རྒྱ་གར་རྨ་བྱ།
ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ནི་ཆབ་སྲིད་ཚོགས་སྒེར་ཞིག་གི་གཞུང་སྲིད་སྐྱོང་བའི་སྲིད་བྱུས་ཀྱི་ཐོག་ནས་འོས་མིར་བསླངས་པ་ཞིག་མིན་པར་བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་གསོན་པོར་མཚོན་ཐུབ་པའི་སྲིད་སྟེགས་འཁྱོགས་ངེས་ཐུབ་པའི་འོས་མི་དེར་གཞི་རིམ་གྱི་ཆ་རྐྱེན་འདང་ངེས་ཤིག་དགོས་པ་གསལ་སྟོན་བྱས་ཡོད།
སྲིད་སྐྱོང་བློ་སེང་ནི་ཁྱིམ་ཚང་དཀྱུས་མ་ཞིག་ནས་ཤེས་ཡོན་གྱི་ཐེམ་སྐས་རིམ་བསྙེགས་ཀྱིས་མཐར་རྒྱལ་སྤྱིར་མཚན་སྙན་གྲགས་པའི་ཧཱབཌ་འབུམ་རམས་བར་གྱི་ཞབས་སྟེགས་འདི་དང་འབྲེལ་བ་དམ་པའི་ཤེས་ཡོན་ཕྱག་འཁྱེར་ཚད་ལྡན་ཡོད་ཁར། མི་བུ་ཁོང་ལ་རྫིག་པའི་ཉམས། སྨྲ་བའི་ལྗགས། འཇམ་པའི་མི་གཤིས་དང་གཟབ་པའི་སྤྱང་གྲུང་སོགས་ཆབ་སྲིད་པ་ཞིག་ལ་ངེས་པར་ཡོད་དགོས་པའི་ཆ་རྐྱེན་རྣམས་ཀྱང་རང་བཞིན་གྱིས་ཚང་ནས་ཡོད་པས་སླར་ཡང་སྲིད་སྟེགས་སུ་བདམས་པའི་མ་རྩ་གཙོ་བོ་དེ་ཡིན།
༧རྒྱལ་བས་སྲིད་ཀྱི་སྐུ་དབང་མང་ཚོགས་ལ་གསོལ་བསྩལ་གནང་ཞིང་ཧ་ཅང་གལ་འགངས་ཆེ་བའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ན་གཞིས་བྱེས་བོད་མིའི་རེ་སྨོན་དང་མཉམ་སྔར་ནས་འགུལ་བཞིན་པའི་བོད་རྒྱ་འབྲེལ་མོལ་གསང་བར་མོལ་ཞིང་། སྒོས་སུ་གཞིས་ལུས་བོད་མིའི་དཀའ་སྡུག་གཙོས་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་རྒྱལ་སྤྱིའི་རང་བཞིན་གྱི་སྡིངས་ཆར་བཏེགས་ཐུབ་པ་ནི་ཁོང་ལ་སླར་ཡང་འོས་མང་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་ཤོས་དེ་ཡིན་པར་བསམ་ཆོག
ནང་དུ་ལྷིང་འཇགས་ཤིག་གི་གསེབ་ནས་ཤེས་ཡོན་གྲུབ་འབྲས་ཡར་ཐོན། དཔལ་འབྱོར་མ་རྩ་སྲ་བརྟན། འཕྲོད་བསྟེན་ཉེན་སྲུང་ལྡབ་འགྱུར། ཁྲིམས་མཐུན་གཞིས་ཆགས་སྲ་བརྟན། ན་གཞོན་འབུམ་རམས་པ་བསྐྱེད་སྲིང་། དེང་རབས་དྲ་ལམ་ཚད་མཐོ། རྒྱལ་བའི་སྐུ་ཕྱྭ་བདེ་འཇགས་སོགས་གང་སྤྱིའི་ཐོག་ནས་དུས་དང་བསྟུན་པའི་འགྱུར་བ་གསོན་པོ་དེ་ཚོས་ཁོང་ཉིད་སླར་ཡང་སྲིད་སྟེགས་སུ་བདམས་པར་ཡིད་ཆེས་རྙེད།
འགག་དང་གནད་ལ་ཐུག་དུས་རྒྱ་ཆེ་མི་མང་ཟེར་བ་དེ་འཕྱུག་གི་མ་རེད་ཟེར་བའི་དོན་དེ་ང་རང་ལ་ཡིད་ཆེས་ཧ་ཅང་ཆེན་པོ་ཞིག་ཡོད། ཁ་སང་ཕྱི་ཚེས་བཅོ་བརྒྱད་དེ་རེས་གཟའ་ཉི་མའི་སྔོན་འགྲོའི་འོས་བསྡུའི་ཐག་གཅོད་དེེེས་སྔ་མོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེར་མི་མང་གི་བློ་འཁེལ་ཇི་ཙམ་སྟེར་བའི་འོས་ཤོག་ལོ་རྒྱུས་ཀྱང་ལྷང་གིས་དྲན་སོང་།
བཀུར་འོས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཉམས་མྱོང་སོགས་གང་སྤྱིའི་ཆ་ནས་རེ་བ་ཆེན་པོ་ཡོད་ཀྱང་ཐེངས་འདིའི་སྔོན་འགྲོར་བསམ་ཡུལ་ལས་འདས་པའི་འོས་ཕམ་བྱུང་དོན་ནི། ཁོང་གི་གཞི་རིམ་ཤེས་ཚད་ཀྱི་འགྲུལ་བཞུད་དང་དམིགས་བསལ་ཁོ་བར་སྤྱི་ཚོགས་རང་བཞིན་གྱི་སྐྱོན་འཛུགས་གཅིག་ད་དུང་ཡང་བྱུང་དང་འབྱུང་བཞིན་ཡོད་པར་ལན་འདེབས་ཁ་གསལ་ཞིག་བརྒྱབ་མ་ཐུབ་པས་ཡིན། གལ་སྲིད་ཀ་དག་སྤྲུལ་སྐུ་མཐའ་མ་སྨན་ཁང་དུ་སྐུ་གྲོངས་པའི་སྨན་ཡིག་དང་བཟའ་ཟླར་དངུལ་སྒོར་སྤྲོད་ལེན་གྱི་དཔང་ཡིག་གསལ་པོ་ཞིག་གིས་བདེན་མིན་གྱི་ཐེ་ཚོམ་འདི་དག་ཁ་གསལ་བཟོས་ཡོད་ན་ད་གཟོད་ཁོང་གི་འོས་ཤོག་མི་མང་གི་ལག་ནས་ཤོར་དོན་མེད་པ་རེད།
དོགས་སྣེ་འདིའི་ཐོག་ཚོགས་གཙོ་མཆོག་གིས་དོན་མེད་མང་གཙོའི་འགན་འཁུར་དང་མི་འཚམས་པའི་འགྲན་ཞུགས་འོས་མིར་གྲོས་ར་གཅིག་ཏུ་སྲིད་མོལ་མི་བྱ་བའི་གཏམ་བཤད་དེས་ཀྱང་རྡོག་རྗིས་ཤིག་བཏང་བ་རེད།
ཨ་ཚོགས་ཀླུ་མཁར་བྱམས་ཀྱི་འོས་ཤོག་ནི་དམིགས་བསལ་ཅན་ཞིག་རེད། སྐབས་འདིར་ཁོང་ལ་སྲིད་སྟེགས་ཀྱི་རེ་བ་བྲལ་ཟིན་ཀྱང་དེེ་རིང་གི་ཆབ་སྲིད་དྲིལ་བསྒྲགས་འདི་བརྒྱུད་ཁོང་ལ་གོ་སྐབས་ཐོབ་མ་མྱོང་བ་ཞིག་ཐོབ་པ་ནི་མི་མང་ཁྲོད་ཀྱི་རྣམ་རྟོག་མང་པོ་ཞིག་བསལ་ཐུབ་པ་བྱུང་ཞིང་། དྲང་མོར་བཤད་ན་དེ་དང་འཕྲོས་ནས་ཁོང་གིས་གཞི་རིམ་མི་མང་ལ་གཞི་རིམ་ཆབ་སྲིད་ཀྱི་གོ་རྟོགས་གཤའ་མ་ཞིག་ཀྱང་སྤེལ་སོང་བསམས། མ་འོངས་པར་ཁོང་ནས་རང་གི་ཆབ་སྲིད་ལངས་ཕྱོགས་འདི་ཉིད་རང་སྣང་རང་དག་ཙམ་གྱིས་མི་ཆོག་པར་ལག་བསྟར་རང་བཞིན་གྱི་ལམ་ཁ་ཞིག་བསྟན་ཐུབ་ན་རང་བཙན་རྩོད་མིར་སྲིད་སྐྱོང་ཞབས་སྟེགས་ནི་སྔ་ལྟས་ཙམ་མིན་པར་དེ་མཚམས་ནས་ཁོང་ལ་སྲིད་སྟེགས་སུ་དངོས་སུ་བཞེངས་ཐུབ་པའི་གོ་སྐབས་ཤིག་ཀྱང་འབྱུང་སྲིད་སྙམ།
བཀྲིས་དབང་འདུས་ལགས་ཀྱི་གཞི་རིམ་ཤེས་ཡོན་གྱི་རང་བཞིན་དང་ད་ལྟའི་སྲིད་སྟེགས་གཉིས་དབར་མཐུན་ཁ་མ་བྱུང་ཞིང་དེ་ལས་ཀྱང་རྐང་པ་རང་འཐེན་ནི་ཁོང་ཉིད་སྐབས་འདིའི་སྲིད་སྐྱོང་དུ་ལངས་པ་ནི་བློ་སེང་གི་ཁ་གཏད་དུ་ལངས་པ་ཡིན་མདོག་མདོག་བསྒྲགས་པ་དེས་བསྐྱལ་བ་རེད།
བཀྲིས་སྟོབས་རྒྱས་ལགས་ཀྱིས་དེ་རིང་དམིགས་བསལ་གྲ་སྒྲིག་ཅིག་དང་མཉམ་གོ་སྐབས་འདི་སྤྱད་ཡོད་ན། དངོས་གནས་དོན་གྱི་བདག་པོས་གསོལ་བསྩལ་གནང་བའི་མང་གཙོ་འདི་ཉིད་མི་མང་དཀྱུས་མའི་ནང་ནས་ཀྱང་དཀྱུས་མར་སིམས་སོང་བའི་མང་གཙོའི་འཕེལ་རིམ་ལ་བརྡ་ལེན་དམིགས་བསལ་གྱི་དམིགས་བསལ་ཞིག་བཏང་ཐུབ་ངེས་ཡོད། འོན་ཀྱང་ཁོང་ནས་དང་པོ་རང་ཉིད་ཀྱི་ངོ་སྤྲོད་ཞིབ་ཚགས་མེད་ཐོག་གསར་འགོད་བརྒྱུད་ལམ་ཁག་གི་དྲི་བར་ལན་འདེབས་གནད་འཁེལ་མ་བྱུང་བ་དང་། རང་གིས་བསྒྲགས་པའི་འོས་ཐོབ་སྐད་སྒྲ་སྟེ། ལུག་རྫི་དང་རྟེན་འབྲེལ། ཟེར་བ་རྣམས་ཀྱང་འགྲེལ་བཤད་ཚུལ་བཞིན་མེད་པས་ཕམ་ཁ་རང་གིས་ཉོས་པ་རེད།
མདོར་ན། སྲིད་སྐྱོང་བློ་སེང་ལགས་སྔོན་འགྲོའི་སྐབས་ནས་རི་རྩེར་འཛེགས་ཟིན་པའི་མ་རྩ་ནི་ཁོང་ལ་དངོས་ར་འཕྲོད་པའི་རྙོག་གླེང་གཅིག་ཀྱང་མེད་ཅིང་། ལོ་ངོ་བཞི་ལྷག་གི་ཆབ་སྲིད་དང་འཛིན་སྐྱོང་གི་ཕྱག་ལས་རྣམས་ཆོལ་ཁ་ཆོས་རྒྱུད་ལུང་ཚན་སོགས་ཀྱི་བགས་རྩོགས་མ་གོས་ཤིང་རང་གི་སྒྲུབ་དགོས་པའི་འོས་འགན་རྣམས་ལྷག་བསམ་རྣམ་དག་ཧུར་ཐག་གིས་བསྒྲུབས་པ་དེར་རྒྱ་ཆེ་མང་ཚོགས་ནས་དམིགས་བསལ་ངོས་འཛིན་གྱིས་ཁོང་ལ་རྒྱལ་ཁ་སྟེར་བ་ནི། ང་ཚོ་བོད་པ་དོན་དུ་ཁོག་ནས་གྲུང་པོ་ཡིན་པ་དང་། ཆིག་སྒྲིལ་གྱི་ནུས་པ་བརྟན་པོ་ཡིན་ཟེར་བའི་མེ་སྒྱོགས་ཆེན་པོ་ཞིག་ཀྱང་དུས་ཐོག་རྒྱ་ནག་ཕྱོགས་སུ་འཕེན་ཡོད།
བློ་སེང་ལ་ཐལ་ཆེ་བའི་ངོ་བསྟོད་མ་བྱེད། བློ་སེང་གི་འཇོན་ཐང་འོས་འཕེན་པ་ཚང་མས་ཤེས་ཡོད་ཚེ་གྲངས་འབོར་དེ་འདྲ་མི་ཡོང་བ་ཐག་བཅག་ཆོག་པ་ཞིག་རེད། རྒྱུ་མཚན་ནི་ཁོས་ལས་ཀ་བྱེད་སའི་ཉེ་ས་ན་ཡོད་པའི་རྡ་སའི་འོས་གྲངས་ལ་ལྟོས་དང་གསལ་བོ་རེད། ཕངས་པ་ཞིག་ལ་བཙན་བྱོལ་སྤྱི་ཚོགས་ནང་སོ་སོའི་འདེམས་བྱ་ལ་འཇོན་ཐང་ཡོད་མེད་ཞིབ་འཇུག་བྱེད་པའི་གོམས་གཤིས་ཞན་པ་དང་། ནུས་པ་མེད་པ། དོ་སྣང་མེདཔ། བརྙན་འཕྲིན་སོགས་ཀྱི་ལམ་ནས་ཀྱང་མཐོང་བའི་ཆ་རྐྱེན་ཞན་པ་བཅས་ཀྱིས་སྐབས་སྔོན་མར་བློ་སེང་གིས་ལབ་རྒྱབ་པ་དེས་སྤོ་བོ་རྨོ་བོ་གཙོས་མང་པོ་ཞིག་ད་དུང་ཡང་ཐོམས་ཡོད་པ་རེད་ལ། མགོ་ཐོམས་མེད་ཀྱང་ཕྱོགས་ཞན་པ་དག་གིས་བོད་ཀྱི་རྩ་དོན་དང་རང་ཕྱོགས་གཉིས་ལས་རང་ཕྱོགས་གཙོ་བོར་བྱེད་པར་མངོན་སུམ་འཛེམས་མེད་ཡིན་པ་རྒྱ་གར་རྨ་བྱ་ཁྱེད་ཀྱང་མཐོང་ལོས་ཡོད་སྙམ། སྙོག་གླེང་སྐོར་ནས་བཤད་ན་མང་པོ་མཐོང་རྒྱུ་འདུག་ཀྱང་བདེན་དཔང་གསལ་པོ་མེད་པར་བསམ་བཞིན་མི་དཀར་པོ་ནག་པོ་བཟོ་འདོད་བྱེད་བཞིན་པ་ནི་ཕྱོགས་ཞན་གྱི་མིག་ཤེལ་ནག་པོ་དེ་བླངས་ནས་བལྟོས་དང་མི་དེ་དེ་འདྲའི་ནག་པོ་ཞིག་མིན་པ་གསལ་བོ་མཐོང་ངེས་རེད།
འདི་ཡང་གཡག་ཞར་གྱིས་རྩྭ་ཟ་བ་ནང་བཞིན་རྨོངས་ཞེན་རྐྱང་གི་སྐྱག་བསྟོད་འབའ་ཞིག་ལས་མ་འདས། བློ་སེང་ནི་རང་དོན་ལ་ཐུག་དུས་མགོ་བདེ་དྲན་འཕྲུལ་ལ་མཁས་པོ་ཞིག་དང་། བོད་ཀྱི་ཆབ་སྲིད་ཕྱོགས་ལ་ཐུག་དུས་ཝ་སྐྱེས་སེང་གེར་བརྫུས་པའི་རང་རློམ་ཅན་དང་མགོ་གཉིས་མ་ཅན་ཞིག་རེད།
བོད་མི་ཚོས་བློ་སེང་ནི་མི་རབས་གསར་བ་དང་། ཁྲིམས་ལུགས་ཆེད་སྦྱོང་བ། གྲགས་ཆེའི་སློབ་ཐོན་པ་བཅས་ལ་དམིགས་ནས་གཞན་དང་མ་འདྲ་བའི་རེ་ལྟོས་ཧ་ཅང་ཆེན་པོ་ཞིག་བྱས་པ་རེད། དེ་ལ་བརྟེན་ནས་གཉའ་གནོན་ལ་ལྟོས་མེད་ངང་གཞས་ཚིག་ཚུན་ནས་རེ་འབོད་དྲན་སྐུལ་ཡང་ཡང་བྱས་པ་ཀུན་གསལ་ཡིན།
ད་གཟིགས་་དང་། སྲིད་སྐྱོང་གི་འདས་པའི་ལས་ཡུན་རིང་གི་གྲུབ་འབྲས་ཆེ་ཤོས་ནི་ལྷིང་འཇགས་ཡིན་ཟེར་ག་་་
ཅི་ལྟར་བོད་མི་རིགས་ལ་མཐོང་ཆུང་ཁྱད་གསོད་ཀྱི་སྐད་ཆ་འདི་འདྲ་བཤད་ཐུབ་པ་ཡིན་ནམ།
ད་དུང་ཁོ་སར་བློ་འགུག་གི་ཆེད་དུ་སྲིད་སྐྱོང་ཁོང་སྒེར་གྱི་ལངས་ཕྱོགས་ཀྱང་རྐང་བ་གཉིས་འཛུགས་ལྟ་བུ་བྱས་ནས་བསྡད་འདུག་ག་་་་་་་
བློ་སེང་གངས་སྟོད་འགྲིམ་དུས་རྡ་ལི་
གྲོང་སེང་མྱུལ་གྱི་།
བློ་སེང་སྲིད་སྐྱོང་འོས་ཐོབ་མི་མང་བློ་
ཁ་བདེ་སོང་།
མང་པོ་བཤད་པས་མི་ཕན་མི་མང་
འོས་ཤོག་ཐོབ་སོང་།
རྒྱ་གར་རྨ་བྱ་ལགས། ཁྱིམ་ཚང་དཀྱུས་མ་ཞེས་པ་དེ་གང་འདྲ་ཞིག་ལ་ཟེར་རམ་། ཡང་གང་འདྲ་ཞིག་ལ་ཁྱིམ་ཚང་དཀྱུས་མ་མ་ཡིན་པ་ཟེར། ད་བར་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་ཁྱིམ་ཚང་ཚང་མ་གཅིག་པ་ཡིན་བསམ་པ་ཡོད། དེ་ཁྱེད་རང་གིས་ང་ཚོའི་མི་གསར་པ་ཚོར་འགྲེལ་བཤད་ཞིག་ཡོང་བ་ཞུ།
ཧ་ཧ་ཧ། ཐེངས་འདིའི་འོས་བསྡུ་ཡིས་བཙན་བྱོལ་ནང་གི་དམངས་གཙོའི་རང་མདོག་དམར་རྗེན་བསྟན་པ་དང་།ལྷག་དོན་ འོས་བསྡུ་ལྷན་ཁང་གིས་དྲང་པོ་བྱས་མེད་པ་སོགས་རིམ་བཞིན་དྲ་ངོས་སུ་ཐོན་ཡོང་གི་རེད།
བློ་སེང་གིས་མགོ་བསྐོར་ལོ་ལྔ་གཏོང་ཟིན་ཀྱང་ད་དུང་བཙན་བྱོལ་བོད་མི་རྣམས་རྨོངས་གཉིད་ལས་སད་མེད་པའི་ཁར་ཡང་བསྐྱར་ལོ་ལྔ་མུན་ནག་ནང་ཉལ་འདོད་འདུག་་་་་་ལས་ངན་པ་་་་་ད་གང་དྲགས། བོད་དོན་བདེན་མཐའ་སེལ་བའི་ཆེད་དུ་བློ་སེང་གིས་ནུས་ཐོན་མེད་པ་ཐག་ཆོད་ཟིན་པ་རེད། ཡིད་མ་ཆེས་ན་འབྱུང་འགྱུར་ལོ་ལྔའི་ནང་ལྟོས་ཨ།
བློ་སེང་ལ་རྒྱལ་ཁ་ཐོབ་ཡོད་ན། བོད་མི་ཚང་མས་རང་གི་རྒྱལ་ཁབ་དང་དུས་ད་ལྟའི་བདེ་སྡུག་ལ་སེམས་ཁུར་གནད་དུ་སྨིན་པ་བྱས་བའི་སྙིང་བོ་རེད། བོད་པ་ཚོ་གཉིད་སད་པའི་མ་ཚད་འཛམ་གླིང་རང་བཞིན་གྱི་འཕོ་འགྱུར་ལ་གོ་རྟོག་ཡག་པོ་ཡོད་པའི་མཚོན་དོན་རེད། ཁོང་ནི་དངོས་ཡོད་དང་མི་མང་གི་སེམས་ཐག་ཉེ་ས་ན་རྫིག་རྫིག་བརྗིད་བརྗིད་ཀྱིས་ལངས་ཡོད་པའི་ཡིད་ཆེ་རེད།
ང་ལ་དགོས་བ་དེ་སྤན་ཚེ་ཡིན། ཁོང་ཨམདོ་བ་རེད། ཨ་མདོ་བ་ནི་རྩ་མཐོར་ཡ་མཐོར་དུ་སོང་བའི་བོད་ཀྱི་ཡལ་ག་ཡིན། ཡལ་ག་འདི་རྩ་བ་ལ་འཐམ་དགོས་ན། ད་ཐེངས་ཨམདོ་བ་ཞིག་བྱུང་ན་ལོ་རྒྱུས་ལ་གླེང་རིན་ཡོད་པ་ཞིག་ཡིན། ཡིན་ན་ཡང་། དམངས་གཙོ་རེད། ང་ལ་བློ་ཕམ་ནི་གང་ཡང་མེད། བོད་དང་སེང་གེ་ལ་སྔ་མོ་ནས་འབྲེལ་བ་ཆེ་བས། བློ་སེང་རྒྱལ་ལོ།
ཧམ་བཤད་ཁོ་ནས་དུས་འདའ་བའི་དུས་ངན་སྙིགས་མའི་རང་མདངས་ཡོངས་སུ་ཤར་འདུག་གོ
བློ་སེང་རི་ལ་འགྱང་བའི་དེ་རིང་་་་་་གངས་དཀར་ཨ་མའི་ངོ་གདོང་ལྷང་ལ་བུད་པའི་དེ་རིང་་་་་་་
སྔོན་འགྲོའི་འོས་བསྡུ་དང་འབྲེལ་བའི་དཔྱད་གླེང་འདི་ཁ་བརྡའི་སྦུག་ཁུང་ཞིག་ཏུ་བཞུད་པས་ད་ལྟ་མ་གཏོགས་མཐོང་མ་སོང་། བཀུར་འོས་དྲ་གྲོགས་མང་པོ་ཞིག་ཕེབས་ནས་དགོངས་ཚུལ་གསུངས་བར་དགའ་བསུ་ཞུ།
རྡ་སའི་གཞུང་མི་རྣམས་སྔ་མོ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེར་བཀའ་ཁྲི་སྐབས་གཉིས་པར་འོས་ཤོག་འཕེན་སྐབས་ཀུ་ཅོ་འདི་རང་འཐེན་ཡོད། ཁོང་ཚོར་མགོ་དཔོན་གཞུང་དངུལ་བསྲི་ཚགས་སོགས་མི་དྲང་ཞིག་བསླེབས་ན་་སྐད་ངན་ཤོར་འགྲོ། ཁོང་ཚོར་གུ་ཡངས་དགོས་པས་ལོ་ལྔ་རེའི་མཚམས་ནས་མགོ་དཔོན་རྗེས་སྤོ་རེ་བརྒྱབ་ཐུབ་པའི་སྨོན་ལམ་འདི་རང་ལས། བློ་སེང་ལ་ཞེན་ཆ་ཞིག་གིས་འོས་ཤོག་འདི་ལྟར་ཽཕྱེད་ཕྱེད་དུ་བྱུང་བ་ངོས་འཛིན་དཀའ།
བོད་མི་ཚང་མ་ཁྱིམ་ཚང་གཅིག་ཡིན་པ་ལོས་བདེན། སྐབས་འདིའི་སྲིད་སྐྱོང་འོས་མི་བློ་སེང་ནི་སྐུ་དྲག་མི་དྲག་གི་ཁྱིམ་རྒྱུད་མིན་པར་བཙན་བྱོལ་ནང་གི་འབྱོར་མཁོ་ཞན་པའི་ཁྱིམ་ཚང་དཀྱུས་མ་སྟེ་འོས་མི་དཀྱུས་མ་ཆ་རྐྱེན་ཚང་ཤོས་ཤིག་སྲིད་སྟེགས་སུ་བསྐྱལ་བ་དེ་ང་ཚོའི་གཟི་བརྗིད་རེད་བསམ་གྱི་ཡོད།
རྩོམ་ཡིག་འདིར་མི་དཀར་ཞྭ་ནག་གཡོགས་པ་དེ་འདྲ་རྩ་ནས་མེད། འོས་མི་གཞན་བཞི་པོ་འདི་ལྟར་རྗེས་སུ་ལུས་འགྲོ་བའི་སྤྱི་ཚོགས་རང་བཞིན་གྱི་སྐྱོན་གནད་འགའ་རེ་གནད་དུ་བཟུང་ནས་བྲིས་ཡོད། ལར་ནས་ང་ཚོ་བོད་པར་ཞན་ཆ་ཆེ་ཤོས་ནི་རང་ཉིད་བདེན་པར་མཐོང་བ་ཆེ་ཞིང་གཞན་རྣམས་རྫུན་མར་བསྒྲུབས་དང་སྒྲུབ་ཀྱིན་བསམ་བློའི་གོམས་གཤིས་དེ་རེད།
བློ་སེང་ལགས་ལ། གོ་སྐབས་གསུམ་པ་མེད་པར་བརྟེན་ད་ལོ་ཐོབ་བཞིན་པ་འདི་བཟང་རྟགས་གཅིག་རེད་སྙམ་ལགས།
སྲིད་སྐྱོང་བློ་སེང་ལགས་ཀྱི་ལས་རྒྱུན་སྐབས་ཕྱག་ལས་ཇི་ལྟར་གནང་ཡོད་པ་དངོས་ཡོད་ཤེས་མཁན་མང་ཚོགས་ནས་ཁོང་ལ་རྒྱབ་སྐྱོར་ག་འདྲ་ཡོད་མེད་རྡ་ས་ཤོས་འཕེན་པས་བརྒྱ་ཆ་ནས་གསལ་པོར་རྟོགས་ཐུབ་ངེས་ཡིན། རྒྱ་གར་རྨ་བྱ་ནས་དངོས་བདེན་མིན་པས་ཁོང་ལ་ངོ་བསྟོད་གནང་བཞིན་འདུག སྲིད་སྐྱོང་བློ་སེང་ལགས་ནས་དུས་དབང་ཕྱིར་འགྱངས་ཐད་རྫུན་དང་ཧམ་བཤད་བྱེད་ཡོད། ཁོང་གིས་བཀའ་ཤག་ནས་༧གོང་ས་མཆོག་ལ་སྐུལ་ངལ་གསོ་ཆེད་ཞུས་ལུགས་གསལ་བཤད་བྱས་ཡོད་སྟབས། བློ་ཚབ་ཡོད་པས་མི་མང་འགས་དཔལ་ལྡན་དགའ་ལྡན་ཕོ་བྲང་དྲུང་ཆེ་མཆོག་ལ་ངོ་བཅར་གྱིས་དེ་ལྟར་ཡིན་མིན་དྲི་བརྩད་སྐབས་སྲིད་སྐྱོང་བློ་སེང་ལགས་ནས་གསུང་པ་དེ་དག་བདེན་པ་མིན་པ་ར་སྤྲོད་བྱུང་འདུག ཁུངས་གཏན་གནས་ཚུལ་གོ་ཐོས་ལ་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམས་པ་བཀའ་ཤག་ལ་ཆེད་བཅར་གནང་སྟེ་དུས་དབང་ཕྱིར་འགྱངས་གནང་རྒྱུ་ཡིན་པ་སྙན་སེང་ཞུས་འདུག གནས་ཚུལ་འདི་བྱུང་བ་མ་ཐག་༧གོང་ས་མཆོག་ཆིབས་བསྒྱུར་སྐབས་འཁེལ་ནས་སྲིད་སྐྱོང་བློ་སེང་ལགས་གྷ་གལ་གནམ་ཏུ་ཆེད་བཅར་གྱིས་༧གོང་ས་མཆོག་ལ་དུས་དབང་ཕྱིར་འགྱངས་ཀྱི་གསལ་བསྒྲགས་བཀའ་ཤག་ལ་གནང་ཆོག་པ་སྙན་སེང་ཞུས་འདུག་པས་༧གོང་ས་མཆོག་ནས་འགྲིག་རྒྱུ་གསུང་འདུག་ནའང་། བློ་ཕམ་པ་ཞིག་ལ་སྲིད་སྐྱོང་བློ་སེང་ལགས་ནས་རང་སྐྱོན་འགེབ་སྲུང་གིས་གསལ་འགོད་གསལ་བསྒྲགས་ནང་གནས་ཚུལ་འཁྱོག་བཤད་བྱས་ནས་མང་ཚོགས་ལ་མགོ་བསྐོར་བཏང་བ་མ་ཟད། ༧གོང་ས་མཆོག་ལ་དབུ་བསྐོར་ཞུས་ཡོད། ཡ་མཚན་པ་ཞིག་ལ་དཔའ་ལྡན་དགའ་ལྡན་ཕོ་བྲང་མཛད་གཙོ་རྣམ་ནས་བཀའ་ཤག་གིས་དུས་དབང་ཕྱིར་འགྱངས་གསལ་བསྒྲགས་ནང་གསལ་བཤད་འཁོད་པ་དག་མ་མཁྱེན་པ་ག་ལ་ཡིན། སྲིད་སྐྱོང་ནས་རང་སྐྱོན་འགེབས་སྲུང་ཆེད་༧གོང་ས་མཆོག་གི་སྐུ་གཟུགས་ལ་ཁ་གཡར་བྱས་ནས་ཡར་སྙན་སེང་ཞུ་ལུགས་གསུང་པ་ནི་ཆེས་མ་འོས་པ་ཡིན་པས་གསལ་བཤད་གནང་དགོས་ནའང། དེ་ལྟར་མ་གནང་བ་ལ་བརྟེན་ན་དཔལ་ལྡན་དགའ་ལྡན་ཕོ་བྲང་ནང་གི་མཛད་གཙོ་རྣམས་པས་ཕྱག་ལས་གནང་སྟངས་ལ་དྭོགས་པ་ཡོང་བཞིན་འདུག གངས་སྐྱིད་རྭ་བའི་ནང་སྲིད་སྐྱོང་བློ་སེང་ལགས་དང་དཔའ་ལྡན་དགའ་ལྡན་ཕོ་བྲང་ནང་གི་ལས་བྱེད་སྐུའི་ཚ་བོ་བསྟན་འཛིན་སྟག་ལྷ་ལགས་ནི་གྲོགས་པོ་ཉེ་གྲས་ཡིན་པས་ཁོང་ནས་སྲིད་སྐྱོང་བློ་སེང་ལགས་སྲུང་སྐྱོབས་གང་ཐུབ་བྱ་ཀྱིན་པ་ཡོང་བསྒྲགས་ཡིན། དེས་ན་བོད་པའི་གསར་འགོད་པ་རྣམས་ནས་གནས་ཚུལ་གལ་ཆེ་རིགས་ལ་དོ་སྣང་ཆེ་ཙམ་གནང་ནས་མང་ཚོགས་ལ་གནས་ཚུལ་གསལ་པོ་བཟོ་ཐབས་འགན་དང་ནུས་པ་ཡོད་པས་དེ་ལྟར་གནང་རོགས་ཞུ།
དུས་དབང་ཕྱིར་འཐེན་གནང་སྐོར་སྲིད་སྐྱོང་མཆོག་གི་བགྲོ་ཚོགས་བཅུ་པའི་ལན་འདེབས་དང་གསར་འགོད་དྲིས་ལན་མང་དག་ཅིག་ནས་གསལ་རྐྱང་བཟོས་ཟིན་རེད།
༧གོང་ས་མཆོག་ལ་སྐུ་ངལ་གསོ་བའི་ཚོུད་དགོས་པ་ཛ་དྲག་དངོས་གསལ་ཡིན་པ་ཨ་རིའི་ཕྱི་ལུགས་སྨན་པས་གསོལ་འདེབས་ཞུས་ཡོད། ཁྱེད་ཚོས་མོལ་སྟངས་ལ་བལྟས་ཡོང་ན་ཨ་རི་སོགས་ཀྱི་མཛད་རིམ་ཕྱིར་བསྡུས་གནང་བའང་སྲིད་སྐྱོང་གིས་བྱས་པ་རེད་ཟེར་ཉེན་འདུག་དཱ།
མ་མཐོང་ན་འདི་སྐོར་སྐུ་མདུན་སྐུ་སྒེར་ནས་སྐུ་ངལ་དགོས་པའི་ཞལ་སློབ་དྲོད་མོ་མཇལ་རྒྱུ་འདུག་པས་གསན་པར་སྐུལད།
རྒྱ་གར་རྨ་བྱས་བདེན་མིན་ངོས་བསྟོད་དང་འཁྱོག་བཤད་བྱས་པ་གཅིག་རྐྱང་མེད། མི་མང་གིས་བདམས་པའི་སྲིད་སྐྱོང་ཞིག་པའི་ཆ་ནས་མི་མང་ལ་བཀྲིས་བདེ་ལེགས་ཞུ་བ་ཙམ་རེད།
ང་ཚོ་དུས་ནམ་ཡང་གནས་ཚུལ་ཆ་ཚང་རྟོགས་པའི་ཐོག་ནས་སྐད་ཆ་བཤད་དགོས་པ་ཡིན།
རྒྱ་གར་རྨ་བྱ་ལགས། ངས་དུས་དབང་ཕྱིར་འགྱངས་ཐད་སྲིད་སྐྱོང་བློ་སེང་ལགས་ནས་༧གོང་ས་མཆོག་ལ་དུས་འགྱངས་ཡོང་བ་གསོལ་འདེབས་ཞུས་ལུགས་བཀའ་ཤག་གི་གསལ་བསྒྲགས་གནང་བ་དེ་བདེན་པ་མིན་པ་དགའ་ལྡན་ཕོ་བྲང་དྲུང་ཆེར་བཅར་འདྲ་ཞུས་ན་མཁྱེན་ངེས་ཡིན། སྲིད་སྐྱོང་བློ་སེང་ལགས་ནས་སྐྱག་རྫུན་བཤད་བཞིན་པར་དགའ་ལྡན་ཕོ་བྲང་གི་མཛད་གཙོ་རྣམས་ནས་གསལ་བཤད་གནང་དགོས་
ངེས་ཀྱང་ད་བར་གང་ཡང་གནང་མ་སོང་བས་རྒྱུ་མཚན་གང་ཡིན་ནམ། དེར་བརྟེན་གསར་འགོད་པ་ནས་དགའ་ལྡན་ཕོ་བྲང་མཛད་གཙོར་དྲི་བརྩད་གནང་ནས་ལན་གསལ་རག་ཐབས་གནང་རོགས་ཞུ་རྒྱུ།
རྒྱ་གར་རྨ་བྱ་ལགས་ སྐུ་དྲག་དང་མི་དྲག་ཚང་མ་ལོ་དྲུག་བཅུའི་སྔོན་ནས་རྒྱ་མིས་མེད་པ་བཟོས་ཚར་བ་རེད་ ཁོང་ཚོ་མང་པོ་ཞིག་རྒྱ་མིས་བསད་པ་དང་བཙོན་དུ་བཅུག་པ་ ཁོང་ཚོའི་བཟའ་ཟླ་བུ་ཕྲུག་རྣམས་ཡང་འཐབ་འཛིང་བཏང་ནས་སྡུག་སྦྱོང་འོག་མི་ཚེ་སྐྱེལ་དགོས་བྱུང་ཡོད་ ིདིང་སྐབས་ལྷག་པ་ནི་ཁོང་ཚོའི་ཕྲུ་གུའི་ཕྲུ་གུ་རྣམས་ཡིན་པས་ ཁྱེད་ཀྱི་གསུང་པའི་སྐུ་དྲག་མི་དྲག་གི་ཁྱིམ་རྒྱུད་ཞེས་པ་དེ་ཁོང་ཚོར་གསུང་གི་ཡོད་དམ་ ??
བཀྲིས་བདེ་ལེགས། སྐུ་ཁམས་བཟང་། ལི་ཐང་བཀྲིས་ལགས། དུས་དབང་ཕྱིར་འགྱངས་གནང་བ་ནི་བཀའ་ཤག་ལྷན་ཚོགས་གྲོས་བསྡུར་ལྷུག་པོས་སྐུ་ངལ་གསོ་ཆེད་ཁོ་ནར་གསོལ་འདེབས་ཞུ་བ་ཡིན་ཞེས་བགྲོ་ཚོགས་སུ་གསུངས་སོང་། བཀའ་ཤག་དང་དགའ་ལྡན་ཕོ་བྲང་གི་བསྒྲགས་གཏམ་གཉིས་ཀ་གཅིག་མཚུངས་རེད། གསལ་བསྒྲགས་སུས་གནང་དགོས་མིན་དེ་དེ་ཙམ་གྱི་གལ་ཆེན་ཞིག་མིན་ཚོད་རེད། གསར་འགོད་པས་དགའ་ལྡན་ཕོ་བྲང་དུ་དྲི་བ་ཕྱིས་དྲགས་པ་དང་དྲིས་ཀྱང་གནོད་ལས་ཕན་ཐོགས་ཤིག་མེད་ལགས།
ཨ་ཁུ་ནོར་བུ་ལགས། སྐུ་ནི་ཞེ་ས་དང་དྲག་པ་ཞེས་ཟེར་དུས་དབང་འཛིན་རྒྱུན་ལྡན་པར་གོ་བ་ཡིན། ངས་སྐུ་དྲག་གི་སྐུ་ངལ་མ་བསྐྱོན་པ་སོགས་སྒྲུབ་ཀྱི་མེད། འོན་ཀྱང་ལོ་རྒྱུ་རང་བཞིན་གྱི་སྐྱོག་མཚམས་འདིར། ང་ཚོས་མི་མང་དཀྱུས་མ་ཞིག་གི་མི་བུ་ཞིག་སྲིད་སྟེགས་སུ་བདམས་པ་དེ་ལོ་རྒྱུས་དམིགས་བསལ་རེད་ཟེར་གྱི་ཡོད། སྐུ་དྲག་ཁྱིམ་རྒྱུད་ཀྱི་ཕྲུ་གུ་ཞིག་ལ་དེ་འདྲའི་ཆ་རྐྱེན་ཚང་བའི་ཁྱད་ཆོས་ཡོད་ན་དེ་ཡང་སྲིད་སྟེགས་སུ་ང་ཚོས་ངེས་པར་གདམ་དགོས་པ་རེད་བསམ་གྱི་ཡོད། འོན་ཀྱང་འདི་ལོའི་འོས་མི་ལྔའི་ནང་དེ་ལྟར་མི་སླེབས་དོན་ལ་ཡང་མནོ་བསམ་ཞིག་གཏང་དགོས་རེད་སྙམ། ཉིན་བདེ། ལྷན་རྒྱས་ཕེབས་ནས་བཀའ་སློབ་གནང་བར་དགའ་ཡོད།
བཙན་བྱོལ་བོད་མི་ལོང་པ་མང་པོས་ད་དུང་སྟོང་བཤད་རྒྱབ་མཁན་ནམ། སྤོབས་ཤོབ་རྒྱབ་མཁན་འདི། སྲིད་སྐྱོང་གི་ཁྲིར་འགོད་པ་འདྲ། ཨ་ཤུ་རེ་ཁོ། རེ་བ་མེད་སོང་། ཉི་མ་ནུབ་སོང་།
རྒྱ་གར་རྨ་བྱ་ལགས་ ངས་ཞུ་ཡས་དེ་སྐུ་དྲག་ཁྱིམ་རྒྱུད་ཀྱི་ཕྲུ་གུ་ཞིག་ལ་སྲིད་སྟེགས་ལ་གདམ་དགོས་ཞུ་ཡི་མེད། རྒྱ་མིས་བོད་ནང་བཤད་མཚམས་ཞག་ནས་ལོ་ངོ་ཉི་ཤུ་སོང་བའི་རིགས་རྒྱུད་དང་ཁྱིམ་རྒྱུད་ གྲལ་རིམ་དབྱེ་འབྱེད་གི་ཚིག་དེ་ང་ཚོས་དིང་སྐབས་བཤད་དགོས་གི་ཡོད་དམ། བཤད་ནས་ཕན་ཐོག་ཡོད་དམ། ཨ་རི་འདྲ་བའི་རང་དབང་གི་ལུང་པའི་ནང་རིགས་རྒྱུད་དང་ཁྱིམ་རྒྱུད་དབྱེ་འབྱེད་ནི་ཁྲིམས་འགལ་ཞིག་ཡིན་པ་མཁྱེན་གསལ་རེད། ང་ཚོའི་ཚར་ལོངས་ཡོང་བཞིན་པའི་མི་རབས་གསར་པ་ཚོ་ལ་རིགས་རྒྱུད་དང་ཁྱིམ་རྒྱུད་དབྱེ་འབྱེད་སྐོར་བཤད་པ་དང་ ལྷ་དང་སྲུང་མའི་སྐོར་བཤད་པ་ནི་ཕན་ལས་གནོད་ཆེ་བ་ཡོད་པ་དགོངས་འཇགས་ཞུ།
ཨ་ཁུ་ནོར་བུ་ལགས། ངས་ཀྱང་དེ་རང་བཤད་ཀྱིན་ལས་དེ་ལས་ལོགས་སུ་འགྱུར་བའི་སྐད་ཆ་ཞིག་བཤད་ཀྱི་མེད། དོན་དུ་ཁྱེད་ཀྱི་དགོངས་པ་བཞེས་ཕྱོགས་དང་ངའི་བསམ་བློའི་བགྲོས་གཅིག་ཏུ་མངོན།
ཨ་རིར་ཁྲིམས་འགལ་བརྩིས་པ་ཡིན་ན་རིམ་གྱི་ང་ཚོའི་མང་གཙོའི་ནང་དུའང་སླེབས་ཡོང་གི་རེད་བསམ། དོན་ནི་ཁོང་ཚོ་དམངས་གཙོ་ཡར་ཐོན་དང་སྒོས་སུ་བོད་པའི་མི་འབོར་ཨ་རིར་མང་མང་དུ་འགྲོ་བའི་ཤུགས་རྐྱེན་ཞིག་འཕྲོད་ཡོང་གི་རེད་བསམས། བཀྲིས་བདེ་ལེགས།
རྒྱ་གར་རྨ་བྱ། བློ་སེང་རི་རྩེར་འཛེགས་པ་མ་རེད། མི་གཞན་གྱིས་རི་རྩེར་བསྐྱལ་བ་རེད། སྤེན་པ་ཚེ་རིང་གིས་མི་བསད་མེད་པའི་ཁུངས་སྐྱེལ་ཐུབ་མེད་ན། བློ་སེང་ཆོས་ཅན། ཁོ་པས་ཁང་པ་ཉོས་པའི་ཨ་སྒོར་འབུམ་གསུམ་བརྒྱ་ཡས་མས་ཀྱི་སྐོར་ཨ་རིར་གནས་སྡོད་རྒྱ་ནག་གི་ཉུལ་མར་དོགས་པའི་རྒྱ་མི་ཝན་ནས་བཟས་མེད་པའི་ཁུངས་སྐྱེལ་ཐུབ་ཡོད་པར་ཐལ། ཡོད་ན་ཇི་ལྟར་བསྐྱལ་ཡོད། བློ་སེང་གིས་བཤད་པའི་སྐད་ཆར་ཆ་འཇོག་རྒྱུ་ཡིན་ཟེར་རྒྱུ་ཡིན་ནམ། དེ་ལྟར་ཡིན་ན། སྤེན་ཚེས་མི་བསད་མེད་ཅེས་སྤེན་ཚེས་བཤད་པ་གང་ཞིག དེར་ཡིད་ཆེས་དགོས་པའི་ཕྱིར། འཁོར་གསུམ། ཁྱོད་ཀྱི་སྐུལ་སློང་གང་འདྲ་ཞིག་ཡིན་མིན་སྐད་ཆ་འདི་ནས་གསལ་ཐག་ཆོད་རེད་འདུག་གོ
ད་དུང་རྣ་བ་ལེགས་པར་ཉོན་ཅིག བློ་སེང་གིས་ཁས་བླངས་པའི་དམ་བཅའ་རྣམས་ཁུངས་ཇི་ལྟར་བསྐྱལ་ཡོད་དམ། ༸གོང་ས་མཆོག་གི་མཚན་ཐོག་ཡོད་པའི་ཨ་རིའི་དོན་གཅོད་དུ་༸རྒྱལ་བའི་སྐུ་པར་མར་ཕབ་ནས་ཁོ་པའི་འདྲ་པར་ཡར་བསྐྱལ་བ་ཡང་བློ་སེང་ཡང་དག་ཡིན་པའི་སྒྲུབ་བྱེད་ཡིན་ནམ། རང་ཉིད་ཀྱི་འདྲ་པར་ཐང་ག་བཟོས་པ་ཡང་བློ་སེང་ཡང་དག་ཡིན་པའི་སྒྲུབ་བྱེད་ཡིན་ནམ། བློ་སེང་བཀའ་ཁྲིར་མ་སླེབས་གོང་གི་ལོ་རྒྱུས་ལ་བལྟས་སྐབས་བོད་དང་བོད་ཀྱི་རིག་གཞུང་ལ་ཤ་ཞེན་ཡོད་པའི་རྟགས་མཚན་ཏིལ་འབྲུ་ཙམ་མཐོང་རྒྱུ་མེད་དོ།
བློ་སེང་དང་སྤེན་ཚེ་གཉིས་ཀས་དྭོགས་གཞི་ཅན་གྱི་རྙོག་གླེང་དེ་ཁ་གསལ་གཏིང་གསལ་དང་ནམ་མཁའ་གཡའ་དག་ས་གཞི་རྡུལ་དག་བཟོས་ཐུབ་མེད་ཀྱང་སྲིད་སྟེགས་ཐོག་འདུག་ཐུབ་ཡོད། འདིར་ལྟོས་དང་བོད་མི་ཚོ་རྨོངས་པ་ལས་སད་ཨེ་འདུག་་་་་་་་་
དྷ་ས་ནས་བློ་སེང་ལ་འོས་ཅི་ཙམ་ཐོབ་འདུག ལྷག་པར་དུ་གངས་སྐྱིད་ནས་བློ་སེང་ལ་འོས་ཅི་ཙམ་ཐོབ་འདུག་ལྟ་དགོས། འདི་ལས་བློ་སེང་ལ་གདེངས་འཇོག་བྱེད་རིན་ཡོད་མེད་གང་འཚམ་ཤེས་ཐུབ། དེ་མིན་ཐག་རིང་གི་མི་ཚོའི་སེམས་སུ་ཁྱབ་བསྒྲགས་ལ་བརྟེན་ནས་བློ་སེང་ཆེན་པོ་ཡིན་པའི་སྣང་བ་བསྐྲུན་ཡོད་པ་རེད།
རྒྱ་གར་རྨ་བྱ་ལགས།་ ཁྱེད་དང་གླེང་མོལ་བྱུང་བ་བཟང། རྗེས་སུ་མཇལ་ཡོང།
ལྷག་པ་ལགས་བཀྲིས་བདེ་ལེགས། མཇལ་བར་དགའ་ཡོད། སྔོན་འགྲོའི་འོས་ཤོག་རྒྱལ་ཕམ་ནི་སྤྱི་ཚོགས་ནང་དུ་ཟབ་སར་ཟུག་པའི་སྐད་ཆ་ཞིག་གིས་ལྗིད་ཡང་གིས་བློ་སེང་མི་མང་གིས་རི་རྩེར་བསྐྱལ་བ་དང་ཚོགས་གཙོ་འབུད་བཀྱག་གཏང་བར་ཐེ་ཚོམ་གྱིས་བཅད་པ་ལས་ངས་ཀུན་སློང་མཐའ་མ་ཞིག་གིས་ཆེད་མངགས་བཅོས་པ་དེ་འདྲ་རྩ་ནས་མ་རེད།
བློ་སེང་གིས་འགྲེལ་བཤད་བྱས་པའི་ལོ་ངོ་བཅུ་དྲུག་ཏུ་བཟའ་མིས་གཉིས་ཀྱིས་བསགས་པ་ཡིན་ཟེར་བའི་རྒྱུ་མཚན་འཐད་ལྡན་མིན་པ་ཙམ་ལས་ཞིབ་ཚགས་དཔང་ཡིག་གིས་ཁུངས་བསྐྱལ་སུས་ཀྱང་མ་ཐུབ་ལ་མཐའ་ན་རྒྱ་མོས་ཀྱང་མ་ལྕོགས། ཉེས་འཛུགས་དེས་བློ་སེང་ཕམ་ཁར་བསྐྱལ་བའི་ཚབ་ཏུ་རྒྱལ་ཁར་བཏེགས་པ་རེད།
ཆོས་སྲིད་མ་བསྲེས་ཤིང་གཞུང་སྲིད་མང་གཙོར་གླེང་གི་ཡོད་ན། རྒྱ་གར་ལྟ་བུར་གཟིགས་དང་སྐབས་འཁེལ་སྲིད་བློན་སུ་ཡིན་ནའང་ཁོང་གི་སྐུ་པར་ལས་ཁུངས་སུ་ཡོད་པ་གཞུང་འབྲེལ་རེད། བཅའ་ཁྲིམས་ནང་༧རྒྱལ་བ་རིན་པོ་ཆེ་ནི་བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་མཚོན་བྱེད་ཡིན་པ་གསལ་པོར་བཀོད་ཡོད། དེ་ནི་བློ་སྙན་གྱི་དུས་འགྱུར་བཟང་སྤྱོད་ཀྱི་རྣམ་འགྱུར་ཞིག་ལས་བློ་སེང་གིས་བཀོད་ཁྱབ་ཡིན་པའི་དཔང་རྟགས་སྟོན་་ཤོག མ་གཞི་འདི་ནི་གོ་ཐོས་ལས་བདེན་པ་ཡིན་མིན་མི་ཤེས། ཡིན་ན་དེ་ལྟར་དུ་རེད།
ཆེད་ལས་པ་དང་༧རྒྱལ་བ་བོད་གདན་ནི་བློ་སེང་གི་བཅིས་མིན་རེ་བའི་རྨི་ལམ་ངོ་མ་དེ་ཡིན་པ་དང་དེ་གཉིས་སྐོར་ཉེ་སྔོན་སྲིད་སྐྱོང་གིས་གསལ་བཤད་འགྲིག་འདུག་བསམ་པ་ཞིག་བྱས་སོང་བ་དེར་གཟིགས་རོགས།
འོས་ཐོབ་ཆེད་རྒྱ་གར་སོགས་དམངས་གཙོ་མཐོ་བརྒལ་གྱི་ཤུགས་རྐྱེན་ཡོད་པ་དང་དེ་ཡང་དེ་རུ་བཞག་དགོས་པའང་འགྲོ་སྟངས་ཤིག་ཡོད་པ་ང་ཚོས་ཤེས་དགོས། འོན་ཀྱང་དེ་རིང་སྐབས་གཉིས་པའི་སྲིད་སྐྱོང་གིས་བྱ་འགུལ་དེས་ཁོང་ལ་བསླབ་བྱ་རྣལ་མ་ཞིག་ཐེབས་པ་གསལ་གསལ་རེད།
ལྡོག་ཕྱོགས་ནས་བཤད་ན་ཁོང་ལ་འཁྲབ་སྟངས་ཀྱི་སྒྱུ་རྩལ་མངའ་ཞིང་གཞན་མ་རྣམས་ལ་མེད་པས་རི་མདོར་ལུས།
ཐང་ག་དང་ཁྱེད་ཀྱིས་མ་གླེང་བའི་གཞས་ཚིག་རྣམས་ནི་གཤམ་འོག་འབྲེལ་ཡོད་པ་དང་མི་མང་གིས་ཆེད་བསྟོད་བྱས་པ་ཡིན་པས་ཚད་ལྡན་བདེན་དཔང་མེད་པས་མི་བཟོད་ན་སྡུག་གྱོང་རང་རེད།
བློ་སེང་ལ་བོད་ཀྱི་རིག་གཞུང་ལ་ཤ་ཞེན་ཏིལ་འབྲུ་ཙམ་ཡང་མེད་ཟེར་ནི་མི་བདེན་ཞིང་། ཁོང་རང་ཉིད་ཀྱི་བོད་སྐད་དང་བིད་ཡིག་ཡར་རྒྱས་ཐོག་་་་ཤ་ཞེན་ཡོད་པ་ཤེས་ཡོན་སྲིད་བྱུར་རྒྱབ་བསྐྱོར་བརྒྱ་བ་བརྒྱ་དང་དགེ་སློང་མ་དང་དགེ་བཤེས་མ་སོགས་ནི་ལམ་སྟོན་བཞིན་ཤར་སྐྱོད་བྱས་བའི་མངོན་རྟགས་ཡིན། བཀྲིས་བདེ་ལེགས་གཉིད་ཀྱིས་བཟི་བཟི་ནང་ཀན་བཏབ་པས་ནོར་ན་ང་རང་ལ་ནོར་བཅོས་ཡིན།
ཏྲེ་ཧོར་གྱི་སྐད་ཆ་ལ་ལབ་རྒྱུ་མེད། འོན་ཀྱང་མི་མང་འགྲུང་པོ་ཡིན་པ་བདེན་པར་གསལ་སྟོན་བྱས་ཡོད། མཇལ་ཡོང་་་་བདེན་པ་ཉིད་རྒྱལ་འགྱུར་ཅིག
ད་རིས་འོས་བསྡུ་འདིས་རྒྱ་ཆེ་མི་དམངས་་གནད་འགག་ལ་ཐུགས་དུས་ནང་ཁུལ་ཞེན་གོག་མེད་པ་ཧ་ཅང་གསལ་པོ་རེད། ལྷག་པར་དབུས་གཙང་མི་དམངས་ག་དུས་ཡིན་རུང་བོད་སྤྱི་ལ་བསམ་བློ་བཏང་བ་ལས་བོད་ཀྱི་དབུ་ཁྲིད་དེ་དབུས་གཙང་བ་ཞིག་ཡིན་མིན་གཟིགས་ཀྱིན་མེད། འདི་ནི་༧ ཡི་བཞིན་ནོར་བུའི་དམ་ཚིག་རྡོག་རྩ་གཅིག་བྱེད་དགོས། ཞེས་པའི་བཀའ་བསྒྲུབ་པ་རེད།་ངོ་སོ་བསྟོད།
ཏྲེ་ཧོར་བྱམས་པ་རིན་ཆེན་གྱིས་དྲང་བདེན་གྱི་སྐད་ཆ་ཞིག་བཤད་འདུག རྗེས་སུ་ཡི་རང་ཡོད།
རྒྱ་གར་རྨ་བྱ། བློ་སེང་མི་མང་གིས་རི་རྩེར་བསྐྱལ་བ་ཁྱོད་ཀྱིས་ཕྱིས་སུ་ཁས་བླངས་འདུག་པས། སྔོན་དུ་བཀོད་པའི་རྩོམ་རྙོག་གི་འགོ་བརྗོད། བློ་སེང་རི་རྩེར་འཛེགས་ཟིན་ཀྱང་ཞེས་པའི་འཛེགས་ཞེས་པ་ཕྱིར་འཐེན་བྱོས། སྔོན་འགྲོའི་འོས་བསྡུར་བློ་སེང་ལ་ཐོབ་པ་ཡོངས་གྲགས་ཡིན་ཡང་། ཁྱོད་ཀྱིས་ཚོགས་གཙོ་འབུད་བཀྱག་གཏང་བར་ཐེ་ཚོམ་གྱིས་བཅད། ཅེས་པ་ལྟ་བུའི་ངན་སྨྲོས་བྱེད་དགོས་པའི་ཀུན་སློང་གང་ཡིན། ལར་ནས་འབུད་རྒྱག་གཏང་ཞེས་པ་སྔར་གྱི་གནས་ལས་འབུད་རྒྱག་བཏང་བར་གོ་བས། ཚོགས་གཙོའི་ས་ནས་མི་མང་གིས་ག་དུས་འབུད་བཀྱག་བཏང་ངམ།
ཁྱོད་ཀྱིས་བཤད་པར། བློ་སེང་གིས་འགྲེལ་བཤད་བྱས་པའི་ལོ་ངོ་བཅུ་དྲུག་ཏུ་བཟའ་མིས་གཉིས་ཀྱིས་བསགས་པ་ཡིན་ཟེར་བའི་རྒྱུ་མཚན་འཐད་ལྡན་མིན་པ་ཙམ་ལས་ཞིབ་ཚགས་དཔང་ཡིག་གིས་ཁུངས་བསྐྱལ་སུས་ཀྱང་མ་ཐུབ་ལ་མཐའ་ན་རྒྱ་མོས་ཀྱང་མ་ལྕོགས། ཞེས་པ་ངས་ཀྱང་བློ་སེང་གིས་དག་འབུད་ཐུབ་མ་སོང་ཞེས་བཤད་ཀྱི་ཡོད། འོན་ཀྱང་ཉེས་འཛུགས་དེས་བློ་སེང་ཕམ་ཁར་བསྐྱལ་བའི་ཚབ་ཏུ་རྒྱལ་ཁར་བཏེགས་པ་རེད། ཅེས་པའི་གོ་དོན་གང་ཡིན་ནམ།
སྐུ་པར་གྱི་སྐོར་དེ་ཨ་རིར་ལག་བསྟར་བྱས་ཤིང་ཡོ་རོབ་ཏུ་བཀའ་ཤག་གིས་བཀའ་རྒྱ་བཏང་ཡོད་པ་མགོ་རུལ་རྣ་བས་ཚོར་མ་སོང་ངམ།
ཐང་ག་དང་རང་བསྟོད་ཀྱི་གཞས་ཚིག་ཆེད་ལྐོག་རྔན་སྤྲད་མེད་པའི་དཔང་པོ་ཁྱོད་ཀྱི་བྱེད་ཐུབ་བམ།
བློ་སེང་ལ་བོད་ཀྱི་རིག་གཞུང་ལ་ཤ་ཞེན་ཏིལ་འབྲུ་ཙམ་ཡང་མེད་ཟེར་བ་དེ་ནི་བཀའ་ཁྲི་མ་ཐོབ་སྔོན་ལ་ཟེར་བ་ཡིན། མི་བདེན་ན་མུ་མཐུད་བགྲོ་གླེང་བྱའོ། དྲ་ཐོག་ཏུ་ཐོན་ཤོག ཨཱ།
ད་རིས་་འོས་བསྡུ་འདིས་རྒྱ་ཆེ་མི་དམངས་་གནད་འགག་ལ་ཐུགས་དུས་ནང་ཁུལ་ཞེན་གོག་མེད་པ་ཧ་ཅང་གསལ་པོ་རེད། ལྷག་པར་དབུས་གཙང་མི་དམངས་ག་དུས་ཡིན་རུང་བོད་སྤྱི་ལ་བསམ་བློ་བཏང་བ་ལས་བོད་ཀྱི་དབུ་ཁྲིད་དེ་དབུས་གཙང་བ་ཞིག་ཡིན་མིན་གཟིགས་ཀྱིན་མེད། འདི་ནི་༧ ཡི་བཞིན་ནོར་བུའི་དམ་ཚིག་རྡོག་རྩ་གཅིག་བྱེད་དགོས། ཞེས་པའི་བཀའ་བསྒྲུབ་པ་རེད།་ངོ་སོ་བསྟོད།
གདོང་ནག་གི་སྐད་ཆ་འདི་ལ་ལྗིད་ཅིག་འདུག དྲང་པོར་དཔྱད་ན་དེ་རང་རེད་ལགས། ཁྱེད་ཀྱི་ལྗགས་ལ་ངོ་སོ་བསྟོད།
བློང་སེང་ལ་འོས་བླུགས་ན་རྡོག་རྩ་ཆིག་སྒྲིལ་ཡིན་པའི་རྟགས་རེད་པེ།་་་ཧཧ རྒྱུ་མཚན་ལྟར་སྣང་དེ་འདྲ་མ་བཀོད་རོགས་བྱོས། བཀྲ་དབང་ལ་འོས་བླུགས་ན་ཕྱོགས་གཞན་བྱས་པ་རེད་དམ།་་་ཧཧ སྒྲུབ་བྱེད་ཐབས་ཆག་དེ་འདྲ་ནི་དགོད་མོ་ཤོར་རྐྱེན་ཙམ་རེད་ད
ཡང་ཅོ་རི་འདི་རུ་སླེབས་ནས་འཆལ་གཏམ་ཞིག་བཞག་ནས་འགྲོ་འདུག་ག
མི་མང་གིས་བློ་སེང་ལ་འོས་ཤོག་ཧ་ཅང་ཚད་མཐོར་བླུགས་པ་དེ་རྡོག་རྩ་གཅིག་སྒྲིལ་གྱི་མེ་ཤུགས་འཕེན་པ་རེད་ཟེར་བ་དེ་རེད། མེ་ཤུགས་གཉིས་པ་ཅོ་རི་ཁྱེད་འ་ཕོག་པ་འདྲ། ཧཧཧཧ
ལྷག་པ
བློ་སེང་བཀའ་ཁྲི་མ་ཐོབ་སྔོན་ལ་བོད་མི་རིགས་ལ་ལ་ཞེན་ཏིལ་འབྲུ་ཙམ་ཡང་མེད་ཟེར ཨ་རིས་ལ་མི་ལོ་བཅུ་དྲུག་ཐམ་པ་བསྡད་ཡོད་ཀྱང་ཨ་རིས་མི་སེར་བཟོས་མེད་ལ འགྲོ་བསྐྱོད་ལག་ཁྱེར་ཚང་མ་སྤ་སུ་སེར་པོ་ཐོག་ནས་ཕྱིན་བསྡད་མཁན་བློ་སེང་མ་གཏོགས་བཀའ་ཟུར་དང་ཁྲི་ཟུར་ནང་ལ་མེད་ལ་ མི་ངམངས་དཀྱུས་མ་ནང་ལ་ཨ་རིས་ལོ་མང་དེ་འདྲ་བསྡད་མྱོང་མཁན་ཨ་རིས་མི་སེར་མ་བཟོས་མཁན་ཞིག་ཡ་ལ་དཀའ་ངལ་ཧ་ཅང་རེད དེ་རང་ཐོག་ནས་མི་རིགས་ལ་རྒྱ་ག་ཚོད་ཡོད་མེད་ཤེས་ནུས་པ་ཞིག་རེད ཁང་རིས་འབུམ་སུམ་རྒྱ་མ་རེད་འབུམ་གསུམ་རེད་ ཨ་རིས་གསང་སྤྱོད་དང་ཟ་ཁང་ནང་ལས་ཀ་ལས་མཁན་དེ་དག་གིས་མཁན་པ་ཉོ་དུས་འབུམ་གསུམ་མན་ལ་ཉོ་མཁན་རྐྱང་རྐྱང་ཡིན་བཞིན ཧ་ཝ་ནང་ལས་ཀ་ལོ་བཅུ་དྲུག་ལས་ཤིང་བཟའ་ཟླས་ཀྱང་དེ་མཚུངས་ལས་ཀ་ལས་མཁན་གཉིས་ལ་འབུམ་ཡོངས་ཁུངས་ལ་གསལ་བཤད་མི་དགོས་པ་ཐང་རིས་ལག་གསལ་རེད་
དྲན་བདེན་གྱི་མིང་དུ་བརྫུས་པའི་ཁྱོད་ཉོན་ཅིག
བློ་སེང་བཀའ་ཁྲི་མ་ཐོབ་སྔོན་ལ་བོད་མི་རིགས་དང་། རིག་གཞུང་ལ་ཞེན་ཏིལ་འབྲུ་ཙམ་མེད་པའི་དཔང་རྟགས་ནི། ཁོ་པ་ཆུང་དུས་བོད་གཞུང་སློབ་གྲྭར་བསྐྱོད་ཀྱང་བོད་ཡིག་ལྟ་ཞོག བོད་སྐད་ཀྱི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པ་ས་རིས་ཐང་གསལ་རེད། དེ་བཞིན་རང་ཉིད་ཀྱི་བུ་ཕྲུག་གིས་སྔོན་ཆད་བོད་སྐད་ཙམ་ཡང་ཤེས་ཀྱི་མེད། གནས་ཚུལ་དེ་ནས་དོན་གང་ཞིག་རྟོགས་ཡོང་གི་འདུག་གམ། དེང་སྐབས་རྡ་སར་བོད་པའི་སློབ་གྲྭར་གཏོང་ཁུལ་བྱེད་ཀྱི་ཡོད། སྔོན་ཆད་བློ་སེང་གིས་ཨ་རིའི་མི་སེར་མ་བཟོས་པར་སྤ་སེ་སེར་པོའི་ཐོག་འགྲོ་བསྐྱོད་བྱས་པར་ཡ་མཚར་རྒྱུ་ཅི་ཡོད། བསྟོད་རྒྱུ་མེད་པར་བསྟོད་པ་རང་རེད། སྐད་ཆ་དེའི་ནང་དོན་གཙོ་བོ་སྤ་སེ་སེར་པོ་ཁྱེར་བ་དེ་མི་མང་དཀྱུས་མ་དང་སྐྱིད་སྡུག་གཅིག་བྱས་ཏེ་བསྡད་པ་རེད་ཅེས་པའི་དོན་ཡིན་ནམ། སྣང་བ་དག་པའི་སྐད་ཆ་རང་རེད། སྲིད་སྐྱོང་གི་ལས་ཡུན་རྫོགས་རྗེས་རྐུབ་བརྡབ་བརྡབ་བཏང་སྟེ་ཨ་རིར་བསྡད་རྒྱུའི་ཆེད་ཁང་པའི་རྩོད་རྙོག་འདི་ལྷག་པ་རེད། རེད། བློ་སེང་གིས་བཤད་པ་ལྟར། ལོ་ངོ་བཅུ་དྲུག་བཟའ་ཟླ་དང་གཉི་གས་ལས་ཀ་བྱས་ཏེ་ཁང་རིན་འབུམ་གསུམ་བསགས་ཡོད་པ་ཁྱོད་ཀྱིས་དཔང་རྟགས་ཇི་ལྟར་ཐུབ་ཀྱི་ཡོད་དམ། ཨ་རིར་གསང་སྤྱོད་ཁྲུད་མཁན་དང་ཟ་ཁང་ནང་གཡོག་བྱེད་མཁན་ཚོས་བློ་སེང་གིས་ཁང་པ་ཉོ་སྟངས་དེར་ཧང་སང་ནས་བསྡད་ཡོད། ཁོ་ཚོས་ལས་སླ་པོ་ཉོ་ཐུབ་ན་ཧང་སང་དོན་མེད། མ་ཟད་ལོ་ངོ་སུམ་ཅུའི་ནང་ཉོ་རྒྱུའི་ཁང་རིན་གློ་བུར་སྤྲད་པའི་གནས་ཚུལ་དེ་གཅིག་རེད། དོགས་གཞི། དོགས་གཞི། དོགས་གཞི།
ལྷག་པ་ངོ་མ་བྱས་ན་གསལ་བཤད་ཉན་མ་ཤེས་ན་གསལ་བཤད་འབྲི་འདོད་རང་མེད ཨ་རིས་མི་སེར་མ་བཟོས་པ་དང་སྤ་སུ་སེར་བོ་ཁྱེར་བ་དེ་ག་རང་གིས་བོད་པ་ལ་་ཆབ་སྲིད་ཐོག་ནས་དཀའ་ངལ་ཡོད་མཁན་གྱི་སྐྱབ་སྐྱོར་བ་ཞིག་ཡིན་པ་ཁ་ནས་མ་བཤད་ཀྱང་དོན་གྱི་མཚོན་ནུས་པ་ཡིན་པས དེས་རང་གི་ཆབ་སྲིད་ཐོག་ནུས་པ་ཧ་ཅང་ཆེ མི་རིགས་གཞན་གྱི་མི་སེར་བཟོས་ན་ཁོ་ནི་ཆབ་ཐོག་སྐྱབ་སྐྱོར་བ་མ་ཡིན་པ་དང་བོད་མི་མ་ཡིན་པ་ཁྲིམས་ཐོག་ནས་ཆགས་པ་ཡིན་པས་རྒྱུ་མཚན་དེ་ལ་བསྟེན་ནས་ རྒྱ་གར་མི་སེར་བཟོས་ན་སྐྱབས་སྐྱོར་ལབ་དེབ་ཨ་སིས་ཡར་བསྡུས་ཀྱི་ཡོད རང་ཉིད་ལ་རྒྱལ་ཁབ་དེའིད་མི་སེར་མ་ཡིན་ན་དཀའ་དུ་མ་ཡོད་ཀྱང་ ཕུག་རྒྱང་རིང་པོ་དང་མི་རིགས་ལ་ཞེན་ཁོག་ཧ་ཅང་ཅན་བློ་སེང་ལྟ་བུ་ཁ་ཤས་ཞིག་སྲིད་མཐའ་མ་བཀག་ཙམ་ཡོད་པ་རེད་དེ་ཤེས་པ་གནང བོད་སྐད་ཡག་པོ་མི་ཤེས་ཟེར་ བཀས་སློབ་དག་ལེགས་སྐབས་རྒྱ་ཆ་དགུ་བཅུ་གོ་ལྔ་བོད་སྐད་ཐོག་བཤད་ཀྱི་ཡོང་ལ དེའང་བོད་སྐད་བཤད་དུས་ཉན་མཁན་དང་བཤད་མཁན་གཉིས་ཀ་ལ་མ་བདེ་བ་མེད་པ་མ་ཚད ཧ་ཅང་བློ་ལ་བབ་ཚུལ་ཡིན་ཡང་གྲགས་རེད བོད་ཡིག་ནས་བཤད་ནའང་འགྲིགས་ཐག་ཆོད་ཡོད་་ གང་ཡིན་ཟེར་བློ་སེང་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་ན་བོད་་ཡིག་ཤེས་ཚད་སྐྱོ་གྲགས་པའི་སྐྱོན་ཡོད་ཀྱང ཆབ་སྲིད་པ་མགོ་བ་ཞིག་ལ་མཚོན་་ན་བོད་ཡིག་ཤེས་ཚད་འགྲིགས་་ཐག་ཆོད་ཡོད་
་་་་་་་་་་ བོད་ཡིག་ནས་བཤད་ནའང་འགྲིགས་ཐག་ཆོད་ཡོད་་ གང་ཡིན་ཟེར་བློ་སེང་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་ན་བོད་་ཡིག་ཤེས་ཚད་སྐྱོ་གྲགས་པའི་སྐྱོན་ཡོད་ཀྱང ཆབ་སྲིད་པ་མགོ་བ་ཞིག་ལ་མཚོན་་ན་བོད་ཡིག་ཤེས་ཚད་འགྲིགས་་ཐག་ཆོད་ཡོད་་་་་་་་་་་་
ལྷག་པ་ལགས་ནས་གསུང་པ་ཐ་དག་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ༡ སྲིད་སྐྱོང་བློ་སེང་ལགས་ཀྱི་ཁང་པའི་བོུན་རྩིས་འཇལ་ཇི་ལྟར་བྱས་ཡོད་པ་ཁོང་ནས་ད་ལྟའང་ལན་གསལ་གནང་ཐུབ་མེད། ༢ རྡ་སའི་ས་ཁུལ་མི་མང་ནས་འོས་ཤོག་སྤྱི་འཐུས་ཚོགས་གཙོ་སྤེན་ཚེ་ལས་ཉུང་པ་ཐོན་པ་ནི་སྲིད་སྐྱོང་བློ་སེང་ལགས་ཀྱི་ཕྱག་ལས་གནས་སྟངས་ལ་རྒྱབ་སྐྱོར་མེད་པའི་རྣམ་པ་མངོན་གསལ་རེད། ༣ དུས་དབང་ཕྱིར་འགྱངས་གནང་པ་དེའང་བཀའ་ཤག་ནས་གསལ་བསྒྲགས་གནང་འཁོད་ལྟར་༧གོང་ས་མཆོག་ལ་ཡར་སྙན་སེང་ཞུས་ནས་ཕྱིར་འགྱངས་བྱ་ལུགས་བསྒྲགས་པ་ནི་དངོས་བདེན་མིན་པ་མ་ཟད། དཔའ་ལྡན་དགའ་ལྡན་ཕོ་བྲང་ནས་བཀའ་ཤག་གི་གསལ་བསྒྲགས་དེར་གསལ་བཤད་གནང་འདོད་ཡོད་ཀྱང་མི་མང་ནང་དཀྲོག་རྐྱེན་ཡོང་རྒྱུར་བརྟེན་དགོངས་པ་རྒྱ་ཆེ་བཞེས་གནང་གིས་མ་གནང་བ་ཡིན་པར་ཚོད་དཔག་བྱ་ཐུབ། ༤ སྲིད་སྐྱོང་བློ་སེང་ལགས་སུ་སྔོན་འགྲོ་འོས་ཤོག་མང་ཤོས་ཐོབ་ཡོད་པ་ནི་མང་ཚོགས་ཕལ་མོ་ཆེ་ནས་བློ་སེང་ལགས་ཀྱི་ཕྱིའི་རྣམ་པ་མ་གཏོགས་མཐོང་གི་མེད། སྲིད་སྐྱོང་བློ་སེང་ལགས་ག་འདྲ་ཡོད་པ་ནི་ཕྱི་ལོ་ ༢༠༡༡ ནས་ད་བར་ཁོང་མཉམ་ཕྱག་ལས་གནང་མཁན་གངས་ཅན་སྐྱིད་གཤོང་གི་ལས་བྱེད་ཚོས་འོས་ཤོག་ལ་གཟིགས་དང་། སྲིད་སྐྱོང་བློ་སེང་ལགས་སུ་འོས་ཤོག་མ་ཐོབ་པ་ནི་ཁོང་ལ་རྒྱབ་སྐྱོར་མེད་པའི་རྣམ་པ་གསལ་པོ་བཏོན་ཡོད། ༥ སྲིད་སྐྱོང་བློ་སེང་ལགས་ནས་རང་གི་ཉེ་གྲོགས་དང་དགའ་སར་གོ་གནས་སྤྲད་པ་དང་རང་གི་མ་དགའ་སར་གནས་སྤོས་བཏང་བ། ལྷག་པར་དུ་སྐུ་སྒེར་ཡིག་ཚང་ནང་གི་དངུལ་རྐུ་མཁན་ཆོས་འཕེལ་ཐུབ་བསྟན་ལགས་ནང་སྲིད་བཀའ་བློན་ཕྱོགས་བསྐྱོད་སྐབས་ཤིག་ལ་སྦེར་ལོར་ལྷོ་སྤྱི་ལ་བསྐོ་བཞག་གནང་ཡོད་ཀྱང་། རྗེས་སུ་མང་ཚོགས་ནས་སྐད་ཆ་མང་པོ་བྱུང་སྟབས་མཐར་ལྷོ་སྤྱི་གོ་གནས་མ་བཞག་པར་ལས་རོགས་སུ་བསྐྱོད་ཡོད། སྲིད་སྐྱོང་བློ་སེང་ལགས་ནི་རྒྱ་གར་རྡར་ཇི་ལིང་དུ་ཚང་ལོངས་བྱུང་བ་ཞིག་ཡིན་སྟབས་བོད་སྐད་ནི་ནེ་པ་ལི་མཉམ་བསྲེགས། གཤིས་སྤྱོད་ནི་དེར་ཕྱོགས་རྒྱ་གར་མི་མང་དང་གཅིག་མཚུངས། ༦ ཉེ་ཆར་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་དུ་ལས་བྱེད་གནས་སྤོ་སྐབས་ལོ་དུས་ཚང་རྗེས་ཕྱིར་ལོག་དགོས་པ་དང་རྩ་དགོངས་ཞུ་མ་ཆོག་པ། རྒས་ཡོལ་ཞུ་མི་ཆོག་པ། གལ་ཏེ་ཕྱིར་ལོག་མ་གནང་ཚེ་དོ་བདག་ལས་བྱེད་མ་ཟད། ནང་མི་བུ་ཕྲུག་ལ་དོན་གཅོད་ལས་ཁུངས་ནས་རྒྱབ་གཉེར་ཡིག་ཆ་སོགས་བོད་མི་སྤྱི་མཚུངས་ལ་གནང་བཞིན་པ་དེ་དག་གནང་རྒྱུ་མིན་པས་འགན་རྒྱ་ས་རྟགས་བཀོད་དགོས་པའི་བཙན་བཀའ་བཏང་ཡོད་པ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་གཞི་བརྒལ་ཡོད་པ་མ་ཟད། གནང་སྟངས་འདི་ནི་བཀས་བཀོད་རྒྱུན་འཛིན་ལམ་ལུགས་སུ་བསྐྱོད་པ་མིན་ན་གང་ཡིན། བོད་མི་ཚོ་གཉིས་ལས་བསད་ནས་བསམ་བློ་ཡག་པོ་གཏོང་རོགས།
དྲན་བདེན་དུ་བརྫུས་པའི་རྫུན་རྐྱལ། བློ་སེང་གི་བོད་སྐད་དང་བོད་ཡིག་གནས་ཚད་ལ་བསམ་ཤེས་ཅན་མང་པོས་ཡ་མ་ཟུང་ཞིག་ཏུ་བལྟས་དང་ལྟ་བཞིན་པ་རྩོམ་པ་པོ་ལ་རེ་བ་བྱས་ཡོད་མ་རེད། འོན་ཀྱང་ཁྱོད་རང་འདོད་བློ་ཁེངས་ན་ད་ག་གྱིས། ངས་བཤད་འདོད་པ་དེ་ག་རེ་ཡིན་ཞེ་ན། རྒྱ་གར་རྨ་བྱ་ཞེས་པས། བློ་སེང་འོས་ཐོབ་པའི་རྒྱུ་མཚན་ལ་བརྟེན་ནས་འོས་མི་གཞན་རྣམས་ལ་དམའ་འབེབས་དང་། ལྷག་པར་སྤེན་ཚེས་མི་བསད་མེད་པའི་ཁུངས་སྐྱེལ་མ་ཐུབ་པ་དང་། བློ་སེང་གིས་ཁང་པ་ཉོས་པའི་ཁང་གླའི་སྐོར་ཁུངས་སྐྱེལ་ཐུབ་སོང་ཞེས་མངོན་སུམ་དུ་བསྙོན་པར་ལན་འདེབས་བྱས་པ་ཞིག་ཡིན། དེ་ཤེས་པ་གྱིས། ད་དུང་བཤད་རྒྱུར། བློ་སེང་ཡང་བསྐྱར་སྲིད་སྐྱོང་གི་ལས་འགན་འཁུར་ནས་ལོ་ལྔའི་རྗེས་ཁྱོད་ཀྱིས་བཤད་པའི་ཆབ་སྲིད་ཐོག་དཀའ་ངལ་ཡོད་པའི་མཚོན་པའི་སྐྱབས་བཅོལ་ལག་དེབ་སེར་པོ་དེ་མུ་མཐུད་འཁུར་ནས་བེད་སྤྱོད་བྱེད་ཀྱི་མ་རེད། དེའི་དཔང་རྟགས་ཨ་རིར་རྒྱས་སྤྲོས་ཆེ་བའི་ཁང་པ་ཉོས་པ་དེ་རེད། མ་ཤེས་ན་ཡ་རེ་ང་། ཤེས་བཞིན་དུ་གོང་དུ་འཁྱོག་བཤད་ཀྱི་མཆན་འདེབས་བྱེད་ཀྱི་ཡོད་ཚེ་གནས་ལུགས་དང་འགལ་བས་དཔྱོད་ལྡན་རྣམས་ཀྱི་འཕྱ་བའི་གནས་སུ་མཐོང་ལ་ལས་འབྲས་ཀྱིས་རྩིས་རྒྱག་བྱེད་ངེས།
བློ་སེང་རི་རྩེར་འཛེགས་ཟིན་ཀྱང་རྐུབ་ལ་འཇར་བའི་ཁང་པའི་བུ་ལོན་རྙོག་འཛིང་དེས་རི་རྩེ་ནས་མཁའ་དབུགས་མ་འདངས་བའི་དཀའ་ངལ་ཞིག་འཕྲད་བསྡད་ཡོད་པ་རེད།
རི་མདོར་ལུས་པའི་སྤེན་ཚེ་བརྒྱག་པ་ནི་༧རྒྱལ་བའི་མཚན་གནས་བེད་ལོག་གི་མཁར་བ་ལ་བརྟེན། ཟམ་གདོང་གིས་རྒྱབ་ནས་བསྐྱོར། བུ་ཁྱིམ་པདྨས་རྣམ་པ་ཡོད་དགུ་བསྟན་ནས་སྔུན་ནས་ག་ཚོད་བསུས་ཀྱང་མི་གསོད་ལག་དམར་དང་དམངས་གཙོའི་གཤེད་མ་ཡིན་པས། ཀ་སྟག་སྤྲུལ་སྐུའི་རྣམ་ཤེས་དང་ལས་འབྲས་ཀྱིས་ཐར་པ་ག་ནས་གཏོང་།
ཨ་ཚོགས་ནི་གནས་ཆུང་ཆོས་སྐྱོང་དང་དོལ་རྒྱལ་གནོད་ཡོད་པས་འདྲེ་སྲིན་གདུག་རྩུབ་ཅན་གྱིས་འཐབ་འཛིང་ཕོགས།
བཀྲིས་དབང་འདུས་ནི་གཞིས་ཆགས་བསྲ་བརྟན་དང་ཡར་རྒྱས་ཀྱི་ཁ་གཡང་ག་ཚད་བསྒྲགས་ཀྱང་། གཞིས་ཆགས་ཀྱི་ས་ཁང་གི་བདག་པོ་ཚོ་ནི་ཨ་རི་དང་ནུབ་ཕྱོགས་ན་ཡོད་པ་དང་། གཞིས་ཆགས་ཀྱི་གཞིས་བསྲུང་བ་རྒན་རྒོན་འགའ་ནི་གང་མགྱོགས་མེས་རྒྱལ་གྱི་པང་དུ་ལོག་རྩིས་ཡོད་པས་བསྲ་བརྟན་དང་ཡར་རྒྱས་མི་དགོས་ཟེར།
ལུག་རྫི་བཀྲ་སྟོབས་ནི་སྲིད་སྐྱོང་ལ་ཕེབས་ན་བྱང་ཐང་གི་ར་ལུག་ཐམས་ཅད་སྤྱང་ཀིས་ཟས་ན། གངས་སྐྱིད་ཀྱི་སྤྱི་ཐབ་ལ་ལུག་ཤ་བསྐྱེལ་མཁན་མེད་པས་ལུག་རྫི་རང་འཇགས་ཡིན་ཟེར།
ད་འོ་ན་བཙན་བྱོལ་བ་ཚོར་དགོས་མཁོ་ག་རེ་ཟེར་ན། དམངས་གཙོ་མར་གནང་བ་དེ་ཡར་བཞེས་རོགས་ཟེར་གྱི་འདུག་ལ། རྒྱལ་ཁབ་དང་མི་རིགས་ནི་མི་དགོས། བདག་དབང་ནི་མི་དགོས། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་མཇུག་སྒྲིལ་བ་དང་མཉམ་དུ་བོད་དོན་ཡང་མཇུག་སྒྲིལ་རྒྱུ་ཡིན་ཟེར་གྱི་ཡོད་པ་རེད།
ད་ལན་ད་དུང་ལན་ཅིག་བློ་སེང་ལགས་ལས་སུ་བཅུགས་ན་ལས་ཀ་འགའ་ཤས་འཇུག་བསྐྱལ་བ་ལ་ཕན་ཐོགས།་ཡོད་པ་། ཁོང་ལ་ལན་གསུམ་མུ་མཐུད་ནས་ཐོབ་དབང་ཁྲིམས་ཐོག་ནས་མེད་པ་བཟོས་ཟིན་པས། ལན་གཉིས་པ་འདི་བློ་སེང་རང་ལ་རག་རྒྱུ་ངེས་པ་རེད།
སྲིད་སྐྱོང་གསུམ་པའི་གོ་སྐབས་་དམ་འཛིན་བྱས་ཐུབ་ན། ཕོ་རབས་ཅིག་ཆགས་སྲིད་པ་རེད། གསུམ་པ་དེ་སུ་འོངས་སམ། ད་ལྟ་ནས་དམིགས་རྟགས་རྒྱོབས། བསམ་བློ་གཏོང་དགོས་པའི་དུས་ཚོད་ལ་བསླེབས་ཟིན་པ་རེད་དོ།། ཧཧཧ།། །།