ་བའི་གནས་དོན་ངོ་མ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ལ་ཐུག་འདུག་ན་ཨ་རི་གཞུང་གི་ཁྲིམས་འོག་ཏུ་ཁྲིམས་མཐུན་དེབ་སྐྱེལ་ཟིན་པའི་དགེ་རྩའི་ཐེབ་རྩའི་མ་དངུལ་ནས་ཚོང་ལས་དང་འཛུགས་བསྐྲུན་ལས་གཞིའི་ནང་ཁ་བསྒྱུར་ཆོག་མིན་དེ་ཨ་རི་གཞུང་གི་ཁྲིམས་ཐོག་ནས་ཐག་གཅོད་དགོས་པ་ལས་ང་ཚོའི་ཕྱོགས་གཏོགས་དང་འགོ་འདྲེན་ལ་སྐྱབས་བཅོལ་ནས་འབྲེལ་ཇི་ཙམ་རྒྱབ་ཀྱང་ནམ་ཡང་ཐག་གཅོད་མི་ཐུབ་པ་ངས་ཚིག་ཐག་བཅད་ནས་བཤད་ཐུབ་།
།
གཞུང་པ་ལགས། ངས་ངོ་རྒོལ་བྱེད་ས་དོན་ཟུར་ལ་རེད་ཞུས་མེད་ལགས།
གཞུང་པ་ལགས། ངས་ངོ་རྒོལ་བྱེད་ས་དོན་ཟུར་ལ་རེད་ཞུས་མེད་ལགས།
བྱང་ཨ་རིས་བོད་པར་རོགས་དངུལ་སྤྲད་ས་ཚང་མར་སྐར་རྡོར་རྒྱུག་དགོས་པའི་རྒྱུ་མཚན་ག་རེ་རེད། སྐར་རྡོར་ཟེར་བའི་མི་འདིའི་ད་ལྟའི་ལས་གནས་ཅི་རེད།
སྐལ་བཟང་ལགས།
ཐད་ཀར་བརྗོད་ན་བཀའ་ཤག་གིས་གཟིགས་ངོར་སྐལ་རྡོར་གྱིས་འཇོན་པ་ནང་བཞིན་གཞན་གྱིས་འཇོན་གྱི་མ་རེད་བསམ་པ་རེད། ངས་འདི་ལས་ལྷག་པ་མི་ཤེས་ལགས། འདི་མི་འགྲིག་པ་ཆེན་པོ་ཞིག་ཀྱང་མ་རེད་བསམ། འདི་ལས་ལྷག་པའི་རྒྱུ་མཚན་ཞིག་དགོས་ན་བཀའ་ཤག་ལ་དྲིས། འོན་ཀྱང་ཁྱེད་ཀྱིས་ལྡོག་ཕྱོགས་ཀྱི་གཏམ་ཞིག་ལ་རེ་བ་གནང་ན་བཀའ་ཤག་ནས་རག་གི་མ་རེད་ལགས།
གྲུ་ཟུར་གྱི་ཨ་མཆོད་དམ་འཇམ་དཔལ་ཚུལ་ཁྲིམས་ལགས་ཀྱིས་སྲིད་སྐྱོང་གིས་བཀྲམས་པའི་དོན་ཚན་བཅུ་དེ་ཧ་ཅང་སྙིང་བསྡུས་ཤིག་ཡིན་པར་བཤད་འདུག་པ་དེ་བདེན་ན། ཚོགས་ཟུར་གྱི་གཏམ་རིང་པོ་དེ་འབེན་གྱི་ཐག་ཉེ་ན་ཡོད་མེད་ཅི་རིགས་ཆགས་ཡོད་སྲིད་པ་རེད། སྲིད་སྐྱོང་གིས་དེར་གསལ་བཤད་ཅིག་ངེས་པར་ཕེབས་ཀྱི་ཡོད་ངེས། ཡོད་དགོས་པ་ཞིག་ཀྱང་རེད། འོན་ཏེ། གསལ་བཤད་མེད་པར་དཔག་ན། དོན་ཚན་བཅུ་དེ་རང་བཞིན་གྱིས་རྫུན་ནམ་ཁུངས་མི་ཐུབ་པ་ཞིག་ཏུ་ཁས་ལེན་བྱས་པ་འདྲ་པོ་རེད། གལ་སྲིད་སྲིད་སྐྱོང་ལ་ཁུངས་ཐུབ་ཅིག་ཤོད་རྒྱུ་ཡོད་ཚེ། སྲིད་སྐྱོང་ཁ་བཙུམ་ནས་བཞུགས་ཀྱི་མ་རེད། ཁོང་དེ་འདྲ་བྱས་ནས་བཞུགས་ཤེས་མཁན་དེ་འདྲ་མ་རེད། སུས་སྲིད་སྐྱོང་གི་ཚབ་ལ་སྐད་ཆ་བཤད་ཀྱི་ཡོད་ནའང་དྲ། སུས་སྲིད་སྐྱོང་གི་གནང་སྟངས་དེ་བདེན་པར་སྒྲུབ་ཀྱི་ཡོད་ནའང་འདྲ། གནས་ཚུལ་གྱི་ཐག་ཉེ་ནས་བཤད་རོགས། གནས་སྟངས་ཀྱི་ཐག་ཉེ་ནས་བལྟ་རོགས། ཡི་གེ་མི་ཤེས་མཁན་གྱི་སྤྱི་ཚོགས་ཤིག་གི་ནང་ལ་ཨ་མཆོད་ཀྱི་ཉོག་བཤད་འདི་འདྲ་སྤེལ་ན་ལམ་འགྲོ་ཡོད་སྲིིད་པ་རེད། ཡིན་ནའང་། ཡིག་རྨོངས་པའི་ཁོར་ཡུག་ལ་བཤད་ན་ཧ་ཅང་འཕྲོད་ཤས་ཆེ་ཞིང་གཡམ་རྒྱུག་ཙམ་ལས་མི་དགོས་པ་ཚོར་དེ་བས་ཟུག་ཆེ་ངེས་ཀྱང་། སྐད་ཆ་དེ་ཚོ་ཡི་གེ་བའི་སྤྱི་ཚོགས་ནང་ལ་འཁྱེར་ཡོང་བ་ནི་གནང་སྟངས་ནོར་བ་རེད།
ཨ་ཅོ་སྐལ་བཟང་ལགས། དྲི་བ་ཡོད་ན་བཀའ་ཤག་ལ་དྲིས། འཇོན་གྱི་མེད་པ་དང་།
དྲང་པོ་མེད་ན་ཁྱེད་རང་དངས་བླང་གིས་རྡ་སའི་ལས་དོན་ལ་ཞུགས་དང། དེ་རིང་ཁ་སང་་བོད་གཞུང་ལ་ལས་བྱེད་གསར་པ་༡༠༠་ལྷག་དགོས་ཀྱི་ཡོད་པའི་གསལ་བསྒྲགས
གནང་སོང་བ་གཟིགས་མ་བྱུང་ངམ།
ད་བཙན་བྱོལ་བཀའ་ཤག་ལ་སྐྱོན་བརྗོད་བྱེད་མཁན་ཚོ་རང་ཉིད་འཇོན་གྱི་ཡོད། དྲང་པོ་ཡིན་ཞེས་
སྙན་ཞུ་འབུལ་དང་དེ་ནས་ཤེས་ཡོང།
ལུང་པ་ག་འདྲ་ཞིག་ཡིན་རུང་ལུང་པ་དེའི་ཁྲིམས་ལུགས་འོག་དེབ་སྐྱེལ་ཟིན་པའི་དགེ་རྩའི་ཐེབ་རྩའི་མ་དངུལ་ནས་ཚོང་ལས་དང་འཛུགས་བསྐྲུན་མཁེ་ཡོད་ལས་གཞིའི་ཐོག་ཐེབ་རྩའི་མ་དངུལ་གཏོང་རྒྱུ་དེ་ཁྲིམས་མཐུན་ཡིན་དང་ཁྲིམས་འགལ་ཡིན་ལུང་པ་དེའི་ཁྲིམས་ཐོག་ནས་གསལ་བཤད་ཕེབས་དགོས་པ་ལས་འགོ་འདྲེན་དང་སྐབས་ཚོལ་ཕྱོགས་གཏོགས་དང་ལུང་ཚན་ཤོག་སྒྲིལ་ངོ་རྒོལ་སྐད་འབོད་དང་ཞུ་འབོད་ལས་འགུལ་སོགས་ལ་འགན་འཁུར་ནས་ནམ་ཡང་གསལ་པོ་ཆགས་མི་ཐུབ་པ་མ་ཟད་དགྲ་དགའ་གཉེན་སྡུག་ཏུ་འགྲོ་བའི་བྱ་སྤྱོད་ཞིག་མ་རེད་དམ་།
You འཇམ་དཔལ་ཚུལ་ཁྲིམས་ཞེས་པར་བློ་སེང་གདེན་་པ་ཡིན་ན་ནི་ཡོག་གནམ་ཐང་ནས་བྲོས་དགོས་དོན་ཅི་རེད? རྡ་ས་ནས་གསར་འགྱུར་འགོད་མཁན་ཚོའི་དྲི་བ་ལ་གཡོལ་དགོས་དོན་ཅི་རེད? ་་་་་་་བློ་སེང་གཞན་གྱི་བྱས་པའི་འབྲུབ་འབྲས་ལ་ཁོ་པར་གཏམ་སྙེན་ཡོང་ཆེད་པར་ཆས་གདུན་དུ་དོན་རྒྱུར་དགའ་་པོ་ཡོད་པ་ འཇམ་དཔལ་ཚུལ་ཁྲིམས་མིང་རྫུན་དེ་ཕལ་ཆེར་དཀར་མ་དགེ་ལེགས་ཡིན་ནམ་བསྟན་པ་ཡར་འཕེར་ཡིན་ནམ་གང་ལྟར་གཅིག་རེད་འདུག
བྱང་ཆུབ་ལོ་མ་ལགས།
“ཁོང་དེ་འདྲ་བྱས་ནས་བཞུགས་ཤེས་མཁན་དེ་འདྲ་མ་རེད།”་ཅེས་གསུང་པ་ལས་ཁྱེད་ཀྱིས་སྲིད་ལ་བཞག་པའི་གདེངས་འཇོག་དེ་གསལ་ཐུབ་པ་འདྲ་ཞིག་ཏུ་མཐོང་། ངས་བལྟས་ན་ཚད་གཞི་ཅུང་དམའ་དྲགས་འདུག་བསམ། གང་ལྟར་ད་དུང་འུར་ཟིང་སྔར་བས་མང་པོ་བཟོས་ནས་སྤྱི་ཚོགས་འཁྲུགས་རྐྱེན་གསར་བ་དེ་འདྲ་མ་བཟོས་ན་སྲིད་སྐྱོང་གིས་གསལ་བཤད་གནང་གི་མ་རེད། དེའི་རྒྱུ་མཚན་ནི་གཅིག་ནས་སྤྱི་ཚོགས་ཟིང་ཆ་མི་ཡོང་བའི་འགན་བཀའ་ཤག་ལ་ཡོད་པའི་ཆ་ནས་རེད། གཉིས་ནས་བཀའ་ཤག་དང་ཚོགས་ཟུར་ཁྲིམས་ར་ཞིག་ལ་སླེབས་ནས་གཅིག་ལན་གཉིས་ལན་བྱེད་བཞིན་པའི་དུས་ཚོད་ནི་མིན། དེའི་ཕྱིར་གལ་སྲིད་འདི་མུར་ཡོད་མུས་སུ་སྲིད་སྐྱོང་གིས་གསལ་བཤད་འདྲ་བྱེད་ཀྱིན་བསྡད་ན་ངས་ཀྱང་མོས་མཐུན་རྩ་ནས་མེད། འོན་ཀྱང་གྲོས་ཚོགས་ལ་གསལ་བཤད་ཡོང་སྲིད་པ་རེད།
ལར་ནས་བཀའ་ཤག་ལ་གསལ་བཤད་དགོས་པའི་དོན་ཡང་མང་པོ་མ་བྱུང་སྙམ། གང་ལགས་ཤེ་ན་ཚོགས་ཟུར་ལགས་ཀྱིས་བཀའ་ཤག་གི་སྐྱོན་འཛུགས་མང་པོ་ཞིག་དོན་གྱིས་ཁས་བླངས་བ་འདྲ་ཞིག་ཆགས་སོང་། ངས་ནི་ངོ་མ་དྲང་གཏམ་ཡིན།
གཞུང་པ་ལགས་ལ་ཞུ་ཡ།
ཐེབས་རྩའི་དངུལ་དེ་ཚོང་ལས་དང་འཛུགས་བསྐྲུན་ཁེ་ཡོད་ལས་གཞིའི་ཐོག་བཀོལ་བ་གང་ཡང་མ་རེད། གཞན་ཁྱེད་ཀྱིས་གསུང་པ་ལ་མོས་པ་མཐུན།
གསར་འབྱོར་ཉམ་ཐག་རྣམས་དང་གཞིས་ཆགས་ཉམ་ཐག་དེ་དག་གི་ཆེད་དུ་ཨ་རིའི་རོགས་དངུལ་བསླེབས་པ་རྣམས་སྤྲོད་དགོས་ས་དེ་ལ་མ་སྤྲད་ན་ཁྲིམས་འགལ་ཡིན་དང་ཡིན། མ་ཟད་ཡ་རབས་བཟང་སྤྱོད་དང་ཅང་མཐུན་གྱི་མ་རེད་པ། མ་བྷ་འཁྲབ་འཁྲབ་ཀྱིས་ཉམ་ཐག་པའི་བོད་མི་བཙན་འབྱོར་བ་མང་པོ་རྡ་སའི་རྐུ་མ་ཚོ་ལ་ཞེན་པ་ལོག་བསྡད་ཡོད་རེད།
མ་བྷི་འཁྲབ་འཁྲབ་ཀྱིས་ཉམ་ཐག་པའི་བོད་མི་བཙན་འབྱོར་བ་མང་པོ་རྡ་སའི་རྐུ་མ་ཚོ་ལ་ཞེན་པ་ལོག་བསྡད་ཡོད་རེད།་་་་ཅེས་བཅོས
དྲ་གྲོགས་དགོན་པ་ཚང་ དར་རྒྱས་ལགས།
གནམ་ཐང་དུ་སྒོ་གཞན་བརྒྱུད་ནས་སོང་བ་དེ་དངོས་གནས་བདེན་པ་མེད་པའི་རྟགས་ཤིག་ཡིན་གྱི་རེད་དམ། དགོངས་པ་གཅིག་བཞེས་དང་། ངས་བལྟས་ན་རྩ་བ་ཉིད་ནས་མ་རེད་ཅེས་ཚིག་ཐག་ཆོད་པོས་བཤད་སྤོབས། གང་ལགས་ཤེ་ན་སྐབས་ཤིག་ལ་དོལ་རྒྱལ་བའི་ངོ་རྒོལ་ལ་བརྟེན་ནས་གོང་ས་མཆོག་གིས་ཀྱང་དེ་འདྲ་ཞིག་གནང་རབས་འདུག་དའ་། ངས་གོང་ས་མཆོག་གིས་མགོ་ལྕགས་ཞུས་པ་མིན། དེ་འདྲ་དགོངས་ན་དགོངས་དག་ཞུ།
བློ་སེང་དང་སྤེན་ཚེའི་རྙོག་གླེང་དེ་ལམ་གཡས་གཡོན་དང་སྐད་འཕྲིན་དང་ངོ་དེབ། དྲ་ལམ་ཁག་དུ་ཅི་ཙམ་བཤད་ན་འང་འབྲས་བུ་མེད་པའི་ཤིང་སྡོང་སྐམ་པོ་བཞིན་རེད། བློ་སེང་གི་གང་བྱ་དགོས་པ་གང་བྱ་འདོད་པ་དེ་བྱས་ཚར་བ་རེད། སྤེན་ཚེའི་ཅི་ཞིག་བྱ་འདོད་ཡོད་ནའང་བྱ་རྒྱུ་བསྡད་ཡོད་རེད། གསར་ལག་ཁག་ཏུ་གཏམ་བཤད་རིང་པོ་ཐུང་ངུ་ག་ཚོད་བྱས་ཀྱང་དེ་ལ་ལན་གནང་མཁན་ཡོང་གིན་མ་རེད། དེ་འདྲ་ལ་ལན་སྤྲོད་ཀྱིན་བསྡད་ན་ལན་བཏབ་ས་རྫོགས་རྒྱུ་མ་རེད། མདོར་བསྡུས་ན་དཀར་ནག་ཕྱེ་འདོད་ན་རྡ་ས་ཡོད་པའི་བོད་ཀྱི་ཁྲིམས་ཁང་དུ་ཕྱིན་ནས་བཤད་ཐུབ་ན་ཕོ་རབས་རེད། དེ་མིན་སྤེན་ཚེ་ལས་གནས་འཕོལ་འགྱུར་དེ་གནས་དབྱུངས་་ངོ་བོར་གསལ་བསྒྲགས་ཡང་བསྒྲགས་བྱས་པ་འདྲ་པོ་འདུག
དོན་དངོས་ཐོག་ས་ཡ་ ༡་༥ དེ་གང་ལྟར་བརྐུས་ནི་མིན་འདུག བཟས་ནི་མིན་འདུག དངོས་སུ་དོན་ཁང་ཉོ་ཆེད་ལ་བཏང་པ་དེ་བདེན་པ་ར་འཁྲོད་བྱུང་སོང་ ད་དུང་ས་ཡ་གཅིག་དང་ཕྱེད་སྐོར་རྫོགས་རྒྱུ་མེད་པ་གསུང་གི་འདུག་ ད་ངོ་མ་དོན་དག་ཡག་ཉེས་ག་རེ་གསུང་གི་ཡོད་རེད་ མགོ་འཐོམ་སོང་་་
ད་སྐྱག་པར་ལག་པ་འཆང་ན་སྐྱག་དྲི་མ་ཏོག་ག་རེ་ཡོད། སྐལ་རྡོར་སྐྱག་པ་རེད། བློ་སེང་གི་གྲོགས་པོ་རེད་མ་ཏོག་དེ་མིན་སྒྲིག་འཛུགས་ཞིག་གི་གནད་ཡོད་མི་སྣ་བྱེད་རྒྱུའི་ཆ་རྐྱེན་གཅིག་ཀྱང་མེད། ཁོ་ལ་ཡོད་པ་དེ་དངུལ་རེད། བྱས་ཙང་བློ་སེང་གིས་སྲིད་སྐྱོང་འོས་བསྡུའི་ཁྱབ་བསྒྲགས་ཆེད་ཁོའི་དངུལ་བེད་སྤྱོད་ཡག་པོ་བཏང་ཡོད། ད་བློ་སེང་གིས་སྐལ་རྡོར་ལས་སྣེ་འདྲ་མིན་ཞིག་སྤྲད་ནས་དྲིན་ལན་འཇལ་ཐབས་བྱེད་བཞིན་ཡོད། བདེན་པ་རེད། དངུལ་གི་འོག་ལ་ཚང་མ་གཡོག་པོ་རེད། སྲིད་སྐྱོང་མཁས་དབང་མིན་ཅན་པ་བློ་སེང་ཀྱང་ཀླད་མེད་འབྱོར་ལྡན་སྐལ་རྡོར་གྱི་བྲན་གཡོག་ལྟ་བུར་མ་འགྱུར་ཐབས་མེད་རེད། སྐལ་རྡོར་ལ་བློ་སེང་ལ་དགོས་རྒྱུའི་དྲིན་ཅན་ཨ་སྒོར་ཡོད། དེ་མིན་བློ་སེང་གིས་སྐལ་རྡོར་ལ་སྲིད་ཞུ་བ་རྣལ་མ་ཞིག་བྱེད་རྒྱུའི་ཆ་རྐྱེན་སྤུ་རྡོག་གཅིག་ཀྱང་མེད་པ་ཤེས་བཞིན་ཡོད། ཡིན་ཡང་སྟོབས་ལྡན་ཨ་སྒོར་འོག་ལ་མཁས་དབང་བློ་སེང་ཡང་མགོ་བཏགས་མ་ཞུ་ཐབས་མེད་རེད། གང་ལྟར་སྲིད་སྐྱོང་གི་ཀླད་པ་དང་སྐལ་རྡོར་གྱི་ཨ་སྒོར་གཉིས་སྡེབས་དུས་བཀྲིས་པ་གཅིག་ཀྱང་ཡོང་རྒྱུ་མེད་པ་ཐག་གཅོད་རེད།
་་་་་་་་་་་་་ གསར་འབྱོར་ཉམ་ཐག་རྣམས་དང་གཞིས་ཆགས་ཉམ་ཐག་དེ་དག་གི་ཆེད་དུ་ཨ་རིའི་རོགས་དངུལ་བསླེབས་པ་རྣམས་སྤྲོད་དགོས་ས་དེ་ལ་མ་སྤྲད་ན་ཁྲིམས་འགལ་ཡིན་དང་ཡིན། ་་་་་་་་་་
་་་་་་་་་་ གང་ལྟར་སྲིད་སྐྱོང་གི་ཀླད་པ་དང་སྐལ་རྡོར་གྱི་ཨ་སྒོར་གཉིས་སྡེབས་དུས་བཀྲིས་པ་གཅིག་ཀྱང་ཡོང་རྒྱུ་མེད་པ་ཐག་གཅོད་རེད། ་་་་་་་་་
ཁོ་འགའ་རེའི་གཡུ་རེད་ཟེར་ལེ་འདའ་།
ཁོ་འགའ་རེའི་རྡོ་རེད་ཟེར་ལེ་འདའ་་།
དོན་ངོ་མ་ཇི་ཡིན་མི་ཤེས་འདའ་།
ངས་མཐོང་བའི་སྲིད་སྐྱོང་བློ་བཟང་སེང་གེ་ནི། ཤོད་རྒྱུ་ཞིག་མེད་ན་མ་གཏོགས། ཡོད་ཕྱིན་ཆད་ག་ཚད་ཐུབ་ཐུབ་ཀྱིས་མདུན་ལ་ཐོན་ནས་བཤད་དགོས་པ་གཤིས་ཀར་འཇགས་ཡོད་པའི་གཤིས་ཀ་ཞིག་རེད། ཡང་གཅིག་བཤད་ན། ཁོང་ལ་དམིགས་བསལ་གྱི་ཁྱད་ཆོས་འགའ་ཡོད་པའི་ནང་གི་གཅིག་ཀྱང་དེ་རེད། བཤད་ལ་དགའ་དྲག་ནས་ད་དུང་ཡང་དབུས་བོད་སློབ་འཛིན་སྐྱོང་གི་ས་ནས་སློབ་གྲྭ་ཁག་རྩིས་ལེན་གྲུབ་མེད་པ་འདི་བྱུང་བ་རེད། ཁྱེད་རང་དབུས་བོད་སློབ་འཛིན་ཚོགས་ལ་རྒྱུས་མེད་པའི་དབང་དུ་བཏང་ནའང་། དེའི་ཁོངས་ཀྱི་བོད་དགེ་གནད་ཡོད་ཚོ་དང་། ལྷག་ཏུ་དགེ་རྒན་རྒྱ་གར་བ་ཚོ་ལ་ཏོག་ཙམ་རྒྱུས་ཡོད་ཅིག་ཡིན་པའི་དབང་དུ་བཏང་ན། རྩིས་ལེན་དེ་གང་འདྲ་བྱས་ནས་འགག་གི་ཡོད་པའི་ཟུར་ཙམ་རེ་ཤེས་སྲིད། རེད་དེ། ཁྱེད་རང་ནི་གནས་ལུགས་དང་ཞེན་ཁོག་གཉིས་ལས་ཕལ་ཆེར་ཞེན་ཁོག་ལ་རྩིས་ཆེ་བ་བྱེད་མཁན་གྲས་ཡིན་པ་འདྲ། དེ་བས་ན་ངས་གནས་ལུགས་དམར་པོ་བྱས་ནས་འབྲི་མི་འདོད།
སྤྱི་རྒྱུ་སྒེར་བདག་ཟེར་བ་འདི་ཡག་པོ་ཞིག་ཨེ་རེད། འདི་ཡག་པོ་རེད་འདོད་ཀྱི་ཡོད་ན་ཅི་ཡང་ཞུ་རྒྱུ་མེད། ཡག་པོ་མ་རེད་ཟེར་གྱི་ཡོད་ན། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དང་བོད་ཀྱི་ཐེབས་རྩའི་གནང་སྟངས་གཉིས་བསྡུར་བ་ཡིན་ན། རྣམ་འགྱུར་ཡག་པོ་བྱེད་མི་བྱེད་ཅིག་ལ་རག་ལས་ཡོད་ཟེར་གྱི་འདུག་ག དེའི་དོན་ཨེ་ཤེས། སྲིད་སྐྱོང་གིས་བོད་ཀྱི་ཐེབས་རྩ་ལ་ཕོག་ཐུག་ག་རེ་བཏང་བ་ཡིན་ནམ། ཐེབས་རྩའི་ཡོང་སྒོ་ལྟེ་བ་གང་ནས་ཡོང་གི་ཡོད་མེད་ཤེས་སམ། དེར་ཕོག་ཐུག་གཏིང་རྩིས་བྱས་པ་ལ་བརྟེན་ནས་བུ་ལོན་ཡིན་མིན་ཕྱི་ལ་ཐོན་པ་མ་རེད་དམ། འདིའི་ཕུག་རྩ་དེད་ན་སྤྱི་རྒྱུ་སྒེར་བདག་གི་འཐབ་རྩོད་ཅིག་མ་རེད་ཟེར་གཞི་མེད་པ་རེད།
ང་ཚོས་དབྱིན་ཡུལ་བོད་ཀྱི་ཐེབས་རྩ། ཨ་རིའི་བོད་ཀྱི་ཐེབས་རྩའི། རྡ་རམ་ས་ལའི་ནོར་བུ་གླིང་ག་་་་སོགས་སྤྱི་པ་ནས་སྒེར་པར་འགྱུར་བ་སོང་བ་དེ་སྤྱི་རྒྱུ་སྒེར་བདག་ཟེར་ནས་གླེང་མཁན་ཚོས་མི་གླེང་དོན་ཅི་རེད། མ་ཤེས་པ་ཨེ་རེད། ད་ཆ་ཨ་རིའི་དོན་གཅོད་ཁང་ལ་སྤྱི་ཚོགས་ཐེབས་རྩ་ཞིག་ཡོད་པ་དེ་སྲིད་སྐྱོང་སོགས་ཀྱིས་སྒེར་བདག་བྱ་འཆར་ཡོད་པ་རེད་ལབ་ན་དེར་ཡིད་ཆེས་བྱེད་ཆོག་པའི་ཆ་ག་ཚད་ཡོད་དམ། མང་ཚོགས་ཀྱིས། དབང་ཆ་སྒེར་གཅོད་བྱས་མི་ཆོག མཐུན་སྒྲིལ་གཏོར་བཤིག་བཏང་མི་ཆོག འཛིན་སྐྱོང་གི་ཆེ་མཐོང་སྲུང་སྐྱོབ་བྱེད་དགོས་ཞེས་ངོ་རྒོལ་དང་སྐད་འབོད་བྱེད་བཞིན་པ་འདི། སྲིད་སྐྱོང་དང་བཀའ་ཤག་གི་གནས་སྟངས་ཀྱིས་བསླངས་པ་དེ་ང་ཚོས་ལོ་རྒྱུས་སུ་འགོད་དགོས་ཀྱི་རེད་ལ། ད་ལྟ་བར་དུ་ཤེས་ཡོན་པ་ཚོས་སྲིད་སྐྱོང་གླེང་བའི་རྩོམ་ཡིག་་བྲིས་པ་ཆ་ཚང་ཕྱོགས་བསྒྲིགས་བྱས་ནས་ལོ་རྒྱུས་ཀྱི་ནང་ལ་གསལ་པོར་སྡོད་པ་ཞིག་བྱེད་དགོས་པ་རེད། བདེན་པ་ནི་ནམ་ཡང་བདེན་པར་གནས་དགོས་པ་རེད། དེ་དུས་ད་གཟོད་བདེན་པ་ཟེར་བ་དེའི་འདི་དང་མ་འོངས་གཉིས་ཀར་ཁ་གསལ་པོ་གྲག་གི་རེད།
༄༅། བདེན་པ་བཤད་དགོས། དྲང་པོ་བྱེད་དགོས་བཤད་མཁན་ཚང་མ་་དྲ་རྒྱའི་ནང་
རྩ་བ་ནས་མི་དྲང་པ་དང། བདེན་པ་ཡིན་པའི་གནས་ཚུལ་གཅིག་ཀྱང་བཤད་ཀྱི་མེད་པ་་་ཁུངས་
མེད་ལུང་མེད་། དྲང་བདེན་མེད་པ། མེད་པ་ཤ་སྟག་བཤད་བྲིས་བྱེད་ཀྱི་འདུག་པས་་་རང་ཉིད་རང་ལ་
བརྟག་པར་བྱེད་དགོས།
དྲ་རྒྱའི་ནང་ལ་འབྲས་ཐུག་དཀྲུགས་མཁན་མི་གཉིས་གསུམ་ཞིག་མ་གཏོགས་མི་འདུག་སྙམ།
མིང་རྫུན་མ་མི་འདྲ་བ་མང་པོ་བཏགས་ནས་འབྲི་གི་ཡོད་ས་རེད།
ག་རེ་འབྲི་ན་མ་འབྲི་ན་་་་ཁ་དམག་ཤ་སྟག་རེད།
ངས་ཐེངས་མང་པོ་བྲིས་ཡོད་པ་བཞིན་་་སྐད་སྟོང་དང་་་ཁ་དམག་སྟག་མ་རྒྱག།
སུས་ནད་མ་འཁྱག་ན་་ཁྲིམས་ལ་གཏུགས་། ག་རེ་བཤག་རྒྱུ་ཡོད་ནའང་ཁྲིམས་ཁང་ལ་ཤོད།
དེ་མིན་སུ་གཅིག་གི་བདག་པོ་རྒྱག་གི་མ་རེད། ཁ་སྟོང་གང་བཤད་པ་དང་བྲིས་པ་ཚང་མ་གད་སྙིགས་ལ་བརྩི་གི་རེད་དོ། ཨ་ཅོ་ཚོ་སོམས།
སྲིད་སྐྱོང་བློ་སེང་འདི་ཟླ་འདིའི་ནང་ཐེངས་གཉིས་ལ་གསར་ལམ་དུ་ཐོན་སོང་། རྒྱ་གར་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་སློབ་གྲྭ་རྩིས་ལེན་སྐོར་དང་། གངས་སྐྱིད་དུ་བོད་ཀྱི་འགྲེམས་སྟོན་ཁང་ཞིག་གསར་བརྒྱག་བྱ་རྒྱུ་ཡིན་པའི་གསར་བསྒྲགས་སྤེལ་སོང་། གསར་བསྒྲགས་དེ་གཉིས་ཀ་བློ་སེང་ཡོད་དགོས་པ་མ་རེད། དྲུང་ཆེ་དང་ཡང་ན་དྲུང་ཆེའི་འོག་དྲུང་འཕར་ལྟ་བུས་བསྐྱངས་ན་ལས་ཀའི་གནས་རིམ་ཐད་ནས་བལྟས་ནའང་ཏག་ཏག་བསྡད་ཡོད། ཁང་བ་ཞིག་བརྒྱག་རྒྱུ་དང་སློབ་གྲྭ་ཞིག་རྩིས་ལེན་ཙམ་ལ་སྲིད་སྐྱོང་གི་སྐུ་ལས་བསྐྱོད་དགོས་ཡོད་པ་མ་རེད་དེ། མིའི་མདུན་ནས་བཟང་དགེ་ལེན་ལ་སྲིད་སྐྱོང་གིས་འཚང་ག་རྒྱག་གི་ཡོད་པ་འདི་ནས་ཤེས་ཐུབ། དེ་མིན་ཨ་དོན་འཕོ་འགྱུར་ཐད་ཀྱི་རྙོག་གྲར་གསར་བཤད་གནང་དགོས་ཐུག་དུས་སྲིད་སྐྱོང་མཐོང་རྒྱུ་མེད་ཅིང་། ཆེད་དུ་གསར་བཤད་་ལ་གཡོལ་ནས་ཡུ་རོབ་ཏུ་བསྐྱོད་སོང་ཨ། སྐྱེས་ཕོ་རབས་ཤིག་དང་རང་ལ་བདེན་པ་ཡོད་ན་གནད་འགག་གི་སྐབས་སུ་མདུན་དུ་ཐོན་དགོས་པ་མ་ཡིན་ནམ།
རིན་ཆེན་ལགས།
གསལ་བསྒྲགས་དེ་གཉི་ཀ་ལ་བློ་སེང་ཡོང་དགོས་དོན་མེད་པ་ཡིན་སྲིད། མ་གཞི་ལས་ཀ་བྱེད་མཁན་རང་གིས་ཤེས་དགོས་ཀྱི་རེད། འདི་རིགས་ཚུན་ཆད་ལ་རང་གི་བསམ་ཚུལ་བརྗོད་ཀྱིན་བསྡད་ན་ལས་བྱེད་པས་ལས་དོན་ནམ་ཡང་སྒྲུབ་ཐུབ་ཀྱི་མ་རེད། རྣམ་པ་ཚོས་བློ་སེང་སྣང་བར་འགྲོ་གི་མེད་ཙང་འདི་ལྟར་ཕྱིར་ཐོན་ན་མིག་ལ་མི་རན་པ་ཡོང་གི་ཡོད་རེད་སྙམ། གང་ལྟར་ཁྱེད་ཀྱིས་གསུང་པ་ལྟར་ཆུང་བཤད་བྱས་ན་དེ་འདྲ་ཡིན་རྒྱུ་རེད་དེ། ཆེ་བཤད་བྱས་ན་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་གཉིས་རེད་ཅེས་འུར་སྒྲོག་ཆོག
སློབ་གྲྭ་རྩིས་ལེན་རྒྱུ་དེ་ཁྱེད་ཀྱིས་གསུང་པ་ལྟར་བཀའ་བློན་གྱིས་ཀྱང་སྒྲུབ་མི་དགོས་པའི་ལས་དོན་ཆུང་ཚགས་ཤིག་ཡེ་ན་མ་རེད། བཀའ་ཤག་སྐབས་མང་པོའི་རིང་ལ་བྱུང་མ་ཐུབ་པ་ཞིག་བྱུང་བ་མ་ཟད། ཉེ་ཆར་སླར་ཡང་མི་རག་པའི་དཀའ་ངལ་དེ་འདྲའི་ཆེན་པོ་ཞིག་གི་རྗེས་སུ་གཅིག་རག་སྟབས་གལ་ཆེན་ལ་རྩིས་པ་རེད་སྙམ། དེ་ཁོ་ནའི་དོན་དུ་བློ་སེང་གི་བཀའ་ཤག་རྒྱ་གར་གྱི་ལས་ཁུངས་ཁག་ལ་ལན་གྲངས་༧༠་བཅར་བ་ཡིན་ཟེར་གྱི་འདུག
འགྲེམ་སྟོན་ཁང་དེ་ཡང་གཞི་རྒྱ་ཆེ་བའི་ལས་གཞི་ད་བར་དུ་བྱུང་མ་མྱོང་བ་ཞིག་གསར་གཏོད་བྱུང་བ་རེད་མ་གཏོགས་རང་བཞིན་གྱི་འགྲེམས་སྟོན་གསར་བ་ཁ་ཤས་བྱུང་བ་དེ་དག་དང་འདྲ་བ་མ་རེད།
ཨ་དོན་འཕོ་འགྱུར་སྐབས་གསལ་བཤད་བྱེད་དགོས་འབྱུང་བའི་དོགས་པ་ཙམ་མེད་སྟབས་སྔར་གྱི་འཆར་གཞི་བཞིན་ཡོ་རོབ་ལ་ཕེབས་པ་རེད། ངོ་རྒོལ་བ་དེ་ཚོས་ཟིང་ཆ་བསླངས་ནས་གསལ་བཤད་དེ་བྱེད་དགོས་བྱུང་བ་མ་ཡིན་ནམ། ལགས།
གནས་ཚང་གཞུང་གི་འཛིན་སྐྱོང་འོག་ནས་གཏན་ཉིན་སློབ་གྲ་ཁག་ཚུར་རྩིས་བླང་པ་འདིའི་འཇུག་འབྲས་ལོ་ཁ་ཤས་རྗེས་ནས་གསལ་པོ་ཆགས་རྒྱུ་ལས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཆབ་སྲིད་ནག་པོའི་རོགས་དངུལ་ལ་བརྔམས་མཁན་ཡོད་ན་ད་ལྟའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་སྒྲུང་འདིའི་བོད་མི་བཙན་བྱོལ་བའི་ཆིག་སྒྲིལ་ལ་ཉམས་ཆགས་ག་ཚོད་བཏང་སོང་ཞ་ར་མིན་མཐོང་ཐུབ་ལ་འོན་པ་མི་ན་གོ་ཐུབ་པ་མ་རེད་དམ་།
བྱང་ཆུབ་ལོ་མ་ལགས་ཀྱི་ཀུན་སློང་བཟང་པོ་ཡོད་པའི་རེ་བས་ལན་འགའ་འབུལ། ཁྱེད་ཀྱིས་མཆན་དུམ་ཚན་གསུམ་འདུག་པ་དེ་རེ་རེ་བྱས་ནས་ལན་འབུལ་འདོད། ནོར་འཁྲུལ་ཡོད་སྲིད་པ་ཐོག་མ་ནས་ཁས་ལེན་བྱེད།
ཁྱེད་ཀྱིས་སྲིད་སྐྱོང་ལ་གདེངས་འཇོག་དེ་ནོར་འདུག ལར་ནས་རྩོད་གླེང་ཡོངས་རྫོགས་གདེངས་འཇོག་བྱེད་སྟངས་འབྱུང་གི་འདུག་སྙམ། དབུས་བོད་སློབ་རྩིས་ལེན་མི་ཐུབ་པ་ཁོང་བཤད་པ་ལ་དགའ་བ་ལས་བྱུང་བའི་རིགས་ལམ་དེ་གང་ཡིན། འདི་ལ་ཆ་རྒྱུས་མི་དམན་པ་ཞིག་ང་ལ་ཡང་ཡོད། འདིའི་རྒྱུ་རྐྱེན་གཙོ་བོ་རྒྱ་གར་གྱི་རུལ་སོངས་ལམ་ལུགས་ལ་ཐུག་ཡོད་པ་ལས་གཞན་གང་ཡང་མ་རེད། ནང་གསུག་སྒོར་མོ་འབུམ་རེ་གཉིས་ཤིག་ཡོང་རོགས་མི་བྱེད་པར་ད་བར་དུ་མནར་ནས་བསྡད་པ་རེད། དེ་བོད་གཞུང་གིས་སྤྲོད་ཐབས་ཡོད་མ་རེད། གལ་སྲིད་ཡོད་ན་ལོ་གཉིས་གསུམ་གོང་ནས་རྩིས་སྤྲད་ཟིན་པ་ངེས་པ་རེད། འོན་ཀྱང་ད་སྐབས་ཁ་ཕྱོགས་གསར་བ་ཞིག་ལ་འགྱུར་གྲབས་ཡོད། གནས་ལུགས་དམར་པོ་བྱས་ནས་འབྲི་མི་འདོད་པ་གང་ཡིན། ངས་བལྟས་ན་གོ་སྐབས་འདི་འདྲ་ལ་འབྲི་རྒྱུ་ཡོད་ན་ངེས་པར་དུ་འབྲི་དགོས་རེད་སྙམ།
ས་ཡ་༡་༥་སྤྱི་རྒྱུ་སྒེར་བདག་དང་བསྡུར་ཐབས་ཇི་ལྟར་འདུག གཅིག་སྒེར་གྱི་མིང་ཐོག་ལ་གནས་ཡོད། གཞན་དེ་འགྲོ་སོང་བཏང་ཟིན་པ་རེད། བོད་ཀྱི་ཐེབས་རྩ་དང་ཨ་དོན་ལས་ཁུངས་བར་ལ་སྐད་ཆ་ཞིག་ཡོད་སྐོར་སྔོན་ནས་གསུང་སོང་ངའ་། གནས་ཚུལ་དེ་ཐེབས་རྩའི་ངོས་ནས་ཕྱིར་ཐོན་པ་རེད་ཟེར་བ་ཟུར་ཙམ་འགྲིག་མེད་པ་རེད། ཐེབས་རྩའི་འོང་སྒོ་ཞལ་འདེབས་རེད།
གཞན་མི་ཤེས། ནོར་བུ་གླིང་ཁ་གཞུང་བདག་ནས་སྒེར་བདག་གྱུར་སོང་པ་ཞིག་མ་རེད། སྲིད་སྐྱོང་གིས་སྒེར་བདག་བྱ་འཆར་ཡོད་པའི་རྟགས་མཚན་གང་ཡང་སྟོན་རྒྱུ་མེད་ན་འདི་འདྲ་ལ་ངོ་མ་སྤྱི་ཚོགས་དཀྲུགས་ཤིང་ཟེར་བ་རེད། བསྣུམས་ལབ་བྱེད་ན་གང་ཡང་ལབ་ཆོག་པ་རེད་དོ། གང་ལྟར་ངས་ད་ལན་མཐོང་བའི་ཉེན་ཁ་དེ་ཁྱེད་ཀྱིས་གསུང་སྟངས་བཞིན་རྙོག་དྲ་འདི་ལ་ཆོལ་ཁའི་ཚོན་བྱུག་ཐབས་བྱེད་ཀྱི་ཡོད་འདྲ་བ་འདི་ཡག་པོ་ཞིག་རྩ་ནས་མི་འདུག་བསམ་པ་རེད། དེའི་ཕྱིར་གཅིག་འབྲི་ཁུལ་བྱེད་བཞིན་ཡོད། འདིས་རྩ་དོན་ལ་ཕན་གྱི་ཡོད་པའི་སྨོན་ལམ་ཞུ།
༄༅། ཨ་ཅོ་རིན་ཆེན་ལགས།
ྲ ད་དྲ་རྒྱའི་ནང་ཁ་དམག་རྐྱང་རྐྱང་མ་རྒྱག་རོགས་
སུས་ནད་མ་འཁྱག་ན་ཁྲིམས་ལ་གཏུགས་དགོས་ལན་མང་ལབ་མ་ཡིན།
ང་ཚོ་བོད་མིའི་ངག་རྒྱུན་ལ་རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད་དངུལ་དཱ་ཡང་ཆར་པ་བབས་བབས་རེད་ཟེར་སྲོལ་ཡོད་པ་ལྟར་དུས་དེང་སང་གཞས་ཚིག་གསར་པའི་ནང་དངུལ་ཌོ་ལར་ཆར་པ་བབས་བབས་རེད་བོད་མིའི་ཆིག་གཏོར་བཞིན་འདའ་ཟེར་ལེ་མ་རེད་ཧཧཧ
ྲ
ུ
བློ་སེང་དང་སྐལ་རྡོར་གཉིས་རྐུན་མ་ཧམ་ཆེན་རེད།
བློ་སེང་དང་སྐལ་རྡོར་གཉིས་ནི། སྐྱོན་ཡོན་གཉིས་ལྡན་གྱི་ལས་བྱེད་གཉིས་རེད། ཧ་ཧ།། །།
ཁ་ལ་བདག་པོ་མེད་པའི་སྐད་ཆ་དེ་ཉུང་ཙམ་བྱེད་ན་ཡག་ས་རེད། ཚོགས་ཟུར་མཆོག་ནས་ཞལ་དྲོད་མོའི་ནང་ལས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་ཝ་ཤིན་ཌན་ལ་དོན་ཁང་ཉོ་སའི་འགྲོ་སོང་བཏང་བ་ལས་མི་སུ་གཅིག་གིས་ལྐོག་ཟས་མེད་པ་ཡིད་ཆེས་གཙང་མ་ཡོད་གསུང་ཟིན་ནའང་ད་དུང་མི་རེ་འགས་མ་གོ་མ་ཐོས་མདོག་མདོག་གིས་སོ་སོསི་དབུ་ཁྲིད་ལ་རྐུན་མ་དང་ཁྲམ་པ་ཟེར་ནས་ངན་སྨོད་བྱེད་སྟངས་ལ་ལྟས་ཚེ་མི་ཁྱེད་ཚོའི་རྒྱུད་ལ་འང་གཡོ་སྒྱུ་ཁྲམ་གསུམ་གྱིས་ཚོས་སྡོད་ཡོད་གདོན་མི་ཟ་འོ།
ང་ཚོ་ནི་སྤྱི་མཐུན་གྱི་ལས་ངན་པ་བསགས་པའི་འགྲོབ་ཞིག་མིན་ནམ་བསམ། གཞིས་བཞུགས་ཀྱི་སྤུན་ཟླ་ཚོས་གཅེས་པའི་སྲོག་ཀྱང་རང་གི་མི་རིགས་ཀྱིས་ཆེད་དུ་མེ་མཆོད་རིམ་པར་འབུལ་རུང་རྒྱལ་སྤྱིའི་ཁྱོན་ནས་ནུས་པ་ཐོན་པའི་རྒྱབ་སྐྱོར་གནང་མཁན་ཁག་པ་དང།
བཙན བྱོལ་ནང་ཡོད་པའི་སྤུན་ཟླ་ཚོས་རང་རང་གི་གོ་གནས་དང་དབང་ཆ་འཕྲོག་ལེན་དང་ དངུལ་གྱི་སྐོར་ལ་སྤྱི་ཚོགས་ནང་དོགས་གཞི་ཅན་གྱི་གནས་དོན་དག་ཡོང་བ་འདི་ནི་ཧ་ཅང་ཐབ་སྐྱོ་བའི་བྱ་བ་གཅིག་ཡིན།
དེར་རྟེན་མི་ཁག་ཞིག་ནས་ད བར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དང་ ནིའུ་ཡོག་ནང་ས་གནས་ཁག་བཞི་ ཀ་ན་ཌ་Torontoརྒྱ་གར་རྡ་རམ་ས་ལ་བཅས་པར་ངོ་རྒོལ་ཐེངས་བདུན་་བྱས་སྟེ་ང་ཚོས་བོད་མིའི་སྒ྄ིགས་ཚུགས་ལ་ངོ་རྒོལ་མེད་གནས་ཚུལ་འདིའི་ཐོག་ཞིབ་འཇུག་ཚོགས་ཆུང་དགོས་པའི་རེ་འདུན་ཞུས་ཡོད་རུང་ད་བར་སྤྱི་སྒེར་སུ་ཐད་ནས་ཞི་འཇམ་ཡོང་བའི་ཆེད་དགོང་བཞེས་གནང་མཁན་བྱུང་མེད་པ་ཡིནདུས་ང་ཚོས་དྲ་རྒྱའི་ནང་རང་རང་གི་བསམ་ཚུལ་འགོད་དེ་ཕན་ཐོག་ཡོང་བ་ཞིག་མི་མཐོང་ན་ང་ཚོར་འཇུག་འབྲས་ཇི་ཡོང་གོང་བཀོད་སྤྱི་མཐུན་གྱི་ལས་དེ་ཡིན།།
ནུབ་ཕྱོགས་ཁྱོད་སློབ་སྦྱོང་གང་དུ་བྱས་སམ།
༄། ཁྲིམས་མེད་ལུང་མེད་བཟང་སྤྱོད་དང་བྲལ་བ་ཤེས་ཡོན་ཕྲན་ཙམ་མེད་པའི་
སྐད་ཆ་རྗབ་ཆེན་དེ་འདྲ་རང་མ་བཤད་། སྡུག་ཤོས་ལའང་་་ཁྱོད་ཀྱི་དགེ་རྒན་སུ་ཡིན་དེ་ཚོའི་
སེམས་ནང་ལ་གང་བསམ་ཡོང། ཡག་པོ་འདུག་བསམ་ཡོང། ཡང་ན་ཅི་མ་རུང་སློབ་སྦྱོང་སྤྲད་པའི་
འབྲས་བུ་ཐབས་སྡུག་ལ་བསམ་ཡོང།
ནུབ་ཕྱོགས་པ་ལགས།
ང་ཚོས་གོང་ས་མཆོག་ལ་དྲིན་ལན་ལོག་འཇལ་བྱེད་འོས་ཞེས་ཟེར་གྱིན་ཡོད་པ་འདི་ཧ་ཅང་ཡག་པོ་རེད། འོན་ཀྱང་ཁོང་ལས་གཞན་སུ་ལ་ཡང་མི་རྩི་བ་འདི་ཡང་བཟང་སྤྱོད་ཀྱིས་མ་འདང་བའི་ཆ་ཞིག་རེད་སྙམ། ད་བར་གྱི་ང་ཚོའི་རྒྱལ་ཁ་ཐམས་ཅད་ཆེ་ས་ནས་གོང་ས་མཆོག་གི་སྐུ་དྲིན་ཡིན་པ་བརྗོད་མི་དགོས་པ་རེད། ཡིན་ན་ཡང་ཁོང་གི་གཤམ་དུ་ལས་དོན་ལ་དངོས་སུ་ཞུགས་མཁན་མེད་ན་ཡོང་གི་མ་རེད།
སྲིད་སྐྱོང་བློ་སེང་གི་རིང་ལ་བཙན་བྱོལ་བོད་གཞུང་ལ་སྔར་ནམ་ཡང་བྱུང་མ་མྱོང་བའི་རོགས་དངུལ་ཕོན་ཆེན་པོ་དེ་འདྲ་རག་པ་ནི་སྲིད་སྐྱོང་གི་འཇོན་ཐང་ཡིན་ན་ཡང་། དངོས་སུ་གྲུབ་འབྲས་བཏོན་ཡོང་མཁན་སྐལ་རྡོལ་ལགས་སོགས་ཡིན་འདུག རོགས་དངུལ་འདི་ཚོགས་པ་གཞན་ལ་ཤོར་གྲབས་བྱས་རབས་དང་དེ་ལ་འབད་བརྩོན་བྱས་རབས་ལོ་རྒྱུས་སྙན་པོ་དེ་འདྲ་བཤད་རྒྱུ་འདུག ལོ་རྒྱུས་དེ་རྙོག་དྲ་འདི་མ་བྱུང་བའི་ཡར་སྔོན་དུས་ཚོད་བཟང་པོའི་སྐབས་སུ་སྲིད་སྐྱོང་རང་གིས་བདེ་སྐྱིད་སླར་གསོའི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བལྟ་སྐྱོང་གི་ལས་གཞི་དང་འབྲེལ་བའི་གསུང་བཤད་ཅིག་གི་སྐབས་སུ་གསུང་བ་ངས་དངོས་སུ་གོ་མྱོང་ཡོད།
དེའི་ཕྱིར་སྐལ་རྡོར་ལགས་ཀྱང་རང་ཅག་ལ་དྲིན་ཅན་མི་སྣ་གྲངས་འདེྲན་བྱེད་པའི་ནང་གཅིག་ལ་རྩི་དགོས། ཁྲིམས་ཐོག་ནས་ར་སྤྲོད་མ་བྱུང་བར་དུ་མི་གསོད་ལག་དམར་མིན་པར་རྩི་དགོས་པ་བཞིན་ཁྲིམས་ཐོག་ནས་ར་སྤྲོད་མ་བྱུང་བར་དུ་རྐུན་མ་ཇག་པ་མིན་པར་རྩི་དགོས་སོ། འདི་ངས་སྤེན་ཚེ་ལ་ཟུར་ཟ་མིན་པས་དགོངས་ཡང་གནང་རོགས།
((མཆན་སྔོན་མའི་ནང་དུ་མ་ཡིག་ཆད་ནས་དོན་དག་རྦད་དེ་ཁ་སྒྱུར་འདུག་པས་བསྐྱར་འདོད་མ་བྱས་ཐབས་མེད་ཆགས་སོང་། ཁ་བརྡ་ཚང་དགོངས་དག))
ནུབ་ཕྱོགས་གངས་ཕྲུག་ལགས།
ང་ཚོས་གོང་ས་མཆོག་ལ་དྲིན་ལན་ལོག་འཇལ་བྱེད་མི་འོས་ཞེས་ཟེར་གྱིན་ཡོད་པ་འདི་ཧ་ཅང་ཡག་པོ་རེད། འོན་ཀྱང་ཁོང་ལས་གཞན་སུ་ལ་ཡང་མི་རྩི་བ་འདི་ཡང་བཟང་སྤྱོད་ཀྱིས་མ་འདང་བའི་ཆ་ཞིག་རེད་སྙམ། ད་བར་གྱི་ང་ཚོ་བཙན་བྱོལ་བའི་རྒྱལ་ཁ་ཐམས་ཅད་ཆེ་ས་ནས་གོང་ས་མཆོག་གི་སྐུ་དྲིན་ཡིན་པ་བརྗོད་མི་དགོས་པ་རེད། ཡིན་ན་ཡང་ཁོང་གི་གཤམ་དུ་ལས་དོན་ལ་དངོས་སུ་ཞུགས་མཁན་མེད་ན་ཡོང་གི་མ་རེད།
སྲིད་སྐྱོང་བློ་སེང་གི་རིང་ལ་བཙན་བྱོལ་བོད་གཞུང་ལ་སྔར་ནམ་ཡང་བྱུང་མ་མྱོང་བའི་རོགས་དངུལ་ཕོན་ཆེན་པོ་དེ་འདྲ་རག་པ་ནི་སྲིད་སྐྱོང་གི་འཇོན་ཐང་ཡིན་ན་ཡང་། དངོས་སུ་གྲུབ་འབྲས་བཏོན་ཡོང་མཁན་སྐལ་རྡོལ་ལགས་སོགས་ཡིན་འདུག རོགས་དངུལ་འདི་ཚོགས་པ་གཞན་ལ་ཤོར་གྲབས་བྱས་རབས་དང་། དེ་ལ་འབད་བརྩོན་བྱས་རབས། ཡར་རྒྱུག་མ་རྒྱུག་བྱས་རབས་ལོ་རྒྱུས་སྙན་པོ་དེ་འདྲ་བཤད་རྒྱུ་འདུག ལོ་རྒྱུས་དེ་རྙོག་དྲ་འདི་མ་བྱུང་བའི་ཡར་སྔོན་དུས་ཚོད་བཟང་པོའི་སྐབས་སུ་སྲིད་སྐྱོང་རང་གིས་ཞལ་ནས་བདེ་སྐྱིད་སླར་གསོའི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བལྟ་སྐྱོང་གི་ལས་གཞི་དང་འབྲེལ་བའི་གསུང་བཤད་ཅིག་གི་སྐབས་སུ་གསུང་བ་ངས་དངོས་སུ་གོ་མྱོང་ཡོད།
དེའི་ཕྱིར་སྐལ་རྡོར་ལགས་ཀྱང་རང་ཅག་ལ་དྲིན་ཆེ་བའི་མི་སྣ་གྲངས་འདེྲན་བྱེད་པའི་ནང་གཅིག་ལ་རྩི་མི་འོས་པ་མེད། ཁྲིམས་ཐོག་ནས་ར་སྤྲོད་མ་བྱུང་བར་དུ་མི་གསོད་ལག་དམར་མིན་པར་རྩི་དགོས་པ་བཞིན་ཁྲིམས་ཐོག་ནས་ར་སྤྲོད་མ་བྱུང་བར་དུ་རྐུན་མ་ཇག་པ་མིན་པར་རྩི་དགོས་སོ། འདི་ངས་སྤེན་ཚེ་ལ་ཟུར་ཟ་མིན་པས་དགོངས་ཡང་གནང་རོགས།
གསར་གཏོད་དང་རང་ཁ་རང་གསོ་ཆིག་སྒྲིལ་ཟེར་བ་དེ་ཚོ་ཨེ་རེད་རོགས་དངུལ་སློང་རྒྱུ་དེ་གསར་གཏོད་དང་རང་ཁ་རང་གསོ་དེ་རེད་པས་ནང་ཁུལ་འཁྲུགས་རྒྱུ་དང་ཞུ་འབོད་ངོ་རྒོལ་བོད་མིའི་ལོ་རྒྱུས་ནང་སྔར་གྲགས་མ་མྱོང་བ་དེ་ཆིག་སྒྲིལ་རེད་པས་ཧཧཧ
གཞུང་པ་ལགས། ཁྱེད་ཀྱིས་དུས་རྒྱུན་དུ་དྲྭ་ཐོག་ཏུ་ཁ་དམག་རྒྱག་རྒྱུ་ཙམ་ལས་སྐད་ཆ་ལ་ནང་དོན་ཏིལ་འབྲུ་ཙམ་ཡང་མི་འདུག། བཙན་བྱོལ་དུ་སླེབས་ནས་མི་ལོ་དྲུག་བཅུའི་རིང་ལ་རང་ཁ་རང་གསོ་བྱེད་མ་ཐུབ་དུས་བློ་བཟང་སེང་གེས་ལོ་ངོ་དྲུག་བདུན་གྱི་ནང་དུ་རང་ཁ་རང་གསོ་ཐུབ་དགོས་ཡོད་ཟེར་ན་སྣང་བ་སྐྱིད་པའི་སྐད་ཆ་རང་རེད། སྔར་གྲགས་མ་མྱོང་བའི་ནང་འཁྲུགས་ཀྱིས་ཞུ་འབོད་བྱེད་ཁན་སུ་ཡིན་ཧ་མ་གོ་བ་ཡིན་ནམ་ལགས།
རྣམ་པ་ཚོ་ལ་འཚམས་འདྲི་ཞུ།
ད་ལན་གྱི་གནས་ཚུལ་འདི་ད་དུང་འཇགས་རྩིས་མེད་པ་འདྲ། ཁ་སང་ཡོ་རུབ་ལ་ཡང་མི་རེ་ཟུང་ཞིག་གིས་ངོ་རྒོལ་བྱས་འདུག སྤྱིར་ན་ངོ་རྒོལ་བྱས་ན་སྐྱོན་མི་འདུག དམངས་གཙོའི་རྒྱན་ཆ་ཞིག་རེད་མོད། སྨན་ཡིན་རུང་ཚད་ལས་བརྒལ་ན་དུག་ཏུ་འགྱུར་བ་རེད།
ངོ་རྒོལ་བའི་ཕྱོགས་ནས་བོད་མིའི་ཆིག་སྒྲིལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཟེར། དངོས་གནས་དམིགས་ཡུལ་དེ་ཡིན་ན་དེ་ནི་སྲུང་སྐྱོབ་བྱེད་པའི་ལམ་ཁ་ཡག་པོ་ཞིག་རྩ་བ་ཉིད་ནས་མིན་པ་ཟུར་བལྟས་ལེབ་མཐོང་རེད། འདི་ལྟར་བྱས་ནས་ཆིག་སྒྲིལ་གནོད་ཀྱི་ཡོད་པ་ལས་ཕན་གྱི་མེད། དེ་མེད་པ་དེ་ཨ་རིའི་གནམ་ཐང་ལ་ཁམས་པ་ཚོས་ཀི་ཤར་བརྒྱབས་པ་དེས་གསལ་བོར་མཚོན་ཐུབ།
འགའ་ཞིག་གིས་ཆིག་སྒྲིལ་གཏོར་མཁན་བློ་སེང་རེད་ཟེར། དེ་ནི་རྒྱུ་མ་ཕུ་འདེད་བྱས་པའི་སྐབས་ཡིན་ས་རེད། གལ་སྲིད་རྒྱུ་མ་ཕུ་འདེད་བྱེད་ན་ཆིག་སྒྲིལ་གཏོར་མཁན་དེ་ཚོགས་ཟུར་ལགས་ཀྱི་དྲུང་བར་དུ་སླེབས་འགྲོ་གི་འདུག་པ་ལས་སྲིད་སྐྱོང་གི་འགྲམ་ནས་འགག་འགྲོ་དགོས་དོན་མི་འདུག གལ་སྲིད་རྒྱུ་མ་ཕུ་འདེད་མི་བྱེད་ན་ནི་ངོ་རྒོལ་བ་ཚོ་ལ་ཟེར་རྒྱུ་མ་གཏོགས་མེད། དེས་ན་ཆིག་སྒྲིལ་གཏོར་བའི་ལས་དེའི་ནང་དུ་བློ་སེང་ཇི་ལྟར་བྱས་ཀྱང་ཆེན་པོ་ཞིག་མངོན་ཐུབ་ཀྱི་མི་འདུག
དེ་བཞིན་བཀའ་ཤག་ལ་ངོ་རྒོལ་ཡིན་བོད་གཞུང་ལ་ངོ་རྒོལ་མིན་ཟེར་བ་ཡང་གོ་རྒྱུ་གང་ཡང་མི་འདུག བོད་མང་གཙོའི་གཞུང་ནི་སྤྱི་འཐུས། ཁྲིམས་ཞིབ། བཀའ་ཤག་བཅས་ཀྱིས་གྲུབ་པ་རེད། དེ་གསུམ་པོའི་གང་རུང་གཅིག་མེད་ས་ཞིག་ན་བོད་མང་གཙོའི་གཞུང་ཞིག་འཇོག་རྒྱུ་མེད།
ངོ་རྒོལ་ལ་རྒྱབ་སྐྱོར་བྱེད་མཁན་རྣམ་པ་རེ་ཟུང་གིས་འདི་བློ་སེང་དང་སྤེན་ཚེའི་གནད་དོན་མིན། དྲང་བདེན་དང་རུལ་སུངས་ཀྱི་གནད་དོན་ཡིན་གསུང་གི་འདུག ང་ཡང་ངོ་རྒོལ་ལ་རྒྱབ་སྐྱོར་བྱེད་མཁན་གྲས་ཀྱི་གཅིག་ཡིན་ཀྱང་ད་ནི་ཚད་ལས་བརྒལ་འགྲོ་བཞིན་འདུག་པས་རྣམ་པ་ཚོས་ངེས་པར་དུ་བསམ་གཞིགས་བྱེད་དགོས་ཀྱི་འདུག་སྙམ། ངས་རྒྱབ་སྐྱོར་བྱེད་པའི་རྒྱུ་མཚན་དང་རྣམ་པ་ཚོའི་རྒྱུ་མཚན་གཉིས་རྦད་དེ་མི་འདྲ་བ་རེད། རྣམ་པ་ཚོའི་རྒྱུ་མཚན་དེ་ད་དུང་ཡག་པོ་ཞིག་ཟུག་གི་མི་འདུག་སྙམ། རྩེ་རྣོ་བོ་ཞེ་དྲགས་མི་འདུག་སྙམ། ལྷག་པར་དུ་རྣམ་པ་ཚོའི་རྒྱུ་མཚན་གྱི་ནང་དུ་དགའ་མི་དགའི་གནད་དོན་འདུག་དང་མི་འདུག་དང་། དེ་ལས་འདིས་ཆིག་སྒྲིལ་ལ་གནོད་ཀྱི་འདུག་གམ་ཕན་གྱི་འདུག་ངེས་པར་དུ་ཐུགས་གཞིགས་གནང་རོགས་ཞུ།
ཁག་ཅིག་གིས་ཆིག་སྒྲིལ་མགོ་ནས་གཏོར་སོང་ཞེས་སྒྲོག་བཞིན་པ་ནི་འགན་མ་ཁུར་བའི་དགོངས་བཞེད་ཅིག་དང་འདྲ་བོ་འདུག མགོ་ནས་གཏོར་ན་དེ་ལ་རམ་འདེགས་བྱེད་འོས་སམ། གལ་སྲིད་ཁྱེད་ཀྱིས་ངོ་མ་ཆིལ་སྒྲིལ་མགོ་ནས་གཏོར་བར་གཟིགས་ན་ཁྱེད་ཀྱིས་དེ་ལ་བྱེད་འོས་པ་ནི་དེ་ཆེ་རུ་མི་འགྲོ་བའི་ཐབས་ཤེས་འཐེན་དགོས། དེ་ནི་ཁྱེད་བོད་མི་བསམ་ཡོད་ཅིག་གི་འོས་འགན་ཡིན། དེ་ལ་སྣུམ་བླུགས་ནས་ཆེ་རུ་བཏང་ན་འགན་མ་ཁུར་བའི་བྱ་བ་མ་ཡིན་ནམ།
འཇམ་ཚུལ་གྱིས་ཆིལ་སྒྲིལ་ཆེད་གྱོང་ཁུར་རོགས་ཟེར་བ་རེད་དམ། མི་ངན་ཁྱེད་འདྲ་བོ་མང་པོ་ཡོད་ཙང་བློ་སེང་ལ་ཧམ་པ་འཛེམས་མེད་བྱེད་པའི་ང་རྒྱལ་བྱུང་བ་རེད། ད་བར་བཙན་བྱོལ་ནང་ང་ཁམས་པ་ཡིན་གདའ་ཟེར་ནས་ཁེ་ཕན་ཟ་མཁན་ག་ཚོད་ཡོང་གི་མི་འདུག་གམ། ཐ་ན་ང་ཁམས་པ་ཡིན་གདའ་ཟེར་ནས་གཞན་གྱི་ཆུང་མ་དང་ཁྱོ་ག་འཕྲོག་མཁན་ཡང་ག་ཚོད་བྱུང་གི་མི་འདུག་གམ། དང་པོ་མནའ་བསྐྱལ་ནས་གནའ་རྫས་དག་མ་ཡིན་ཟེར་ནས་ཅ་ལག་དེ་འདྲ་བཙོང་རྗེས། བརྟག་དཔྱད་བརྒྱུད་དངོས་པོ་རྫུན་མ་ཡིན་ཕྱིར་ཐོན་ནའང་། ངོས་ལེན་བྱས་ཏེ་དངུལ་ཕར་སློག་རྒྱུ་ཕར་ཟད།་ད་དུང་ང་ཁམས་པ་ཡིན་གདའ་ཟེར་ནས་རྫིག་རྫིག་ལས་གནས་ལུགས་མི་རྩི་བ་མ་གོ་སམ།
སྔ་མོའི་ཁམས་པ་ཚོའི་སྙིང་སྟོབས་དེང་སྐབས་ཁྲམ་པ་དང་རྐུན་མ། ཇག་པ་དང་མི་གསོད་ལག་དམར་ཚོས་ང་ཁམས་པ་ཡིན་གདའ་ཟེར་ནས་བོད་པ་ནང་ཁུལ་ཁེ་ཕན་ཟ་ཆེད་བེད་སྤྱོད་ཁ་མེད་སྣ་མེད་གཏོང་གི་ཡོད་པ་མ་མཐོང་མ་ཐོས་སམ། འདི་ནི་སྔ་མོའི་ཁམས་པ་གནད་མ་ཚོར་ཞབས་འདྲེན་མ་དམ།
སྔོན་གྱི་ཁམས་པ་གནད་མ་ཚོར་ཞབས་འདྲེན་ཞུ་བཞིན་པ་མ་རེད་དམ།
སྟག་སྨྱོན་ལགས།
མ་གཞི་ད་ལན་ནད་མི་ཐེག་པའི་གྱོང་ཞིག་སུ་ལ་ཡང་རག་མེད་པས་ཁྱེད་ཀྱིས་གསུང་པ་ལ་འབྲེལ་བ་མི་འདུག འོན་ཀྱང་གལ་སྲིད་དེ་འདྲ་ཞིག་བྱུང་ཡོད་པའི་དབང་དུ་བཏང་ན་ཡང་བོད་ཀྱི་ཆིག་སྒྲིལ་གྱི་ཆེད་དུ་ང་ཚོའི་གྱོང་དེ་ཁུར་དགོས་ཞེས་ལབ་ཀྱང་མ་འགྲིག་པ་ཞིག་རྩ་བ་ནས་མ་རེད། དེ་ནི་རླབས་ཆེན་གྱི་བྱ་བཞག་ཅིག་ལས་མ་འདས།
འོན་ཀྱང་ཐེངས་བོད་མི་རིགས་ཀྱི་ཆིག་གྱི་གཏའ་མར་འཇོག་ཐུབ་པའི་གྱོང་ཞིག་གང་དུ་དང་སུ་ལ་རག་སོང་དགོངས་པ་བཞེས་དང་།
ང་ཚོ་ལ་ཆབ་སྲིད་སྟོབས་ཤུགས་གཅིག་རང་ཡོད་པ་དེ་ཆིག་སྒྲིལ་འདི་ཡིན་པས་དེ་མ་འཚམས་ན་ང་ཕངས་པོ་ཡོང་ས་རེད།
ཁྱེད་ཀྱི་མཆན་རྗེས་མ་ཚོ་ལ་རིན་ཐང་མི་འདུག་པས་ལན་མ་ཕུལ་ལགས།
ཁྱི་སེང་སོགས་མི་བཞི་ཕྱོགས་ཁག་གིས་བཙན་བྱོལ་བོད་གཞུང་ཁ་འཐོར་དགུ་འཐོར་དུ་བཏང་སོང་།
འཇམ་དཔལ་ཚུལ་ཁྲིམས་ཀྱི་ཞེན་ཁོག་འདི་ནི། ཞེན་ཁོག་ཕྱོགས་རིས་ཅན་རེད་ལབ་འདོད་བྱུང་། ཞེན་ཁོག་བྱས་ཆོག་པ་རེད། འོན་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་༸གོང་ས་རྒྱལ་བ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལ་ཡིད་ཆེས་གུས་བརྩི་ཞུས་དང་ཞུ་བཞིན་པ་ནང་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་ལའང་དེ་མཚུངས་ཀྱི་ཡིད་ཆེས་དང་བརྩི་བཀུར་བྱེད་མི་ཐུབ་པ་ཅི་རེད་མདོག་མདོག་བྲིས་འདུག འདི་འདྲ་སེམས་ལ་དྲན་ཆོག་པ་ཞིག་རེད། དྲན་མ་འོས་པ་དེ་འདྲ་མ་རེད། རེད་དེ། སྲིད་སྐྱོང་བློ་བཟང་སེང་གེ་ནི་མང་ཚོགས་ཡིད་ཆེས་སའི་ཡུལ་དུ་རུང་བ་དེ་འདྲ་ཆགས་མ་སོང་། སྲིད་སྐྱོང་སྐབས་དང་པོའི་ལོ་ལྔ་དེ་འུར་སྒྲོག་གི་ངང་ལ་སྐྱེལ་སོང་། དེ་ནས་ ༢༠༡༦ ལོའི་འོས་བསྡུའི་སྐབས་མི་གཤིས་ཀྱི་ཚོས་གཞི་ཨ་མ་དེ་བསྟན་པ་རེད། དེ་ནས་བཟུང་། ཤེས་ཡོན་ཅན་དང་ཤེས་ཡོན་ཅན་གྱིས་སྣེ་ཁྲིད་པའི་སྤྱི་ཚོགས་ཀྱིས་ཁོང་གི་བཤད་སྟངས་དང་གནང་སྟངས་མང་པོ་ཞིག་ལ་དོགས་པ་བྱེད་མགོ་ཚུགས་ཡོད་པ་རེད། སོང་ཙང་། ད་ཆ་མང་ཚོགས་ཀྱིས། དོགས་པ་ཡོད། ངོ་རྒོལ་ཡོད། ཡིད་ཆེས་བརླག་སོང་ཞེས་ངོ་རྒོལ་བྱེད་ཀྱིན་ཡོད་པ་འདི་བློ་བཟང་སེང་གེའི་གནང་སྟངས་ཀྱིས་བྱས་པ་རེད། གཞན་སུ་གང་ལ་ངན་ཁག་དཀྲི་ས་ཡོད་པ་མ་རེད།
ཁྱེད་རང་གིས་ཡི་གེ་ཙམ་འབྲི་ཤེས་པ་དེ་ཡག་པོ་རེད་དེ། གཡས་སྐོར་གཡོན་བྱས་བྱས་པའི་འབབ་ས་བཙལ་སྟངས་ལ་བལྟས་ན། ཀི་འདེབས་པ་ཙམ་ལས་གཞན་གང་ལའང་བལྟ་མི་ཤེས་པ་ཚོའི་སེམས་ཁམས་བྲིས་པ་དང་གཅིག་པ་རེད། མདོར་ན། དཀྲུགས་ཤིང་རྒྱག་གི་ཡོད་པའི་བཟོ་ལྟ་ཞིག་མཐོང་ཡོང་གི་འདུག འདི་ལྟར་ན། ཡི་གེ་ཙམ་འབྲི་ཤེས་པ་དེས་བོད་སྤྱི་བར་ཕན་ས་མ་རེད།
སྤེན་པ་ཚེ་རིང་གིས་རང་ཉིད་ཨ་རིའི་དོན་གཅོད་ནས་འགྱུར་བཏང་བའི་གསལ་བསྒྲགས་སླེབས་པའི་རྗེས་ལ་དྲ་ལམ་ལ་སྐད་ཆ་ག་རེ་བཤད་ཡོད་པ་དེར་ཁྱེད་ཀྱིས་ཀྱང་ཉན་ཡོད་ངེས། ཁོས་ག་རེ་བཤད་འདུག མང་ཚོགས་ལ་ག་རེ་ལབ་འདུག དོན་གཅོད་འཕོ་འགྱུར་གྱི་སྐོར་གླེང་གི་ཡོད་ན། མགོ་དེ་ནས་གླེང་ཐུབ་དགོས་པ་མ་རེད་དམ། ཅིས་ཕྱིར་དེ་གླེང་ཕོད་ཀྱི་མེད་པ་རེད།
༢༠༡༦ ལོའི་འོས་བསྡུ་ཆེན་མོའི་སྐབས་བློ་བཟང་སེང་གེས་ཅི་བྱས་དང་ཅི་བཤད་དེ་ཚོའི་ཟ་ཟུར་ཞིག་ཁྱེད་རང་གིས་གོ་ཐོས་བྱུང་ཡོད་ཤག སྤྱི་ཚོགས་ནང་ལ་ཟིང་ཆ་ལབ་ནའང་འདྲ། བཙན་བྱོལ་སྤྱི་ཚོགས་དུམ་བུ་གཉིས་དེ་ནས་ཆགས་མགོ་ཚུགས་པ་རེད། དེ་ཡང་བློ་བཟང་སེང་གེས་ཧམ་པ། རྫུན་མ། མགོ་སྐོར་གཏོང་་ཐབས་བཅས་ལ་ཤ་ཐང་དུ་འབད་པ་ལས་བྱུང་བ་རེད། དེ་དུས་ནས་ཀི་འདེབས་མགོ་ཚུགས་པ་རེད། འདི་དག་གི་ཕུགས་མདོ་གཉིས་ཀ་བློ་བཟང་སེང་གེས་བཟོས་པ་ལས་གནམ་ནས་ཟགས་འོང་བ་མ་རེད། བདེན་པ་གཅེར་བུའི་རིགས་དེ་ཁྱེད་དང་ཁྱེད་ཚོ་ཕྱོགས་ཞེན་ཁོ་ན་གཙིགས་སུ་བྱེད་པའི་ཡི་གེ་བ་འགས་མཐོང་ཐོས་ཀྱི་ཚུལ་ཙམ་ཡང་བྱ་མི་ཕོད་དོན་ཅི་རེད།
སྲིད་སྐྱོང་ལ་བདེན་པ་བཤད་རྒྱུ་ཡོད་ན་ནི་བཤད་དགོས་པ་རེད་མ་གཏོགས། ཉེ་སྔོན་ཁུངས་མི་འཁྱོལ་བའི་གསལ་བཤད་ཡ་མ་ཟུང་མང་པོ་གནངས་པ་ལ་བརྟེན་ནས། གང་་དུ་སོང་ན་དེ་རུ་ངོ་རྒོལ་བྱེད་ཀྱིན་ཡོད་པ་འདི་བྱུང་བ་རེད། བདེན་པ་འདྲ་ཞིག་་ཤོད་རྒྱུ་ཡོད་ན། བཤད་ནས་སྤྱི་ཚོགས་ལྷིང་འཇགས་ཡོང་ཐབས་བྱེད་དགོས་པ་མ་རེད་དམ། ཁ་སང་སྦེལ་ཇེམ་ནས་ཚོགས་ཁང་དུ་ཕེབས་བསུ་ཞུ་སྟངས་དེ་མཐོང་སོང་ངམ། རས་ཡིུག་དཀར་པོ་ཆེན་པོ་དེ་འདྲ་འཕྲེད་དར་གྱི་ཟོལ་གྱིས་འཕྱར་ཏེ། དོན་ལ་སྲིད་སྐྱོང་མཆོག་རོ་བཏུམས་བཏུམས་བྱས་ནས་ཕེབས་བསུ་ཞུས་མ་སོང་ངམ། འདི་ཚང་མ་སྲིད་སྐྱོང་རང་གིས་བཙག་པའི་ཆང་རེད། མི་ཞིམ་ནའང་འཐུང་དགོས་པ་ཆགས་སོང་ང་།
བློ་བཟང་སེང་གེ་ལ་ངོ་རྒོལ་ཡོད། ད་ལྟའི་བཀའ་ཤག་ངོ་རྒོལ་ཡོད་ལབ་པ་འདི་ལ་ཁྱེད་རང་གིས་ཚིག་འགྲེལ་འདྲ་ཞིག་འབྲི་ཁུལ་བྱས་འདུག ངས་ཁྱེད་ལ་འདྲི། བོད་གཞུང་ལབ་པ་དང་བོད་གཞུང་བཀའ་ཤག་ལབ་པ་གཉིས་གཅིག་པ་ཨེ་རེད། བཀའ་ཤག་ལབ་པ་དང་ད་ལྟའི་བཀའ་ཤག་ལབ་པ་གཉིས་གཅིག་ཨེ་རེད། ད་ལྟ་སྤྱི་ཚོགས་ནང་ན་སྲིད་སྐྱོང་དང་ཁོས་མགོ་ཁྲིད་པའི་བཀའ་ཤག་ལ་ངོ་རྒོལ་ཡོད་ལབ་ན། དེ་ཁྱེད་རང་གིས་ཡིན་གཅིག་མིན་གཉིས་བོད་གཞུང་ལ་ངོ་རྒོལ་གྱི་འགྲེལ་བཤད་བྱེད་དོན་ཅི་ཡིན། དམིགས་ཡུལ་འདི་འདྲ་ཞིག་ཇི་ལྟར་སེམས་ལ་ཁོར་སོང་ངམ།
སྲིད་སྐྱོང་བློ་བཟང་སེང་གེ་ཡི་རིང་ལ་བོད་གཞུང་ལ་རོགས་དངུལ་མང་ཤོས་རག་པ་རེད་ལབ་ཀྱི་ཡོད་པ་འདྲ། སྒྲུང་སྙན་པོ་ཡང་མང་པོ་གོ་སོང་ལབ་འདུག བློ་བཟང་སེང་གེས་མི་ལོ་དྲུག་ལྷག་གི་རིང་ལ་རང་ཉིད་མང་ཚོགས་ཀྱི་འུད་བསྟོད་དང་ཀི་སྒྲའི་དབྱིངས་ནས་མི་ཡལ་བའི་ཆེད་དུ། དངུལ་གྱི་གྲངས་ཀ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་རེར་འཐམས་ནས་མང་ཚོགས་ཀྱི་འུད་བསྟོད་ལ་འཐམ་རྒྱུ་ལས་ཀ་ཐམས་ཅད་ཀྱི་ནང་གི་གཙོ་བོ་ཞིག་ལ་བརྩི་བཞིན་ཡོད། དེའི་གྲུབ་འབྲས་ནི་ད་ལྟ་ཁྱེད་རང་གི་གླེང་སྟངས་འདི་འདྲ་སླེབས་པའི་ཆེད་རེད། ཁྱེད་རང་གིས་བོད་ཀྱི་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ཀྱིས་གསར་ལམ་ཁག་ལ་རོགས་དངུལ་ས་ཡ་ཉེར་བཞིའི་བྱུང་རིམ་བེད་སྤྱོད་གཏོང་ཕྱོགས་ཀྱི་ལས་གཞིའི་སྐོར་གླེང་མྱོང་བ་དེ་ཚོར་ཉན་ཨེ་མྱོང་། བྱུང་རིམ་དེར་ཉན་པ་ཡིན་ན། ལག་བསྟར་བྱེད་ཕྱོགས་དེར་བལྟས་པ་ཡིན་ན། ད་གཟོད་ཁྱེད་རང་གིས་བློ་བཟང་སེང་གེ་དང་སྐལ་རྡོར་དྲིན་ཆེ་རབས་ཟེར་བའི་སྐད་ཆའི་བྱེ་མའི་རི་དེས་རང་ཚུགས་ཐུབ་བམ།
དངོས་འབྲེལ་བྱས་ན། ཁྱེད་རང་ཚོ་ཡི་གེ་ཀློག་ཤེས་ཤིང་། དོན་ཡང་གང་འཚམ་གོ་བའི་རིགས་ཀྱིས་ཡིག་རྨོངས་པ་ཚོར་དེ་འདྲ་བྱེད་རྒྱུ་མེད་པའི་བསླབ་བྱ་དང་། དངོས་ཡོད་གནས་སྟངས་འགྲེལ་བཤད་རྒྱག་དགོས་པ་རེད། ཡིན་ནའང་། ཁྱེད་ཚོ་ཡི་གེ་ཤེས་མཁན་དུ་གཏོགས་པ་ཁ་ཤས་ཡོད་པ་ཚོ་ཡང་འུད་སྒྲོག་དང་ཀི་འདེབས་པ་ཙམ་ཤེས་མཁན་ཚོའི་རྗེས་སུ་རྒྱུག་གི་ཡོད་པ་འདྲ་བའི་བཤད་སྟངས་དྲན་སྟངས་འདི་ཚོ་ལ་ཅུང་ཕངས་སོང་།
སྲིད་སྐྱོང་དང་བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་སྐྱོན་བརྗོད་བྱས་ཆོག་པ་རེད། བྱེད་ཀྱང་དགོས་པ་རེད། འཕོ་འགྱུར་ཡང་བཏང་ཆོག་པ་རེད། གཏོང་ཡང་དགོས་པ་རེད། ཡིན་ནའང་། མི་དཀར་པོ་ནག་པོ་བཟོ་ཐབས་ཁོ་ན་ལྷུར་བླངས་པ་ཡིན་ན། དེར་བདེན་པ་ལ་དགའ་བའི་སྐྱེ་བོ་ཚོས་ངོས་ལེན་བྱེད་ཀྱི་ཡོད་པ་མ་རེད། འདི་ནི་བདེན་རྫུན་གྱི་འཐབ་རྩོད་ཟེར་བ་དེའི་གནས་ལུགས་རེད། བོད་རྒྱའི་བར་གྱི་འཐབ་རྩོད་འདི་ཡང་དོན་རྩ་དེད་སོང་ན། བདེན་རྫུན་བར་གྱི་འཐབ་རྩོད་ཅིག་ཆགས་ཡོད་པ་རེད། ང་ཚོས་བདེན་པ་གཙིགས་སུ་བྱས་ནས་ངོ་རྒོལ་བྱེད་པ་ལ་སྟོབས་ཤུགས་ཆེན་པོ་ཡོང་དོན་ཡང་འདི་རེད།
ཁྱེད་རང་གིས་བཀའ་ཤག་གི་གསལ་བཤད་སྔ་ཕྱི་དེ་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་ཚོས་འུར་བརྒྱབ་པ་ལ་བརྟེན་ནས་བྱུང་བར་བཤད་འདུག དེ་བདེན་པ་མ་རེད། དེ་ནི་བློ་བཟང་སེང་གེས་ ༢༠༡༦ ལོའི་འོས་བསྡུའི་སྐབས་རང་ཉིད་ཀྱང་སྤྱི་ཚོགས་ལ་དཀྲུག་ཤིང་བརྒྱབ། འུས་བསླངས་པ་སོགས་བྱས་པའི་མཇུག་འབྲས་སུ། བཙན་བྱོལ་སྤྱི་ཚོགས་ཀྱི་ཆིག་སྒྲིལ་གཏོར་བ་དེ་ཤེས་ཐུབ་ཡོད་པ་རེད། ཡིན་ནའང་། བློ་བཟང་སེང་གེས་དེ་ནི་འོས་བསྡུའི་སྒྲིག་གཞིའི་མ་འགྲིག་པར་ཁ་གཡར་ནས་སྒྲིག་གཞི་ལག་པ་འཆང་རྩིས་བྱས་པར་ཟམ་གདོང་རིན་པོ་ཆེ་དང་སྤྱི་འཐུས་མང་པོས་དགག་པ་ཚ་ནན་བསྐྱོན་ཡོད་པ་ལྟ་བུ་རེད། ཐ་ན་ཁོང་ལ་བློ་དཀར་ཞིང་སྙིང་ཉེ་བ་ཚོས་ཀྱང་ངོ་རྒོལ་བྱས་ཡོད་པ་རེད། ཁྱེད་རང་ཚོས་གནས་ལུགས་དང་མི་འཚམ་པའི་འགྲེལ་བཤད་བྱས་ཏེ་ཀི་འདེབས་མཁན་ཚོའི་གཤོག་འོག་ལ་རླུང་རྒྱག་རྒྱུ་ཡོད་པ་མ་རེད།
ཞུ་གཏུགས། གསལ་བཤད། གཉིས་ཀྱི་གོ་དོན་ཤེས་ཀྱི་ཡོད་དམ། གསལ་བཤད་ལབ་ན། ཕན་ཚུན་ལ་གསལ་བར་བཤད་ནས་ཕྱི་གསལ་ནང་གསལ་བཟོ་བ་དེ་རེད། གསལ་བཤད་ལ་གོང་འོག་གི་ལྟ་སྟངས་དང་ཁྱད་པར་ཡོང་ཆོག་གིོ་ཡོད་པ་མ་རེད། དེ་ནི་ཁྲིམས་ཀྱི་མདུན་སར་སྐྱེ་བོ་ཚང་མ་འདྲ་མཉམ་ཡིན་ཟེར་བའི་སྟེང་ནས་བལྟ་དགོས་པ་རེད།
༼ང་མི་གཅིག་རེད། སྤྱི་བ་གལ་ཆེ། ཕྱོགས་ཚང་མས་འཁྲུག་མ་ཐེབས་པ་བྱེད་རོགས༽ཁྱེད་རང་གིས་དྲངས་པ་བཞིན་རེད། འདི་སྤེན་པ་ཚེ་རིང་གི་སྐད་ཆ་དུམ་བུ་ཞིག་རེད། ཁྱེད་རང་གིས། སྐད་ཆ་འདིས་བཀའ་ཤག་གིས་དྲང་པོ་བྱས་མ་སོང་ཟེར་བ་བསྟན་པར་འགྲེལ་འདུག དེ་གང་འདྲ་རེད། སྒེར་བ་དང་སྤྱི་བ་གཉིས་ལས་སྤྱི་བ་གལ་ཆེན་པོ་ཡིན་པར་བཤད་ན། དེ་ཡག་པོ་མ་རེད་དམ། སྤྱི་ཚོགས་འཁྲུག་མ་ཐེབས་པ་བྱེད་དགོས་པར་གདམས་ན། དེ་ཡག་པོ་མ་རེད་དམ། ཁྱེད་རང་དང་ཁྱེད་རང་འདྲ་བའི་ཡི་གེ་བ་ཚོས། ཀི་འདེབས་པ་ཙམ་ཤེས་པའི་ཡིག་རྨོངས་པ་ཚོར་མེ་ཚ་བོའི་སྟེང་ལ་ཤིག་གཤག་པ་སྣོན་པ་རྒྱག་སྟངས་འདིར་རིན་ཐང་ཞིག་ཡོད་པར་མཐོང་མ་སོང་། སྐད་ཆ་ཚང་མ་ཐད་ཀར་བཤད་བཞག་པ་ཡིན། དཀྱོག་ནས་བཤད་མེད། སྙན་པོ་མེད་སྲིད།
སྲིད་སྐྱོང་བློ་བཟང་སེང་གེས་རང་ཉིད་མ་འོངས་པར་ཨ་རིའི་ནང་ནས་འགྱིངས་ས་ཞིག་གི་ཆེད་དུ། བོད་ཀྱི་ཐེབས་རྩའི་ཁེ་ཕན་དང་ལས་གཞི་ལ་གནོད་པའི་ལས་ཀ་ག་རེ་བྱས་ཡོད་པ་ཁྱེད་རང་ཚོས་ཀྱང་གོ་ཡི་ཡོད་ངེས་ཀྱང་། མ་གོ་མདོག་མདོག་གིས་མང་ཆོགས་ལ་མགོ་སྐོར་གཏོང་རོགས་ལྟ་བུ་བྱས་བསྡད་ན། སྤྱི་བའི་རྩ་དོན་སྒྲུབ་ཀྱི་ཡོད་པ་ཨེ་རེད། ཆིག་སྒྲིལ་གཏོར་ནའང་ཅི་མི་སྙམ་པར་ད་དུང་མང་ཚོགས་ལ་གཡོ་གཏམ་སྤེལ་བསྡད་ན་དེ་ཆིག་སྒྲིལ་སྲུང་སྐྱོབ་བྱེད་སྟངས་ཤིག་ཨེ་རེད། རེ་བ་ཆེན་པོ་གང་ཡང་བྱེད་ཀྱི་མེད། ཡིག་རྨོངས་པ་ཚོའི་བསམ་བློའི་རྗེས་སུ་མི་འབྲངས་པའི་རེ་བ་བྱེད་ཀྱི་ཡོད། ཡིག་རྨོངས་པ་ཚོའི་མཉམ་དུ་ཀི་མི་འདེབས་པའི་རེ་བ་བྱེད་ཀྱི་ཡོད། ཡིག་རྨོངས་པ་ཚོའི་མཉམ་གཞས་དེ་མཉམ་དུ་མི་གཏོང་བའི་རེ་བ་ཙམ་བྱེད་ཀྱི་ཡོད།
བྱང་ཆུབ་ལོ་མ་ལགས།
འཚམས་འདྲི་ཡོད། སྤྱིར་ད་ནས་བཟུང་རྙོག་དྲ་འདིའི་སྐོར་ལ་གང་ཡང་མི་འབྲི་བསམ་ནས་བསྡད་ཡོད། ངོ་མ་བཤད་ན་ད་བར་དུ་བྲིས་པ་དེ་བློ་སེང་ལ་མ་ཉེས་ཁ་གཡོག་གི་ཆ་དེ་མ་གཏོགས་བྲིས་མེད། ང་རང་གིས་སྤེན་ཚེའི་ཐོག་ནས་མཐོང་བའི་སྐྱོན་གྱི་ཆ་རེ་ཟུང་སེམས་ནང་དུ་ཡོད་པ་དེ་ཚོ་གཅིག་ཀྱང་བྲིས་མེད། འོན་ཀྱང་ཕ་རོལ་བོའི་བཟང་གི་ཆ་ལ་ཉན་འདོད་མེད་ན་རང་ཕྱོགས་ཀྱི་སྐྱོན་གྱི་ཆ་ལ་དེ་བས་ཀྱང་ཉན་འདོད་ཡོད་བཟོ་མི་འདུག་པས་འབྲི་རྩིས་མེད།
འོན་ཀྱང་ཁྱེད་ཀྱིས་མཆན་རིང་པོ་ཞིག་བྲིས་འདུག དེའི་ནང་དུ་བཀའ་བཀྱོན་ཡང་འགའ་རེ་འདུག འོན་ཀྱང་སེམས་གཏམ་རྣལ་མ་ཡིན་རྒྱུ་རེད་བསམ་ནས་ལན་ཞིག་འབུལ་བསམ་ཡང་ཧ་ཅང་རིང་དྲགས་པས་ད་ལྟ་འབུལ་ཐུབ་མ་སོང་། ཉིན་འགའ་ཞིག་གི་རྗེས་སུ་གཟིགས་རྒྱུ་ཡོད་པར་ཞུ། ཐུགས་རྗེ་ཆེ།
རྣམ་པ་ཚོ་ལ་འཚམས་འདྲི་ཞུ།
སྤྱིར་ན་ད་སྐབས་ངས་རྙོག་དྲ་འདིའི་སྐོར་ལ་གང་ཡང་འབྲི་མི་བསམ་པའི་དུས་སྐབས་ཡིན་ཀྱང་དྲ་གྲོགས་ལགས་ལ་གུས་ཞབས་མཚོན་ཆེད་དུ་ལན་ཞིག་འབྲི་གི་ཡོད།
ངའི་ལན་དེ་རིང་པོ་ཞིག་ཆགས་སོང་བས་ཚན་པ་འགའ་རེ་བྱས་ནས་གཏོང་གི་ཡིན།
ངའི་ལན་ལ་དྲ་གྲོགས་བྱང་ཆུབ་ལོ་མ་ལགས་མ་གཏོགས་གཞན་དག་གིས་མ་གནང་ན་བཟང་ས་རེད་བསམ། ལྷག་པར་དུ་དབྱེན་སྦྱོར་གྱི་རང་བཞིན་ཅན་གྱི་ཚིག་བཀོལ་ནས་མཆན་མི་སྤེལ་བའི་རེ་བ་ཞུ།
དེ་ལ་ངའི་ངོས་ནས་ལན་སྤྱི་ཐོག་ལ་མི་འབུལ་བས་དགོངས་དག་ཞུ།
གལ་སྲིད་ངོ་མ་ལན་ལ་ཉན་འདོད་ཡོད་ན་ང་སྒེར་ཐོག་ལ་ངོ་དེབ་བརྒྱུད་ནས་ཕེབས་དང་གང་ཐུབ་ལྷུག་པོར་འབུལ་ཆོག དེ་ཡང་སྒེར་ཐོག་ལ་མ་གཏོགས་ཞུ་རྩིས་མེད།
དྲ་གྲོགས་བྱང་ཆུབ་ལོ་མ་ལགས། འཚམས་འདྲི་ཞུ།
མཁས་པ་བརྩད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོག །རྔ་ལ་དབྱུག་གུས་མ་བསྣུན་པ། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། ། ཞེས་དང་། མ་བཤད་ན་མི་གོ མ་གསོར་ན་མི་ཕུག ཞེས་ཟེར་བ་བཞིན་ཁྱེད་དང་འུ་གཉིས་བསམ་ཚུལ་མ་མཐུན་པ་དེ་བགྲོ་གླེང་བྱས་ནས་སེལ་དགོས། ཇི་སྲིད་མི་མཐུན་པ་གསལ་ཁ་མ་བཏོན་པ་དེ་སྲིད་མི་མཐུན་པ་རང་འཇགས་སུ་གནས་ཀྱི་རེད་སྙམ་ནས་རང་ཉིད་ཀྱིས་གང་མཐོང་བ་དེ་བྲིས་བསྡད་པ་ཡིན། ད་ལན་ཁྱེད་ཀྱི་མཆན་དེས་ཁྱེད་ཕྱོགས་ཀྱི་མི་རྣམས་ཀྱི་བསམ་ཚུལ་མཚོན་ས་རེད་སྙམ་ནས་གུས་ཞབས་དང་བཅས་ལན་འདེབས་གང་ཤེས་ཞུ་བསམ་པ་ཡིན།
ཁྱེད་ཀྱི་མཆན་གྱི་ནང་དུ་ང་ལ་ཉེས་པ་བཀལ་བ་དང་བཀྱོན་ཕབས་པ་དེ་དག་ལ་ངས་སྐད་ལན་ཟུར་ཙམ་ཡང་མི་འདེབས་པ་མ་ཟད། ངའི་ངོས་ནས་གང་ཐུབ་ཀྱིས་ཁྱེད་ཀྱི་ཐོག་ལ་ཆོལ་ཞེན་པ་ལ་སོགས་པའི་སྡོམ་ཚིག་གཅིག་ཀྱང་མི་ཡོང་བའི་འབད་པ་ཞུ་གི་ཡིན། ཁྱེད་ཀྱི་མཆན་དེའི་ནང་དུ་གནས་ཚུལ་མང་སྟབས་ཕྱོགས་སྡོམ་ཞིག་བརྒྱབས་ནས་ལན་འདེབས་ཨེ་ཐུབ་བལྟ་རྒྱུ་ཡིན། དེ་དག་ནི་ཁས་ལེན་ཐུབ་པ་བཞི། ཁས་ལེན་མི་ཐུབ་པ་གཅིག ཁས་ལེན་དཀའ་བ་བཅུ་གཉིས རེ་སྐུལ་གསུམ་བཅས་སུ་བསྡུས་ནས་ལན་འདེབས་ཨེ་ཐུབ་བལྟ་རྒྱུ་ཡིན།
ཀ) ཁས་ལེན་ཐུབ་པ་བཞི་ཞེས་པ་ནི་གཤམ་གསལ་དོན་དག་བཞི་ལ་ངས་གོ་ལོ་ཐོས་ལོ་ཙམ་ལ་ཆ་མ་བཞག་པར་“ཤེས་མ་སོང་”་ཞེས་ཅེས་ངས་ཁྱེད་ཀྱི་མདུན་དུ་ཁ་གསལ་གྱིས་ཞུ་བ་ཡིན། དེ་དག་ནིཿ ༡། “ཐེབས་རྩའི་ཁེ་ཕན་དང་་་་་རེ་བྱས་ཡོད་པ”་དེའི་སྐོར་ལ་ངས་ཤེས་མ་སོང་། ༢། “བློ་སེང་གིས་འོས་བསྡུའི་སྒྲིག་གཞི་ལ་་་་་་་པོ་ཆེ་སོགས་ཀྱི་བཀག་འགོག་བྱས”་པའི་སྐོར་དེ་ངས་ཤེས་མ་སོང་། ༣། “རོགས་དངུལ་ས་ཡ་ཉེར་བཞིའི་་་་་་ཀྱི་ལས་གཞིའི་སྐོར”་གང་ཡང་ངས་ཤེས་མ་སོང་། ༤། བྷེལ་ཇམ་ལ་“རས་ཡུག་དཀར་པོ་་་་་བཏུམས་བྱས་ནས་ཕེབས་བསུ་ཞུས”་པའི་སྐོར་གང་ཡང་ཤེས་མ་སོང་། འུ་གཉིས་ཀྱི་བསམ་ཚུལ་མ་མཐུན་པ་ཡོང་རྐྱེན་དོན་དག་འདི་དག་གི་ནང་དུ་འཁར་ནས་ཡོད་སྲིད་པས་ཁྱེད་ཀྱིས་གོང་གི་འདི་དག་གི་ཐོག་ལ་གསལ་བཤད་འདྲ་གནང་ན་གཅིག་ཐང་ན་ངའི་བསམ་ཚུལ་རྦད་དེ་འགྱུར་བ་ཐེབས་འགྲོ་སྲིད་པ་རེད།
ཁ) ཁས་ལེན་མི་ཐུབ་པ་གཅིག་ནི་ཁྱེད་ཀྱི་མཆན་གྱི་ནང་དུ་“བཀའ་ཤག་གི་གསལ་བཤད་སྔ་ཕྱི་་་་་དེ་བདེན་པ་མ་རེད།”་ཅེས་གསུང་བ་འདི་ཡིན། ཁྱེད་ཀྱིས་འདི་ཙམ་ཡང་ཁས་མི་ལེན་ན་མངོན་སུམ་ལ་བསྙོན་འདིང་བ་རེད་ཅེས་མ་བཤད་ཐུ་མེད་ཆགས་སོང་། དེ་ལྟར་བྱུང་ཡིན་པའི་ཐད་ལ་ཁོ་བོས་མནའ་སྟོང་ཕྲག་ཅིག་སྐྱེལ་དགོས་ཀྱང་ཐེ་ཚོམ་ཏིལ་ཙམ་མེད། ཁྱེད་ཀྱིས་ལག་པ་བྲང་ཁར་བཞག་ནས་དགོངས་པ་ཞིག་བཞེས་དང་། དང་པོ་བཀའ་ཤག་གིས་གང་གསུང་སོང་། དེ་རྗེས་ངོ་རྒོལ་བས་གང་བྱས་སོང་། དེ་ནས་གསལ་བཤད་གང་ལྟར་ཡོང་སོང་།
བཀའ་ཤག་དང་སངས་རྒྱས་ཚོགས་དཔོན་ལ་སྒོར་རྡོག་འགའ་ཞིག་སློང་མོ་གནངརྩིས་མེད་ན། དྲང་མོ་མ་བྱས་བ་ནི་དྲང་མོ་མ་བྱས་བ་ལ་རྩི་རྒྱུ་ལས། ཁྱོད་ཀྱི་མནའ་ཚིག་རྐམ་པོ་ཞིག་གིས་དཀའ་རྙོགས་འདི་བསལ་འགྲོ་བ་དེ་འདྲ་ཡིན་ཚོད་མེད་ས་ཡོད། འཇམ་གཅེས་དགའ་བོ།
གང་ལྟར་ད་བར་བློ་སེང་སྲིད་སྐྱོང་ཆགས་པ་ནས་བཟུང་བཙན་འབྱོལ་སྤྱི་ཚོགས་ནང་བཀྲ་མ་ཤིས་པ་དང་། ཁ་ཆགས་རྣ་རལ་ཀྱུང་ཀྱང་མ་ཏོག་བྱུང་མ་སོང་། དེང་སང་ཁོ་རང་ལྟད་མོ་འཁྲབ་མཁན་དེ་འདྲ་ཞིག་ཡིན་མདོག་གིས་རྫིག་པོ་བྱེད་པ་མ་ཏོག་སྐྱབས་བཅོལ་བ་ཞིག་གི་སྲིད་སྐྱོང་འདྲ་པོ་མིན་འདུག
འཇམ་དཔལ་ཚུལ་ཁྲིམས་ལགས།
ཁྱེད་གིས་གསལ་བཤད་གནང་རོགས་ལབ་འདུག་པར་ལན་ཕུལ་ཆོག་པ་ཞུ།
འཇམ་དཔལ་ཚུལ་ཁྲིམས་ལགས།
ངེད་གཉིས་ཀྱིས་གླེང་སློང་བྱེད་སྟངས་ཀྱི་ཁྱད་ནི། ཤར་དང་ནུབ་འདྲ་པོ་ཞིག་ཆགས་འདུག ང་རང་ནི་བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ཀྱི་སྐོར་ལ་རྒྱུས་ཡོད་དེ་འདྲ་གང་ཡང་མིན། ངས་མཚམས་རེར་ཁོང་གཉིས་ཀྱི་བཤད་སྟངས་དང་སྒྲུབ་སྟངས་བསྡུར་བ་ཙམ་རེ་བྱེད་ཀྱིན་ཡོད། ཁོང་གཉིས་ཀར་བཟང་ཆ་ཡོད་པར་མཐོང་གི་ཡོད་ལ། དེ་བཞིན་ཞན་ཆའང་ཡོད་པར་མཐོང་གི་འདུག འོན་ཏེ། ང་ལ་ནི་མི་འདི་གཉིས་ཀྱི་གང་རུང་ཞིག་མེད་ན་ང་ཚོར་རེ་བ་མེད་པ་ལྟ་བུའི་ལྟ་སྟངས་དེ་འདྲ་ཡོང་གི་མི་འདུག འདི་གཉིས་ཀ་ནི་མེད་ན་མི་རུང་གི་མི་སྣ་དེ་འདྲ་གང་ཡང་མ་རེད་བསམ་མཁན་ཞིག་ཡིན། ད་ལྟ་ང་ཚོས་གཙོ་ཆེ་བ་ཞན་སྐྱོན་བསྡུར་བ་བྱེད་ཀྱིན་པ་རེད། ཉི་མ་གཅིག་ལ་ང་ཚོས་ཁོང་གཉིས་ཀྱི་བྱས་རྗེས་ཟེར་བ་ཞིག་ཀྱང་གླེང་འོས་པར་མཐོང་གི་ཡོད།
ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་དུམ་བུ་གཉིས་ཆགས་ཡོད་པའི་ཕུགས་རྩ་ནི། ཉིས་སྟོང་བཅུ་དྲུག་ལོའིོ་འོས་བསྡུ་ཆེན་མོའི་སྔ་རྗེས་ཀྱི་གནས་སྟངས་ནས་གླེང་དགོས་པ་དང་། དེ་ཡང་། གཞི་རིམ་མང་ཚོགས་ནང་ཆབ་སྲིད་ཀྱི་གོ་རྟོགས་ཞན་པ་གོ་སྐབས་སུ་བླངས་ཏེ་མངོན་གསལ་དོད་པོས་ཧམ་བཤད་དང་རྫུན་སྒྲོག་བྱས་པ་ལ་བརྟེན་ནས་འཁྲུག་བཅུག་པ་དེ་ནས་གླེང་དགོས་པ་ཡིན་ཙ་ན། བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ཀྱིས་སྐབས་དེར་ཅི་བྱས་བསྡུར་ནས་སུ་ལ་ལེ་ཁག་ཡོད་མེད་དབྱེ་ཁྱད་འབྱེད་དགོས་པར་མཐོང་གི་ཡོད། གང་ལྟར། འདིའི་སྐོར་སྐབས་དེ་དང་དེར་ཡི་གེ་བ་དག་གིས་ཡིག་རིས་སུ་བཀོད་ཅིང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་པ་དེ་ཚོ་དོ་སྣང་ཅན་ཁག་ཅིག་གིས་རིང་མིན་དེབ་ཕྲེང་གི་རྣམ་པས་འདོན་སྤེལ་བྱེད་ཀྱི་ཡོད་གནས་འདུག ད་ལྟ་དོ་སྣང་བྱེད་བསམ་ན། བོད་ཀྱི་བང་ཆེན། བོད་ཀྱི་དུས་བབ། ངོ་དེབ། ཕ་ཡུལ། ཁ་བརྡ་དྲ་ཚིགས་སོགས་ན་ད་ལྟ་ད་དུང་ཀློག་ཆོག་ཆོག་ཏུ་འདུག འདི་འབྲེ་རྩོམ་ཡིག་ཁག་དྲ་ཚིགས་གཅིག་ཏུ་སྤུངས་བཞིན་པ་ཞིག་ཉེ་ཆར་མཐོང་སོང་སྟེ། ད་ལྟ་དེའི་དྲ་བྱང་རྙེད་མ་སོང་།
ཉིན་ཤས་གོང་ངས་ཁྱེད་རང་གི་རྩོམ་ཡིག་རིང་པོ་དེའི་མཇུག་ལ་ཞིབ་ཚགས་མིན་པའི་བསམ་ཚུལ་ཞིག་སྤེལ་བ་དེར་ཉིད་ནས་ཞིབ་མོའི་ལུགས་ཀྱིས་དོ་སྣང་གནངས་འདུག དེར་དགའ་བ་ཅུང་སྐྱེས་སོང་། འོན་ཏེ། ངེད་གཉིས་ཀྱི་ལྟ་ཚུལ་གཅིག་པ་ཆགས་ཐུབ་པའི་མཐོང་སྣེ་ཞིག་རྙེད་མ་སོང་། གང་ལ་ཟེར་ན། ངེད་གཉིས་ཀྱིས་དོན་གནད་འདི་དག་ལ་ལྟ་སྟངས་ཀྱི་རྒྱབ་ལྗོངས་རྦད་དེ་ལོགས་ཀ་འདྲ་ཞིག་ཆགས་བསྡད་འདུག་པར་མཐོང་སོང་། ཁྱེད་རང་གིས་ངའི་བསམ་ཚུལ་ལས་༼ཁས་ལེན་མི་ཐུབ་པ་བཞི༽ཟེར་བ་ཞིག་ཟུར་འདོན་ཞུས་ནས། དེར་གསལ་བཤད་ཅིག་དགོས་པར་བཤད་འདུག གཤམ་གྱི་གསལ་བཤད་དང་དྲ་ཐག་དག་ལ་དོ་སྣང་གནངས་ན་ཁྱེད་རང་གིས་ཁས་ལེན་མི་ཐུབ་པའི་ངའི་བསམ་ཚུལ་དེ་ཚོ་གང་ནས་ཡོང་བའི་རྒྱབ་ལྗོངས་མཐོང་བའི་ཁྱད་ཡོད། དེ་དང་ཆབས་ཅིག ཨ་སྒོར་ས་ཡ་ཉེར་གསུམ་གྱི་སྐོར་དེ་སྲིད་སྐྱོང་གིས་ཇི་ལྟར་གླེང་ཡོད་པ་དང་བོད་ཀྱི་ཐེབས་རྩའི་འགན་འཛིན་གྱིས་གླེང་བ་གཉིས་ཇི་ལྟར་ལོགས་ཀ་ཆགས་སྟངས་བསྡུར་བ་རེ་ཡང་གནང་རོགས།
ཀ༽
༡༽ ཉེ་ཆར་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ཟེར་བ་ཞིག་གླེང་ཤུགས་ཆེན་པོ་བྱས་དང་བྱེད་ཀྱིན་པ་རེད། དེ་སུ་གང་གིས་ལྐོག་ཟ་བྱས་ཡོད་པ་མ་རེད་ཅེས་ཀྱང་གསལ་གསལ་ཐིང་ཐིང་གིས་གླེང་གིན་ཡོད་པ་ཞིག་རེད། འོ་ན། ཅི་ཕྱིར་དེ་གླེང་དགོས་པ་ཆགས་པ་རེད། དེ་དང་འབྲེལ་བའི་གན་རྒྱའི་ཡི་གེ་དེར་འགྲེལ་བཤད་གཉིས་སླེབས་དོན་གྱི་རྒྱབ་ལྗོངས་གནས་ཚུལ་བསྔོགས་རོགས། དེ་ནས་ཆུ་ཕྱེད་ཀ་བརྒལ་ན་ཧ་ཕྱེད་ཀ་གོ་ཡི་རེད།
༢༽ བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཟེར་བ་གླེང་སློང་གི་མགོ་བཙུགས་པའི་སྐབས་ན། ཟམ་གདོང་རིན་པོ་ཆེའི་དེ་འབྲེལ་གྱི་བཀའ་འདྲིའི་ལན་དུ་དགོངས་ཚུལ་གང་བསྟན་བསྟན་པ་དྲ་ཐག་འདི་ན་འདུག གཞན་ཡང་ངགྲོས་ཚོགས་ར་བ་རང་ནས་ཀྱང་འཐུས་མི་མང་པོས་གང་ཟག་གིས་མ་འགྲིག་པ་ལས་སྒྲིག་གཞིས་མ་འགྲིག་པ་མིན་པ་རྒྱུ་མཚན་དུ་བཞག་ནས་དགག་བྱ་བསྐྱོན་ཡོད་པར་ཡང་དཔྱད་བསྡུར་རེ་གནང་ཐུབ་ན་ལེགས།
http://www.khabdha.org/?p=85582
༣༽ ཨ་རི་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་ཨ་སྒོར་ས་ཡ་ ༢༣ གྱི་རོགས་དངུལ་སྐོར་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་འགྲེལ་བརྗོད་གནངས་པ་དྲ་ཐག་འདི་ན་འདུག
https://www.rfa.org/tibetan/society/discussion-on-the-widely-publicised-usaid-dollar-23-million-for-tibetan-projects-in-south-asia-10182016125208.html
༤༽ སྲིད་སྐྱོང་བློ་བཟང་སེང་གེ་སྦེལ་ཇམ་དུ་འབྱོར་སྐབས། ས་གནས་དེར་སྡོད་བོད་མི་ཁག་ཅིག་གིས་ཕེབས་བསུ་དང་ཁག་ཅིག་གིས་ངོ་རྒོལ་བྱས་པའི་གློག་བརྙན་གཤམ་གསལ་དྲ་ཐག་ན་ཡོད་པར་བལྟས་པའི་མཐོང་སྣང་ཡིན། ང་ལ་ཚོར་སྣང་དེ་ལྟར་བྱུང་། ཀྱེད་རང་ལ་ཚོར་བ་ཅི་འབྱུང་ཅི་ཆ།
https://www.facebook.com/search/str/bho+gyalo/keywords_blended_posts
ཁ༽
བཀའ་ཤག་གི་འགྲེལ་བཤད་དང་ཡང་བཤད་ཚང་མར་ཉན་པ་ཡིན། བཀླགས་པའང་ཡིན། དྲ་ཐག་འདི་ན་རྩོམ་ཞིག་འདུག དེ་ཐེངས་གཅིག་ཀློག་རོགས། http://www.khabdha.org/?p=92140
༼ཁྱེད་རང་གིས་བཀའ་ཤག་གི་གསལ་བཤད་སྔ་ཕྱི་དེ་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་ཚོས་འུར་བརྒྱབ་པ་ལ་བརྟེན་ནས་བྱུང་བར་བཤད་འདུག དེ་བདེན་པ་མ་རེད།༽ འདི་ནི་ངས་བློ་བཟང་སེང་གེ་དང་ཁོའི་བཀའ་ཤག་གིས་གསལ་བཤད་སྔ་ཕྱི་ནང་འགལ་ཅན་སྤེལ་བ་དེས་སྤྲད་པའི་གོ་བ་གཞི་ལ་བཞག་ནས་ཞུས་པ་ཡིན། སྲིད་སྐྱོང་དང་བཀའ་ཤག་གི་གསལ་བཤད་སྔ་རྗེས་ནི་མང་ཚཽགས་ཀྱིས་འུར་བརྒྱབ་པ་ལས་བྱུང་བ་མ་རེད། སྲིད་སྐྱོང་དང་བཀའ་ཤག་གིས་ནང་འགལ་ཅན་གྱི་གསལ་བཤད་བྱས་པ་ལ་བརྟེན་ནས་མང་ཚོགས་ནང་ལ་འཁྲུག་རྐྱེན་ཆགས་པ་རེད། དངོས་ཡོད་གནས་སྟངས་འདི་རེད། ཡིན་ནའང་། འདི་ཁྱེད་རང་གིས་ཕལ་ཆེར་ཁས་ལེན་ཐུབ་ཀྱི་མེད་པ་འདྲ། གཅིག་བྱས་ན། ངེད་གཉིས་ཀྱིས་སྒྲུབ་བྱ་ལོགས་ཀ་ཡིན་པ་འདྲ།
ག) ཁས་ལེན་དཀའ་བ་བཅུ་གཉིས་ཞེས་པ་ནི་སྤྱིར་བཏང་གི་ཚིག་ལན་རྣམས་ཡིན། འདི་ལ་ཡང་རིགས་གཉིས་འདུག གྲུབ་འབྲས་ལ་རེ་བ་མེད་པའི་ལན་བཞི་དང་། རེ་བ་ཡོད་པའི་ལན་བརྒྱད་ཡོད། དང་པོ༽ དོན་དག་རེ་ཟུང་གང་ཟག་སོ་སོའི་བསམ་ཕྱོགས་ཀྱིས་འགྲེལ་སྟངས་ལོགས་སུ་ཡོད་སྟབས་བརྗོད་པ་ཡང་མཐུན་ཐབས་མེད་པའི་རིགས་ཤིག་ཡོད་པ་དེ་དག་ལ་ཟེར་བ་ཡིན། དེ་དག་ནིཿ ༡། བོད་ཀྱི་ཐེབས་རྩ་ཁང་ལ་གནོད་ཅིག་བསྐྱལ་ནས་དེ་“་་་སྲིད་སྐྱོང་བློ་་་་་་འགྱིངས་ས་ཞིག་གི་ཆེད་དུ།”་རེད་ཅེས་གསུང་པ་འདི་དང་། ༢། “་་་མི་དཀར་པོ་ནག་པོ་བཟོ་ཐབས་ཁོ་ན་ལྷུར་བླངས་པ”་ཞེས་པ། ༣། “་་་མང་ཚོགས་ཀྱི་འུད་་་་་་་ལ་བརྩི་བཞིན་ཡོད།”་ཅེས་པ། ༤། “༢༠༡༦ ལོའི་འོས་བསྡུའི་སྐབས་་་་་ཨ་མ་དེ་བསྟན་པ་རེད།”་ཅེས་པ་འདི་དག་ནི་མི་སོ་སོའི་སྲིད་སྐྱོང་ལ་གདེངས་འཇོག་བྱེད་སྟངས་ཁོ་ནའི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་སྟབས་ལན་འབུལ་ཡུལ་མེད་པ་དང་། ཕུལ་ན་གྲུབ་འབྲས་ཡོང་རེ་མེད་པའི་དོན་དག་བཞི་རེད། དེ་ནི་དཔེར་ན་མི་གཉིས་ལས་གཅིག་གིས་“དེ་རིང་གི་ཟ་མ་འདི་ཞིམ་པོ་འདུག”་ཟེར་སྲིད་ལ། གཞན་དེས་“ཞིམ་པོ་མི་འདུག”་ཀྱང་ཟེར་ཆོག་པ་ལྟ་བུ་རེད། བརྗོད་གཞི་ཟ་མ་གཅིག་ལ་བཤད་པ་ཞིམ་པ་དང་མི་ཞིམ་དངོས་འགལ་བརྗོད་ཀྱི་ཡོད་པ་དང་། དེ་ལ་གཅིག་གིས་གཅིག་ལ་དེ་ལྟར་མིན་པའི་གོ་བརྡ་སྤྲོད་དཀའ་བ་ལྟ་བུ་རེད། དོན་ཚན་འདི་ཚོ་ལ་དེ་རེ་རེ་ནས་བསམ་བློ་དེ་ལྟར་འཆར་བའི་རྒྱབ་ལྗོངས་ཙམ་གསུང་ན་དགེ་མཚན་ཡོད་ཤས་ཆེ།
གཉིས༽ གྲུབ་འབྲས་ལ་རེ་བ་ཡོད་པའི་ལན་བརྒྱད་ནི་དངོས་པོའི་བདེན་དཔང་བསྟན་ན་བདེན་དོན་ཁས་ལེན་སྤོབས་པའི་གང་ཟག་ཅིག་གིས་བགྲོ་གླེང་བྱས་པའི་གྲུབ་འབྲས་ཡོང་ཆོག་པའི་རིགས་དེ་ལ་ཟེར་བ་ཡིན།
༡)) ཚོགས་ཟུར་ལགས་ཀྱི་གསུང་“ང་མི་གཅིག་རེད་་་་པ་བྱེད་རོགས”་ཞེས་པ་འདི་“ཡག་པོ་མ་རེད་དམ”་ཞེས་གསུང་འདུག་ན་ཡང་། ངའི་བསམ་པར་དུམ་བུ་འདི་ནི་ད་ལན་གྱི་རྙོག་དྲ་འདིའི་ནད་ནད་བདག་བཅས་པ། གདོན་སྣ་འདྲེན་དང་བཅས་པ་རེད་བསམ། སྐད་ཆ་འདིའི་ཚིག་རིས་ལྟར་དུ་གྲུབ་འབྲས་ཐོན་སོང་ངམ་ཏག་ཏག་ལྡོག་ཕྱོགས་ཀྱིས་ཐོན་སོང་དགོངས་པ་བཞེས་དང་།
ད་ལྟ་འདིར་ངས་ཚོགས་ཟུར་མཆོག་གི་ཐོག་ལ་ད་བར་དུ་མ་བཤད་ལ་བཤད་པར་མི་འགྱུར་པའི་སྐྱོན་འདོགས་རེ་ཟུང་ཡོད་ཅེས་པའི་ནང་གི་གཅིག་འབྲེལ་ཆགས་པའི་དབང་གིས་ཞུ་རྒྱུ་བྱེད། དེ་ནི་ཁོང་ཨ་རི་ལ་ཕེབས་ནས་གཞུང་དམངས་བར་ལ་དབྱེན་དཀྲུགས་བརྒྱབས་བརྒྱབས་པའི་འབྲས་བུར་ད་ལན་གྱི་རྙོག་དྲ་འདི་བྱུང་བ་རེད་ཅེས་པ་དེ་ཡིན། དེ་ནི་བཀའ་ཤག་གིས་ཁོང་ས་གནས་གར་ཕེབས་སར་བཀའ་ཤག་ལ་དམའ་འབེབས་བྱས་ལུགས་བཤད་པ་ཙམ་ལས་དཔང་རྟགས་བསྟན་མེད་སྟབས་དེ་འདྲ་ཡིན་ཤས་ཆེ་བསམ་པ་ཙམ་ལས་འཆར་རྒྱུ་གང་ཡང་མེད་ཀྱང་། ཉེ་ཆར་ཁོང་གིས་ཨ་རིར་གསུང་བའི་བརྙན་ཐུང་ཞིག་མཐོང་བ་དེར་དཔགས་ན་བཀའ་ཤག་གིས་གསུང་པ་དེ་འདི་འདྲ་ཞིག་ཡིན་ས་རེད་བསམ་པ་དྲན་བྱུང་། (འདིའི་གསལ་བཤད་དགོས་ན་སྒེར་ཐོག་ལ་མ་གཏོགས་ཞུ་འདོད་མེད)་ད་ལན་གྱི་རྙོག་དྲ་དེ་ཨ་རིའི་ཕྱོགས་ནས་སོན་བཏབ་ནས་འབུས་པ་ཞིག་རེད།
གང་ལྟར་གོང་གི་གསུང་དུམ་བུ་དེ་དོན་ངོ་མའི་ཁོང་གི་སེམས་གཏིང་གི་གསུང་ཡིན་ན་“ཡག་པོ་ཡིན”་པ་མ་ཟད་ཧ་ཅང་ཡག་པོ་ཡིན་ན་ཡང་དེ་ནི་སྲིད་དོན་པའི་གཡེན་སྦྱོར་གྱི་སྐད་ཆ་ཞིག་ལས་ཁོང་གི་ལྷག་བསམ་གྱི་སྐད་ཆ་ཞིག་ཡིན་པའི་ར་སྤྲོད་ཐུབ་པ་མི་འདུག དེའི་རྒྱུ་མཚན་ནི ༡་དེའི་རྗེས་སུ་ཟང་ཟིང་སྣ་དགུ་བྱེད་སྐབས་ཁོང་གིས་“དེ་འདྲ་བྱེད་ན་ང་རྒྱབ་སྐྱོར་རྩ་བ་ནས་མི་དགོས”་ཟེར་བ་ལྟ་བུ་ཁ་བཤད་དོན་གནས་ཀྱི་རྣམ་འགྱུར་ནན་པོ་ཞིག་སྟོན་འོས་ཀྱང་དེ་ལྟར་རྩ་བ་ནས་གནང་མེད། ༢་དེར་མ་ཟད་དོན་གཅོད་གསར་བས་“ཁྱེད་ཀྱིས་གཅིག་གསུང་ན”་གསུང་སྐབས་ཀྱང་“ང་ལ་ངོ་རྒོལ་བྱེད་ཀྱིན་མེད་སྟབས་ངས་ཅིའི་ཕྱིར་བཤད”་ཅེས་གསུང་བ་འདི་གོང་གི་གསུང་དེ་དང་ནང་འགལ་ཏག་ཏག་ཆགས་སོང་། ༣་གལ་སྲིད་ཁོང་གིས་དེ་འདྲ་ངོ་མ་ཐུགས་ལ་དགོངས་ཀྱི་ཡོད་ན་སྔར་མ་བྱུང་ཡང་ད་ཚོད་ཁོང་ལ་འགྱོད་པ་ཟབ་མོ་ཞིག་སྐྱེས་དགོས་ཚོད་ལ་དེ་འདྲའི་རྣམ་འགྱུར་གང་ཡང་ད་བར་མ་མཐོང་བས་སོ།
༢)) ཁྱེད་ཀྱིས་“ཡིག་རྨོངས་པ་ཚོར་་་་་འགྲེལ་བཤད་རྒྱག་དགོས”་ཞེས་གསུང་པ་བདེན། འོན་ཀྱང་སྲིད་སྐྱོང་གི་རྒྱབ་སྐྱོར་བ་ཚོས་ཁོ་ཚོ་ལ་བདེན་པ་ཡོད་པས་ཚུར་འདི་ལྟར་བརྙས་བཅོས་བྱས་ན་དེ་ལ་ལན་གཅིག་འདེབས་མི་ཆོག་ཅི་ཞེས་མི་ཉན་ན་ཅི་བྱེད་དགོས། ཁ་ཁྱེད་ཅག་ལ་ཚུར་སྐོར་ནས་གཅིག་སོམས་དང་ཁྱེད་རྣམས་གྱིས་ཀྱང་རྒྱུ་མཚན་དེ་བགྲངས་ནས་མི་ཉན་པ་མིན་ནམ། ཁྱེད་ཅག་ཁོ་ན་ལ་བདེན་པ་ཡོད་གསུང་ན་ཏག་ཏག་མ་རེད།
ལར་ནས་ངས་ངོ་རྒོལ་བྱས་པ་ལ་ངོ་རྒོལ་མེད་རབས་དང་། ཕར་ཕྱོགས་ལ་དམའ་འབེབས་མཚང་འབྲུ་སོགས་བྱེད་མི་ཉན་རབས་ངས་ལན་གཅིག་མིན་པར་བྲིས་ཡོད། དེའི་ཆེད་དུ་དམིགས་ནས་བྲིས་པ་ཞིག་ད་དུང་ཡང་ངོ་དེབ་ལ་བཞག་ཡོད་པ་དེའི་སྤེལ་དུས་ཚེས་གྲངས་བཅས་པར་གཟིགས་རོགས། འོན་ཀྱང་ཞུ་རྒྱུ་ཞིག་ལ་ངས་གང་འབྲི་བཞིན་པ་འདི་“དངོས་ཡོད་གནས་སྟངས་འགྲེལ་བཤད་རྒྱག་”གི་ཡོད་བསམ་ཡོད།
(དྲ་གྲོགས་བྱང་ཆུབ་ལགས། འཚམས་འདྲི་ཞུ། ཁྱེད་ཀྱི་མཆན་སླེབས་ཡོད་པ་ད་བར་ཧ་གོ་མ་སོང་། གང་ལྟར་ལན་འདིར་འབུལ་འདོད་མེད་ལུགས་ཞུས་ཟིན་པས་དགོངས་འགལ་མེད་པ་ཞུ་རྒྱུ་དང་། མཆན་དེ་ངས་ཞིབ་པར་ཀློག་ཆོག)
༣)) ད་ཐེངས་ཀྱི་ངོ་རྒོལ་“དེ་ཁྱེད་རང་གིས་ཡིན་གཅིག་་་་འགྲེལ་བཤད་བྱེད་དོན་ཅི་ཡིན།”་ཞེས་དང་། འདིར་དྲི་བ་འགའ་ཞིག་ཀྱང་བཏང་འདུག ངས་འདིར་གནས་ལུགས་བཤད་པ་ཙམ་ཡིན། བློ་སེང་ལ་ངོ་རྒོལ་ཡོད་བཀའ་ཤག་ལ་མེད་ཅེ་ན་འགྲིག་པ་ལས། བཀའ་ཤག་ངོ་རྒོལ་ཡོད་བོད་གཞུང་ལ་མེད་ཅེས་པ་ནི་སྐད་ཆ་ནང་འགལ་རེད་བསམ། ལར་ནས་དམངས་གཙོའི་སྤྱི་ཚོགས་ནང་དུ་གཞུང་ལ་ངོ་རྒོལ་བྱེད་པ་དེ་སྡུག་པ་ཞིག་ལ་ངས་མི་རྩིས་ཞིང་། ང་རང་ཡང་གཞུང་གི་སྤྲེ་ལད་པ་བྱེད་པར་འདོད་པ་མེད། རྒྱུན་དུ་ལྡོག་ཕྱོགས་ནས་བསམ་བློ་གཏོང་བ་ང་རང་གི་གཤིས་ཀ་ལ་གྲུབ་ཡོད། བྱས་ཙང་འདི་ནི་ཁྱེད་རྣམས་ལ་མ་རབས་ཀྱི་སེམས་པས་བྲིས་པ་ཞིག་མིན། གང་ལྟར་དེའི་བར་དེ་ན་རྣམ་པ་ཚོ་ལ་ཐར་ས་ཞིག་འདུག་དགོངས་ན་ཁྱད་པར་མི་འདུག
༤)) “འོས་བསྡུ་ཆེན་མོའི་སྐབས་་་དང་ཅི་བཤད”་ང་ལ་ཆ་རྒྱུས་ཅུང་ཙམ་ཡོད་ཀྱང་མ་འགྲིག་པ་ཞིག་ཆེན་པོ་ཞིག་བྱས་སོང་བསམ་པ་ཡེ་ནས་མེད། དེ་ལས་ལྡོག་སྟེ་ཚོགས་ཟུར་ལགས་ཀྱིས་བཀའ་མོལ་ཡ་མ་ཟུང་རེ་འགའ་གསུང་བ་དྲན། ངའི་བསམ་པར་དེ་དུས་སྲིད་སྐྱོང་གི་བཀའ་མོལ་གནང་སྟངས་དེ་ཚོ་བོད་ཀྱི་སྲོལ་རྒྱུན་གྱི་ལམ་ལུགས་ནང་དུ་གསར་བ་འདྲ་ཞིག་བྱུང་བ་མིན་ནམ་སྙམ། དེ་བཞིན་འོས་བསྡུའི་སྐབས་སུ་གཞུང་གི་འཆར་གཞི་འགའ་ཞིག་ཁྱབ་སྒྲོག་བྱས་པ་དེ་ཚོ་ཁ་ཐད་པ་རྣམས་ཀྱི་སེམས་ལ་སོང་མེད་པ་བདེན། ཁྲི་ཟུར་རིན་པོ་ཆེ་བཞིན་སྒམ་ཚུགས་འཛིན་མ་ཐུབ་པ་བདེན་པ་རེེད། འོན་ཀྱང་འདི་འདྲ་ནི་ལས་ཐོག་པ་ཡིན་པའི་འོས་མི་དཀྱུས་མ་སུས་ཀྱང་བྱེད་སྲིད་པ་ཞིག་རེད། མང་གཙོའི་ལམ་ལུགས་ནང་དུ་འདི་འདྲ་བྱེད་འོས་མི་འོས་ནི་གཞི་ནས་རྩོད་གཞིར་ལུས་ཡོད་པ་ལས་བྱེད་མི་ཆོག་པར་ཐག་ཆོད་ཟིན་པའི་གནད་དོན་མ་ཞིག་རེད། དེ་ལས་ལྷག་པའི་ནོར་འཁྲུལ་ཆེན་པོ་ཞིག་མིན་པ་ཁྱེད་རྣམ་པས་ཀྱང་བསམ་ཤེས་གནང་དགོས་རེད་སྙམ།
༥)) “བློ་བཟང་སེང་གེས་ཧམ་པ། རྫུན་མ། མགོ་སྐོར་གཏོང་ཐབས་བཅས་ལ་ཤ་ཐང་དུ་འབད་པ”་དེ་འདྲ་ངའི་བསམ་ངོ་ལ་ད་བར་དུ་རྩ་བ་ཉིད་ནས་མཐོང་གི་མི་འདུག ཁོ་རང་གཞིས་ཆགས་ཕྲུ་གུ་ཞིག་ཡིན་པ། དེའི་ཚོད་ཀྱི་ཞན་ཆ་དང་བཟང་ཆ་ཡོད་པ་ཁས་ལེན་ཞུ་གི་ཡོད། བཟང་ཆ་གཅིག་ནི་བློ་སྤེན་གཉི་ཀ་ལ་ཆོལ་ཞེན་དེ་འདྲ་ཆེན་པོ་ཡོད་ཀྱི་མ་རེད་བསམ། རྫུན་དང་ཧམ་པ་གང་གསུང་སོང་། དཔེར་མཚོན་གཅིག་བཞག་གནང་ན་གོ་བ་ཞིག་ལོན་རྒྱུ་ཡོད་སྙམ།
འོན་ཀྱང་འདིར་བསམ་ཚུལ་ཞིག་ཞུ་བསམ་པ་ནི། བཙན་བྱོལ་བོད་གཞུང་གི་དབུ་འཛིན་མང་པོའི་ནང་ནས་ཕྱི་དངོས་པོའི་མཐུན་རྐྱེན་མཁོ་སྒྲུབ་བྱེད་པ་སོགས་ལ་བློ་སེང་འདྲ་བའི་འཇོན་ཐང་ཅན་ཞིག་ད་བར་དུ་བྱུང་མ་སོང་བ་དང་། འབྱུང་འགྱུར་མི་རྣམས་ཀྱིས་བཀའ་ཤག་སྐབས་༡༤་དང་༡༥་བའི་དུས་ཚོད་དེ་བཙན་བྱོལ་ལོ་རྒྱུས་ནང་གི་སྐལ་བ་ཡག་བཟང་གི་དུས་སྐབས་ཤིག་ལ་ཕྱིར་དྲན་བྱ་ངེས་པ་འདུག་སྙམ། འུར་བརྗོད་ཡེ་ནས་མིན། (འོན་ཀྱང་ཁྱེད་རྣམ་གྱི་རྙོག་གླེང་འདིས་ཁོང་ཡང་ཏོག་ཙམ་ནག་པོར་བཟོས་ཡོད། སྐུ་རྩེད་ཡིན། ཧ་ཧ་ཧ)
༦)) “དོན་གཅོད་འཕོ་་་་་ཕོད་ཀྱི་མེད་པ་རེད།”་ཅེས་པར། དེ་འདྲ་གླེང་ཕོད་ཀྱི་མེད་པ་གང་ཡང་མ་རེད། ངོ་རྒོལ་དེ་གླེང་ན་དེའི་རྒྱུ་རྐྱེན་འཚོལ་དགོས་པ་ནི་ཁྱེད་ཀྱིས་རྙོག་དྲ་འདི་དག་གི་རྒྱུ་རྐྱེན་༢༠༡༦་བར་དུ་འཐེན་གྱི་ཡོད་པ་དང་གཅིག་པ་རེད། བྱ་བ་གང་ལ་ཡང་རྒྱུ་རྐྱེན་ཡོད་སྟབས་དེ་ནས་གླེང་བ་ཙམ་རེད།
(རིང་སོང་བས་དེ་རིང་འདི་ཙམ་བྱེད)
བྱང་ཆུབ་ལགས།
༼ཁས་ལེན་མི་ཐུབ་པ་བཞི༽་མ་རེད། ཁས་ལེན་ཐུབ་པ་བཞི་རེད། ཧ་ཧ་ཧ འདི་ལ་སྐྱོན་མི་འདུག
འཇམ་དཔལ་ཚུལ་ཁྲིམས་ལགས།
ཉིད་རང་ནས་ལྟ་ཚུལ་མུ་མཐུད་སྤེལ་བཞིན་པར་དགའ་བསུ་ཡོད། ༼བཀའ་ཤག་སྒོ་བརྒྱབ་པ་རེད་ལབ་ན། བོད་གཞུང་སྒོ་བརྒྱབ་པ་ཨེ་རེད། བཀའ་་ཤག་ལབ་ན་སྐབས་བཅུ་པ་དང་བཅོ་ལྔ་སོགས་སུ་བགྲང་དུ་ཡོད། བོད་གཞུང་ལབ་ན་སྐབས་དང་པོ་དང་ལྔ་པ་སོགས་སུ་བགྲང་དུ་མེད༽ ཅེས་སོགས་དྲི་བ་དང་བཅས་ཏེ་འདྲི་གླེང་ཞུ་འདོད་པ་ཁ་ཤས་ཡོད་པ་དུས་ཁོམ་གྱི་བར་གསེང་ཞིག་ནས་གླེང་ཆོག་པ་ཞུ།
དྲ་གྲོགས་ལགས།
ཚང་མ་ཚར་མ་སོང་། རྗེས་མ་ཞིབ་པར་བལྟ་ཡོང་།
དགོད་དྲོ་བ་ཞིག་ལ་ས་ཡ་༢༣་གྱི་སྐོར་དེའི་ནང་གཞུང་གི་སྐྱོན་སྣེ་འདི་རེད་སྙམ་པ་གང་ཡང་ངས་འཇུ་ཐུབ་མ་སོང་། དེ་ལས་ལྡོག་པ་ཞིག་བྱུང་ཀྱང་སོང་།
ངས་ཁས་ལེན་མི་ཐུབ་གཅིག་དེའི་ཐོག་ལ་ཁྱེད་ཀྱི་དགོངས་ཚུལ་གསུང་སྟངས་ལ་བལྟས་ན་འུ་གཉིས་ར་འཕྲོད་དཀའ་ས་རེད་སྙམ། “བཀའ་ཤག་གིས་གསལ་བཤད་སྔ་ཕྱི་ནང་འགལ་ཅན”་གང་ཞིག་སྤེལ་སོང་བ་ངས་རྩ་བ་ནས་ཤེས་ཀྱི་མི་འདུག འདི་འདྲའི་སྐབས་སུ་ཚིག་ཟིན་ལ་གང་ཡོད་པ་དེའི་ཐོག་ལ་འགྲོ་དགོས་པ་ལས་དགོངས་པ་བཀྲལ་ནས་སོང་ན་ཡོང་ཐབས་མེད་པ་མཁྱེན་པར་ཞུ། དེར་མ་ཟད་རང་རང་གི་འདོད་པ་ལྟར་དགོངས་འགྲེལ་བྱས་ནས་སོང་ན་དེ་བས་ཀྱང་གཞི་གཅིག་ལ་བབ་ཐབས་མེད། འགྲེལ་ལུགས་ཙམ་ལ་གཞི་བཅོལ་ན་ཚིག་རིས་ལ་གང་ཡོད་ལ་ལྟ་ས་ཡེ་ན་མེད་པར་འགྱུར། དཔེར་ནཿ ཕ་དང་མ་ནི་གསད་བྱ་“ཡིན”་ཞེས་གསུང་བ་ཡང་དགོངས་འགྲེལ་གྱི་སྒོ་ནས་གསད་བྱ་“མིན”་ཞེས་པར་འགྲེལ་ཆོག་པ་དེ་འདྲ་རེད།
ད་ལན་གསལ་བཤད་དག་གི་ནང་དུ་ཁ་ནོར་བ་འདྲ་བྱུང་ན་ཡང་དེ་ཚིག་རྩ་ལ་བཟུང་ནས་བཙིར་ན་ཆོག་ལ། དེ་ལ་གསལ་བཤད་འདྲ་བྱེད་པ་སོགས་བྱེད་དགོས་བྱུང་ན་ཉག་ཉོག་མང་པོ་ཞིག་ཡོང་སྲིད་ན་ཡང་། ད་ལན་གྱི་གསལ་བཤད་དག་གི་ནང་དུ་ཁ་ཙམ་ཡང་ནོར་ཡོད་པར་མ་མཐོང་བས་ནང་འགལ་ཅན་དེ་བས་རྙེད་མ་སོང་ལགས།
དེའི་ཕྱིར་འུ་བསམ་ཚུལ་རྗེ་ལེན་བྱེད་དགོངས་ན་ངོ་དེབ་དང་སྐད་འཕྲིན་གྱི་ལམ་ནས་ང་ལ་འབྲེལ་བ་གནོངས་དང་ངའི་བསམ་ཚུལ་སྒེར་ཐོག་ལ་ཞུ་ཆོག http://www.facebook.com/jampel.amchod
༧)) “བདེན་པ་འདྲ་ཞིག་ཤོད་རྒྱུ་ཡོད་ན་་་་་བྱེད་དགོས་པ་མ་རེད་དམ།”་ཅེས་པར། སྲིད་སྐྱོང་ལ་བདེན་པ་མེད་པ་རྩ་བ་ནས་མི་མཐོང་ཞིང་། རྩོམ་འདིའི་ཁ་བྱང་ལས་ཤེས་པ་ལྟར་སྤེན་ཚེ་ལ་ཡང་བདེན་པ་ཞིག་བགྲངས་ཡོད་པར་ཁས་ལེན་ཞུ་གི་ཡོད། འོན་ཀྱང་བདེན་པ་ལ་རིན་ཐང་ཆེ་ཆུང་ཡོད་ཅིའི་ཕྱིར་ཁས་མི་ལེན། སྲིད་སྐྱོང་ལ་ཁག་མེད་པའི་གནད་དོན་ཞིག་ཡོད་པར་བསམ་ཤེས་ཅིའི་ཕྱིར་མི་ཐུབ། ཁོང་གི་བདེན་པ་ནི་གང་བཤད་ཡོད་པ་དེ་དག་རེད། འདི་དག་སྲིད་སྐྱོང་མི་གཅིག་གིས་བཤད་པ་མིན་པར་བཀའ་ཤག་མི་བདུན་གྱིས་སྤྱི་མོས་ཡིན་ཙང་འདི་ལ་བདེན་པ་ཡོད་ཤག་རྩི་གི་ཡོད། གལ་སྲིད་ཁྲིམས་ལ་སྦྱར་ན་དེ་དུས་ཁོ་ཚོས་གང་བཤད་པ་ལ་དཔང་རྟགས་སྟོན་དགོས། སྟོན་རྒྱུ་མེད་ན་བདེན་པ་མིན་པའི་མཐའ་དེ་དུས་གསལ་གྱི་རེད། ཁྱེད་རྣམས་ཀྱིས་ད་ལྟ་ནས་འདི་དག་བདེན་པ་མ་རེད་ཅེས་གསུང་ཙང་འདི་ལས་ལྷག་པ་ཞིག་ང་ལ་བཤད་ཡོང་རྒྱུ་མེད།
སྤྱིར་ན་ད་ལན་གྱི་བཀའ་ཤག་གི་ཐག་གཅོད་འདི་འདི་འདྲའི་རྙོག་དྲ་ཅན་ཞིག་ཆགས་དགོས་དོན་མེད། འོན་ཀྱང་ད་ལན་སོ་སོའི་བསམ་ཚུལ་དང་ཅུང་ཟད་མ་མཐུན་སྟབས་དོན་དག་ཆེ་ཆུང་དང་མཇུག་འབྲས་གང་ཡོད་ལ་མི་བསམ་པར་མང་གཙོ་ཡིན་ཞེས་མདུན་ལ་དོན་རྐྱང་བྱེད་པ་འདི་བོད་མིའི་བཟང་སྤྱོད་ཉམས་དམས་སུ་འགྲོ་གི་ཡོད་པའི་རྟགས་མཚན་ཞིག་རེད་སྙམ། འདི་ཕྱོགས་གཉིས་ཀ་ལ་ཟེར་བ་ཡིན། སྔར་གྱི་སྐབས་སུ་འདི་འདྲ་མང་པོ་བྱུང་ཡོད་ཀྱང་འདི་འདྲའི་གནས་ཚུལ་བྱུང་མེད།
༨)) རྣམ་པ་ཚོའི་སེམས་སུ་སྲིད་སྐྱོང་གིས་“སྲིད་དབང་སྒེར་གཅོད”་བྱེད་ཀྱི་ཡོད་པའི་ཚོར་སྣང་ཞིག་ཡོད་ཚོད་འདུག ལར་ནས་ངོ་གདོང་གིས་བལྟས་ན་འདི་བཟང་བ་ཞིག་མིན་ཀྱང་ངས་འདི་ནས་ཀུ་རེའི་ཚུལ་དུ་ངོས་གཞན་ནས་གཅིག་འགྲེལ་བསམ། དེ་ནི་“འདི་སྲིད་སྐྱོང་གིས་ལས་དོན་ཚགས་ཚུད་ཡོང་གི་ཡོད་པའི་རྟགས་མཚན་ཞིག་ཡིན”་སྲིད་ཅེས་ཞུ་རྒྱུ་ཡིན། གང་ལགས་ཤེ་ན་སྲིད་དབང་སྒེར་གཅོད་ཅེས་པ་བྱེད་པ་ལ་ཆ་རྐྱེན་ཁག་ཅིག་ཡོད་དགོས་པ་དེ་དག་གཅིག་ཀྱང་སྲིད་སྐྱོང་ལ་ལྡན་མེད་པས་ཡིན། ཆ་རྐྱེན་ནི་ ༡། དྲག་པོ་དམག་གི་ཤུགས། ༢། རྒྱུ་དཔལ་འབྱོར་གྱི་ཤུགས། ༣། ཁ་ལྕེའི་གཏམ་གྱི་ཤུགས། ལྟ་གྲུབ་རིགས་ལམ་གྱི་ཤུགས་སོགས་མདོར་ན་ཁོ་རང་གི་འཁོར་དུ་གྱུར་བ་ཐམས་ཅད་རང་དབང་མེད་པར་ཁོའི་གང་འདོད་དུ་སྐུལ་ཐུབ་པའི་ནུས་པ་ཞིག་ཁོ་ལ་ཡོད་དགོས། དེ་དག་གི་གཅིག་ཀྱང་བློ་སེང་ལ་ལྡན་མེད་པས་ཁོས་སྲིད་སྒེར་གཅོད་ནམ་ཡང་བྱེད་མི་ཐུབ། དེས་ན་རེ་ཟུང་གི་སྣང་ངོར་དེ་འདྲ་བ་ཞིག་མཐོང་བསྡད་པ་འདི་ཁོས་ལས་དོན་ཐམས་ཅད་ལ་འགན་ཁུར་གྱི་ཡོད་པ་དང་དེ་ཚགས་ཚུད་པོ་ཡོང་གི་ཡོད་པའི་རྟགས་མཚན་ལས་ལྷག་མི་འདུག་ཅེས་ཟེར་རོ།
སྲིད་སྐྱོང་སེང་གེས་ཡོ་རོབ་ན་ཟིང་ཟིང་ལོང་ལོང་བཟོ་བཞིན་འདུག
ཚང་མས་ཤེས་གསལ་ལྟར་ ༢༠༡༨ ལོའི་ཟླ་ ༡ ཚེས་ ༡༩ ནས་ སྤྱི་ཟླ་ ༢ ཚེས་ ༣ བར་སྲིད་སྐྱོང་སྐུ་ངོ་མཁས་དབང་བློ་བཟང་སེང་གེ་ལགས་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་གི་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ ༢༠༡༨།༡།༡༩ སྔོ་དྲོ་ཆུ་ཚོད་ ༨ སྲིད་སྐྱོང་མཆོག་གནམ་གྲུ་ནས་མར་བབས་ཏེ་གནམ་ཐང་ལ་ཞབས་སོར་ཆེས་དང་པོ་བཀོད་མ་ཐག་ཏུ། དུས་རྒྱུན་ཆེས་བདེ་འཇགས་དང་ཞི་འཇམ་ཡིན་པའི་ཛུ་རིག་རྒྱལ་སྤྱིའི་གནམ་ཐང་སྐད་གྲགས་ཅན་དེ་ལ་བྲག་ཅ་འཁོར་ནས་ཟིང་ཟིང་ལོང་ལོང་དུ་གྱུར་སོང་དུ་གྱུར་ཞིང་། གནམ་ཐང་ནས་ཡར་མར་ཕེབས་མཁན་གྱི་རྒྱལ་སྤྱི་མགྲོན་པོ་མང་པོ་དང་ལས་བྱེད་ཚོ་མི་སྣ་ཚོ་ཆེས་རྒྱུན་ལྡན་མ་ཡིན་ཟིང་ཟིང་ལོང་ལོང་གི་རྣམ་པ་དེ་གང་ཡིན་འདི་ཡིན་མ་ཤེས་པར་སེམས་འཚབ་ལངས་བྲེལ་ཟིང་དུ་གྱུར། འོན་ཀྱང་བོད་མི་ཚོར་མཚོན་ན་དེ་ནི་གནས་ཚུལ་གསར་བ་གང་ཡང་མ་ཡིན་པར། ང་ཚོའི་མིག་དང་རྣ་ལམ་ལ་གོམས་བྱང་གྱུར་ཟིན་པའི་བོད་མིའི་སྲིད་སྐྱོང་ངམ་ཁམས་པའི་སྲིད་སྐྱོང་སྐུ་ངོ་མཁས་དབང་བློ་བཟང་སེང་གེ་ཕྱི་རྒྱལ་གྱི་གནམ་ཐང་ཁག་ནས་ཕེབས་སྟངས་དེ་རེད། འདིར་ཁམས་པའི་སྲིད་སྐྱོང་ཟེར་དོན་ཁ་ན་ཏྲའི་གནམ་ཐང་ནས་སྲིད་སྐྱོང་དང་ཁོར་རྒྱབ་སྐྱོར་བ་ཚོས་ ང་ཚོའི་ཁམས་པའི་མི་ལ། སྲིད་སྐྱོང་མེད་པ་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ་ཟེར་ནས་གཞས་བཏང་བའི་ཚིག་དེ་རེད། ཁོ་ཚོའི་ནོར་འཁྲུལ་ཅན་གྱི་གཞས་གཏོང་སྟངས་ལ་ཟུར་ཟ་ཞུ་བ་ལས། གཞན་ཞིག་གིས་ཁམས་པའི་སྲིད་སྐྱོང་ཞེས་མིང་བཏགས་པ་མ་རེད།
སྟབས་མ་ལེགས་པ་ཞིག་ལ་སྲིད་སྐྱོང་མཆོག་སྦེད་འཇམ་དང་ཧྥ་རིན་སི་བཅས་སུ་གཞུང་འབྲེལ་ཕྱོགས་སྐྱོད་གྲུབ་ནས་བདུན་ཕྲག་གཅིག་གི་རྗེས་སུ། ༢༠༡༨ ལོའི་ཕྱི་ཟླ་ ༡ ཚེས་ ༨ ཉིར་ཕྱིར་སུད་སིའི་ཛུ་རིག་གནམ་ཐང་བརྒྱུད་ནས་ཕེབས་ཉེའི་སྐབས་འདིར། སུད་སི་གཞུང་གིས་བོད་མིའི་སྲིད་སྐྱོང་མཆོག་གནམ་ཐང་ནས་ཕེབས་སྟངས་ལ་སྒྲིག་གཞི་གསར་བ་བཟོས་ཡོད་འདུག ད་ལམ་སྔོན་མ་དང་མི་འདྲ་བར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མི་སྣ་ཁ་ཤས་ཤིག་ལས་ཕེབས་བསུ་ཞུ་མཁན་མང་པོ་ཡོང་རྒྱུའི་ཐོབ་ཐང་མེད་པ་བཟོས་འདུག སྲིད་སྐྱོང་ལགས་ཀྱང་གནམ་གྲུ་ནས་མར་བབས་མ་ཐག་མོ་ཏྲའི་ནང་བཞུགས་ནས་ཐད་ཀར་གནམ་ཐང་གི་ཕྱི་ལ་ཕེབས་དགོས་པ་ལས། སྔོན་མ་ལྟར་གནམ་ཐང་ནས་མར་ཕེབས་ཏེ་ཕེབས་བསུ་ཞུ་མཁན་ཚོར་ལག་འཇུ་བྱེད་པ་དང་ཁ་བཏགས་འཐེན་པ། གཞས་གཏོང་བ་དང་ཡང་ན་ཞབས་བྲོ་འཁྲབ་པ་སོགས་གནམ་ཐང་ནས་དཀྲོག་དཀྲོག་དང་རྫིག་རྫིག་རྔམ་རྔམ་རྒྱུའི་གོ་སྐབས་མེད་པ་བཟོས་ཡོད་ཚོད་འདུག
བོད་མི་ཞིག་ཡིན་ན་གནས་ཚུལ་འདི་ནི་ཆེས་བློ་ཕམ་སྐྱེས་དགོས་པ་ཞིག་ལས་དགའ་འོས་པའི་གཏམ་བཟང་མ་ཡིན་མོད། ང་རྒྱལ་དང་ཁེངས་དྲེགས་རི་རྒྱལ་ལྷུན་པོ་ལས་མཐོ་བའི་སྲིད་སྐྱོང་མཆོག་ཁོ་རང་གིས་ཉོས་པའི་རང་སྡུག་རེད། ཉམ་ཆུང་བཙན་བྱོལ་བོད་མིའི་སྟེང་ལ་གང་འགྲོ་བ་མི་རིགས་གཞན་གྱི་སྟེང་ལ་ཟུར་ཙམ་ཡང་མི་འགྲོ་བ་ཐེངས་དང་པོར་ཤེས་ཡོད་ཚོད་རེད། མ་ཟད་བོད་མི་མཐོ་དམན་སུ་ཡིན་ཡང་སྐྱབས་བཅོལ་ཡིན་པ་མ་བརྗེད་པའི་ཐོག་ནས། ཡུལ་ཤོར་བ་ང་ཚོར་ཤ་ཚ་དང་སྙིང་རྗེས་སྐྱབས་བཅོལ་གནང་མཁན་རྒྱལ་ཁབ་ཀྱི་ས་ཐོག་ནས། ལག་པའི་ནང་སྐྱབས་བཅོལ་བའི་ལག་ཁྱེར་བཟུང་ནས་ཕྱི་ལ་དཀྲོག་དཀྲོག་དང་རྫིག་རྫིག་མི་བྱ་བར། ཡ་རབས་དང་ཁྲིམས་མཐུན་གནང་རྒྱུ་བོད་མི་སྐྱབས་བཅོལ་བ་ཚོས་སྐར་ཆ་གཅིག་ལའང་མ་བརྗེད་པ་གནང་རོགས་ཞུ་འདོད་བྱུང་།
མ་གཞི་བློ་བཟང་སེང་གེ་འདི་མི་ཧ་ཅང་ཁྲེལ་མེད་ཅིག་རེད། བློ་སེང་རང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཡུལ་ཁྲིམས་དང་མ་འགལ་ཞིང་ཆེ་མཐོང་ལྡན་པའི་ཐོག་ནས་ལམ་སྟོན་དང་ཤེས་ཡོན་ཐོག་ནས་སྣེ་ཁྲིད་བྱེད་འོས་པ་ལས། དུད་འགྲོ་ནང་འཁྲབ་བཅུག་ནས་བརྡབ་སུག་གཏོང་བཞིན་པ་ཆེས་མ་རུང་བའི་བྱ་སྤྱོད་གདུག་རྩུབ་ཅན་ཞིག་ཏུ་མཐོང་གི་ཡོད། ཐ་ན་ཁོང་གི་རྒྱབ་སྐྱོར་བའི་ནང་བོད་མི་སྤྱི་མཚུངས་ལྟར་ད་དུང་ཁྲིམས་མཐུན་གྱི་སྐྱབས་བཅོལ་རག་མེད་མཁན་དང་། ལས་ཀ་མེད་མཁན་སོགས་ཀྱང་ཡོད་སྲིད། ཡང་ནའང་བཟོ་གྲྭ་དང་ཟ་ཁང་སོགས་སུ་དཀའ་ལས་ཆེ་བའི་ལས་ཀ་སྣ་ཚོགས་བྱེད་བཞིན་པའི་ཕྱི་རྒྱལ་བོད་རིགས་སྐྱབས་བཅོལ་སྤྱི་དང་། ལྷག་པར་དུ་ཁོང་རང་ལ་ཞེན་ཁོག་བྱས་ནས་རྒྱབ་སྐྱོར་གནང་མཁན་གྱི་བོད་རིགས་རྣམས་ཡུལ་མིའི་མིག་ནང་དུ་ཆེ་མཐོང་བརླག་རྐྱེན་དང་། ཐ་ན་ཁྲིམས་འགལ་དང་འཁྲུགས་རྐྱེན་སྣ་ཚོགས་ཡོང་གཞིའི་བྱ་སྤྱོད་འདི་རིགས་གྱི་སྣེ་ཁྲིད་བྱས་ཏེ། ད་དུང་དེ་ནི་རང་གི་སྤོབས་པ་དང་གཟི་བརྗིད་ཡིན་བསམ་ནས་ངོམ་སོ་བྱེད་པ་ནི་ཆེས་ངོ་ཚ་ཁྲེལ་མེད་ཀྱི་ཆབ་སྲིད་འཁྲབ་སྟངས་ཤིག་རེད། ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚོའི་ཉི་མ་རེ་རེའི་ལས་ཁུར་སོགས་ཀྱི་དཀའ་ངལ་ལ་བསམ་བློ་ཙམ་ཡང་མ་འཁོར་བ་ཁྲེལ་མེད་རེད། ང་ནི་ཁོང་གི་རྒྱབ་སྐྱོར་བ་རྣམས་ལ་བརྩེ་འདང་དང་གདུམ་སེམས་མཉམ་སྐྱེས་ཡོད། ཁོ་ཚོ་ཁྲིམས་དང་འགལ་ན་བློ་སེང་གིས་སྐྱོབས་ཐུབ་ཀི་མ་རེད། བློ་སེང་གིས་ང་ལ་འབྲེལ་བ་མེད་ཟེར་ནས་རང་ཉིད་དག་འབུལ་གནང་རྐྱང་བྱེད་ཀི་རེད།
དོལ་ཚོགས་ལས་གཞན་སྤྱི་ཡོངས་ཀྱི་ཆ་ནས་བདེ་འཇགས་དང་ཞི་འཇམ་ཡིན་པའི་ཕྱི་རྒྱལ་ཁག་གི་བོད་མིའི་སྤྱི་ཚོགས་ཆེ་མཐོང་ལྡན་པ་དེ། བློ་བཟང་སེང་གེ་སྲིད་སྐྱོང་ཆགས་པ་ནས་འཆམ་མཐུན་མེད་པའི་ཟིང་ཟིང་ལོང་ལོང་དུ་གྱུར་བ་མ་ཟད། ད་ནས་ཡུལ་ཁྲིམས་དང་འགལ་བའི་འཁོན་འཁྲུགས་རིགས་འབྱུང་ཉེའི་འཚམ་ལ་བསྐྱལ་ཡོད།
སྲིད་སྐྱོང་གིས་དྲང་པོ་གནང་གི་མི་འདུག་ཟེར་ནས་ཁོང་ཕེབས་སྐབས་སུ་བོད་མི་ཆེས་ཉུང་ཤས་ཤིག་ཏེ། སྐབས་རེ་མི་གྲངས་ཉི་ཤུ་དང་སུམ་ཅུ་ཡར་མར་འཛོམས་ནས། རང་རང་གི་མངོན་འདོད་ཀྱི་འབོད་ཚིག་འགའ་རེ་བྲིས་ནས་ཆེས་ཉམས་ཆུང་གི་སྒོ་ནས་ཞི་བའི་ངོ་རྒོལ་གྱི་རྣམ་པ་སྟོན་མཁན་རེ་ཟུང་ཡོང་གི་ཡོད་པ་ལ། དེ་ཙམ་གྱིས་མ་བཟོད་པ་དང་སྡང་ཟུག་བྱེད་དོན་མེད་ནའང་། སྲིད་སྐྱོང་དང་ཁོང་གི་རྒྱབ་སྐྱོར་ཚོས་ཚབ་ཆེ་རུ་བཏང་སྟེ་དྲག་པོའི་ཐོག་ནས་ཁོ་ཚོའི་ཁ་འགོག་གི་ཡིན་བསམ་པ་ནི་ཆེས་ནོར་འཁྲུལ་རེད། ཡུལ་ཁྲིམས་མ་རྩིས་པ་རེད།
བློ་སེང་གི་རྒྱབ་སྐྱོར་བ་མང་ཆེ་ཤས་ཡ་རབས་དང་ཉམས་ཆུང་བོད་མི་སྤྱི་མཚུངས་རེད། འོན་ཀྱང་བློ་སེང་དང་ཁོའི་ནང་འཁོར་ཚོས་ཕྱོགས་ཞེན་གྱི་ཚོར་བ་ཤུགས་ཆེན་པོ་བསླངས་ནས་མི་མང་པོ་འཕྲོ་བརླག་ཏུ་གཏོང་གི་འདུག མུ་མདགོད་་་་་་་
སྲིད་སྐྱོང་སེང་གེས་ཡོ་རོབ་ན་ཟིང་ཟིང་ལོང་ལོང་བཟོ་བཞིན་འདུག
ཚང་མས་ཤེས་གསལ་ལྟར་ ༢༠༡༨ ལོའི་ཟླ་ ༡ ཚེས་ ༡༩ ནས་ སྤྱི་ཟླ་ ༢ ཚེས་ ༣ བར་སྲིད་སྐྱོང་སྐུ་ངོ་མཁས་དབང་བློ་བཟང་སེང་གེ་ལགས་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་གི་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ ༢༠༡༨།༡།༡༩ སྔོ་དྲོ་ཆུ་ཚོད་ ༨ སྲིད་སྐྱོང་མཆོག་གནམ་གྲུ་ནས་མར་བབས་ཏེ་གནམ་ཐང་ལ་ཞབས་སོར་ཆེས་དང་པོ་བཀོད་མ་ཐག་ཏུ། དུས་རྒྱུན་ཆེས་བདེ་འཇགས་དང་ཞི་འཇམ་ཡིན་པའི་ཛུ་རིག་རྒྱལ་སྤྱིའི་གནམ་ཐང་སྐད་གྲགས་ཅན་དེ་ལ་བྲག་ཅ་འཁོར་ནས་ཟིང་ཟིང་ལོང་ལོང་དུ་གྱུར་སོང་། གནམ་ཐང་ནས་ཡར་མར་ཕེབས་མཁན་གྱི་རྒྱལ་སྤྱིའི་མགྲོན་པོ་མང་པོ་དང་ལས་བྱེད་མི་སྣ་ཚོས་ཆེས་རྒྱུན་ལྡན་མ་ཡིན་པའི་ཟིང་ཟིང་ལོང་ལོང་གི་རྣམ་པ་དེ་གང་ཡིན་འདི་ཡིན་མ་ཤེས་པར་སེམས་འཚབ་དང་བྲེལ་ཟིང་དུ་གྱུར། འོན་ཀྱང་བོད་མི་ཚོར་མཚོན་ན་དེ་ནི་གནས་ཚུལ་གསར་བ་གང་ཡང་མ་ཡིན་པར། ང་ཚོའི་མིག་དང་རྣ་ལམ་ལ་གོམས་བྱང་གྱུར་ཟིན་པའི་བོད་མིའི་སྲིད་སྐྱོང་ངམ་ཁམས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ཕྱི་རྒྱལ་གྱི་གནམ་ཐང་ཁག་ནས་ཕེབས་སྟངས་དེ་རེད། འདིར་ཁམས་པའི་སྲིད་སྐྱོང་ཟེར་དོན་ཁ་ན་ཏྲའི་གནམ་ཐང་ནས་སྲིད་སྐྱོང་དང་ཁོར་རྒྱབ་སྐྱོར་བ་ཚོས་ ང་ཚོའི་ཁམས་པའི་མི་ལ། སྲིད་སྐྱོང་མེད་པ་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ་ཟེར་ནས་གཞས་བཏང་བའི་ཚིག་དེ་རེད། ཁོ་ཚོའི་ནོར་འཁྲུལ་ཅན་གྱི་གཞས་གཏོང་སྟངས་ལ་ཟུར་ཟ་ཞུ་བ་ལས། གཞན་ཞིག་གིས་ཁམས་པའི་སྲིད་སྐྱོང་ཞེས་མིང་བཏགས་པ་མ་རེད།
སྟབས་མ་ལེགས་པ་ཞིག་ལ་སྲིད་སྐྱོང་མཆོག་སྦེད་འཇམ་དང་ཧྥ་རིན་སི་བཅས་སུ་གཞུང་འབྲེལ་ཕྱོགས་སྐྱོད་གྲུབ་ནས་བདུན་ཕྲག་གཅིག་གི་རྗེས་སུ། ༢༠༡༨ ལོའི་ཕྱི་ཟླ་ ༡ ཚེས་ ༢༨ ཉིར་ཕྱིར་སུད་སིའི་ཛུ་རིག་གནམ་ཐང་བརྒྱུད་ནས་ཕེབས་ཉེའི་སྐབས་འདིར། སུད་སི་གཞུང་གིས་བོད་མིའི་སྲིད་སྐྱོང་མཆོག་གནམ་ཐང་ནས་ཕེབས་སྟངས་ལ་སྒྲིག་གཞི་གསར་བ་བཟོས་ཡོད་འདུག ད་ལམ་སྔོན་མ་དང་མི་འདྲ་བར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མི་སྣ་ཁ་ཤས་ཤིག་ལས་ཕེབས་བསུ་ཞུ་མཁན་མང་པོ་ཡོང་རྒྱུའི་ཐོབ་ཐང་མེད་པ་བཟོས་འདུག མ་ཟད་སྲིད་སྐྱོང་ལགས་ཀྱང་གནམ་གྲུ་ནས་མར་བབས་མ་ཐག་མོ་ཏྲའི་ནང་བཞུགས་ནས་ཐད་ཀར་གནམ་ཐང་གི་ཕྱི་ལ་ཕེབས་དགོས་པ་ལས། སྔོན་མ་ལྟར་གནམ་ཐང་ནས་མར་ཕེབས་ཏེ་ཕེབས་བསུ་ཞུ་མཁན་ཚོར་ལག་འཇུ་བྱེད་པ་དང་ཁ་བཏགས་འཐེན་པ། གཞས་གཏོང་བ་དང་ཡང་ན་ཞབས་བྲོ་འཁྲབ་པ་སོགས་གནམ་ཐང་ནས་དཀྲོག་དཀྲོག་དང་རྫིག་རྫིག་རྔམ་རྔམ་རྒྱུའི་གོ་སྐབས་མེད་པ་བཟོས་ཡོད་ཚོད་འདུག
བོད་མི་ཞིག་ཡིན་ན་གནས་ཚུལ་འདི་ནི་ཆེས་བློ་ཕམ་སྐྱེས་དགོས་པ་ཞིག་ལས་དགའ་འོས་པའི་གཏམ་བཟང་མ་ཡིན་མོད། ང་རྒྱལ་དང་ཁེངས་དྲེགས་རི་རྒྱལ་ལྷུན་པོ་ལས་མཐོ་བའི་སྲིད་སྐྱོང་མཆོག་ཁོ་རང་གིས་ཉོས་པའི་རང་སྡུག་རེད། ཉམ་ཆུང་བཙན་བྱོལ་བོད་མིའི་སྟེང་ལ་གང་འགྲོ་བ་མི་རིགས་གཞན་གྱི་སྟེང་ལ་ཟུར་ཙམ་ཡང་མི་འགྲོ་བ་ད་ལམ་ཤེས་ཡོད་ཚོད་རེད། བོད་མི་མཐོ་དམན་སུ་ཡིན་ཡང་སྐྱབས་བཅོལ་ཡིན་པ་མ་བརྗེད་པའི་ཐོག་ནས། ཡུལ་ཤོར་བ་ང་ཚོར་ཤ་ཚ་དང་སྙིང་རྗེས་སྐྱབས་བཅོལ་གནང་མཁན་རྒྱལ་ཁབ་ཀྱི་ས་ཐོག་ནས། ལག་པའི་ནང་སྐྱབས་བཅོལ་བའི་ལག་ཁྱེར་བཟུང་ནས་ཕྱི་ལ་དཀྲོག་དཀྲོག་དང་རྫིག་རྫིག་མི་བྱ་བར། ཡ་རབས་དང་ཁྲིམས་མཐུན་གནང་རྒྱུ་བོད་མི་སྐྱབས་བཅོལ་བ་ཚོས་སྐར་ཆ་གཅིག་ལའང་མ་བརྗེད་པ་གནང་རོགས་ཞུ་འདོད་བྱུང་།
མ་གཞི་བློ་བཟང་སེང་གེ་འདི་མི་ཧ་ཅང་ཁྲེལ་མེད་ཅིག་རེད། བློ་སེང་རང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཡུལ་ཁྲིམས་དང་མ་འགལ་ཞིང་ཆེ་མཐོང་ལྡན་པའི་ཐོག་ནས་ལམ་སྟོན་དང་ཤེས་ཡོན་གྱི་ཐོག་ནས་སྣེ་ཁྲིད་བྱེད་འོས་པ་ལས། དུད་འགྲོ་ནང་འཁྲབ་བཅུག་ནས་བརྡབ་སུག་གཏོང་བཞིན་པ་ཆེས་མ་རུང་བའི་བྱ་སྤྱོད་གདུག་རྩུབ་ཅན་ཞིག་ཏུ་མཐོང་གི་ཡོད། ཐ་ན་ཁོང་གི་རྒྱབ་སྐྱོར་བའི་ནང་བོད་མི་སྤྱི་མཚུངས་ལྟར་ད་དུང་ཁྲིམས་མཐུན་གྱི་སྐྱབས་བཅོལ་རག་མེད་མཁན་དང་། ལས་ཀ་མེད་མཁན་སོགས་ཀྱང་ཡོད་སྲིད། ཡང་ནའང་བཟོ་གྲྭ་དང་ཟ་ཁང་སོགས་སུ་དཀའ་ལས་ཆེ་བའི་ལས་ཀ་སྣ་ཚོགས་བྱེད་བཞིན་པའི་ཕྱི་རྒྱལ་བོད་རིགས་སྐྱབས་བཅོལ་སྤྱི་དང་། ལྷག་པར་དུ་ཁོང་རང་ལ་ཞེན་ཁོག་བྱས་ནས་རྒྱབ་སྐྱོར་གནང་མཁན་གྱི་བོད་རིགས་རྣམས་ཡུལ་མིའི་མིག་ནང་དུ་ཆེ་མཐོང་བརླག་རྐྱེན་དང་། ཐ་ན་ཁྲིམས་འགལ་དང་འཁྲུགས་རྐྱེན་སྣ་ཚོགས་ཡོང་གཞིའི་བྱ་སྤྱོད་འདི་རིགས་གྱི་སྣེ་ཁྲིད་བྱས་ཏེ། ད་དུང་དེ་ནི་རང་གི་སྤོབས་པ་དང་གཟི་བརྗིད་ཡིན་བསམ་ནས་ངོམ་སོ་བྱེད་པ་ནི་ཆེས་ངོ་ཚ་ཁྲེལ་མེད་ཀྱི་ཆབ་སྲིད་འཁྲབ་སྟངས་ཤིག་རེད། ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚོའི་ཉི་མ་རེ་རེའི་ལས་ཁུར་སོགས་ཀྱི་དཀའ་ངལ་ལ་བསམ་བློ་ཙམ་ཡང་མ་འཁོར་བ་ཁྲེལ་མེད་རེད། ང་ནི་ཁོང་གི་རྒྱབ་སྐྱོར་བ་རྣམས་ལ་བརྩེ་འདང་དང་གདུམ་སེམས་མཉམ་སྐྱེས་ཡོད། ཁོ་ཚོ་ཁྲིམས་དང་འགལ་ན་བློ་སེང་གིས་སྐྱོབས་ཐུབ་ཀི་མ་རེད། བློ་སེང་གིས་ང་ལ་འབྲེལ་བ་མེད་ཟེར་ནས་རང་ཉིད་དག་འབུལ་གནང་རྐྱང་བྱེད་ཀི་རེད།
དོལ་ཚོགས་ལས་གཞན་སྤྱི་ཡོངས་ཀྱི་ཆ་ནས་བདེ་འཇགས་དང་ཞི་འཇམ་ཡིན་པའི་ཕྱི་རྒྱལ་ཁག་གི་བོད་མིའི་སྤྱི་ཚོགས་ཀྱི་ཆེ་མཐོང་ལྡན་པ་དེ། བློ་བཟང་སེང་གེ་སྲིད་སྐྱོང་ཆགས་པ་ནས་འཆམ་མཐུན་མེད་པའི་ཟིང་ཟིང་ལོང་ལོང་དུ་གྱུར་བ་མ་ཟད། ད་ནས་ཡུལ་ཁྲིམས་དང་འགལ་བའི་འཁོན་འཁྲུགས་རིགས་འབྱུང་ཉེའི་འཚམ་ལ་བསྐྱལ་ཡོད།
སྲིད་སྐྱོང་གིས་དྲང་པོ་གནང་གི་མི་འདུག་ཟེར་ནས་ཁོང་ཕེབས་སྐབས་སུ་བོད་མི་ཆེས་ཉུང་ཤས་ཤིག་ཏེ། སྐབས་རེ་མི་གྲངས་ཉི་ཤུ་དང་སུམ་ཅུ་ཡར་མར་འཛོམས་ནས། རང་རང་གི་མངོན་འདོད་ཀྱི་འབོད་ཚིག་འགའ་རེ་བྲིས་ནས་ཆེས་ཉམས་ཆུང་གི་སྒོ་ནས་ཞི་བའི་ངོ་རྒོལ་གྱི་རྣམ་པ་སྟོན་མཁན་རེ་ཡོང་གི་ཡོད་པ་ལ། དེ་ཙམ་གྱིས་མ་བཟོད་པ་དང་སྡང་ཟུག་བྱེད་དོན་མེད་ནའང་། སྲིད་སྐྱོང་དང་ཁོང་གི་རྒྱབ་སྐྱོར་ཚོས་ཚབ་ཆེ་རུ་བཏང་སྟེ་དྲག་པོའི་ཐོག་ནས་ཁོ་ཚོའི་ཁ་འགོག་གི་ཡིན་བསམ་པ་ནི་ཆེས་ནོར་འཁྲུལ་རེད། ཡུལ་ཁྲིམས་མ་རྩིས་པ་རེད།
བློ་སེང་གི་རྒྱབ་སྐྱོར་བ་མང་ཆེ་ཤས་ཡ་རབས་དང་ཉམས་ཆུང་བོད་མི་སྤྱི་མཚུངས་རེད། འོན་ཀྱང་བློ་སེང་དང་ཁོའི་ནང་འཁོར་ཚོས་ཕྱོགས་ཞེན་གྱི་ཚོར་བ་ཤུགས་ཆེན་པོ་བསླངས་ནས་མི་མང་པོ་འཕྲོ་བརླག་ཏུ་གཏོང་གི་འདུག མུ་མདགོད་་་་་་་
རྩོམ་སྒྲིག་པ་མཆོག་ནས་བྱུང་ན་ཆད་ལྷག་ནོར་གསུམ་ཕྲན་བུ་བཅོས་ནས་རྩོམ་ཡིག་ངོ་མའི་ནང་འགོད་པའི་རེ་བ་ཞུ། གོ་བརྡ་ཙམ་ལས་རྙོག་དྲ་འདི་སྐོར་མང་པོ་འབྲི་བའི་འདུན་པ་མི་འདུག སུན་ཡོང་གི
་་་་་་་་་ སྲིད་སྐྱོང་དང་ཁོར་རྒྱབ་སྐྱོར་བ་ཚོས་ ང་ཚོའི་ཁམས་པའི་མི་ལ། སྲིད་སྐྱོང་མེད་པ་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ་ཟེར་ནས་གཞས་བཏང་བའི་ཚིག་དེ་རེད། ་་་་་་་་་
་་་་་་་་་ སྲིད་སྐྱོང་དང་ཁོར་རྒྱབ་སྐྱོར་བ་ཚོས་ ང་ཚོའི་ཁམས་པའི་མི་ལ། སྲིད་སྐྱོང་མེད་པ་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ་ཟེར་ནས་གཞས་བཏང་བའི་ཚིག་དེ་རེད། ་་་་་་་་་
་་་་་་་་་ སྲིད་སྐྱོང་དང་ཁོར་རྒྱབ་སྐྱོར་བ་ཚོས་ ང་ཚོའི་ཁམས་པའི་མི་ལ། སྲིད་སྐྱོང་མེད་པ་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ་ཟེར་ནས་གཞས་བཏང་བའི་ཚིག་དེ་རེད། ་་་་་་་་་
་
ད་ལྟའི་སྲིད་སྐྱོང་དང་། དེའི་རྒྱབ་སྐོར་བའི་ཞབས་འདྲེན་ཞུ་སྟངས་ལ་གཟིགས་དང་།
་་་་་་་་་་ བོད་མི་ཞིག་ཡིན་ན་གནས་ཚུལ་འདི་ནི་ཆེས་བློ་ཕམ་སྐྱེས་དགོས་པ་ཞིག་ལས་དགའ་འོས་པའི་གཏམ་བཟང་མ་ཡིན་མོད། ང་རྒྱལ་དང་ཁེངས་དྲེགས་རི་རྒྱལ་ལྷུན་པོ་ལས་མཐོ་བའི་སྲིད་སྐྱོང་མཆོག་ཁོ་རང་གིས་ཉོས་པའི་རང་སྡུག་རེད། ་་་་་་་་
་་་་་་་་་་ བོད་མི་ཞིག་ཡིན་ན་གནས་ཚུལ་འདི་ནི་ཆེས་བློ་ཕམ་སྐྱེས་དགོས་པ་ཞིག་ལས་དགའ་འོས་པའི་གཏམ་བཟང་མ་ཡིན་མོད། ང་རྒྱལ་དང་ཁེངས་དྲེགས་རི་རྒྱལ་ལྷུན་པོ་ལས་མཐོ་བའི་སྲིད་སྐྱོང་མཆོག་ཁོ་རང་གིས་ཉོས་པའི་རང་སྡུག་རེད། ་་་་་་་་
་་་་་་་་་་ བོད་མི་ཞིག་ཡིན་ན་གནས་ཚུལ་འདི་ནི་ཆེས་བློ་ཕམ་སྐྱེས་དགོས་པ་ཞིག་ལས་དགའ་འོས་པའི་་གཏམ་བཟང་མ་ཡིན་མོད། ང་རྒྱལ་དང་ཁེངས་དྲེགས་རི་རྒྱལ་ལྷུན་པོ་ལས་མཐོ་བའི་སྲིད་སྐྱོང་མཆོག་ཁོ་
རང་གིས་ཉོས་པའི་རང་སྡུག་རེད། ་་་་་་་་
་
ཧཧཧཧཧཧཧཧཧཧཧ། །
ག) མཇུག་ཏུ་རེ་སྐུལ་གསུམ་ནི། ༡། ང་རང་ལ་མཚོན་ན་༢༠༢༡་ལོའི་སྲིད་སྐྱོང་འོས་མི་ལ་ཚོགས་ཟུར་མཆོག་ལ་གཏན་ཁེལ་ནས་བསྡད་ཡོད་ཀྱང་ཁྱེད་རྣམ་པས་གནང་སྟངས་འདིས་དེ་ལ་གཡོ་འགུལ་ཆེན་པོ་ཐེབས་སོང་། ཨོ་འདིར་གོ་ནོར་ཆེན་པོ་ཐེབས་ཉེན་ཡོད། ཁྱེད་ཅག་གིས་ངོ་རྒོལ་བྱས་ནས་ངས་སྤེན་ཚེ་ལ་འོས་འཕེན་གྱི་མིན་ཟེར་བར་གོ་མི་ཉན། ངས་བཤད་པ་ནི་རྒྱུད་རིམ་འདིའི་ཁྲོད་དུ་ཁོང་གིས་ནོར་འཁྲུལ་འགའ་ཞིག་བྱས་པ་དེ་ཚོས་ངའི་སེམས་ངོས་ཀྱི་ཁོང་གི་མི་གཞིར་བཞག་པའི་གདེངས་འཇོག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སོང་ཞུ་བ་ཡིན། དེའི་ཕྱིར་ད་དུང་རྣམ་པ་ཚོས་གནང་བཞིན་པ་འདིས་སུ་ལ་ཕན་པ་དང་སུ་ལ་གནོད་པ་དགོངས་པ་ལན་གཅིག་བཞེས་པའི་རེ་སྐུལ་ཞུ།
༢། རྣམ་པ་ཚོས་ཚོགས་ཟུར་མཆོག་གི་བཀའ་མོལ་ཐམས་ཅད་ལ་རིན་ཐང་མཐོང་གི་རེད། འོན་ཀྱང་ཁྱེད་རྣམ་པས་སྤེན་ཚེའི་སྐད་ཆ་ཐམས་ཅད་བདེན་དུ་འཛིན་པ་དང་། བློ་སེང་གི་སྐད་ཆ་ཐམས་ཅད་རྫུན་དུ་མཐོང་བ་དེ་ལ་འགྱུར་བ་ཞིག་གཏོང་བར་འབད་རོགས་ཞུ་བ་དེ་ཡིན། དེ་འདྲ་སེམས་གཏིང་ནས་ཡོང་མ་ཐུབ་རུང་མོས་པ་བཅོས་ནས་བདུན་ཕྲག་རེ་འགའ་རེ་ལ་ཚོད་ལྟ་ཙམ་རེ་བྱེད་ན་དགེ་མཚན་ཡོད་ཤེས་ཆེ་སྙམ།
༣། ཁྱེད་ཀྱིས་ང་ཡི་གེ་ཤེས་མཁན་ཞིག་ལ་རྩིས་འདུག་མོད། བོད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དག་ལ་“ཀི་འདེབས་པ་ཙམ་ཤེས་པའི་ཡིག་རྨོངས་པ”་ཞེས་བྲིས་པ་ནི་ཁྱེད་རང་ནོར་བ་རེད་སྙམ་པས་དེ་འདྲ་མི་གསུང་བའི་རེ་བ་ཞུ། སྲིད་སྐྱོང་གི་ཕེབས་བསུར་བཅར་མཁན་གྱི་ནང་དུ་ཞེན་ཁོག་གིས་ཡོང་བ་བརྒྱ་མཐོ་བོ་ཡིན་དབང་དུ་བཏང་རུང་། ཆེས་མང་ན་བརྒྱ་སུམ་ཅུ་ལས་མང་བ་ཡིན་མི་སྲིད། ལྷག་མ་བརྒྱ་བདུན་ཅུ་ལ་དེ་ལྟར་བཤད་ན་འགྲིག་གམ། སྤེན་ཚེའི་རྒྱབ་སྐྱོར་བ་ཚང་མ་ཡོན་ཏན་པ་ཡིན་ནམ། ངས་འབྲི་གི་མེད་པ་མ་གཏོགས་ངོ་རྒོལ་བའི་སྐད་ཆ་བཤད་སྟངས་ལས་ཡོན་ཏན་པ་མིན་པའི་མི་ཡོད་པ་གསལ་བོར་མཐོང་གི་འདུག ཁྱེད་ཀྱིས་ང་ཡིག་རྨོངས་པ་དག་ལ་བསླབ་བྱ་རྒྱག་དགོས་གསུང་པ་བཞིན་ཁྱེད་ཀྱིས་ཀྱང་ཡི་གེ་ཤེས་མཁན་ཞིག་གི་ངོས་ནས་ཁོང་རྣམས་ལ་ཁ་ཏ་བསླབ་བྱ་གནང་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་སོང་ལགས།
དྲ་གྲོགས་བྱང་ཆུབ་ལགས།
ངས་ཁྱེད་ལ་འབུལ་བའི་ལན་དེ་ད་ལྟ་ཡོངས་སུ་ཚར་སོང་། ཅུང་ཟད་རིང་པོ་ཆགས་སོང་བར་དགོངས་དག་ཞུ།
དེ་ནས་ཁྱེད་ཀྱིས་ང་ལ་གནང་བའི་ལན་དེ་ཚོ་བརྙན་དང་བཅས་པ་ལ་ཞིབ་པར་ཉན་པ་ཡིན། ཁ་ཉིན་མི་མང་པོ་ཞིག་གིས་ཨུ་ཚུགས་བྱེད་སྟངས་ལ་བལྟས་ང་རང་གིས་བདེན་པ་ཞིག་མ་མཐོང་ནས་ནོར་བའི་ཕྱོགས་སུ་ལྷུང་ཡོང་གི་མེད་དམ་སྙམ་ནས་ཡིད་རྨུགས་དང་བཅས་ངས་འབྲི་བཞིན་པ་འདི་དག་གིས་ཆིག་སྒྲིལ་ལ་ཕན་རྒྱུའི་ཚབ་ཏུ་གནོད་ཀྱི་མེད་དམ་སྙམ་ནས་ད་ནས་འདིའི་སྐོར་གང་ཡང་འབྲི་གི་མིན་ཞེས་ཀྱང་བྲིས་ཡོད། འོན་ཀྱང་དེ་རིང་ཁྱེད་ཀྱིས་བློ་སེང་གི་ནོར་འཁྲུལ་བྱས་པའི་ཁུངས་སྐྱེལ་ལ་བཏང་བའི་སྒྲ་བརྙན་དེ་ཚོ་ལ་བལྟས་པའི་རྗེས་སུ་ང་རང་ལ་ནི་བདེན་པའི་ཕྱོགས་ལ་འདུག་བསམ་པའི་སྤོབས་པ་འདྲ་ཞིག་སྐྱེས་སོང་། ངས་མུ་མཐུད་ནས་བྲིས་ན་ཡང་སྐྱོནཆེར་ཡོད་ས་མ་རེད་བསམ་འདྲ་ཞིག་ཀྱང་བྱུང་། གང་ལྟར་ད་ནི་ང་རང་ཡང་དཀའ་སོང་། མུ་མཐུད་ནས་སྤྱི་ཚོགས་ཐོག་འབྲི་རྩིས་མེད།
ཁྱེད་ཀྱིས་གསུང་གི་ནང་དུ་ངས་ཁས་ལེན་པ་བཞི་ཡོད་པ་ནིཿ
༡༽ “བོད་ཀྱི་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ཀྱིས་གསར་ལམ་ཁག་ལ་རོགས་དངུལ་ས་ཡ་ཉེར་བཞིའི་བྱུང་རིམ་བེད་སྤྱོད་(ལོག་པར)་གཏོང་ཕྱོགས་ཀྱི་ལས་གཞིའི་སྐོར”་དང་།
༢༽ “བློ་བཟང་སེང་གེས་དེ་ནི་འོས་བསྡུའི་སྒྲིག་གཞིའི་མ་འགྲིག་པར་ཁ་གཡར་ནས་སྒྲིག་གཞི་ལག་པ་འཆང་རྩིས་བྱས་པར་ཟམ་གདོང་རིན་པོ་ཆེ་དང་སྤྱི་འཐུས་མང་པོས་དགག་པ་ཚ་ནན་བསྐྱོན་ཡོད”་པའི་སྐོར་དང་།
༣༽ བོད་ཀྱི་ཐེབས་རྩའི་ཁེ་ཕན་དང་ལས་གཞི་ལ་གནོད་པའི་ལས་ཀ་ག་རེ་བྱས་ཡོད་པ”འི་སྐོར་།
༤༽ “རས་ཡུག་དཀར་པོ་ཆེན་པོ་དེ་འདྲ་འཕྲེད་དར་གྱི་ཟོལ་གྱིས་འཕྱར་ཏེ། དོན་ལ་སྲིད་སྐྱོང་མཆོག་རོ་བཏུམས་བཏུམས་བྱས་ནས་ཕེབས་བསུ་ཞུས”་བྱས་པ་བཅས་རེད།
ཁྱེད་ཀྱིས་འདི་དག་གི་སྒྲུབ་བྱེད་ལ་དྲ་ཐག་འགའ་ཞིག་བཏང་བ་ཚང་མ་ལ་བལྟས་པ་ཡིན། ཁྱེད་ཀྱི་སྒྲུབ་བྱེད་ལ་གང་ཡང་ང་ལ་ནི་ཕན་མ་སོང་།
ཞོར་ལ་བྷེལ་ཇམ་ལ་ངོ་རྒོལ་བྱེད་མཁན་རྣམས་ཀྱིས་ཧ་ཅང་ཚད་ལྡན་བྱས་སོང་བས་དགའ་ནས་ཡོད།
དེ་རིང་གི་འདི་ཐ་མ་ཡིན། བཀྲ་ཤིས་བདེ་ལེགས། ཆོལ་གསུམ་ཆིག་སྒྲིལ་གོང་དུ་འཕེལ་བར་ཤོག
ཧ་ཧ་ཧ། ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ཀྱི་ཉི་མ་ནམ་རྩ་རང་རྩོམ་༼བློ་མིག་དང་སྤེན་མིག་གི་བདེན་པ་༽ ཡི་ཐོག་ནས་ཟད་ཐལ། གྲུ་ཟུར་གྱི་ཨ་མཆོད་ལགས། ཐང་མི་ཆད་དམ། ད་སྐུ་ངལ་ཅུང་ཟད་གསོ་རོགས།
སྲིད་སྐྱོང་འདི་དངོས་ནས་དྲང་ནས་མི་བསམ་མེད་ཞིག་རེད་འདུག ཕྱིའི་གནམ་ཐང་ཁག་ནས་འགྲོ་སྟང་ལ་ལྟོས་དང་ཁོ་རང་ཧ་ལམ་ཨ་རིའི་སྲིད་འཛིན་ཡིན་མདོག་མདོག་བྱས་ནས་འགྲོ་བཞིན་འདུག ལས་མ་དག་པ་སྐྱག་ཟན་འདིས་བཙན་བྱོལ་བོད་མིའི་ཚོགས་པ་རྩ་མེད་བཏང་སོང་། ད་ནི་ཚར་ཚར་སོང་།
འཇམ་དཔལ་ཚུལ་ཁྲིམས་ལགས།
ལན་བསྡུས་ཤིག་ཞུས་ཆོག་པ་ཞུ། ཉིད་ཀྱིས་ད་ནས་འདི་སྐོར་འདི་ནས་གླེང་གི་མིན་གནས་གསལ་འཁོད་འདུག དེར་བརྟེན། འདིར་ཡང་མཐའ་མའི་གསལ་བཤད་ཡིན།
ག)
སྲིད་སྐྱོང་བློ་བཟང་སེང་གེ་དང་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་གཉིས་གླེང་རིམ་ནང་། བོད་ཀྱི་ཐེབས་རྩའི་ལས་དོན་ལམ་ལྷོངས་ལ་འགལ་རྐྱེན་བཟོས་པ། མི་དཀར་པོ་ནག་པོ་བཟོ་ཐབས་ལྷུར་བླངས་པ། གཞི་རིམ་མང་ཚོགས་འུར་ལ་བསྐུར་རྒྱུར་འབད་པ། ༢༠༡༦ ལོའི་འོས་བསྡུའི་སྐབས་ཀྱི་གནང་སྟངས་བཅས་གླེང་བ་ཡིན་ན། དོན་གནད་ཀྱི་མཐིལ་ཞིག་ཏུ་སླེབས་རྒྱུ་ཡང་དེར་འཇུ་འདོད་གནང་གི་མེད་པ་འདྲ་བས་གླེང་བ་ཅམ་གྱིས་འཇོག རྣམ་པ་གཅིག་ཏུ་ན། མི་སོ་སོའི་ལྟ་སྟངས་དང་། གནས་སྟངས་གང་ཞིག་གི་ཕྱོགས་ངོས་དང་། རྣམ་པ་གང་ཞིག་ཟུར་ནས་བལྟས་པས་ལེབ་མཐོང་མིན་སོགས་ཁུང་བུ་གཅིག་ཏུ་འཆར་བ་ཡོང་དཀའ་བའང་ཡིན་པས། གནས་ཚུལ་དང་སྣང་ཚུལ་གཉིས་ཚོས་གཞི་གཅིག་ཏུ་འབབ་དགོས་པར་ནི་ངོས་ཀྱང་མི་འདོད་པ་ཡིན།
ཚོགས་ཟུར་ལགས་ཀྱི་གསུང་“ང་མི་གཅིག་རེད་་་་པ་བྱེད་རོགས”་ཞེས་པ་འདི་ལ་ཚིག་རིས་སུ་གསལ་བ་ལྟར་གྱི་གྲུབ་འབྲས་ཐོན་མ་སོང་བ་རྒྱུ་མཚན་དུ་བཀོད་ནས། ཚིག་འདིས་བྱུར་འདྲེན་བྱས་ཡོད་པར་ཨུ་ནན་བྱེད་སྟངས་དེ་ཅུང་འཇིགས་སེ་བྱུང་། ཕལ་ཆེར་ཁྱེད་རང་གི་དམིགས་ཡུལ་ནི་སྤྱི་ཚོགས་ལྷིང་འཇགས་ངང་གནས་རྒྱུའི་ཐག་ཉེ་ལ་གཏད་ཀྱི་མེད་པ་འདྲ།
ཚོགས་ཟུར་སྤེན་པ་ཚེ་རིང་ཨ་རི་ལ་ཕེབས་ནས་གཞུང་དམངས་བར་ལ་དབྱེན་དཀྲུགས་བརྒྱབས་བརྒྱབས་པའི་འབྲས་བུར་ད་ལན་གྱི་རྙོག་དྲ་འདི་བྱུང་བ་རེད་ལབ་འདུག སྤྱི་ཚོགས་ནང་གི་ད་ལྟའི་གླེང་རྙོག་དང་ངོ་རྒོལ་གྱི་ཡས་སྣེ་འཚོལ་དུ་སོང་ན། སྦར་ཟིལ་དོན་གཅོད་ནས་ཨ་རིའི་དོན་གཅོད་དུ་འགྱུར་བ་སོང་བ་དེ་འཆར་གཞི་གང་ཞིག་ལས་བརྒལ་བ་དེ་རུ་ཐུག་འགྲོ་བར་བཤད་ནས་གླེང་བ་ཡིན་ན། ད་ལྟའི་རྙོག་དྲ་འདིའི་འབྱུང་རྐྱེན་དང་བཅས་པའི་ཐུག་སྣེ་གཞན་གཞན་ཞིག་ཆགས་འགྲོ་བ་དེ་ཕལ་ཆེར་ཁྱེད་རང་གིས་མཁྱེན་འདོད་གནང་མདོག་ཁ་པོ་མ་རེད།
སྐུ་ཉིད་ནས། བཀའ་ཤག་གིས་ཁོང་ས་གནས་གར་ཕེབས་སར་བཀའ་ཤག་ལ་དམའ་འབེབས་བྱས་ལུགས་བཤད་པ་དང་ཚོགས་ཟུར་གྱིས་ཨ་རི་ནས་གསུང་བའི་བརྙན་ཐུང་གཉིས་བསྡུར་བའི་སྐོར་གསལ་བཤད་དགོས་ན་སྒེར་ཐོག་ལ་མ་འདོད་ཞུ་འདོད་མེད་ལབ་འདུག ལགས་སོ། ད་ནི་དེར་གསལ་བཤད་མེད་ཀྱང་འཐུས་འདུག
ཁྱེད་རང་གི་ལྟ་སྟངས་ལྟར་ན། ད་ལན་གྱི་རྙོག་དྲ་འདི་ཨ་རིའི་ཕྱོགས་ནས་སོན་བཏབ་ནས་འབུས་པ་ཞིག་རེད་ལབ་འདུག འདི་སྐད་ཆ་གསར་པ་རེད། ངེད་གཉིས་ཀྱི་བསམ་ཚུལ་དང་ལྟ་ཚུལ་ཚང་མ་ཕལ་ཆེར་འགྱངས་ཁད་འདི་འདྲ་དག་གི་རྣམ་པར་འདུག གང་ལྟར་དམིགས་ཡུལ་མ་གཅིག་པ་དེས་ལྟ་སྟངས་ལ་ཧེ་བག་ཆེན་པོ་འགྲོ་བཞིན་པ་རེད། འདི་འདྲའི་སྐབས་སུ། ང་ཚོས་རྒྱུ་མཚན་ལྟར་སྣང་བ་ལ་དེ་ཙམ་གྱི་འཁེན་ས་བྱེད་མི་རུང་བ་མིན་འགྲོའང་དྲན།
ཡང་ཉིད་ནས། ཟང་ཟིང་སྣ་དགུ་བྱེད་སྐབས་ཁོང་གིས་“དེ་འདྲ་བྱེད་ན་ང་རྒྱབ་སྐྱོར་རྩ་བ་ནས་མི་དགོས”་ཟེར་བ་ལྟ་བུ་ཁ་བཤད་དོན་གནས་ཀྱི་རྣམ་འགྱུར་ནན་པོ་ཞིག་སྟོན་འོས་ཀྱང་དེ་ལྟར་རྩ་བ་ནས་གནང་མེད་ལབ་ནས་ཡུས་འཁང་གནང་འདུག བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་གནང་བའི་སྐབས་དེ་མ་ཉིད་ལ་ཚོགས་ཟུར་སྤེན་པ་ཚེ་རིང་གིས་གསར་ལམ་ཁག་ཏུ་སྐད་ཆ་ཐེངས་གཉིས་བཤད་ཡོད་པ་དེ་གཉིས་ལ་ཁྱེད་རང་གིས་ཉན་མེད་ཚོད་རེད། ཡང་ན། དེའི་ནང་སྙིང་མཁྱེན་འདོད་མེད་པའང་སྲིད། དེ་བཞིན་དུ། དོན་གཅོད་གསར་པས་“ཁྱེད་ཀྱིས་གཅིག་གསུང་ན”་གསུང་སྐབས་ཀྱང་“ང་ལ་ངོ་རྒོལ་བྱེད་ཀྱིན་མེད་སྟབས་ངས་ཅིའི་ཕྱིར་བཤད”་ཅེས་གསུང་བ་འདི་གོང་གི་གསུང་དེ་དང་ནང་འགལ་ཏག་ཏག་རེད་ཅེས་ཀྱང་ལབ་འདུག དེ་ཁྱེད་རང་གིས་ཨུ་ནན་ངེས་པར་བྱེད་སྲིད་པའི་གྲས་ཤིག་རེད།
སུ་ལ་བདེན་པ་ཡོད་ན་དེ་ང་ཚོས་ངེས་པར་དུ་གཙིགས་སུ་བྱེད་ཅིང་གུས་པས་ལེན་དགོས་པར་མཐོང་གི་ཡོད། འདི་ངས་བསམ་ཚུལ་གང་སྤེལ་བ་དེ་དང་དེའི་མཚམས་ཐིག་ཅིག་ཏུ་བྱེད་ཀྱིན་ཡོད། ཉིད་ནས་ངོ་དེབ་ལ་བཞག་ཡོད་པའི་ཡི་གེ་ཡི་སྤེལ་དུས་ཚེས་གྲངས་བཅས་པར་གཟིགས་རོགས་ལབ་འདུག དུས་ཁོམ་བྱུང་ན་ངེས་པར་ཀློག་གི་ཡིན།
བློ་སེང་ལ་ངོ་རྒོལ་ཡོད་བཀའ་ཤག་ལ་མེད་ཅེ་ན་འགྲིག་པ་ལས། བཀའ་ཤག་ངོ་རྒོལ་ཡོད་བོད་གཞུང་ལ་མེད་ཅེས་པ་ནི་སྐད་ཆ་ནང་འགལ་རེད་ལབ་འདུག འདི་ལ་ཁ་སང་གི་སྐད་ཆ་ཞིག་བསྐྱར་བཤད་དང་བཅས་ཞུས་ན། བཀའ་ཤག་སྒོ་བརྒྱབ་པ་རེད་ལབ་ན། བོད་གཞུང་སྒོ་བརྒྱབ་པ་ཨེ་རེད། བཀའ་ཤག་ལབ་ན་སྐབས་བཅུ་པ་དང་བཅོ་ལྔ་སོགས་སུ་བགྲང་དུ་ཡོད། བོད་གཞུང་ལབ་ན་སྐབས་དང་པོ་དང་ལྔ་པ་སོགས་སུ་བགྲང་དུ་མེད། ཡང་། བཀའ་ཤག་གིས་ལས་འཚམས་བཞག་པ་རེད་ལབ་ན། བོད་གཞུང་གིས་ལས་འཚམས་བཞག་པ་ཨེ་རེད། ད་དུང་དཔེར་ན། བཀའ་ཤག་འཕོ་འགྱུར་བཏང་བ་རེད་ལབ་ན། བོད་གཞུང་འཕོ་འགྱུར་བཏང་བ་ཨེ་རེད། ཁྱེད་རང་གིས་གནས་ལུགས་འདི་མཁྱེན་བཞིན་དུ་ལོག་འགྲེལ་རྩོམ་པ་ལ་ཅུང་མཚར་སྣང་བྱུང་སྟེ་ཡོད།
འོས་བསྡུ་ཆེན་མོའི་སྐབས་ཀྱི་འོས་མིའི་རྣམ་པ་གླེང་སྐབས། ལས་ཐོག་པ་ཡིན་པའི་འོས་མི་དཀྱུས་མ་སུས་ཀྱང་བྱེད་སྲིད་པ་ཞིག་རེད་ཅེས་པའི་སྐད་ཆ་སྟབས་བདེ་འདིས་གུ་ཡངས་གནངས་ཚར་བ་ཡིན་ན། དེ་ནས་ཁྲིམས་དང་སྒྲིག་གཞི་ལས་ཅུང་ཙམ་ལོགས་སུ་འབུད་དགོས་པ་ཆགས་ཀྱི་རེད། འདི་སྐོར་ད་ལྟ་དོ་སྣང་ཅན་རེ་འགས་སྐབས་དེ་ཤེད་ནས་ད་ལྟ་བར་དུ་བྲིས་པའི་ཡི་གེ་དང་རྩོམ་ཡིག་ལེགས་ཉེས་ཚང་མ་ཕྱོགས་བསྒྲིགས་གནང་གི་ཡོད་ཚོད་དེ་མ་འོངས་པར་ལོ་རྒྱུས་ཡིག་ཚགས་ནང་དཔྱད་གཞི་གལ་ཆེན་ཞིག་ཆགས་རྒྱུར་ངེས་ཤིང་། དེ་དག་གཞི་ལ་བཞག་ནས་ཆོད་སྡོམ་འགོད་འགྲོ་བ་ཞིག་རེད། ཉེ་ཆར་དྲ་ཚིགས་ http://www.tibet2018.com ཟེར་བ་ཞིག་བཟོས་འདུག་པ་དེ་རུའང་རིམ་པས་གསལ་རྒྱུ་ཡིན་སྐད་གོ
“བློ་བཟང་སེང་གེས་ཧམ་པ། རྫུན་མ། མགོ་སྐོར་གཏོང་ཐབས་བཅས་ལ་ཤ་ཐང་དུ་འབད་པ”་བྱས་ཡོད་མེད་ཀྱང་སྐབས་ཐོག་དེ་ཤེད་དུ་གང་བཤད་པའི་སྐད་ཆ་དང་། ཡི་གེ་བ་ཚོས་དེ་སྐོར་ཡི་གེར་བཀོད་པ་དང་རྩོམ་ཡིག་དེ་ཚོས་ཐག་བཅད་འགྲོ་བ་ཞིག་ལས་དེར་ཨུ་ཚུགས་འགྲོ་ས་ཕལ་ཆེར་ཡོད་པར་མཐོང་གིན་མེད། བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ལ་ཆོལ་ཞེན་ཡོད་མེད་ངས་མི་ཤེས། ང་ལ་ཧ་ཅང་ཁྱད་མཚར་པོའི་ལྟ་སྟངས་ཤིག་ཡོད་དེ། འདིར་ཞུ་འདོད་མ་བྱུང་། དེ་ནི་ཁྱེད་རང་གིས། ་་་་་༼བཙན་བྱོལ་བོད་གཞུང་གི་དབུ་འཛིན་མང་པོའི་ནང་ནས་ཕྱི་དངོས་པོའི་མཐུན་རྐྱེན་མཁོ་སྒྲུབ་བྱེད་པ་སོགས་ལ་བློ་སེང་འདྲ་བའི་འཇོན་ཐང་ཅན་ཞིག་ད་བར་དུ་བྱུང་མ་སོང་བ་དང་། འབྱུང་འགྱུར་མི་རྣམས་ཀྱིས་བཀའ་ཤག་སྐབས་༡༤་དང་༡༥་བའི་དུས་ཚོད་དེ་བཙན་བྱོལ་ལོ་རྒྱུས་ནང་གི་སྐལ་བ་ཡག་བཟང་གི་དུས་སྐབས་ཤིག་ལ་ཕྱིར་དྲན་བྱ་ངེས་པ་འདུག༽་་་་ཟེར་བའི་ལྟ་སྟངས་ཀྱི་ལྡོག་ཕྱོགས་ཏག་ཏག་ཅིག་རེད། ཨ་ལ་ཀུ་རེ་ཡིན། དེ་ཚོ་ཁྱེད་རང་གི་ལྟ་སྟངས་རེད། ཁྱེད་རང་བློ་སེང་གི་དམིགས་ཡུལ་གྱི་ཐིག་ཚད་ནང་ཏག་ཏག་སླེབས་འདུག འོན་ཏེ། ངས་བློ་བཟང་སེང་གེས་སྒོར་མོ་བཙལ་མ་སོང་ཟེར་གི་མེད། འཇོན་མ་སོང་ཡང་ཟེར་གི་མེད། བཙན་བྱོལ་བོད་གཞུང་གི་གོ་ལ་འདི་དེ་རིང་བར་དུ་སྐབས་དང་དུས་ལ་འཚམ་པའི་འཁོར་བསྐྱོད་མཚམས་མ་ཆད་པར་འཁོར་བཞིན་འོང་བ་དེ་ང་ཚོས་ཡིད་ལ་འཁོར་དགོས་པར་མཐོང་གི་ཡོད།
ད་ལྟའི་རྙོག་གླེང་གི་མགོ་ཁུངས་འཚོལ་དགོས་ན། ཡང་ན་དོན་གཅོད་འཕོ་འགྱུར་གྱི་ནད་རོ་བཙལ་དགོས་ན། དེ་གཉིས་ཀ་༢༠༡༦ ལོར་མ་གཏུགས་པར་ཆ་ཚང་བ་ཞིག་འགྲེལ་བཤད་ཡོང་དཀའ། སྲིད་སྐྱོང་དང་བཀའ་ཤག་གི་གསལ་བཤད་སྔ་རྗེས་གནངས་པ་དེ་སྐོར་གླེང་ན་ངེད་གཉིས་ཤར་ནུབ་ཏུ་གྱེས་འགྲོ་བ་འདྲ། ངས་ནི། སྲིད་སྐྱོང་དང་ཁོའི་བཀའ་ཤག ཡང་ན་ཚོགས་ཟུར་གང་གིས་གསལ་བཤད་དང་འགྲེལ་བཤད་གནང་གི་ཡོད་ནའང་འདྲ། ང་ལ་དགོས་པ་ནི་རྙོག་དྲ་དང་ཟང་ཟིང་མེད་པ། མཐུན་ལམ་རྡོག་རྩ་གཅིག་ཏུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཤིག་ཡིན། དེར་ཁོང་གཉིས་ཀྱི་སུས་ཞི་འཇགས་བཟོ་ཐུབ་ན་དེར་ཁྱད་མེད། གུས་བརྩི་ཞུ་བ་ཡིན། འདི་འདྲ་ཞིག་བཤད་གླེང་མཐའ་དག་གི་འབབ་སྟེགས་ཆགས་ཐུབ་པར་སྨོན་བཞིན་ཡོད། གཞན་ཆོལ་ཞེན་དང་མི་ཞེན་ཟེར་ནས་བློ་སེང་དང་སྤེན་ཚེ་གང་ལའང་ཕྱོགས་དང་རིས་སུ་གཅོད་པ་བྱེད་དགོས་དོན་མེད། མི་འདི་གཉིས་མེད་ན་མི་རུང་བ་དེ་འདྲ་གང་ཡང་ཡིན་པར་མཐོང་གི་མེད། བདེན་པར་མཐོང་བ་དེ་གཟིགས་སུ་བྱས་ནས་གླེང་གིན་ཡོད། བདེན་པར་མཐོང་སྟངས་ལ་ནོར་འཁྲུལ་ཡོད་སྲིད། དེ་ལ་ཨུ་ནན་བྱེད་ཀྱི་མེད།
ཉིད་ནས། བསམ་ཚུལ་རྗེ་ལེན་བྱེད་དགོངས་ན་ངོ་དེབ་དང་སྐད་འཕྲིན་གྱི་ལམ་ནས་ང་ལ་འབྲེལ་བ་གནོངས་དང་ངའི་བསམ་ཚུལ་སྒེར་ཐོག་ལ་ཞུ་ཆོག http://www.facebook.com/jampel.amchod་ཅེས་དྲ་བྱང་གནངས་འདུག ཐུགས་རྗེ་ཆེ། དགོས་གལ་མཐོང་ན། སྐུ་བཅར་ཞུ་ངེས།
ངས་སྲིད་སྐྱོང་ལ་བདེན་པ་མེད་པར་ཤོད་ཀྱི་མེད། ལན་ལ་ལན་ཞིག་དགོས་པར་མཐོང་གི་ཡོད། སྲིད་སྐྱོང་དང་བཀའ་ཤག་ལྷན་རྒྱས་གང་འོས་ཀྱི་མཚན་ཐོག་ནས་གསལ་བཤད་ཅིག་གནང་དགོས་པར་མཐོང་སྟངས་ཞུས་པ་ཙམ་ཡིན། བཀའ་ཤག་གིས་གསལ་བཤད་བྱས་ནས་སྤེན་ཚེ་ནག་པོ་བཟོ་བའི་རེ་བའང་བྱེད་ཀྱི་མེད། དེ་བཞིན་སྤེན་ཚེས་གསལ་བཤད་བྱས་ནས་བཀའ་་ཤག་དང་སྲིད་སྐྱོང་གི་གནང་སྟངས་ཐེར་འདོན་བྱས་ན་གང་ཞིག་ལ་ཕན་པར་ཡང་མཐོང་གི་མེད། སྤྱི་ཚོགས་ནང་གི་འཁྟུག་ཆ་འདི་འཇགས་པ་ཞིག་བྱུང་ན་དེ་ང་ཚོསར་དགོས་རྒྱུ་དེ་ཡིན་པར་མཐོང་གི་ཡོད།
བཀའ་ཤག་གི་གསལ་བཤད་དེ་ཚོ་སྲིད་སྐྱོང་དང་བཀའ་བློན་ཐུན་མོང་གི་སྤྱི་མོས་ཡིན་མིན་ལ་བཤད་སྟངས་སྣ་ཚོགས་ཡོང་གི་ཡོད་པ་རེད། མཚམས་འདི་ནས་ངས་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱིས་བཀའ་བློན་ལས་ཁུར་མཚམས་འཇོག་གནང་སྐབས་བཀའ་ཤག་ལྷན་རྒྱས་སར་བཅར་ནས་སྐད་ཆ་གང་བཤད་པ་གསར་ལམ་ཁག་ལ་གསུང་བ་དེ་དྲན་སོང་།
སྲིད་སྐྱོང་གིས་“སྲིད་དབང་སྒེར་གཅོད”་བྱེད་ཀྱི་ཡོད་པའི་ཚོར་སྣང་ཞིག་གང་ས་ན་ཡོང་གི་ཡོད་པ་རེད། དེ་ཡང་གཙོ་བོ་གངས་སྐྱིད་ཀྱི་ལས་བྱེད་དཀྱིལ་འཁོར་ནས་མང་ཚོགས་ནང་ལ་སླེབས་ཀྱི་ཡོད་པ་རེད། སྲིད་དབང་སྒེར་གཅོད་ཟེར་བ་འདི་བཙན་བྱོལ་བོད་མིའི་གནས་སྟངས་ལ་དཔག་ནས་བཤད་དགོས་མེད་འགྲོ། དམག་མི་ཡོད་མེད་སོགས་དང་འབྲེལ་བ་འདོགས་དགོས་པ་དེ་འདྲ་མ་རེད། ཁྲིམས་དང་སྒྲིག་གཞིར་ལྟོས་མེད་གནང་གི་ཡོད་པ་ལས་ཚོར་སྣང་དེ་ཡོང་གི་ཡོད་པ་རེད། བོད་གཞུང་ལ་དེ་ལྷག་སྒེར་གཅོད་བྱེད་རྒྱུའང་ཆེན་པོ་ཡོད་མེད་མི་ཤེས། གཟི་བརྗིད་ཁོག་སྟོང་། སྐུ་དྲག་གསར་པ་སོགས་ཐ་སྙད་རིགས་གཅིག་གཙོ་བོ་སྲིད་སྐྱོང་བློ་སེང་གི་བྱེད་སྟངས་སྟོན་བྱེད་དུ་བྱུང་ཡོད། སྨན་རྩིས་ཁང་གི་མཛད་སྒོའི་སྐབས་ལ་བཀའ་སློབ་ག་རེ་ཕེབས་ཡོད་མེད་དང་། བཀའ་ཟུར་དང་ཚོགས་ཟུར་ཚོ་མཇལ་བཅར་སྐབས་བཀའ་སློབ་ཕེབས་པ་བཅས་ནི་ཤ་འདར་རྒྱག་པ་ཞིག་ཏུ་མཇལ།
ག)
བློ་སེང་དང་སྤེན་ཚེ་གཉིས་ཀ་ཚབ་སྲིད་པ་རེད། སུས་བདེན་པ་བཤད་ཀྱིན་ཡོད་ན་དེར་ང་ཚོས་རྒྱབ་སྐྱོར་ཞུ་ཐུབ་དགོས་པ་རེད། བདེན་པ་ལ་རྒྱབ་སྐྱོར་ཞུ་བར་བློ་སེང་དང་སྤེན་ཚེ་ཟེར་ནས་ཁྱད་པར་ཡོང་ཤེས་ཀྱི་མ་རེད། དེའི་ཁྱད་པར་ཡོང་གི་ཡོད་ན། དེ་མ་དྲང་བ་རེད།
ཡང་ཁྱེད་རང་གིས་་་༼ཁྱེད་ཀྱིས་ང་ཡི་གེ་ཤེས་མཁན་ཞིག་ལ་རྩིས་འདུག་མོད། བོད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དག་ལ་“ཀི་འདེབས་པ་ཙམ་ཤེས་པའི་ཡིག་རྨོངས་པ”་ཞེས་བྲིས་པ་ནི་ཁྱེད་རང་ནོར་བ་རེད་སྙམ་པས་དེ་འདྲ་མི་གསུང་བའི་རེ་བ་ཞུ། ༽ལབ་འདུག ཚོར་བའི་དབང་དུ་ཤོར་ནས་ཞུ་སྟངས་མ་འགྲིག་པ་འདྲ། དགོངས་སེལ་ཞུ།
༼བོད་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད་༽ཟེར་བ་དང་། ༼བོད་གཞུང་ལ་རྒྱབ་སསྐྱོར་བྱེད་ཀྱི་ཡོད་པ་རེད༽ཟེར་བའི་སྐད་ཆ་འདི་གཉིས་ཀ་བདེན་པ་མ་རེད། ཡིན་ནའང་། ཁྱེད་རང་གིས་ཐོག་མཐའ་བར་གསུམ་དུ། འདི་ལྟར་འགྲེལ་ལོག་་རྒྱག་པར་ཨུ་ཚུགས་རྒྱག་སྟངས་ལ་བལྟས་ན། འགྲིག་གི་ཚ་ལ་དང་བཤིག་གི་དཀྲུག་མ་གང་བྱེད་ཀྱི་ཡོད་པར་ཐེ་ཚོམ་སྐྱེས་པ་ཞིག་རེད།
ལྟོས་འཇོག་གིས་བཤད་ན། ཤེས་ཡོན་པ་ཚོ་སྤེན་ཚེའི་རྗེས་སུ་འདུར་གྱིན་པ་དང་ཤེས་ཡོན་མེད་པ་ཚོ་བློ་སེང་གི་རྗེས་ལ་འདུར་གྱིན་པ་འདྲ་པོ་ཞིག་རེད། མ་གཞི་ནས་སྤྱི་ཚོགས་བརྒྱུད་ལམ་ནས་མངོན་སྟངས་འདི་རེད། ཡང་སྦས་པའི་རྣམ་པ་ལེགས་པ་གཞན་ཞིག་ཡོད་ན་ནི་དེ་ཡང་ང་ཚོར་དགོས་རྒྱུ་དེ་རེད། ཡང་ཉིད་ནས། ་་་་ (ངས་འབྲི་གི་མེད་པ་མ་གཏོགས་ངོ་རྒོལ་བའི་སྐད་ཆ་བཤད་སྟངས་ལས་ཡོན་ཏན་པ་མིན་པའི་མི་ཡོད་པ་གསལ་བོར་མཐོང་གི་འདུག) ལབ་འདུག དེ་ཁྱེད་རང་བདེན། དེ་ངེས་པར་ཡོད་པ་རེད། དེ་འདྲ་ངས་ཀྱང་མཐོང་གི་ཡོད། ངས་ཁྱེད་རང་ལ་མཁོ་འདོན་བྱས་པ་དེ་ཚོར་ངེད་གཉིས་ཀྱིས་གོ་བ་ལེན་ཕྱོགས་ལོགས་ཀ་ཡིན་པར་བཤད་འདུག དེ་ངེད་རང་གཉིས་སོ་སོའི་ལྟ་སྟངས་ཀྱིས་ཐག་གཅོད་དགོས་པ་ལས། འདི་འགྲིག་དེ་ནོར་ཞུ་རྒྱུ་གང་ཡང་མེད་ལགས།
དྲ་གྲོགས་བྱང་ཆུབ་ལོ་མ་ལགས། འཚམས་འདྲི་ཞུ།
ངས་ཁྱེད་ཀྱི་གསལ་བཤད་དེ་ཆ་ཚང་ལན་གཅིག་བཀླགས་ཡོད། རིང་སེ་བྱུང་། འོན་ཀྱང་ད་དུང་ལན་གཅིག་ཀློག་རྩིས་ཡོད་ལགས། སྤྱིར་ན་མ་ཉེས་ཁ་གཡོག་འདྲ་བ་རེ་ཟུང་འདུག་མོད་སྔོན་དུ་བྲིས་པ་ལྟར་ད་ཆ་ལན་འབུལ་རྩིས་མེད། ད་ནི་ང་ཅུང་ཟད་ཐང་ཆད་སོང་།
བཀའ་དྲིན་ཆེ། བཀྲ་ཤིས་བདེ་ལེགས།
བྱང་ཆུབ་འདི་སྤྱོད་པ་ཇེ་ལ་སོང་འདྲ་ཞིག་ཚོར།
བྱང་ཆུབ་ལོ་མ་ཟེར་བ་འདི་རྗེས་ནས་སྤྱོད་པ་ཇེ་བཟང་ལ་སོང་བ་འདྲ་ཞིག་བྱུང་།
རྣམ་པ་ཚོ་ལ་འཚམས་འདྲི་ཞུ།
གུས་པས་བྲིས་པ་འདི་ཟླ་འདིའི་ཀློག་གྲངས་མང་ཤོས་སུ་གྱུར་འདུག་པས་ཀློག་པ་པོ་རྣམ་པར་ལག་ཟུང་ཐལ་མོ་སྙིང་ཁར་སིམ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།
མ་གཞི་འདིའི་སྐོར་ལ་མང་པོ་མི་འབྲི་བསམ་བྱུང་ཡོད་མོད་ད་ལྟ་ང་རོ་ལངས་ཞིག་རྒྱག་བསམ་བྱུང་། གང་ལགས་ཤེ་ན་ད་སྐབས་རང་ཉིད་ཀྱི་ལངས་ཕྱོགས་དེ་ཕལ་ཆེར་ནོར་ཡོད་ས་མ་རེད་སྙམ་པའི་ངེས་ཤེས་སྣོན་པ་རེ་ཡོང་གི་འདུག མ་གཞི་གྲོས་ཚོགས་འཚོགས་རྗེས་སུ་གནད་དོན་དེ་སྔར་ལས་གསལ་བོར་ཆགས་ཀྱི་རེད་བསམ་པས་དེ་བར་དུ་སྒུག་ན་ཡང་ཆོག
འོན་ཀྱང་ད་བར་དུ་ཚོགས་ཟུར་སྤེན་པ་ཚེ་རིང་གི་སྐྱོན་གྱི་ཆ་ནས་གླེང་བ་དོན་ཚན་གཅིག་མ་གཏོགས་བྲིས་མེད་ལ། ད་དུང་ཡང་དེའི་ཕྱོགས་ནས་གླེང་རྩིས་མེད། གཙོ་བོ་སྲིད་སྐྱོང་ལ་མ་ཉེས་ཁ་གཡོག་གི་ཆ་དེ་ནས་གླེང་འདོད་པ་ཡིན།
སྤྱི་ཚོགས་དཀྲུགས་མཁན་ནི་དྲི་བ་འདི་ཚོ་རེད།
སྲིད་སྐྱོང་ལ་ངོ་རྒོལ་བ་རྣམས་ཀྱིས་ངག་ན་ནམ་ནམ་ཞར་ཞར་ཡང་སྐྱོར་བཞིན་པའི་སྐྱོན་འཛུགས་དེ་དག་ཕྱོགས་བསྡོམས་ཤིག་བྱས་ན་དོན་དག་དྲུག་ཙམ་ཞིག་ཏུ་འབབ་པར་སེམས་ཏེ། བློ་སེང་གིས་ཁྲིམས་ལ་འགལ། ཧམ་པ་བཤད། མགོ་སྐོར་བཏང་། སྤྱི་ཚོགས་དཀྲུགས། ཉེ་ངོར་བལྟས། སྒེར་གཅོད་བྱས་བཅས་སོ།
ད་བར་དུ་སྐྱོན་འཛུགས་དེ་དག་རེ་རེ་ནས་དཔེར་མཚོན་དང་བཅས་ངོས་སྤྲོད་བྱས་པ་མེད་སྟབས་ངས་དེ་དག་གི་གོ་ཡུལ་རེ་རེ་ནས་ཡང་ཡང་བཙལ་ན་ཡང་ལན་འདོད་བློ་ཚིམས་པ་རྙེད་ཐུབ་ཀྱི་མི་འདུག དེའི་ཕྱིར་ཁྱེད་ལ་དེ་དག་དྲི་བའི་རྣམ་པར་བསྒྱུར་ནས་སླར་འདྲི་བར་བྱ། དེ་ནི་བློ་སེང་གིས་ད་བར་བརྩམས་པའི་༡་། ཁྲིམས་ལ་འགལ་བ་གང་། ༢་། ཧམ་པ་བཤད་པ་གང་། ༣་། མགོ་སྐོར་བཏང་བ་གང་། ༤་། སྤྱི་ཚོགས་དཀྲུགས་པ་གང་། ༥་། ཉེ་ངོར་བལྟས་པ་གང་། ༦་། སྒེར་གཅོད་བྱས་པ་གང་། ཞེས་སོ།
དྲི་བ་འདི་དག་རྨེད་དོན་ནི་ང་རང་གིས་ཐུབ་ཚོད་ཀྱིས་བློ་གཟུར་བོར་གནས་ནས་གནད་དོན་ངོ་མ་དེ་ཤེས་འདོད་ཁོ་ན་ཡིན། འུ་ཅག་གི་བར་ལ་བལྟ་ཚུལ་མི་མཐུན་པ་ཞིག་ཡོད་པ་འདི་གཞི་རྩིའི་དགོངས་པ་བཞེས་ཕྱོགས་མི་འདྲ་བས་འགྲེལ་སྟངས་ལོགས་སུ་སོང་བ་ཡིན་ནམ་དོན་ངོ་མར་གནས་ལུགས་དེ་ཡིན་པ་བལྟ་འདོད་པ་དེ་ཡིན།
དྲི་བ་༡་པོ། ༢་པ། ༤་པ། ༥་པ་བཅས་ལ་རང་ངོས་ནས་འོལ་ཚོད་ཀྱིས་ལན་རེ་བཙལ་ཡང་དེ་དག་ནི་ལན་ངོ་མ་དེ་མིན་པར་བསམ། དྲི་བ་༣་པ་དང་༦་པའི་ལ་ནི་འོལ་ཚོད་ཙམ་ཡང་རྙེད་ཀྱི་མི་འདུག དེའི་ཕྱིར་གོང་གི་དྲི་བ་དེ་དག་ལ་གསུང་ལན་རེ་ལྡོན་རོགས་ཞུ། དེ་དང་ལྷན་དུ་ཁྱེད་ཀྱི་སེམས་སུ་དཔེར་མཚོན་འདི་ལས་བཟང་བ་མི་འདུག་སྙམ་པའི་སྒྲུབ་བྱེད་རེ་གཉིས་དང་། ཁྱེད་ཀྱི་དགོངས་པའི་གཞི་བཅོལ་ས་སྒྲ་བརྙན་ཡིག་གསུམ་ག་འདྲ་ཡོད་པ་དག་དྲ་ངོས་གང་དུ་ཡོད་པ་དེའི་དྲ་འབྲེལ་དག་ཀྱང་ངེས་པར་དུ་གཏོང་རོགས་ཞུ།
ཉིན་མཚན་དུས་ཀུན་ཏུ་སྐྱོན་ཁོ་ན་བཙལ་ནས་སྡོད་མཁན་དག་གིས་སྐྱོན་ཞིག་བཙུགས་པ་དེས་ངེས་པར་དུ་ཟུགགས་དགོས། ཅི་སྟེ་མ་ཟུགས་པ་ན་སྐྱོན་འཛུགས་ཡུལ་དེ་སྐྱོན་མེད་དྭངས་གཙང་འདྲ་བ་ཞིག་ཏུ་འགྱུར་གྱི་རེད། དེའི་ཕྱིར་བློ་བཟང་སེང་གེ་སྐྱོན་མེད་དྭངས་གཙང་ཞིག་ཡིན་གྱི་མ་རེད་ལ། དེ་མིན་པ་གསལ་པོར་ཆགས་ན་ཡང་འགྲིག་པ་རེད། ད་བར་དུ་བཙུགས་པའི་སྐྱོན་དེ་དག་ཡག་པོ་ཞིག་ཟུགས་ཀྱི་མེད་པའི་ཚོར་བ་ཡོང་གི་འདུག གལ་སྲིད་སྐྱོན་འཛུགས་དེ་ཚོ་ཟུགས་ཀྱི་མེད་པ་གསལ་བོ་ཆགས་ན་སྲིད་སྐྱོང་ལ་མ་ཉེས་ཁ་གཡོག་བྱས་སོང་བ་ཡང་གསལ་བོ་ཆགས་ཡོང་བས་དེ་ཡང་དགོས་པ་ཞིག་རེད།
ཨོ་་་ཞོར་ལ་ཞུ་རྒྱུ་ཞིག་ལ། ཉིན་མཚན་དུས་ཀུན་ཏུ་སྐྱོན་ཁོ་ན་འཚོལ་བཞིན་སྡོད་མཁན་རྣམས་ནི་གཞུང་འཛིན་པ་ཞིག་ལ་མཚོན་ན་བཀའ་དྲིན་བླ་མེད་དུ་ཞུ་འོས་པའི་མི་སྣ་དག་ཡིན་པ་ངས་ནམ་ཡང་དྲན་གྱི་ཡོད། ཁྱེད་ཅག་ནི་ནག་གདོང་དྲེགས་ནག་ནོག་མཐོང་བྱེད་ཀྱི་མེ་ལོང་ཡིན་ནོ། ཁྱེད་ཅག་ནི་ངན་སྤྱོད་ལས་ངན་འགོག་མཁན་གྱི་སྤྱི་བདེ་བ་ཡིན་ནོ།