བློ་གྲོས་རབ་བརྟན།
བློ་སེང་དང་སྤེན་ཚེ་གཉིས་ཀྱི་ཡིག་ངག་གཉིས་ཀྱི་སྐད་ཆར་ལྟ་ཉན་བྱས།ཕྱོགས་གཉིས་ཀ་ཡག་པོ་ཤེས་སོང་། སུས་ལས་ཀ་བྱེད་ཤེས་ཀྱི་འདུག སུ་དྲང་མོ་དང་བདེན་པ་རེད། སུས་ཁྲིམས་དང་སྒྲིག་གཞི་བརྩིས་འདུག སུའི་ལས་ཀ་བརྟན་པོ་དང་ཞིབ་ཚགས་རེད། དེ་དག་ཐམས་ཅད་པོ་ཕན་ཚུན་ཤོད་རེས་ལས་ཡོངས་སུ་ཤེས་ཐུབ་པ་མ་ཟད། བྱེད་སྟངས་ཁ་ཤས་ཤིག་གསལ་བོ་བཟོ་རྒྱུ་ཡང་གལ་ཆེན་པོ་མཐོང་སྟེ་ཚིག་འགའ་འདིར་བཤད་ཡོད།
གཅིག༽སྤེན་ཚེ་དགོངས་ཞུ་ཡོང་བར་འབད་ཡོད་པ།
དང་པོ་ནས་བློ་སེང་ལ་སྤེན་ཚེ་ཨ་རིའི་དོན་གཅོད་ལ་འཇོག་འདོད་མེད་ཀྱང་། ༧གོང་ས་མཆོག་གི་ཐུགས་རེ་ལྟར་འཇོག་དགོས་བྱུང་བ་དང་། དེས་སྐལ་རྡོར་ཨ་དོན་ནས་ཕྱིར་འཐེན་དགོས་འཁེལ་བས། བློ་སེང་གི་ཡོངས་ཁྱབ་མིན་པའི་ལས་དོན་མང་པོ་ཞིག་སྐལ་རྡོར་ལྟར་ལས་ཀ་སྟབས་བདེ་མིན་པ་ཆགས་ཡོད། དེ་ནི་བློ་སེང་གི་དཀའ་ངལ་ཞིག་རེད། དཀའ་ངལ་དེ་མུ་མཐུད་དེ་གནས་ན་མི་འདོད་པས། སྤེན་ཚེ་དོན་གཅོད་ནས་འགྱུར་བ་གཏང་རྒྱུའི་ཐབས་ལམ་འཚོལ་དགོས། ཐབས་ལམ་ནི་སྤེན་ཚེ་ཨ་ཐུག་སྟེ་དགོངས་པ་ཞུ་འཇུག་རྒྱུ་དེ་རེད། དེར་བརྟེན་བློ་སེང་གིས་དོན་གཅོད་ཀྱིས་ལས་ཀ་བྱེད་དགོས་པ་མང་པོ་ཞིག་དོན་གཅོད་ལ་འབྲེལ་བ་མ་བྱས་པར། རྡ་ས་ནས་སྐལ་རྡོར་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་༼ ད་ལྟའི་དོན་གཅོད༽ གཉིས་ཆེད་དུ་ཨ་རི་ལ་མངགས་ཏེ་ལས་དོན་སྒྲུབ་བཅུག་སྟེ། དོན་གཅོད་སྣང་མེད་དུ་བཞག་པ་དང་། དེ་བཞིན་ལས་དོན་མང་པོ་ཞིག་གི་ཐད་བློ་སེང་ལ་བཀའ་འདྲི་ཞུས་ན་འང་ལན་ཏག་ཏག་མ་བརྒྱབ་པ་དང་། གལ་ཆེན་གྱི་ལས་དོན་ཁག་ལ་བློ་སེང་གིས་མཐུན་འགྱུར་གནང་མེད་པ། བློ་སེང་ཡིན་ད་ཡིན། ཐ་ན་བློ་སེང་གི་ཤུགས་རྐྱེན་འོག་ཕྱི་དྲིལ་ལྷན་ཁང་ནས་ཀྱང་མཐུན་འགྱུར་གནང་བ་ཕར་ཟད། ག་གོར་དང་ཡ་ཡོལ་བཤད་པ། སྤེན་ཚེའི་ལས་འཆར་དགོས་ངེས་ཅན་དང་ཕན་ཐོགས་དངོས་སུ་ཡོད་པ་ཁག་ལ་ཁ་གཏད་བཅག་སྟེ། ཨུ་ཐུག་དགོས་པའི་ལས་ཀ་མང་བོ་བྱས་འདུག་ཀྱང་། ད་དུང་སྤེན་ཚེས་ཐབས་མཁས་བསྟུན་མཁས་ཀྱིས་ཟླ་བ་༡༣ རིང་ལས་ཀ་བྱེད་ཐུབ་ཡོད་ཅིང་། དེ་ལྟའི་སྒང་ནས་མཐུན་འགྱུར་མ་གནང་བའི་ཁར་ལྡོག་ཕྱོགས་ཀྱི་དཀའ་ངལ་འཕྲད་མིན་ལ་མ་ལྟོས་པར་ལས་དོན་ཁག་འཐུས་ཤོར་མེད་པར་བསྒྲུབས་ཐུབ་ཡོད་པ་འདིས། སྤེན་ཚེའི་སྤྱི་སེམས་དང་འཇོན་ཐང་བསྟན་ཡོད།
བློ་སེང་གིས་སྤེན་ཚེ་དོན་གཅོད་ཡིན་བཞིན་དུ་དོན་གཅོད་ཀྱི་མཐོང་མ་སྤྲད་པར་ཨུ་ཐུག་སྟེ། དགོངས་ཞུ་གནང་རྒྱུའི་རེ་བ་དེ་ལེགས་འགྲུབ་མ་བྱུང་བས། ཐབས་ལམ་གཞན་ཞིག་འཚོལ་དགོས་པ་དེ་ཆོས་ཉིད་རེད། ཁོས་སྤེན་ཚེ་ཨ་རིའི་དོན་གཅོད་ལ་མུ་མཐུད་དེ་འཇོག་འདོད་རྩ་བ་ནས་མེད།
གཉིས༽ སྤེན་ཚེའི་ཐོག་དཔུང་མཉམ་རུབ་བྱས་པ།
བློ་སེང་དང་སྐལ་རྡོར། དངོས་གྲུབ་ཚེ་རིང་། ཤར་གླིང་ཟླ་སྒྲོན་བཞི་པོས་སྤེན་ཚེའི་ཐོག་དཔུང་པ་མཉམ་དུ་སྤུངས་ཡོད། སྐལ་རྡོར་དང་བློ་སེང་གཉིས་གྲོགས་པོ་ཡིན་པ་དང་། བློ་སེང་གིས་གྲོགས་པོའི་ངོར་བལྟས་ཏེ་སྐལ་རྡོར་ཨ་རིའི་དོན་གཅོད་ལ་བཞག་ཡོད། ཡིན་ནའང་སྐལ་རྡོར་དོན་གཅོད་ལས་ཀ་ཤོར་དགོས་པ་དེ་སྤེན་ཚེ་དང་འབྲེལ་ཡོད་ཆགས་ཡོད། དངོས་གྲུབ་ཚེ་རིང་ནི་བློ་སེང་གིས་རྡ་སར་བླངས་ཏེ་བཀའ་བློན་བར་བསྐོས་པ་རེད། དེ་བཞིན་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ནི་རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར་བའི་སྐབས་སུ་ཕྱི་དྲིལ་དྲུང་ཆེའི་མིང་ཐོག་ལ་བཞག་ཡོད། ཁོང་ཚོར་ཚང་མའི་རྐུབ་སྟེགས་དེ་བློ་སེང་ལས་བྱུང་ཞིང་། བློ་སེང་གི་ཤུགས་རྐྱེན་དང་སྒེར་གྱི་གནད་དོན་དང་འབྲེལ། ཁོང་ཚོ་ཚང་མ་སྤེན་ཚེའི་ཐོག་ལྟ་སྟངས་གཅིག་པ་དང་། སྤེན་ཚེ་དོན་གཅོད་ལས་གནས་དབྱུང་གཏོང་པར་མ་གྲོས་བསམ་པ་གཅིག་མཐུན་ཡིན།
འཆར་གཞི་སྔོན་སོང་ཐོག་ནས་དོན་གཅོད་ཀྱི་གནས་དབྱུང་གཏོང་བར་ཐབས་ཤེས་འཐེན་དགོས་པ་རེད། བློ་སེང་ལ་དགོས་པ་དེ་སྤེན་ཚེའི་ནོར་འཁྲུལ་ཚབས་ཆེན་ཚང་མས་ཁས་ལེན་ཐུབ་པ་ཞིག་དགོས་ཀྱི་ཡོད་ཀྱང་། སྤེན་ཚེས་གཟབ་གནད་ཀྱིས་ལས་ཀ་བྱས་པས་བློ་སེང་ལ་འཇུ་ས་ཞིག་མ་རེད། དེར་བརྟེན་ཁོང་ཚོ་མི་བཞི་བོས་མཉམ་འབྲེལ་གྱི་གཡོ་ཐབས་སྤྱད་དེ། སྤེན་ཚེའི་སྐྱོན་དང་མ་འཇོན་པར་བགྲང་སར་མི་འགྲོ་བའི་གནད་དོན་ཆུང་ཚགས་ལ་དོ་སྣང་བྱས་ཏེ། ཐ་ན་སྤེན་ཚེ་དང་ཤར་གླིང་ཟླ་སྒྲོན་གཉིས་ཀྱིས་མཉམ་དུ་ཟས་ལ་རོལ་བའི་སྐབས་ཀྱི་སྐད་ཆ་འགའ་ཡང་བློ་སེང་གིས་སྤེན་ཚེའི་ཉེས་སྐྱོན་གྲས་སུ་བརྩིས་ཡོད། དེ་ལས་ཤེས་ཐུབ་པ་ནི། སྤེན་ཚེ་ལ་སྐྱོན་ཞིག་མ་རྙེད་དུས་ཨུ་ཚུགས་ཀྱིས་སྐྱོན་འཚོལ་གྱིན་ཡོད་པ་དེ་རེད། བློ་སེང་ཕུད་རྗེས་སྐལ་རྡོར་དང་དངོས་ཚེ། ཤར་གླིང་ཟླ་སྒྲོན་གསུམ་ལས་སྐལ་རྡོར་རང་འཇགས་དོན་གཅོད་ལ་བསྐོ་སར་མི་འགྲོ། ཟླ་སྒྲོན་ལ་གང་ཐད་ནས་འོས་བབ་མེད་དུས། དངོས་ཚེ་མ་གཏོགས་འགྲོ་ས་མེད། སྤེན་ཚེ་གནས་དབྱུང་ལ་དངོས་ཚེས་རམ་འདེགས་ཧུར་ཐག་བྱས་ཡོད། རྒྱུ་མཚན་ནི་དངོས་ཚེ་ལ་བར་ནས་ཁེ་བཟང་གཉིས་བརྩེགས་རེག་ཡོད་དེ། དངོས་ཚེའི་ནང་མི་ཨ་རི་ལ་ཡོད་པས་ནང་མི་དང་ཁ་བྲལ་མི་དགོས་ལ། ད་དུང་ལས་ཀ་སྒོ་འགྲམ་ནས་རེག་པ་དེ་རེད།
ཁོང་ཚོ་བཞི་བོ་སྤེན་ཚེའི་ཐོག་མཉམ་འབྲེལ་བྱས་ཏེ། སྤེན་ཚེ་ཨ་རིའི་དོན་གཅོད་ནས་གནས་དབྱུང་བཏང་ཐུབ་ཡོད་ཅིང་། གནས་དབྱུང་གཏོང་ཐུབ་པ་དེ་ཡང་སྤེན་ཚེའི་བཟང་སྤྱོད་དང་ཁྲིམས་སྒྲིག་གོང་དུ་བཀུར་བ་ལས་བྱུང་ཞིང་། དེ་མིན་སྤེན་ཚེས་བློ་སེང་གིས་བརྩིས་པའི་སྐྱོན་དག་ལ་ངོས་ལེན་མེད་ལ། དོན་གཅོད་ལས་མཚམས་འཇོག་གི་མིན་ལབ་སྟེ། ཁ་མཆུ་བརྒྱག་ཆོག་པའི་གནས་བབ་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་དང་སྤྱི་ཚོགས་ཞི་འཇགས་ལ་བསམ་བློ་བཏང་སྟེ། བཀའ་ཤག་གིས་ཐག་ཆོད་དེ་ངོས་ལེན་བྱས་ཡོད།
གསུམ༽ དོན་གཅོད་ཆ་ཚང་རྩིས་སྤྲད་ཡོད་དམ།
བློ་སེང་དང་སྐལ་རྡོར་གཉིས་ནས་མི་འདོད་བཞིན་དུ་དོན་གཅོད་སྤེན་ཚེ་ལ་རྩིས་སྤྲད་དགོས་བྱུང་བ་དང་། ཁོང་གཉིས་ལ་དོན་གཅོད་ཀྱི་མིང་ཐོག་གམ་རྒྱབ་ལོགས་ན་ལས་དོན་མང་པོ་ཞིག་ཡོད་མུས་ཡིན་དུས། དོན་གཅོད་འཕོ་འགྱུར་དེས་ལས་དོན་ཁག་གི་ལམ་ཁ་སྟབས་བདེ་མིན་པ་ཆགས་ཤིང་། དོན་གཅོད་ཆ་ཚང་ཞིག་རྩིས་སྤྲད་ཡོད་མེད་ལའང་དོགས་པ་རང་བཞིན་གྱིས་ཡོང་གིན་འདུག
ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་ལབ་གླེང་ཁྲོད་ནས་ཤེས་ཐུབ་སོང་བ་ནི། སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་ཐད་དོན་གཅོད་དང་བོད་ཀྱི་ཐེབས་རྩ་་གཉིས་ནས་ནང་ཁུལ་དུ་ཡིག་ཆ་བཞག་ཡོད་ཀྱང་། སྐལ་རྡོར་གྱིས་ཡིག་ཆ་དེ་དོན་གཅོད་རྩིས་སྤྲོད་རྩིས་ལེན་གྲས་སུ་བཞག་མེད་པ་དེ། ད་ལྟ་ཕྱོགས་གཉིས་ཀ་ནས་ཁ་གྲག་ཡོང་དུས་གསལ་བོ་ཆགས་ཡོད། རྒྱུ་མཚན་ཅི་ཞིག་གིས་སྐལ་རྡོར་གྱིས་ཡིག་ཆ་དེ་སྤེན་ཚེ་ལ་རྩིས་སྤྲོད་མ་བྱས་པ་རེད། རྩིས་མ་སྤྲད་པའི་རྒྱབ་ལོག་ན་གསང་བ་ཅི་ཞིག་ཡོད་དམ། ཡང་ན་ཕན་ཚུན་བར་བཞག་པའི་ཡིག་ཆ་དེ་བོད་ཀྱི་ཐེབས་རྩ་མ་གཏོགས་མེད་པ་ཡིན་ནམ། ཕྱོགས་གཉིས་བར་ན་བཞག་པའི་ཡིག་ཆ་ཡིན་ན་གཉིས་ཀ་ལ་ཡོད་དགོས་པ་ཡོངས་གྲག་རེད། དོན་གཅོད་རྩིས་སྤྲོད་རྩིས་ལེན་གྱི་དོན་ནི་གལ་ཆེའི་ཡིག་ཆ་ཁག་རྩིས་ལེན་དང་རྒྱུན་སྐྱོང་དགོས་པའི་ལས་དོན་ཁག་ངོ་སྤྲོད་ཞུ་རྒྱུ་དེ་ཡིན་ན། སྐལ་རྡོར་གྱིས་གལ་ཆེའི་ཡིག་ཆ་དེ་རྩིས་མ་སྤྲད་པར་སྦས་པ་འམ་ཡང་ན་དེའི་སྐོར་གསལ་བོ་མ་བཤད་པ་དེས། དོན་གཅོད་ཆ་ཚང་རྩིས་སྤྲད་ཡོད་མེད་ལ་ཐེ་ཚོམ་རེད། གལ་ཏེ་ཡིག་ཆ་དེ་དོན་གཅོད་ཀྱི་ཡིག་ཆའི་གྲས་སུ་བཞག་སྟེ་རྩིས་སྤྲད་ཡོད་ན། ད་ལྟའི་སྤྱི་ཚོགས་ནང་ལྷག་བསྡད་པའི་ཟིང་ཟིང་དེ་དེ་ཙམ་ཛ་དྲག་ཅིག་ཡིན་མི་སྲིད་སྙམ།
སྤེན་ཚེས་དོན་གཅོད་ཀྱི་ལས་དོན་ཁག་ཧུར་ཐག་གིས་སྒྲུབ་བསྡད་པ་ལས་བཀའ་ཤག་མཐུན་འགྱུར་དང་ལམ་སྟོན་གང་ཡང་གནང་མེད་པ་གསལ་བོ་རེད། ཨ་གཞུང་གི་འཛིན་སྐྱོང་གསར་བའི་འོག་རོགས་དངུལ་ཚང་མ་ཕྱིར་བསྡུའི་སྐབས་སུ། སྐལ་རྡོར་ནས་ཨ་གཞུང་ལ་དེ་སྔའི་རོགས་དངུལ་སྒང་ལ་སྒོར་ས་ཡ་གཉིས་མང་དུ་བཏང་སྟེ་འཆར་འབུལ་ཞུས་འདུག་ཀྱང་། དེ་དག་དོན་གཅོད་སྤེན་ཚེ་ལ་ཅི་ཡང་མ་བཤད་པར་གང་འཚམས་བཞག་འདུག་ཀྱང་། ཤར་གླིང་ཟླ་སྒྲོན་སྒེར་དངོས་ནས་ཨ་རི་ལ་ཡོང་བའི་སྐབས་ཤིག་ལ། སྐལ་རྡོར་གྱིས་བཤད་ན་དངུལ་ས་ཡ་གཉིས་སྔོན་མ་ལས་མང་བ་ཞུས་ཡོད་སྐོར་སྤེན་ཚེ་ལ་གཞི་ནས་བཤད་འདུག རོགས་དངུལ་དེའི་མཇུག་སྐྱོང་གི་ལས་ཀ་བྱེད་མཁན་དོན་གཅོད་རེད་དེ་དངུལ་གྱི་གྲངས་ཀ་ཙམ་ཡང་བཤད་མེད། དངུལ་ལ་ཐུག་སོང་ན་སྦས་ཀྱིན་ཡོད་པའི་ཟོལ་འདྲ་བོ་དང་། གསལ་བོ་མི་ལ་ཤོད་ཀྱིན་མེད་པའི་ཟོལ་འདྲ་བོ་ཅི་ཡིན་ནམ། མཚམས་རེ་བཤད་འདོད་མེད་ནའང་བཤད་དགོས་ཆགས་ན། བཤད་སྟངས་ཡང་ཐད་ཀར་མ་ཡིན་པ་ཟུར་ནས་བཤད་བསྡད་པའི་ཟོལ་འདྲ་བོ་མི་ལ་དོགས་པ་མང་པོ་རང་བཞིན་གྱིས་ཡོང་འཇུག་གིན་འདུག
བཞི༽ལས་ཀ་བྱེད་སྟངས་ཀྱི་དཀའ་ངལ།
བློ་སེང་དང་སྤེན་ཚེ་གཉིས་ལ་བལྟས་ན། ཁོང་གཉིས་ཀྱི་ལས་ཀ་བྱེད་སྟངས་ལའང་ཁྱད་པར་ཆེན་པོ་འདུག ལས་ཀ་བརྟན་པོ་དང་ཞིབ་ཚགས་མིན་གྱི་ཁྱད་པར་གསལ་བོ་མཐོང་ཐུབ། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གླེང་རྙོག་དེ་ཡང་ལས་ཀ་བྱེད་སྟངས་བརྟན་མིན་དང་ཞིབ་ཚགས་ཡིན་མིན་ལས་བྱུང་ཡོད།
བློ་སེང་གིས་བཤད་ན་སྤེན་ཚེ་གླེང་མི་དགོས་པ་གླེང་སྟེ་དཀའ་ངལ་བཟོ་བཞིན་འདུག་མདོག་མདོག་བཤད་སོང་སྟེ། དོན་དངོས་སུ་ཡོངས་གྲགས་སུ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་ཕྱིར་བསྒྲགས་བྱེད་མཁན་བཀའ་ཤག་རེད་འདུག སྤེན་ཚེས་ནང་ཁུལ་ནས་བོད་ཀྱི་ཐེབས་རྩའི་རྩིས་ནང་བུད་ལོན་ཡིན་པ་གསལ་འདུག དེ་ག་རེད། དོན་གཅོད་ཀྱི་རྩིས་ནང་གང་ཡང་གསལ་མི་འདུག དེ་ཅི་ཡིན་གསལ་བོ་དགོས་པ་རེད། མ་འོངས་པར་ན་དཀའ་ངལ་འཕྲད་སྲིད་པ་རེད་ཅེས་ལས་ཀ་བརྟན་པོའི་ཕྱོགས་སུ་བསྐྱོད་ཡོད། བློ་སེང་གིས་ང་ཚོ་ནང་ཁུལ་ནས་འགྲིག་ཡོད་ཅེས་ཁ་ན་ཌ་ནས་མང་ཁྲོད་དུ་བཤད་སོང་། ཡིན་ནའང་དོན་དངོས་སུ་ཡུལ་ཁྲིམས་དང་མཐུན་གྱི་མེད་པ་ཤུགས་ནས་བསྟན་གྱིན་ཡོད། ཕྱོགས་གཉིས་ཀ་བོད་ཀྱི་མིང་ཐོག་ན་ཡོད་པའི་ལས་ཁུངས་རེད་ལ། ཡུལ་ཁྲིམས་དང་མཐུན་པའི་ལས་ཀ་བརྟན་པོ་བྱེད་དགོས་པ་གལ་ཆེན་རེད། ལྷག་ཏུ་གོང་ས་མཆོག་གི་མཚན་ཡོད་པའི་ལས་ཁུངས་ཤིག་རེད།
སྤེན་ཚེའི་ལས་ཀ་བརྟན་པོ་དང་ཞིབ་ཚགས། ཁྲིམས་དང་སྒྲིག་གཞི་གཞིར་བཟུང་འགྲོ་མཁན་ཞིག་རེད་ལ། བློ་སེང་ལས་ཀ་བྱེད་སྟངས་དེ་བརྟན་པོ་དང་ཞིབ་ཚགས་མིན་པ་དེས། ཁོང་གཉིས་མཉམ་དུ་ལས་ཀ་བྱེད་དགོས་དུས། ཕན་ཚུན་བར་སྐད་ཆ་ཤོད་རེས་ཡང་ཡང་བྱུང་ཡོད་པ་དང་། གཅིག་འོག་གཅིག་ཏུ་འདུ་དཀའ་བའི་གནས་སྟངས་ཤིག་ཀྱང་དེ་ནས་བྱུང་འདུག་སྙམ་ལ། སྤེན་ཚེ་ལ་མཚོན་ན་བརྩི་དགོས་ས་ཞིག་ནས་སྲིད་སྐྱོང་བརྩི་བ་ལས་ཐམས་ཅད་ལ་བློ་སེང་གི་རྔ་མ་བྱེད་ནི་ཞིག་མིན་པའང་གསལ་བོ་རེད།
བློ་གྲོས་རབ་བརྟན་ལགས་ནས་
དཔྱད་དོན་དངོས་བྱུང་ལ་གཞིར་ཞགས་ནས་གསལ་པོ་གསུང་འདུག་
བློ་གྲོས་རབ་བརྟན་ལགས་ཀྱིས་ཧ་ལས་པ་ཡག་པོ་བྲིས་འདུག ཁྲེལ་མེད་བ་གླང་ལྟ་བུའི་འགས་བདེན་པ་ལ་རྒྱབ་སྐྱོར་མི་བྱེད་པར་རྫུན་མའི་དཔུང་རོགས་བསྒྲིགས་ན། ང་ཚོའི་ངོས་ནས་ཀྱང་ཤུགས་རྒྱག་དགོས་ས་རེད། ཤུགས་རྒྱག་ས་དེའང་སྲིད་སྐྱོང་གར་ཕེབ་ལ་ངོ་རྒོལ་གྱི་རྣམ་པ་ཙམ་མ་ཡིན་པར། སྤྱི་འཐུས་ཚོར་སྐུལ་སློང་བྱེད་དགོས་རེད། སྤྱི་འཐུས་ནི་མི་མང་གི་ཚབ་ངོ་མ་དེ་རེད། སྔོན་ཟམ་གདོང་རིན་པོ་ཆེ་སྤྱི་འཐུས་ཚོགས་གཙོ་ཡིན་སྐབས་བཀའ་ཁྲི་རྒྱལ་ལོ་དོན་འགྲུབ་ཀྱི་སྐད་ཆ་བཤད་སྟངས་ཙམ་ནོར་བ་ལ་ངོ་རྒོལ་བྱས་ཏེ་བཀའ་ཁྲིས་ལས་གནས་ནས་དགོངས་པ་ཞུ་དགོས་བྱུང་བ་རེད། དེ་དུས་རྒྱ་དོན་གྱི་ནོར་འཁྲུལ་དང་སྲིད་སྐྱོང་གཉིས་ཀྱིི་ནོར་འཁྲུལ་བསྡུར་ན་སྲིད་སྐྱོང་གི་ནོར་འཁྲུལ་ཧ་ཅང་གི་ཚབས་ཆེན་རེད། རྒྱུ་མཚན་ནི་ད་ཐེངས་ཀྱི་དོན་རྐྱེན་འདིས་བོད་མི་ཆོལ་གསུམ་ནང་ལ་རྙོག་གྲ་ལངས་པ་དེ་རེད། །
༄༅ྲ། མིག་ཡ་གཅིག་གི་སྐད་ཆ་ག་ཚོད་བཤད་ཀྱང་་་རང་གི་བསམ་ཚུལ་ཙམ་ལས་གཞན་གང་ཡང་
ཡིད་འཇོག་བྱེད་ཡ་མེད་པ་རེད།
ད་སྐད་སྟོང་ག་ཚོད་སྐད་བཤད་ཀྱང་ཡིད་ཆེ་བློ་འཁེལ་གྱི་གཏམ་གང་ཡང་མི་འདུག་པར་བརྟེན་
ཉན་བྲིས་ཀྱང་བྱེད་ཀྱི་མིན། ནང་ཁུལ་དཀྲུགས་ཤིང་ཁོ་ན་ལས་སྤྱི་ལ་ཕན་པའི་སྐད་ཆ་གཅིག་ཀྱང་
མི་འདུག་ དེ་ལས་ཁ་རྩུམ་ནས་སྡོད།
་་་་་་་་་ ཁོང་ཚོ་བཞི་བོ་སྤེན་ཚེའི་ཐོག་མཉམ་འབྲེལ་བྱས་ཏེ། སྤེན་ཚེ་ཨ་རིའི་དོན་གཅོད་ནས་གནས་དབྱུང་བཏང་ཐུབ་ཡོད་ཅིང་། གནས་དབྱུང་གཏོང་ཐུབ་པ་དེ་ཡང་སྤེན་ཚེའི་བཟང་སྤྱོད་དང་ཁྲིམས་སྒྲིག་གོང་དུ་བཀུར་བ་ལས་བྱུང་ཞིང་། དེ་མིན་སྤེན་ཚེས་བློ་སེང་གིས་བརྩིས་པའི་སྐྱོན་དག་ལ་ངོས་ལེན་མེད་ལ། ་་་་་་་་་
་་་་་་་་་་་་་ སྤེན་ཚེའི་ལས་ཀ་བརྟན་པོ་དང་ཞིབ་ཚགས། ཁྲིམས་དང་སྒྲིག་གཞི་གཞིར་བཟུང་འགྲོ་མཁན་ཞིག་རེད་ལ། བློ་སེང་ལས་ཀ་བྱེད་སྟངས་དེ་བརྟན་པོ་དང་ཞིབ་ཚགས་མིན་པ་དེས། ཁོང་གཉིས་མཉམ་དུ་ལས་ཀ་བྱེད་དགོས་དུས། ཕན་ཚུན་བར་སྐད་ཆ་ཤོད་རེས་ཡང་ཡང་བྱུང་ཡོད་པ་་་་་་་་་་་་་་་
བློ་སེང་ཕམ་འགྱུར་ཅིག སྲིད་སྐྱོང་རྒྱལ་འགྱུར་ཅིག
རྫུན་པ་ཕམ་འགྱུར་ཅིག བདེན་པ་རྒྱལ་འགྱུར་ཅིག
ཨ་དོན་འཕོ་འགྱུར་གྱི་གནས་དོན་འདིའི་བཙན་བྱོལ་སྤྱི་ཚོགས་ཀྱི་མཐུན་འབྲེལ་ལ་རྒས་ཆགས་གཏོང་བའི་ཕྱོགས་རྟོགས་འགན་འཁུར་འོག་དགྲ་དགའ་གཉེན་སྡུག་དུ་འགྲོ་བའི་དྲ་རྒྱ་དང་སྐད་འཕྲིན་ནང་གླེང་སྙོགས་མང་པོ་མི་དགོས་པ་འཛིན་སྐྱོང་བཀའ་ཤག་དང་ཨ་དོན་ཟུར་པ་གཉིས་སུ་བདེན་སུ་རྫུན་གྱི་དབྱེ་བ་གཅོད་ཐུབ་མཁན་དེ་ཁྲིམས་་ཁང་ཡིན་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས་རོགས་གནང་བཙན་བྱོལ་སྤྱི་ཚོགས་འདི་ཞོ་ལྟར་ཆགས་ཡོད་ན་ཁྲག་ལྟར་མ་དཀྲུགས་རོགས་སྐུ་མཁྱེན་ཐུགས་རྗེའི་གཟིགས་རྣམ་པ་གཉིས་ཁྲིམས་ཁང་ལ་ཕེབས་རོགས་གནང་ཞི་བའི་མི་མང་ཉམས་ཆུང་སྡོད་ས་ལ་སྡོད་བཅུག་རོགས་ཐུགས་རྗེའི་གཟིགས་གོང་ས་མཆོག་དགོང་པ་མ་དཀྲུགས་རོགས་ཐུགས་རྗེའི་གཟིགས་།
ཪྗེས་སུ་ཡིད་རངས་ངོ་།
ཡག་པོ་བྲིས་འདུག
དངོས་གནས་སྐུ་ངོ་སྤེན་ཚེ་མཆོག་ལ་རྒྱུ་མཚན་ཡང་དག་འདུག
གང་ཡིན་དང་སུ་བདེན་མིན་ངས་མི་ཤེས་ཀྱང་བདེན་པ་ལ་ནམ་ཡང་རྒྱབ་སྐྱོར་ཡོད། སྤྱི་ཚོགས་ཀྱི་གནས་བབ་གང་ཞིག་ཡིན་ཡང་དཔྱད་པ་དང་ཞིབ་འཇུག་བྱེད་དགོས་ངེས་རེད་ལ། དེ་ཡང་བདེན་པ་བདེན་རྐྱང་དང་ཕྱི་གསལ་ནང་གསལ་ནི་བཙན་བྱོལ་ཡུན་རིང་གནས་ཐུབ་པའི་གཞིས་བརྟེན་བཅོལ་ས་གཙོ་བོ་དེ་ཡིན། བདེན་པའི་མཐའ་སེལ་བའི་རེ་སྨོན་དང་ཡིད་ཆེས་ཡོད།
མ་གཞི་ད་ལན་ཨ་རིའི་དོན་གཅོད་ཕོ་འགྱུར་བཏང་བ་འདི། སྔར་རྒྱ་ལོ་དོན་གྲུབ་ནས་སྐུ་དྲག་ཁག་དང་། དཔོན་རིགས་ཁག་གཅིག་གནས་དབྱུང་བཏང་བ་ལས་ཀྱང་སྐད་གྲགས་ཆེ་བ། དེ་འདྲ་གཏོང་མཁན་ལ་ཁྱད་པར་ཆེན་པོ་གང་ཡིན་ན།
མང་གཙོའི་ཀ་བ་གསུམ་ནང་ནས་ཀ་བ་གཅིག་ལ་སྐྱོན་འདུག་ན་རྗེ་པོ་བརྒྱག་དགོས་ཀྱི་རེད་སྐྱོན་ཇི་ལྟར་ཡོད་མེད་ཀ་བ་གཞན་གཉིས་དེས་འགན་འཁྱེར་དགོས་ཀྱི་རེད་དེ་མིན་་བློ་སེང་ནས་ང་བདེན་པ་ཡིན་ཟེ་ནས་བདེན་པ་ཡིན་ལུགས་དོན་ཚན་བཅུ་དང་སྤེན་ཚེས་ང་བདེན་པ་ཡིན་ཟེ་ནས་དཔང་་ཡིག་དང་འབྲེལ་དུས་ཡུན་ཆུ་ཚོད་ཁ་ཤད་ཀྱི་གསལ་བཤད་བོད་ཀྱི་ཐེབ་རྩས་གསལ་བཤད་སོགས་ཀྱི་རྗེས་་སྤྱི་ཚོགས་འཕྲོད་མི་དམངས་ནས་བདེན་འཛུན་སུ་ཡིན་ལ་ད྄པྱད་པ་བྱས་ནས་སྐད་ཆ་བཤད་སྐབས་ཕྱོགས་གཏོག་པ་འགས་རྒྱུ་མཚན་ཡང་དགས་གང་ཡང་བཤད་རྒྱ་མེད་པར་ཧམ་བཤད་ཁོ་ནས་དཀྲུག་གང་འཐུབ་དཀྲུགས་ཀྱི་འདུག་དེ་ཡང་་ཁམ་ཕྲུག་ཁ་ཤས་ནས་སྤེན་ཚེས་མི་བསད་པ་རེད་ཟེ་བ་བློ་སེང་གི་དོན་ཚན་བཅུ་དང་འབྲེལ་བ་གང་ཡང་མེད་པ་གཅིག་གལ་ཏེ་སྤེན་ཚེས་ཁྲིམས་མེད་པའི་ས་ཆ་ག་པར་མི་བསད་པ་རེད་འཆི་མཁན་སུ་རེད་འཆི་མཁན་གྱི་ནང་མི་ཁ་ཁར་སྡད་དགོས་དོན་ཅི་རེད་དེ་ལ་ཧམ་བཤད་མིན་པར་དྲང་གདེན་གྱི་སྐད་ཆ་ཡོད་ན་་། གཉིས་སྤེན་ཚེས་ཆང་འཐུང་བ་རེད་ཟེ་བ་དེ་ཡང་བློ་སེང་གི་དོན་ཚན་བཅུའི་ནང་ལ་མི་འདུག་ཆང་སྤེན་ཚེ་མི་དགོས་གྲ་པས་འཐུང་གི་འདུག་བློ་སེང་གིས་འཐུང་གི་འདུག གསུམ་སྤེན་ཚེས་བཟའ་ཚང་དབར་འཛུལ་བ་རེད་ཟེ་བ་བཟའ་ཚང་དབར་འཛུལ་ནས་ག་པར་བྱི་ཕྲུག་བཟོས་འདུག་ཧམ་བཤད་པ་ཚོས་དངོས་འབྲེལ་དེ་ཚོའི་རིགས་ལ་ཤ་ཚ་འགན་འཁུར་ཡོད་ན་ད་ལྟ་ཞང་ཁང་འབྱིན་བདག་ཁམ་པ་གཉིས་ཨ་རིའི་གཙོན་ཁང་ནང་ལ་ཡོད་པ་དེ་གཉིས་ལ་ཁ་བརྡ་བྱས་བྱུས་ཏོག་བྱེད་དང་། ཨ་རིའི་བཙོན་ཁང་ནང་ལ་ཡོད་པའི་ཁམ་པ་ས་ཁང་ཉོ་ཚོང་གི་སྦྱིན་བདག་ཡིན་ཟེ་མཁན་དེ་ལ་ཁ་བརྡ་བྱེད་དང་དེ་ཚོ་དཔེ་མཚོན་ལྟར་ད་ལྟ་བློ་སེང་དང་སྐལ་རྡོར་གཉིས་ལ་ཧམ་བཤད་པ་ཚོས་གཡང་ལ་མ་གཡུག་པར་ཁ་བརྟ་བྱེད་ན་བཟང་དེ་མིན་ཁམ་པའི་འབུམ་རམ་པ་གཙོན་ལ་འགྲོ་ཡོང་ཁོང་གཙོན་ལ་འགྲོ་ན་ང་ཚོ་ཁམ་པ་མི་བཞི་ཨ་རིའི་གཙོན་ལ་ཚུད་པ་རེད་དེ་མིན་་མི་འཇོན་ཐང་ཡོད་མཁན་མི་ཡག་པོ་ལ་བུད་མེད་མང་པོས་དགའ་པོ་ཡོད་པ་རེད་དེ་ཚོར་ཁོང་ཚོའི་ཕྲུ་གུ་ཡང་དགོས་འདོད་ཡོད་པ་རེད་བོད་ཀྱི་ཆོས་རྒྱལ་དང་རྒྱ་དཀར་ནག་གི་རྒྱལ་པོ་དེ་ཚོར་བཙུན་མོ་མང་པོ་ཡོད་པ་རེད་་གལ་ཏེ་མི་རྒྱུད་ཡག་པ་དེ་ཚོས་ད་ལྟའི་སྐབས་སྐྱ་མིན་གྲ་མིན་ཡང་ན་གྲ་ལོག་ཧམ་བཤད་པ་ཁྱེད་ཚོ་ནང་བཞིན་མིན་པར་ཕྲུ་གུ་མང་ཙམ་བཟོས་ནས་ང་ཚོའི་མི་འབོར་ལ་ལེགས་སྐྱེས་འཕུལ་བ་ཡིན་་ན་དེའང་རྩ་དོན་ལ་འཕན་པ་རེད་ད་ལྟ་རྒྱ་ནག་ནང་མི་འབོར་ཧ་ཅང་ཆེ་བའི་ཁར་ད་དུང་མི་དམངས་ནས་ཕྲུ་གུ་གཅིག་ལས་མང་བ་སྐྱེས་ན་དེ་ལ་ལེགས་གསོལ་སྤྲོད་ཀྱི་ཡོད་པ་རེད་
བློ་གྲོས་རབ་བརྟན་ལགས་ཀྱི་རྩོམ་འདི་ཡི་གེ་གོ་བདེ་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ།
ནང་དོན་ནི་སྤྱི་ཟུར་སྤེན་ཚེའི་ཕྱོགས་གཏོགས་ཡིན་པ་རང་གར་རྟོགས་ཐུབ། གནས་ཚུལ་གསར་པ་གང་མི་འདུག ཞར་ལ་གནས་ཚུལ་འགའ་ཤས་ནོར་ནས་བཀོད་འདུག
སྤྱི་ཟུར་སྤེན་ཚེ་མཆོག་ཨ་རིའི་དོན་གཅོད་ལ་བཏང་བ་འདི་༧གོང་ས་མཆོག་གི་དགོངས་པ་མིན། དེ་ཟམ་གདོང་རིན་པོ་ཆེའི་དགོངས་པ་རེད་ཅེས་༧གོང་ས་མཆོག་གིས་གསུང་ཆོས་སྐབས་གསལ་པོ་གསུངས་སོང་། ༧གོང་ས་མཆོག་སྐུ་ན་མཐོན་པོ། སྐུ་གཟུགས་སྐྱོ་པོ། ཚེ་གང་སྡུག་པོ་མྱངས་ནས་བཞུགས་སོང་། ད་ཚེ་མཇུག་ལ་སྡུག་པོ་འདི་འདྲ་མི་བསྟེར་བའི་ཞུ་བ་འཐེན་པ་ལགས།
མཐོད་རྒལ་ལགས་ཀྱིས་གསུངས་པ་བདེན་པ་འདྲ་བོ་འདུག སྤྱིར་ཟམ་གདོང་རིན་པོ་ནི་ཆོས་སྲིད་གཉིས་ལ་གོ་རྟོགས་མཐོན་པོ་ཡོད་པའི་ཁར་ཆོལ་ཁའི་ཕྱོགས་ཞེན་མེད་པས། ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་མི་འཇོན་ཐང་ཅན་རེ་ཡོད་ན། ཆོལ་ཁར་ལྟོས་མིན་གྱིས་རྒྱབ་སྐྱོར་བྱེད་ངེས་རེད། སྤེན་ཚེ་འཇོན་རུང་མ་འཇོན་རུང་ཟམ་གདོང་རིན་པོ་ཆེས་བསྐྱེད་བསྲིངས་བྱས་པའི་མི་ཞིག་ཡིན་པ་གསལ་པོ་རེད། །
ད་བསམ་འཆར་འདྲ་པོའམ་ཡང་ན་དཔྱད་བརྗོད་འདྲ་པོ་སོགས་ཅི་ཙམ་བྲིས་ཀྱང་། གོ་རྟོགས་རང་བཞིན་གྱི་རྩོམ་ཡིག་གཅིག་རེད་མི་འདུག མདོར་ནས་བཤད་ན། ཆབ་སྲིད་པའི་དབང་ཆ་དང་ཁེ་ཕན་གྱི་འཐབ་བརྩོད་ཁྲོད་མི་མིང་གིས་ལྷག་བསམ་ཟེར་བའི་ཚིག་འབྲུ་དེའི་འོག་ནས་དམག་འཁྲུག་ག་ཚོད་རྒྱབ་ཀྱང་ཕན་གྱི་མ་རེད། ངས་ནི་བློ་སེང་གི་ལུས་སྟེང་ནས་གསལ་པོར་མཐོང་བ་ནི་རྒྱལ་ལོའི་གཟུགས་བརྙན་གསོན་པོ་དེ་རེད། བློ་སེང་དང་རྒྱལ་ལོ་གཉིས་ལ་གཅིག་མཚུངས་ཀྱི་དམིགས་བསལ་གོ་སྐབས་དང་དབང་ཆ་རག་པ་རེད། དེའི་དབང་གི་ཁོ་གཉིས་ཀྱི་མཐའ་སྐོར་དུ་ལོ་མང་དཀའ་ལས་རྒྱག་མཁན་གྱི་བྱས་པ་ཅན་གྱི་མི་སྣ་རྣམས་རིམ་པས་ཕྱིར་ཕུད་བཏང་པ་དང་། རང་ཉིད་ཀྱི་འཁྲིས་སུ་གྲོགས་པོ་བདག་ཉར་བྱས་ཏེ། སྲིད་དབང་སྒེར་སྤྱོད་པའི་བྱ་སྤྱོད་སྤེལ་གྱི་ཡོད། རྒྱལ་ལོས་སྐུ་དྲག་བྱས་པ་ཅན་མང་པོ་མེད་པར་བཟོས་པ་རེད། བློ་སེང་གིས་སྤེན་ཚེས་གཙོས་པའི་གཞུང་ཞབས་མི་ཉུང་བ་ཞིག་ཟུར་ནས་ཕུད་པ་སོགས་ཅི་རིགས་བྱས་ཡོད། མདོར་ནས་བཤད་ན། བློ་སེང་གིས་རྒྱལ་ལོས་ཕྱིན་པའི་ལམ་བུར་ཤར་སྐྱོད་བྱེད་ཀྱི་ཡོད། རྒྱལ་ལོས་རང་ཉིད་ཀྱི་མདོང་སྐྱོད་དམག་མི་གསོ་སྐྱོང་བྱས་ཡོད་ལ། བློ་སེང་གིས་དེ་ལྟར་བྱས་དང་བྱེད་མུས་རེད་ཏོ།
སྤྱིར་ཡིན་ན་བློ་སེང་ཁོང་བཙན་བྱོལ་གཞུང་གི་འགོ་ཁྲིད་མཁན་ཞིག་ཡིན་པས་ཆ་ནས་བཀུར་འོས་མོད། འོན་ཀྱང་ཁོང་ལ་གཞུང་དམངས་གཉིས་ཀྱི་འགོ་ཁྲིད་པའི་གཞི་རྩའི་ཆ་རྐྱེན་མེད་པ་འདྲ་་་་མ་མཐའ་ཡང་ལས་གང་བགྱིས་རུང་ལྷག་བསམ་རྣམ་དག་་་་་་སྤྱི་བའི་ཆེད་དུ་ཡིན་པ་་་་བདེན་པ་བདེན་དྲང་་་་ཕྱོགས་ཞེན་བྲལ་བ་་་ཕྱི་གསལ་ནང་གསལ་་་་་ཡུལ་ཁྲིམས་ལ་བརྩི་སྲུང་ཡོད་པ་ཞིག་ངེས་པར་དུ་ཡིན་དགོས་འདི་ཙམ་ནི་ང་ཚོའི་གཞི་རྩའི་ལངས་ཕྱོགས་ཡིན་་་་་་་བློ་སེང་ལ་དེ་འདྲའི་ཆ་རྐྱེན་སྣ་གཅིག་ཀྱང་ཚང་ཡོད་པ་ད་སྔ་མཐོང་མ་སོང་་་་བརྟག་པར་འཚལ།
་་་་་་་་་་ རྒྱལ་ལོས་སྐུ་དྲག་བྱས་པ་ཅན་མང་པོ་མེད་པར་བཟོས་པ་རེད། བློ་སེང་གིས་སྤེན་ཚེས་གཙོས་པའི་གཞུང་ཞབས་མི་ཉུང་བ་ཞིག་ཟུར་ནས་ཕུད་པ་སོགས་ཅི་རིགས་བྱས་ཡོད། ་་་་་་་་་ ཟེར།
ངས་བློ་བཟང་སེང་གེ་སྐྱོན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་རེད་ནམ་ཡང་བསམ་གྱི་མེད། ཡིན་ན་འང་ཁྱེད་རང་ཚོས་དང་པོ་རང་ཉིད་ཀྱི་མཛུ་གུ་ལྔ་པོ་དེ་རང་ལ་འཛུགས་ནས་སོ་སོས་ད་བར་དུ་བོད་རྒྱལ་དང་མི་རིགས་ཀྱི་ཆེད་དུ་ལས་དོན་ཅི་ཞིག་སྒྲུབ་ཡོད་བསམ་བློ་རེ་བཏང་ནས་ད་གཟོད་གཞི་ནས་མི་ལ་སྐྱོན་བརྗོད་བྱས་ན་འོས་ཤིང་འཚམས་པ་རེད། དེ་མིན་ཁ་སྟོང་པས་བཤད་གང་ཐུབ་དང་ལག་སྟོང་པས་འབྲི་གང་ཐུབ་བྱས་སྡོད་ན་སྤྱི་ཚོགས་དཀྲུག་གཞིགས་རྒྱུ་ལས་མ་འདས་སོ།།།
བོད་ཁམས་སྡེ། ཟེར་བ་འདིས། ངས་བློ་སེང་སྐྱོན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་རེད་ནམ་ཡང་བསམ་གྱི་མེད། ཟེར། དེ་འདྲ་བསམ་མཁན་ཡོད་ན་ཀླད་པར་སྐྱོན་ཤོར་བའི་སྨྱོན་པ་ཞིག་ལས་གཞན་གང་དུའང་ཡོད་པ་རེད། གོ་སོང་ངམ།
ཡང་ཁོས། སོ་སོས་རང་ལ་མཛུ་གུ་བཙུགས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་དོན་ཅི་ཞིག་སྒྲུབ་ཡོད་བསམ་བློ་བཏང་ནས་མི་ལ་སྐྱོན་བརྗོད་བྱོས། ཟེར།
འོ་ན། དབྱར་ཁར་ཞིང་ལས་དང་དགུན་ཁར་སིལ་ཚོང་བྱས་ནས་འཚོ་བ་བསྐྱལ་ཞོར་དུ། བོད་བསྟན་སྲིད་ཆེད་དུ་ཞབས་རིམ་དང་། སུམ་ཅུ་དུས་དྲན་གྱིས་མཚོན་པའི་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་བཞིན་པ་རྣམས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་དོན་སྒྲུབ་མཁན་ནང་དུ་ཚུད་ཡོད་དམ་མེད། ཡོད་ན། འདིར་དཔྱད་བརྗོད་དང་མཆན་འབྲི་མཁན་རྣམས་ལ་ཆ་རྐྱེན་དེ་ཙམ་ཞིག་ཀྱང་ཚང་མེད་པའི་འགྲེལ་བྱེད་ཁྱེད་ལ་བཤད་རྒྱུ་ཡོད་དམ།
མེད་ན། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་དོན་སྒྲུབ་མཁན་ལ་ཆ་རྐྱེན་ཇི་འདྲ་ཚང་དགོས་སམ། ཁྱེད་ལ་ཚང་ཨེ་ཡོད།
དེས་ན། ཁྱེད་ཀྱིས་མཆན་དེ་ནི་བླུན་པོ་ཧམ་ཤད་ཅན་རྣམས་ལ་ནམ་རྒྱུན་བློ་སེང་གིས་ཕུགས་དེད་ན་འདེད་རྒྱུ་མེད་ལ། འཆང་ས་འཇུ་ས་གང་ཡང་མེད་པའི་ཧམ་བཤད་སྨྱོ་ལབ་བྱེད་བཞིན་པ་དང་གཅིག་མཚུངས་རེད་འདུག་གོ།
གང་དུའང་ཡོད་པ་རེད། ཅེས་པ། གང་དུའང་ཡོད་པ་མ་རེད། ལ་བཅོས།
བོད་མི་ཡོངས་རྫོགས་ཀྱིས་གཟབ་གཟབ་བྱས་ནས་བློ་སེང་དང་སྐལ་རྡོར་གཉིས་ལ་རྟག་ཏུ
་དོ་སྣང་མ་བྱས་ན་མིང་ངན་དེ་གཉིས་ཀྱིས་བོད་མིའི་དངུལ་དམང་པོ་བདག་གཟུང་བྱས་ནས་མ་འོང་པར་ཁོ་པ་གཉིས་ཀྱི་མིང་ཐོག་ལ་ཐེབ་རྩ་ཁང་ཟེ་བ་དེ་འདྲ་བཟོ་སྲིད་པ་རེད་འདུག་གལ་སྲིད་མ་འོང་པར་མི་དེ་གཉིས་ལ་དཔལ་འབྱོར་ཡོང་གོ་ཆེན་པོ་འདུག་ན་དེ་ཚོ་ཚང་མ་ཁོ་པའི་གཉིས་ཀྱ་མ་རེད་ཁོ་པ་སྤྲང་ཕྲུག་གཉིས་ལ་ཧོབ་ཏེ་དངུལ་མང་པོ་བཟོ་འཐུབ་པའི་ནུས་པ་མེད་
མིག་ཤེལ་ནག་པོ་གྱོན་ནས་དཔྱད་བརྗོད་ཁ་ནར་ནར་གྱིས་ག་ཚོད་བཤད་ནའང་།་ཁྱེད་ནས་བཤད་པ་ཚང་མ་གད་སྙིག་རང་རེད།།
ངས་ཁྱེད་ལ་མིང་བསྒྱུར་བྱས་ནས་མར་ཁམས་ཁྱི་རྒྱལ་ཟེ་ལབ་རྒྱུ་ཡིན
བློ་སེང་ག྄ི་སྤྲང་ཁྱི་ཁྱེད་ལ་གད་ཉིག་མིན་པའི་གདེན་པ་ག་རེ་བཤད་རྒྱུ་ཡོད་སྤྲང་ཁྱི་ཁྱེད་ཀྱང་བློ་སེང་གི་བྱུས་ངན་འགྲུབ་མཁན་གཅིག་ཏན་ཏན་ཡིན་པ་ཐག་གི་ཆོད།
བློ་སེང་ཕྱི་རྒྱལ་ཁག་ལ་ཚ་ཚ་འུར་འུར་གྱི་རྒྱུག་གི་ཡོད་པ་དེ་ཁོ་པ་ལོ་གཉིས་ལྷག་གི་རྗེས་སུ་ཨ་རིར་ལོག་ནས་ཨ་རིའི་དཔོན་པོ་ཟུར་པ་དེ་ཚོ་ནང་བཞིན་ཐེབ་ཙ་ཁང་ཞིག་དགོས་ཀྱི་ཡོད་པ་རེད་དེར་སྟན་དེ་སྔོན་ནས་ཁོ་པ་བོད་པའི་ཕྱི་སྲིད་མིང་ཐོག་ནས་རང་གི་རྒེར་དོན་འགྲུབ་བདེ་པོ་མེད་པར་བསྟན་ཕྱི་སྲིད་བཀའ་བློན་བདེ་སྐྱིད་ཆོས་དབྱང་ལ་དཀའ་ངལ་རིན་པ་བཟོས་ནས་ཁོ་མོ་ཕྱི་སྲིད་ཀྱི་དཀའ་བློན་དགོང་པ་མ་ཞུ་དཀའ་མེད་ཆག་པ་དང་ཁོང་དགོང་པ་ཞུས་རྗེས་ད་དུང་འང་ཕྱི་སྲིད་བཀའ་བློན་མེད་པར་འཇོག་དགོས་དོན་ཅི་ཡིན་ནམ། ལྷག་པར་བློ་སེང་སྲིད་སྐྱོང་གི་སྐུབ་བསྐྱག་ཐོག་ནས་རང་དོན་ཧྲ་ཏག་ཏག་ཞིག་བསྒྲབ་རྗེས་ལོག་འགྲོ་ས་ཨ་རི་ལ་ཡིན་སྟབས་ཨ་རིའི་དོན་སྤྱོད་ཟུར་པ་སྤེན་ཚེ་དེ་བས་ཀྱང་ཁོ་པའི་མ་འོང་པའི་བོད་མིའི་རོག་སྐྱོར་གྱི་དངུལ་ཐོག་ནས་རང་གི་ཐེབ་ཙ་ཁང་འཛུག་རྒྱུར་དཀའ་ངལ་ཡོད་པར་བསྟན་སྤེན་ཚེས་དོན་སྤྱོད་རྩིས་ལན་སྐབས་དངུལ་དང་འབྲེལ་བ་ཡོད་པ་ཚང་མ་སྐལ་རྡོར་ནས་རྩིས་སྤྲོད་མི་བྱེད་པའི་རྒྱུ་མཚན་ཅི་ཡིན། མཐར་སྤེན་ཚེར་བསུན་ཙེར་བཟོས་ནས་སྤེན་ཚེ་བདེ་སྐྱིད་ཆོས་དབྱང་ནང་བཞིན་རང་འགུལ་གྱི་དོན་སྤྱོད་དགོང་པ་ཞུ་དགོས་ཀྱི་ཡོད་ཀྱང་སྤེན་ཚེས་དགོང་པ་མ་ཞུས་པར་ལས་དོན་ཚག་ཚུད་ཐོག་འགྲུབ་པར་བསྟན་མཐར་ཐུག་བློ་སེང་ནས་ཁུང་ལུང་རྩ་བ་ནས་མི་འཁྱོལ་བའི་དོན་ཚན་བཅུ་བཟོས་ནས་སྤེན་ཚེ་ཕྱིར་འཕུད་མ་གཏང་འཐབ་མེད་ཞིག་ཆག་ཡོད་པ་རེད་ བོད་མི་ཚོ་དགོང་པ་སྔ་ས་ནས་བཞེས་དགོས་པ་གལ་ཆེན་པོ་་རེད་ དེ་མིན་བློ་སེང་ཨ་རིར་ལོག་རྗེས་ཁོ་པའི་འཛིག་ཉམས་ལ་དཔག་པའི་རང་གི་ལས་དོན་ཆེན་པོ་བྱེད་འཐུབ་པའི་གཞི་རྩ་ཁོ་པར་ཡོད་པ་མ་རེད།
ངས་བློ་སེང་དང་སྤེན་ཚེ་གཉིས་སུ་ལའང་རྒྱབ་བསྐྱོར་བྱས་ཀྱི་མེད། ཡིན་ན་ཡང་བློ་གྲོས་རབ་བརྟན་ལགས་ཀྱིས་དཔྱད་ཞིབ་ཡག་པོ་ཞིག་བྲིས་འདུག།
སྤེན་པས་་་
https://www.facebook.com/119306658803462/videos/173370580063736/?hc_ref=ARTmLaBZ4OElU6UyXBptzU2s2zRuZU5XBJ16L0enKBgh9BmVmX4AFNGwqVY_-hCzf1M
དཔྱད་ཞིབ་བྱ་སྤུའི་རོ་ལངས ་་་ ་་་ ་་་ ཨཱོཾ མ ཎི པདྨེ ཧཱུཾ ཿ ་་་ ་་་
ནི་ཡོག་དང་ནི་ཇར་སི་བོད་མང་ནས་སྤེན་པ་ཚེ་རིང་ལ་བཀྲིན་རྗེས་དྲན་གྱི་
གསོལ་སྟོན་བཏང་སོང། ད་Whington DC བོད་རིགས་ཚོགས་པའི་ཚོགས་་གཙོ་དང་རྒྱུན་ལས་ཚོར། ་སྐུ་ཚབཁང་ཁྱོད་་ཅག་གི་ས་གནས་ཡོད་པ་དམིགས་གསལ་་དང་སྤེན་པ་ཚེ་རིང་གིས་དོན་གཅོད་ལོ་གཅིག་ལྷག་བྱས་པའི་ནང་ལས་དོན་ག་རེ་བྱས་པ་གསལ་པོ་ཤེས་མཁན་རེད་སོང་བས་DC ཚོགས་པས་ངེས་པར་ཁོང་ལ་བཀའ་དྲིན་རྗེས་དྲན་གསོལ་སྟོན་གཏོང་དགོས་རེད་བསམ།
ལྟོད་མོ་བ་ཁྱེད་ཀྱིས་བཙན་བྱོལ་ནང་གི་མི་མངས་རྒྱ་ཆ་དྲུག་བཅུ་ལྷག་ཙམ་ཀླད་སྐྱོན་ཅན་རེད་ཟེར་རྒྱུ་ཡིན་ནམ། ངས་ནམ་རྒྱུན་དྲྭ་ཐོག་ལ་ཁས་སྟག་གསོད་མཁན་དང་ལག་པས་ཤིས་མི་སོད་མཁན་ཁྱེད་ཚོར་བཤད་ཀྱི་ཡོད།
སྔོན་ཆད་ཧོར་ཚང་འཇིགས་མེད་ལགས་ཀྱིས་སྐད་ཆ་གལ་གནད་ཆེ་བ་ཞིག་གསུངས་མྱོང་། དེ་ཡང་། ཁོང་གིས་གསུངས་ན་རྒྱ་གཞུང་ལ་༸རྒྱལ་བ་རིན་པོ་ཆེ་མི་དགོས་ལ། བོད་མི་རིགས་ཀྱང་མི་དགོས། རྒྱ་གཞུང་ལ་དགོས་པ་དེ་བོད་ཀྱི་ས་ཆ་དང་གཏེར་མཛོད་དག་ཡིན་ཟེར། དཔེ་དེ་བཞིན་ངས་ལྟས་ན་སྲིད་སྐྱོང་སློབ་བཟང་སངས་རྒྱས་ལ་དགོས་པ་ཡང་༸རྒྱལ་བ་རིན་པོ་ཆེ་མ་རེད་ལ། བོད་མི་རིགས་དང་བོད་ཀྱི་རིག་གཞུང་ཡང་མ་མ་རེད། སློབ་བཟང་སངས་རྒྱས་ལ་དགོས་པ་དེ་སྒེར་གྱི་ཁེ་ཕན་དང་མིང་གྲགས་ཁོ་ན་རེད། འདི་ནི་སློབ་བཟང་སངས་རྒྱས་ཀྱིས་མི་ལོ་དྲུག་ལྷག་གི་བྱ་བྱེད་ལས་གསུམ་གྱིས་ར་སྤྲོད་གསལ་པོ་བྱས་ཡོད། ཁོ་བོད་སྤྱི་ལ་ཕན་པའི་མི་ཞིག་མིན་པ་གསལ་པོ་གསལ་རྐྱང་ཆགས་ཚར་རེད། ད་ཕྱོགས་ཞེན་བྱས་ཏེ་མིག་བཙུམ་ནས་ཁོའི་རྗེས་སུ་འབྲང་མཁན་དག་གིས་ཀྱང་བདེན་པའི་མིག་ཟུང་འབྱེད་རོགས།
བོད་ཁམས་སྡེ་ཟེར་བ་འདི་ཡང་བློ་སེང་གི་ཨབ་ཕྲུག་ནང་གི་གོ་བརྡ་མི་འཕྲོད་པའི་རིགས་དེ་རེད་འདུག བཙན་བྱོལ་བོད་མིའི་བརྒྱ་ཆ་དྲུག་ཅུ་ལྷག་གིས་བློ་སེང་སྐྱོན་ཀུན་ཟད་ཡོན་ཏན་ཀུན་དུ་བསམ་ཡོད་རེད་མདོག་མདོག་བྲིས་འདུག སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་
ལ་ཆོས་ཕྱོགས་ནས་བཤད་ན་སངས་རྒྱས་མ་གཏོགས་མེད་ལ། འཇིག་རྟེན་ཕྱོགས་ནས་བཤད་ནའང་དེ་འདྲ་ཞིག་འཛམ་གླིང་ན་ཡོད་ནི་མ་རེད། འོན་ཀྱང་བློ་སེང་གི་ཨབ་ཕྲུག་ཚོའི་འཁྲུལ་ངོར་བློ་སེང་དེ་འདྲ་ཡིན་སོང་བ་རེད། དངོས་གནས་གླེན་པ་རེད།
བོད་ཁམས་སྡེ་ཟེར་བ་འདི་ཡང་བློ་སེང་གི་ཨབ་ཕྲུག་ནང་གི་གོ་བརྡ་མི་འཕྲོད་པའི་རིགས་དེ་རེད་འདུག བཙན་བྱོལ་བོད་མིའི་བརྒྱ་ཆ་དྲུག་ཅུ་ལྷག་གིས་བློ་སེང་སྐྱོན་ཀུན་ཟད་ཡོན་ཏན་ཀུན་དུ་བསམ་ཡོད་རེད་མདོག་མདོག་བྲིས་འདུག སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་
ལ་ཆོས་ཕྱོགས་ནས་བཤད་ན་སངས་རྒྱས་མ་གཏོགས་མེད་ལ། འཇིག་རྟེན་ཕྱོགས་ནས་བཤད་ནའང་དེ་འདྲ་ཞིག་འཛམ་གླིང་ན་ཡོད་ནི་མ་རེད། འོན་ཀྱང་བློ་སེང་གི་ཨབ་ཕྲུག་ཚོའི་འཁྲུལ་ངོར་བློ་སེང་དེ་འདྲ་ཡིན་སོང་བ་རེད། དངོས་གནས་གླེན་པ་རེད།
ཧཧ་་་བློ་བཟང་སེང་གེའི་ཨབ་ཕྲུག་རེད་ཟེར། ངས་དངོས་སུ་དེ་སྔོན་བློ་བཟང་སེང་གེ་ཐག་རིང་ནས་ཐེངས་གཅིག་གཉིས་ཞིག་རིག་མྱོང་བ་ལས་སྐད་ཆ་ཙམ་ཡང་བཤད་མྱོང་མེད་པས་ཨབ་ཕྲུག་ཆགས་ཀྱི་ཡོད་དམ། ཁྱེད་ཚོར་ནམ་རྒྱུན་དུ་དྲྭ་ཐོག་ལ་ཁ་དམག་གཅིག་པུར་རྒྱག་ནས་མ་སྡོད་པ་དངོས་སུ་མདུན་ལ་ཐོན་ནས་བཀའ་ཤག་གི་སྒོ་འགྲམ་དུ་བརྒྱུག་དང་། ཨ་རི་གཙོས་པའི་སྤེན་ཚེའི་ཨབ་ཕྲུག་འགའ་རེས་རང་དོན་མ་འགྲུབ་དུས་ཞལ་འདེབས་རུབ་བྱས་ནས་མི་མངས་ཉམ་ཆུང་ཚོར་མདུན་ལ་གཏོང་སོ་སོར་རྒྱབ་ལོག་ལ་ཡིབ། མི་ཁ་བདེ་མགོ་བདེ་མི་ཐ་ཤལ་ཚོའི་ལས་སྟངས་འདི་ཡིན་པ་མི་མངས་ཚོས་སྔ་ས་ནས་་ཤེས་ཀྱི་ཡོད་རེད། དངོས་གནས་ངོ་རྒོལ་བྱེད་བསམ་ན་བྱེད་ལུགས་འདི་འདྲ་མ་རེད་སོ་སོར་སྔོན་ལ་དོན་མི་མངས་རྒྱོབ་ནས་ཁྲིད་དགོས་ཀྱི་ཡོད་རེད། ཁྱེད་ཚོར་དེ་ལས་ལྡོག་སོང་ནི་རེད་གྲོགས་པོ་ཆ་ཁ་མི་སུ་གང་ཁྱེད་ཚོའི་ལས་སྟངས་ལ་ཡིད་ཆེད་ནི་མ་རེད།་ད་བདེ་མོ།
,/
རྩོམ་ཡིག་འདི་དབྱིན་ཡིག་ནང་བསྒྱུར་ཏེ་༼་ཕ་ཡུལ་༽དྲ་བར་བཀོད་ཐུབ་ན་བཟང་སྙམ། ཕྱི་ལོག་ནས་
ཚར་ལོང་བྱུང་བའི་གཞོན་སྐྱེས་མང་བོ་ཞིག་གིས་བོད་ཡིག་ཀློག་གིན་མེད་སྟབས་རྩོམ་ཡིག་འདིའི་རིགས་ཕ་ཡུལ་དྲ་བར་བཀོད་ཐུབ་ན་ཁོང་ཚོར་ཕན་ཐོག་དང་བློ་སྐྱེས་གསར་བ་རེ་རེག་ངེས་རེད །
རེད་ད་དུང་ཞལ་འདེབས་མང་ཙམ་བསྡུ་རུབ་བྱེད་ནས་རྩོམ་ཡིག་འདི་དབྱིན་ཡིག་ཙམ་མ་ཟད་རྒྱ་ཡིག་ནང་ལའང་བསྒྱུར་ནས་འཛམ་བུ་གླིང་ལ་ཁྱབ་བསྒྲགས་གནང་དགོས་རེད། འདི་ལ་རང་ཤ་གཅོད་ནས་ཁྱི་སྔུན་ཟེར། དགྲ་བོ་ལ་དགོས་རྒྱུས་ལས་དཀའ་ངོ་མོ་དེ་རེད།
ཡག་པོ་བྲིས་འདུག དཔྱད་པའང་ཡག་པོ་བཏང་འདུག
ཁམས་པའི་ཀྲུའུ་ཞི་བློ་སེང་རྒྱལ་ལོ།
ད་ཐེངས་ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བྱ་སྤུ་གནོན་ཟེར་བ་འདིའི་གླེང་ཀ་ཡོང་གཞི་ནི། དང་པོ་ཨ་དོན་ཟུར་པ་སྐལ་རྡོར་དོན་གཅོད་སྐབས་TCDFབོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཞེས་པ་གཞུང་འབྲེལ་མིན་པའི་ཚོགས་པ་NGOཞིག་བཙུགས། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་དེ་དུས་ཀྱི་ཨ་དོན་སྐལ་རྡོར་ཡོད། དེའི་མོང་ཐོག་ཨ་གཞུང་ནས་རོགས་དངུལ་འབོར་ཆེན་ཞིག་བླངས་ཡོད་པ་དེ་ཡིན་འདུག་སྙམ། ཚོགས་པ་དེ་སྲིད་སྐྱོང་བློ་སངས་དང་སྐལ་རྡོར་གྱིས་ཨ་དོན་སྤེན་ཚེ་ལ་རྩིས་སྤྲོད་བྱ་རྒྱུ་ཕར་བཞག སྤེན་ཚེ་འགན་འཛིན་ལྷན་ཚོགས་སུ་འཇུག་རྒྱུ་དེ་བས་ཀྱང་བྱས་མེད་ཁར། དོན་གཅོད་སྤེན་ཚེ་ལ་ཐེ་བྱུས་ཡེ་ནས་མེད་པར་བཟོ་རྩིས་བྱས་ཡོད། ཚོགས་པ་དེ་ད་ལྟ་ཡང་སྐལ་རྡོར་ཚང་རང་ལ་བཅོལ་ཡོད། ད་དུང་། བློ་སངས་ཀྱིས་ཚོགས་པ་འདིའི་མ་འོངས་འཛིན་སྐྱོང་ནང་དོན་གཅོད་རིམ་པ་སུ་ཞིག་ཕེབས་ནའང་། ཚོགས་པ་དེར་ཐ་ན། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཞིག་གི་མཚན་ཐོག་ཙམ་གྱི་གནས་བབ་མི་སྤྲོད་རྒྱུ་དང་། བོད་མིའི་སྒྲིག་འཛུགས་དང་ཨ་དོན་གཉིས་ཀ་ལ་བྱུས་གཏོགས་མེད་པ་བཟོས་ཏེ་རིམ་པས་སྒེར་བདག་ཅན་དུ་གྱུར་འཆར་ཡོད་པར་སྤེན་ཚེས་མཐོང་ནས། སྤེན་ཚེས་འདྲི་བརྩད་བྱས་པ་ལ། བློ་སངས་ཀྱིས་སྤེན་ཚེར་གསལ་བཤད་དྲང་པོ་ཞིག་བྱེད་རྒྱུ་ཕར་བཞག བློ་སངས་འདྲོགས་ཐག་ཆོད་ནས་བཀའ་ཤག་གི་དབང་ཚད་བེད་སྤྱོད་ལོག་པར་བཏང་འདུག ལས་དོན་ཚང་མ་དེ་ནས་འཁྲུགས་སོང་འདུག ཨ་ཁ་དེ་དུས་བློ་སངས་ཀྱི་བྱེད་སྟངས་ལ། སུས་བལྟས་ཀྱང་། བློ་སངས་ཀྱིས་གཏན་གཏན་ངོ་མ་རང་དོན་ཁོག་བཅུག་གི་བྱུས་ངན་ཞིག་བཤམས་ཡོད་པ་དེ་གསལ་པོར་མཐོང་ཐུབ་པ་མི་འདུག་གམ། བློ་སངས་ཀྱིས་རྫུན་རྐུབ་ཕྱི་ལ་བརྡོལ་འགོ་དེ་ནས་བརྩམས་འདུག་པ་མཐོང་ཐུབ། ད་ལྟ་ནི། NGOཚོགས་པ་དེ། ཕྱོགས་གཅིག་ནས། སྐལ་རྡོར་ཚང་ལ་ཨ་རིའི་ཁྲིམས་མཐུན་ལྟར་བལྟས་ན། སྐལ་རྡོར་རང་ལ་བདག་དབང་ཆ་ཚང་ཡོད་པ། ཡང་། བོད་མིའི་སྒྲིག་འཛུགས་ངོས་ནས་བལྟས་ན། སྐལ་རྡོར་ལ་དབང་ཚད་ཚ་ཚང་བ་ཞིག་ཡོད་ལ་མེད་ལ་བྱས་ནས་ནས་བཅོལ་ཡོད། འོ་ཡ། གང་ལྟར་རིམ་པས་སྤེན་ཚེ་ལ་གཞི་ནས་དེས་རྐྱེན་པས་བྱ་སྤུ་གནོན་མ་བྱས་པའི་སྐྱོན་འཛུགས་འོག་གནས་དབྱུང་བཏང་བྱུས་བཤམས་པ་ཞིག་ཀྱང་རེད་འདུག ཡ་ཡ། ད་ཆ་ཡང་། བློ་སངས་ཀྱིས་དངོས་གྲུབ་ཚེ་རིང་རྫུན་བྱུས་དེ་སྤས་བསྐུང་ཆེད་ཨ་དོན་དུ་བསྐོ་གཞག་བྱས། རིང་མིན་བློ་སངས་ཁོ་པ་རང་ལ་བདེན་པ་ཡོད་མདོག་སྟོན་ཆེད་NGO དེའི་འགན་འཛིན་ལྷན་ཚོགས་ནང་དངོས་གྲུབ་ཚེ་རིང་ད་བར་མེད་ཀྱང་ད་ཆ་གཞི་ནས་དོན་གཅོད་མིང་ཐོག་མགྱོགས་པོ་འཇོག་རྒྱུར་ཚོད་དཔག་བྱ་གིན་ཡོད་བཟོ་ཡང་འདུག དེ་ལ་ཡང་རྫུན་རྐུབ་ཞིག་ཡོད་པའི་དྲི་ངན་ལོས་ཚོར་ཐུབ། ཧ་ཧ། མ་གཞི་ང་ཚོའི་སྤྱི་ཚོགས་ནང་འདི་དང་འདི་འདྲའི་གཞུང་འབྲེལ་ཡིན་ལ་མིན་ལ་ཡི་གཟུགས་ཤེས་གང་ཡང་མིན་པའི་ལྡན་མི་འདུ་བྱེད་ཀྱི་སྒེར་སྤྱོད་ཚོགས་པ་ཆེ་ཆུང་འདྲ་མིན་མང་པོ་སྔར་ནས་བྱུང་ཡོད་ལ་ད་ལྟའང་མཐོང་རྒྱུ་ཡོད། མདོ་དོན་ཡག་སྙིང་། ས་གནས་ཨ་གཞུང་གི་NGOའགྲོ་ལུགས་བོད་མི་སྤྱི་དམངས་ཚོས་ཅི་ལ་ཤེས། དེས་ན། བོད་མི་ཚོས་གསལ་པོར་མཁྱེན་དགོས་པ་ཞིག་ནི། བློ་སངས་དང་སྐལ་རྡོར་གཉིས་ཀྱིས་TCDFའདི་འཕྲལ་ཕུགས་གཉིས་ཀར་བོད་མིའི་སྒྲིག་འཛུགས་དང་དོན་གཅོད་ཟེར་བ་ལ་བྱུས་གཏོགས་ཏིལ་འབྲུ་ཙམ་ཡང་མེད་པ་བཟོས་འཆར་ཡིན་པ་དང་། རིམ་པས་བློ་སངས་སྲིད་སྐྱོང་གི་ལས་འཁུར་འཁྱུར་ཟིན་མཚམས་སུ་ཁོ་པ་དང་གྲོགས་པོ་སྐལ་རྡོར་སོགས་མི་འགས་སྒེར་དབང་སྤྱོད་པའི་སྤྱི་རྟ་སྒལ་རལ་ལ་དམིགས་ཏེ་བསྐྲུན་ཡོད་པར་སྤེན་ཚེས་མགོ་ཚོད་ཡོད་འདུག ཡ་ཡ། ད་མ་འོངས་པར་ལྟད་མོ་བཟང་ངན་གང་ཡོང་ངོ་མ་ལོ་ཤས་རྗེས་ནས་མ་གཏོགས་མཐོང་མི་ཡོང་། སྤྱི་དོན་ལ་འགན་ངོ་མ་ལེན་འདོད་ན། TCDFཚོགས་པ་འདི་ཨ་རིའི་བོད་མིའི་སྤྱི་དོན་ཚོགས་པ་ཚོར་ཁྲིམས་མཐུན་འགན་འཁུར་དང་ཐེ་གཏོགས་གང་ལ་གང་འཚམས་ཤིག་བྱེད་རྒྱུ་ཡོད་པ་ཞིག་བཟོ་ཐུབ་ན་སྤྱི་རྒྱུ་སྒེར་བདག་ཏུ་མི་འགྲོ་བར་འགོག་བསྲུང་གནང་ཐུབ་ངེས་རེད། མདོར་ན། ད་ཐེངས་ཀྱི་བྱ་སྤུ་གནོན་ཟེར་ནའང་འདྲ། ཨ་དོན་འཕོ་འགྱུར་གྱི་གནད་དོན་ཟེར་ནའང་འདྲ། ཨ་སྒོར་ས་ཡ་གཅིག་དང་ཕྱེང་ཀའི་དོན་རྐྱེན་ཟེར་ནའང་འདྲ། དོན་ངོ་མའི་རྩོད་གཞི་ནི། ཨ་ན་མན་ན། སྐྱབས་དཀོན་མཆོག་གསུམ། ༧རྒྱལ་བ་རིན་པོ་ཆེ་མཁྱེན། བོད་རིགས་སྤུན་ཟླ་ཚོ། བོད་མིའི་རྩ་དོན་ནི་མ་རེད་ལགས། རང་བཙན་དང་ལམ་དབུ་མའི་སྲིད་ཇུས་ཀྱི་རྩོད་པ་ནི་དེ་བས་ཀྱང་རེད་མིན་འདུག གནད་དོན་ངོ་མ་དེ་NGOའདིའི་འཕྲལ་ཕུགས་ཀྱི་གཉེར་སྐྱོང་བྱེད་སྟངས་དང་། རོགས་དངུལ་གར་འགྲོ་གང་བྱེད་དང་། སྤྱི་རྒྱུ་སྒེར་བདག་འགྲོ་ཉེན་ཡོད་པའི་བྱི་རིལ་མངར་སྐྱུར་གཉིས་ལྡན་ཕན་གནོད་གཉིས་ལྡན་ ༢༠༡༧ ལོར་སྲིད་སྐྱོང་བློ་སངས་ཀྱིས་གཡོས་སྦྱོར་བྱས་པ་དེ་རང་རེད་འདུག ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ནི་འཐོར་ལ་ཉེ་བས་ ༢༠༡༨ ནས་ག་ལེར་ཅིག་གསོ་བར་སྨོན།། །།
་་་་་་་་ ཚོགས་པ་དེ་སྲིད་སྐྱོང་བློ་སངས་དང་སྐལ་རྡོར་གྱིས་ཨ་དོན་སྤེན་ཚེ་ལ་རྩིས་སྤྲོད་བྱ་རྒྱུ་ཕར་བཞག སྤེན་ཚེ་འགན་འཛིན་ལྷན་ཚོགས་སུ་འཇུག་རྒྱུ་དེ་བས་ཀྱང་བྱས་མེད་ཁར། དོན་གཅོད་སྤེན་ཚེ་ལ་ཐེ་བྱུས་ཡེ་ནས་མེད་པར་བཟོ་རྩིས་བྱས་ཡོད། ་་་་་་
ཡག་པོ་བྲིས་འདུག
ད་ནི་དངོས་ནས་བློ་བཟང་སངས་རྒྱས་ལ་གནས་ལུགས་ཟེར་བའི་བདེན་པ་གཅེར་བུ་ཞིག་སྟོན་རྒྱུ་མེད་པ་ཆགས་འདུག་མ་གཏོགས། ཁོང་ལ་བདེན་པ་ཞིག་བཤད་རྒྱུ་ཡོད་ཚེ་སྤེན་པ་ཚེ་རིང་ཡར་དེད་ཁྲ་ཡག་རྫ་དང་། མར་དེད་ཆུ་མོ་གཞོང་ལ་འདེད་ཤག་རེད། འོན་ཀྱང་རྒྱུ་འབྲུས་ཟེར་བ་ལ་སླུ་བ་མེད་པས་རང་གི་བྱས་ཉེས་ཚོ་རེ་རེ་བཞིན་ཕྱི་ལ་མངོན་སྐབས་ཁ་རོག་གེར་འདུག་པ་ལས་ཅི།
ད་ཀྲུའུ་ཞིའུ་བློ་སེང་གིས་ཚུལ་མཐུན་གྱིས་དགོངས་པ་ཞུ་ཡ་མ་གཏོགས་ལྷག་མི་འདུག