ཚེ་རིང་རྡོ་རྗེ།
གཅིག བློ་སེང་སྲིད་སྟེགས་སུ་འཚང་བ་ནི་སྒེར་དོན་སྒྲུབ་བྱེད་ཁོ་ན་ཡིན།
བློ་སེང་ནི་སྤྱིར་བཏང་ནས་བོད་མི་རིགས་ལ་ཤ་ཞེན་དང་། བོད་མིའི་རང་དབང་སླར་གསོ། ཆོས་རིག་སྲུང་སྐྱོབ་སོགས་གཙོས་པའི་ལུས་སེམས་གཉིས་ཀ་བོད་དང་འདྲེས་པའི་བོད་མི་ཞིག་རྩ་བ་ཉིད་ནས་མིན། གསལ་ཁ་མེད་པའི་འབྲེལ་ལམ་སྣ་ཚོགས་བརྒྱུད་ནས་ཨ་རིར་སློབ་སྦྱོང་ངམ་གཞིས་སྐྱོད་གང་ཡིན་མི་ཤེས་པ་ཞིག་ཏུ་སོང་ཡོད་པ་དང་། ཧ་ཝར་གྱི་སློབ་མིང་སྐམ་པོ་ཞིག་ཡོད་ལས་ཆེ་མོད། དོན་སྙིང་ལྡན་པའི་ཤེས་བྱ་ཅི་ཡང་འབྱོར་མེད་པ་ནི་ལོ་ངོ་འདི་གའི་རིང་ང་ཚོར་གསལ་བོར་ཆགས་ཡོད། ཐ་ན་ཁོ་རང་གི་སྡོད་ཁང་གི་མ་དངུལ་ཚུན་ལ་གཞན་གྱིས་སྐྱོན་འཛུགས་བྱས་ཡོད་ཀྱང་། ང་ཚོའི་ཆེད་ལས་ཁྲིམས་ལུགས་མཁས་དབང་གིས་ཁྲིམས་ཐོག་ནས་དཀར་ནག་གི་དབྱེ་འབྱེད་བྱ་ཐུབ་མེད།
ད་དུང་བོད་རང་གི་རིག་གཞུང་དང་། གོམས་སྲོལ་འདུ་ཤེས་དང་བཅས་པའི་བོད་པའི་རང་གཤིས་ནི་ཕལ་ཆེར་རྡུལ་ཙམ་མི་འདུག་སྟེ། ཐ་ན་༸གོང་ས་མཆོག་ལ་སྐྱབས་མགོན་ཙམ་གྱི་ཚིག་གི་ཆེ་མཐོང་འཇོག་པའི་གོམས་སྲོལ་ཀྱང་མེད། འདི་འདྲའི་མི་ཞིག་ཨུ་ཚུགས་ཆེན་པོས་སྐྱབས་བཅོལ་བོད་མིའི་སྲིད་སྟེགས་ལ་འཚང་ཡོང་བ་ལ་སུས་བལྟས་ཀྱང་མཐོང་ཐུབ་པའི་དམིགས་ཡུལ་གཅིག་རང་ཡོད་པ་སྟེ། མ་འོངས་པར་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ནས་མི་སྒེར་གྱི་མགོ་འཕང་མཐོན་པོ་ཞིག་འཚོལ་ཐབས་བྱེད་རྒྱུ་ཙམ་ཡིན། དཔེར་ན། སྲིད་སྐྱོང་བྱས་པའི་ལོ་འདི་དག་གི་རིང་ལ་བསམ་བཞིན་དུ་༸གོང་ས་མཆོག་གི་སྐུ་ཚབ་བསྐོས་མེད། ཅིའི་ཕྱིར་མ་བསྐོས་པ་རེད་དམ། རྒྱུ་མཚན་ནི། གལ་ཏེ་༸གོང་ས་མཆོག་གི་སྐུ་ཚབ་བསྐོས་པ་ཡིན་ན། རྒྱལ་སྤྱིའི་གཞུང་སྒེར་གྱི་སྒྲིག་འཛུགས་དང་མི་སྒེར། ཐ་ན་གསར་འགོད་པ་ཚུན་གྱིས་དོ་སྣང་ཡོང་ས་སྐུ་སྒེར་གྱི་སྐུ་ཚབ་ཡིན་པ་ལས་ཁོ་རང་མིན། ཆེས་མ་མཐའ་སྐུ་ཚབ་དང་པོ་དང་ཁོ་རང་གཉིས་པ་ཡིན། དེ་བཞིན་བཞག་ན་ཁོའི་མ་འོངས་པའི་དམིགས་ཡུལ་ཇི་བཞིན་འགྲུབ་ཀྱི་མེད། དེའི་ཆ་ནས་སྤྱི་ཚོགས་ཀྱི་གླེང་སློང་ཅི་ཡོང་དང་། བོད་མི་རིགས་ཀྱི་ལོ་རྒྱུས་ལ་དོ་ཕོག་ཅི་ཞིག་འབྱུང་གི་ཡོད་ཀྱང་སྡུག་པ་མིག་བཙུམ་གྱིས་༸སྐུ་སྒེར་གྱི་སྐུ་ཚབ་བསྐོ་འཇོག་བྱས་མེད།
གཞན་ཡང་། ཕྱི་རྒྱལ་གྱི་སྐུ་ཚབ་དོན་གཅོད་སྤྱི་དང་ཁྱད་པར་དུ། ཨ་རིར་སྡོད་པའི་སྐུ་ཚབ་དོན་གཅོད་ཁང་དེ་རང་གི་སྒེར་བདག་ལྟ་བུ་བྱེད་ཐབས་ལ་ཐབས་ཤེས་སྣ་རྒུ་བཏང་ཡོད། ཐ་ན་༸གོང་ས་མཆོག་གི་སྐུ་པར་ཚུན་ཆད་བླངས་ཏེ་ཚབ་ལ་རང་གི་པར་བཞག་པ་དང་། སྔར་ཡིན་ན་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་སྟབས་བདེ་བ་སོགས་གནས་ཚུལ་མང་པོར་དམིགས་ནས་ནེའུ་ཡོག་ཏུ་ཡོད་ཀྱང་། ཁང་པ་ཉོ་དགོས་པའི་རྒྱུ་མཚན་བགྲངས་ཏེ་ཝ་ཤིན་ཀྲོན་ལ་སྤོས་ཡོད། དེ་ནི་ཁོ་རང་མ་འོངས་པར་མགོ་མཐོ་མཐོ་དང་ལྟག་དགྱེ་དགྱེ་བྱེད་ས་དེ་ཨ་རི་ཡིན་པ་ལས་མཉམ་འབྲེལ་རྒྱལ་ཚོགས་ལ་འབྲེལ་བ་ཅི་ཡང་མེད། དེའི་ཆ་ནས་ཨ་རིའི་སྲིད་གཞུང་གི་དཔོན་རིགས་དང་འཐུས་མི་སོགས་ལ་འབྲེལ་བ་མང་ཙམ་བྱ་རྒྱུ་དེ་ཁོ་ལ་མཚོན་ན་གལ་གནད་ཤིན་ཏུ་ཆེ། འོན་ཀྱང་། བོད་མིའི་བདེན་དོན་ནི་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལྟོས་དགོས་ལ། ལྷག་པར་དུ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་སོགས་ཉམས་མྱོང་ཅན་གྱི་ཆེ་བགྲེས་རྣམས་ལ་རག་ལས་ཡོད།
འོན་ཀྱང་། བློ་སེང་གིས་ཨ་རིའི་དོན་གཅོད་ཁང་དེ་ཁོང་རྣམ་པ་དང་རྒྱང་དུ་བཀྱེད་དེ། རང་འོག་ལ་འདུ་བའི་ཨབ་ཕྲུག་སྐོར་ཞིག་གི་ཉི་མ་སྐྱེལ་སར་བཟོས་པ་མ་ཟད། དོན་གཅོད་བསྐོ་འཇོག་ལ་ཡང་མིའི་སྤུས་ཚད་དང་། བོད་མི་རིགས་ལ་ཕན་ཐོགས་མིན། ལས་ཀའི་ཉམས་མྱོང་དང་འཇོན་ནུས་སོགས་ལ་མ་བལྟས་པར། རང་འོག་ལ་འདུ་བ་དང་། རང་གི་ཁ་ལ་ཉན་པ་ཁོ་ན་ཙམ་གཙོར་འདོན་བྱས་པས་ཕྱི་རྒྱལ་དོན་གཅོད་ཁག་ནས་༸གོང་ས་མཆོག་གི་མཚན་གནས་དེ་སྔ་སྣུར་གྱིས་ཕྱིར་འཐེན་བྱེད་དགོས་སུ་གཏུགས་ཡོད། འདི་ལ་ཚང་མ་བསམ་བློ་གཟབ་ནན་གཏོང་དགོས་པ་ཞིག་ཡིན། རང་སྣང་གང་དྲན་བྱ་རྒྱུ་མང་དྲགས་ན་དོན་གཅོད་ཕར་ཞོག རྐང་པ་འཛུགས་ས་ཙམ་ཡང་འཆོར་བའི་ཉེན་ཁ་ཡོད། འདི་ལས་ཀྱང་བློ་སེང་གིས་གང་ཞིག་གཙོ་བོར་བཟུང་ནས་སྲིད་སྐྱོང་ལ་ལངས་ཡོད་པ་ཧ་ཅང་གསལ་བོ་རེད།
སྤྱིར་བཏང་བོད་ཀྱི་སྲི་ཞུ་བ་གཞན་དག་ནི་གོམ་པ་རིམ་བགྲོད་ཀྱིས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་ནས་བཀའ་བློན་ནམ། ཡང་ན། སྤྱི་འཐུས་སོགས་ཀྱི་ལས་ཀ་རྒྱུན་རིང་བྱས་ཏེ་གཟོད་བཀའ་བློན་གྱི་ལས་གནས་སུ་བསྐོ་འཇོག་གམ་འོས་འདེམས་བྱས་ནས་འོང་བ་ཡིན་ལ། ཁོང་རྣམ་པ་ཕལ་ཆེ་བ་བོད་མི་རིགས་དང་སྒྲིག་འཛུགས་འདི་ལ་ཇི་སྲིད་བར་སྲི་ཞུ་བྱེད་པའི་དམིགས་ཡུལ་ཡོད་སྟབས་ལམ་ཐིག་འདི་འདྲ་བརྒྱུད་ཐུབ་ཀྱི་ཡོད། བློ་སེང་ཨ་རིར་མཁས་པའི་མིང་སྐམ་ཞིག་ཐོབ་རྗེས། ཐད་ཀར་ནུབ་ཕྱོགས་ནས་བསླབས་པའི་འོས་སློང་གི་གཡོ་སྒྱུའི་ཐབས་རྩལ་སྤྱད་དེ་སྲིད་སྐྱོང་ལ་ལངས་ཤིང་། འདི་ནས་ལས་ཡུན་རྫོགས་མ་ཐག་ཨ་རིར་གནས་སྡོད་ལ་གྲ་སྒྲིག་ཨང་བསར་བྱས་ཏེ། སྡོད་ཁང་དང་བཅས་པ་ལེགས་པར་བསྒྲིགས་ཟིན། འདི་ལས་ཀྱང་། ཇི་སྲིད་བར་གྱི་བོད་མི་རིགས་ཀྱི་སྲི་ཞུ་བ་ཞིག་དང་། རང་དབང་འཐབ་རྩོད་པ་ཞིག སྒྲིག་འཛུགས་འདིའི་ལས་བྱ་བ་ཞིག་བྱ་འདོད་མེད་པ་གསལ་བོ་རེད།
གཉིས། བློ་སེང་གིས་ཁས་ལེན་གཅིག་ཀྱང་སྒྲུབ་མེད།
བློ་སེང་གིས་ཐོག་མར་སྲིད་སྐྱོང་གི་འོས་སློང་སྐབས་ཁས་བླངས་པའི་བསྒྲགས་ཚིག་སྟེ། གསར་བཏོད། རང་ཁ་རང་གསོ། ཆིག་སྒྲིལ་བཅས་ཀྱི་གཅིག་ཀྱང་མངོན་དུ་མ་གྱུར་བ་མ་ཟད། སྔར་ཡོད་པའི་གངས་སྐྱིད་ལས་བྱེད་པའི་ལས་རིམ་འགྲོ་སྟངས་དང་། ལས་ཀའི་ནུས་པ། ཆིག་སྒྲིལ་དང་བཅས་པར་ཕལ་ཆེར་རྩ་མེད་རང་བཞིན་གྱི་ཉམས་ཉེས་ཐེབས་ཡོད། རྒྱུ་མཚན་མང་པོ་ཞིག་བརྒྱུད་ལམ་ཁག་དང་སྤྱི་ཚོགས་ནང་རླུང་ལྟར་གྲག་གི་ཡོད་མོད། ཆེས་གལ་ཆེ་བའི་རྒྱུ་མཚན་ནི། སྐབས་བཅོ་ལྔ་བའི་སྔོན་འགྲོའི་འོས་བསྡུ་སྐབས་གངས་སྐྱིད་ལས་བྱེད་པའི་བརྒྱ་ཆའི་དགུ་བཅུ་ལྷག་གིས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འཕང་ཡོད། འདི་ནི་གསལ་ཐག་ཆོད་པའི་རྣམ་འགྱུར་གསལ་ཤོས་ཤིག་ཡིན། གལ་ཏེ་མུ་མཐུད་བློ་སེང་སྲིད་སྐྱོང་ལ་ཐོབ་དབང་དུ་བཏང་ན་གངས་སྐྱིད་ལས་ཁུངས་ཁག་གི་ལས་དོན་ནི་བྱ་སྤུ་རླུང་གིས་སྦུར་བ་ལྟར་འཐོར་བཤིག་ཏུ་འགྲོ་རྒྱུ་ཉག་གཅིག་ལ་ཁེལ་ཡོད། ཁོ་རང་སྲིད་སྐྱོང་ལ་ལངས་སྐབས་ཀྱི་སྙན་འཇེབས་ཀྱི་བསྒྲགས་ཚིག་ཁག་མངོན་དུ་མ་གྱུར་བ་མ་ཟད། སྔར་ཁོ་ལ་འོས་མ་བླུག་པའི་གཞིས་ཆགས་ཁག་གཅིག་ལ་ལོ་ངོ་འདི་གའི་རིང་ལྟ་སྐོར་ཙམ་ལ་ཡང་སོང་མེད། སོམས་དང་འདི་འདྲའི་མི་ཞིག་མི་རིགས་ཤིག་གི་དབུ་ཁྲིད་དུ་འོས་སམ།
གཞན་ཡང་། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་དཀའ་ངལ་སྣ་ཚོགས་བརྒྱུད་ནས་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་བྱུས་ལ་བཙན་བྱོལ་གྱི་མཁས་པ་དང་། གལ་ཆེའི་མི་སྣ་ཕལ་མོ་ཆེས་ཡང་དང་བསྐྱར་དུ་བགྲོ་གླེང་དང་ཞིབ་འཇུག ཐ་ན་རྩོད་གླེང་གྲངས་མེད་བརྒྱུད་དེ་གཏན་འབེབས་བྱས་པ་ཞིག་ཡིན། བོད་ཀྱི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་གལ་ཆེན་ཞིག་ཀྱང་ཆགས་ཡོད། བློ་སེང་སྲིད་ལ་ལངས་པའི་ལོ་འདི་དག་ལ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལག་ལེན་ཕར་ཞོག སྔར་ཡོད་ཀྱི་བོད་ཡིག་གཙོ་གནད་དུ་འཛིན་པའི་ལས་ཁུངས་དང་། ལས་བྱེད་། བྱེད་སྒོ་དང་བཅས་པར་ཆག་འཇིག་ཆེན་པོ་ཐེབས་ཡོད་དེ། ཁོ་སྲིད་སྐྱོང་སྐབས་སུ་གངས་སྐྱིད་ནས་བོད་ཡིག་གི་ཤེས་རམས་པ་གལ་ཆེན་སྐོར་ཞིག་ལས་མེད་ཆགས་སོང་བ་དང་། ཡོད་པ་རྣམས་ནི་མིང་ཙམ་ལས་དོན་གྱི་ལས་མེད་ཀྱི་ངང་ཚུལ་དུ་ལྷུང་ཡོད། ཁོ་རང་ཉིད་ཀྱི་བོད་ཡིག་བོད་སྐད་ཀྱི་སྤུས་ཚད་ལ་ཡང་མཐོར་འདེགས་བྱུང་མེད། རང་གི་སྐད་ཡིག་གི་སྲོག་རྩ་གཅོད་ཨེ་ཐུབ་བལྟ་ཞིང་། རང་གི་སྐད་ཡིག་འབྲི་ཀློག་ལ་རང་མགོ་མི་ཐོན་པ་ཞིག་ང་ཚོའི་དབུ་ཁྲིད་དུ་འོས་སམ།
གཞན་ཡང་། བློ་སེང་སྲིད་སྟེགས་སུ་ལངས་མ་ཐག་གི་གོ་རིམ་དེའི་ཁྲོད་རྒྱ་ཆེའི་བོད་མི་དམངས་སྤྱི་དང་། ལྷག་པར་དུ་༸གོང་ས་ཐམས་ཅད་མཁྱེན་པས་ཀྱང་མི་དམངས་འདུ་འཛོམས་ཆེ་སར་ཁོ་ལ་བསྟོད་བསྔགས་གནང་སྟེ་ཐུགས་རེ་ཆེན་པོ་བཅོལ་གནང་ཡང་། སྔ་ཕྱིར་རང་བཙན་ཁ་ལ་ཁྱེར་བའི་མི་དམུན་པོ་སྐོར་ཞིག་གིས་༸གོང་ས་མཆོག་དང་། དབུ་མའི་ལམ་བོད་མིའི་སྒྲིག་འཛུགས་དང་བཅས་པར་མཐོང་ཆུང་ཁྱད་གསོད་ཀྱི་སྨེ་ཚིག་བརྒྱུད་མར་བསྒྲགས་པ་དང་། སྡང་སྡིགས་ཀྱི་མདུང་ཁ་སྐོར་ཅི་ཐབས་བྱས་ན་ཡང་བློ་སེང་བཀའ་ཤག་གིས་གནད་སྨིན་གྱི་ཁ་གཏོད་གཅོག་པ་དང་། ལན་འདེབས། གསལ་བཤད་སོགས་ཅི་ཡང་མ་བྱས་པར། ༸གོང་ས་མཆོག་སྐུ་སྒེར་གྱིས་ཐུགས་ཕམ་དང་འབྲེལ་བའི་གོ་སྐོན་བློ་འགུག་རབ་དང་རིམ་པར་སྤེལ་དགོས་ཐུག་ཡོད། གལ་ཏེ་གནས་ཚུལ་དེ་རིགས་ཟམ་གདོང་རིན་པོ་ཆེའི་སྐབས་ལ་བྱུང་བ་ཡིན་ན། ཁོང་དང་ཁོང་གི་བཀའ་ཤག་གིས་རྣམ་འགྱུར་ཇི་འདྲ་སྟོན་སྲིད་དམ།
སྨོས་མ་དགོས་པར་དུས་དང་པོ་ཉིད་ནས་གསལ་བཤད་དང་དཀར་ནག་གི་དབྱེ་བ་གསལ་སྟོན་བྱས་ཡོད་པ་ཐག་གིས་ཆོད་ཐུབ་པ་ཞིག་ཡིན། འོན་ཀྱང་། བློ་སེང་བཀའ་ཤག་གིས་ད་དུང་ཡང་༸གོང་ས་མཆོག་ལ་གུས་བརྩི་ཡོད་དང་། སྐྱབས་སུ་མཆི་ཟེར་བ་ཙམ་ལས་ཐ་ན་རང་ཅག་གི་དབུ་ཁྲིད་རྒྱལ་འཚོང་བ་ཡིན་རབས་སྒྲོག་མཁན་རྒྱབ་ལྗོངས་དང་བཅས་པ་དང་། དོལ་རྒྱལ་ཚོགས་པའི་མ་རུང་ཁོག་བཅུག་དང་རང་བླ་རྒྱ་འཚོང་གི་འགུལ་སྐྱོད་དག་ལ། ཨ་རི་དང་ཧྥ་རན་སི། ཐ་ན་རྒྱ་མིའི་སྤྱི་ཚོགས་ཚུན་ན་ཁ་གཏད་གཅོག་པའི་བརྙན་རིས་དང་། རྩོམ་ཡིག་སོགས་གང་མང་འབྱུང་བཞིན་ཡོད་ན་ཡང་། བློ་སེང་བཀའ་ཤག་གིས་གསལ་ཐག་ཆོད་པའི་རྣམ་འགྱུར་དང་། དཀར་ནག་གི་དབྱེ་འབྱེད་གསལ་བོ་ཞིག་ད་དུང་བྱུང་མ་མྱོང་། དངོས་གནས་ཁོ་ལྟ་བུ་ཞིག་གིས་༸གོང་ས་ཐམས་ཅད་མཁྱེན་པའི་བཞུད་ལམ་དེད་ནས་རང་ཅག་གི་དབུ་ཁྲིད་བྱ་ནུས་སམ།
གསུམ། བློ་སེང་ལ་དབུ་ཁྲིད་ཀྱི་ནུས་པ་དང་གཤིས་ཀ་གཏན་ནས་མེད།
བློ་སེང་སྲིད་སྐྱོང་དུ་ལངས་མ་ཐག་ཏུ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཚ་ཚ་འུར་འུར་གྱི་གླེང་གཞི་ཞིག་བྱུང་མྱོང་ཞིང་། དེ་ནི་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱི་ཐོག་མ་སུ་ཡིན་མིན་གྱི་སྐོར་རེད། བློ་སེང་སྲིད་སྟེགས་སུ་ལངས་ནས་ཅང་མ་འགོར་བར་ཨ་རི་དང་ཡུ་རོབ་སོགས་སུ་སྐོར་སྐྱོད་ཀྱི་གཏམ་གླེང་མང་པོ་བྱས་པའི་སྐབས་སུ་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་བཀྲ་བྷེ་ལགས་ཚར་གཅིག་ཀྱང་བགྲངས་མེད། བསམ་བཞིན་དུ་རྒྱལ་གཅེས་དཔའ་བོ་དགེ་འདུན་ཕུན་ཚོགས་ཐོག་མར་བགྲངས་ཏེ་བརྩིས་ཡོད། རྒྱུ་མཚན་ཅིའི་ཕྱིར་ཡིན་ནམ། ཧ་ཅང་གསལ་བོ་ཡིན་ཏེ། བཀྲ་བྷེ་ལགས་ཀྱིས་སྐུ་ལུས་མེར་སྲེག་གནང་དུས་སྤྱི་ལོ་༢༠༠༩ ལོ་ཡིན་པས་སྐབས་དེ་ནི་ཁོ་རང་གི་སྲིད་དབང་གི་དུས་དང་ལོ་ངོ་འགའི་འགྱངས་ཁྱད་ཕྱིན་ཡོད། དགེ་འདུན་ཕུན་ཚོགས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་སྐབས་ཁོ་རང་སྲིད་སྟེགས་ལ་ལངས་མ་ཐག་ཡིན་པས་རེེད།
ཅི་ཞེ་ན། བློ་སེང་གིས་བོད་ནང་གི་རང་ལུས་མེར་བསྲེགས་དེ་ཁོ་རང་སྲིད་ཁྲིར་ལངས་པ་ལ་བརྟེན་ནས་བོད་ནང་གི་མི་ཚོར་བློ་སྟོབས་དམིགས་བསལ་བ་ཞིག་དང་། ཡིད་ཆེས་གསར་པ་ཞིག་རྙེད་དེ་བྱུང་བར་སྒྲུབ་ཅི་ཐབས་བྱས་ཡོད་ལ། གལ་ཏེ་བཀྲ་བྷེ་ལགས་ཐོག་མར་བརྩིས་ན་ཚུལ་དེ་ཇི་བཞིན་གསལ་བཤད་བྱེད་ཐབས་མེད་པར་བརྟེན་བསམ་བཞིན་དུ་བཀྲ་བྷེ་ལགས་ཀྱི་མཚན་དེ་སྐབས་དེའི་ཕྱིར་སྐྱོད་ཀྱི་གཏམ་བཤད་ཉི་ཤུ་ལྷག་གི་ཁྲོད་ནས་ཕྱིར་འཐེན་བྱས་ཤིང་། བཙན་བྱོལ་སྤྱི་ཚོགས་ཁྲོད་དེ་ལས་འཕྲོས་པའི་གླེང་ཕྱོགས་མང་པོ་བཟོས། ལྷག་པར་དུ་མདོ་སྨད་རྔ་ཡུལ་སྤྱི་དང་ཁྱད་པར་དུ་རྒྱལ་གཅེས་དཔའ་བོ་བཀྲ་བྷེའི་ཉེ་མི་དང་རུ་སྡེ་ཚོའི་སེམས་ལ་རྨ་ཁ་ཆེན་པོ་བཟོས་ཡོད།
འདི་ལ་རྒྱུ་མཚན་མེད་པ་གཏན་ནས་མིན་ཏེ། ཨ་རིར་དོན་གཅོད་ཁང་དུ་ཁོ་རང་གིས་པར་ཨུ་ཚུགས་ཀྱིས་བཤམས་པ་དང་། ཁོ་རང་གི་པར་གྱི་ཐང་ག་བཟོས་པ། བརྒྱུད་ལམ་ཁག་ཏུ་ང་ལ་བསྟོད་གླུ་དང་བླངས་སོང་དང་། བསྟོད་པ་བྱས་སོང་སོགས་འཛུམ་འཚེར་འཚེར་གྱིས་སྒྲོག་པར་དགའ་བ། ཐ་ན་བོད་མིའི་སྒྲིག་འཛུགས་ཀྱིས་༸གོང་ས་མཆོག་དགུང་ལོ་བརྒྱད་ཅུ་བཞེས་པའི་གྱ་སྟོན་ལ་ཕུལ་བའི་༸གོང་ས་མཆོག་གི་བསྟོད་གླུ་ནང་ཚུན་ཆད་ལ་ཁོ་རང་གི་བསྟོད་གླུ་བཅུག་པ་སོགས་ལ་ལྟོས་དང་། དབུ་ཁྲིད་ཅིག་གི་གཤིས་ཀ་དང་བྱེད་སྟངས་རེད་དམ། ད་དུང་འཇར་མན་དུ་བོད་ལ་གཏན་ནས་རྒྱལ་ཁབ་ཡོད་མ་མྱོང་ཞེས་པ་དང་། ཐེངས་འདིར་བོད་ཕྱི་ནང་གཉིས་སུ་རྒྱལ་གཅེས་དཔའ་བོ་གཉིས་ཀྱི་སྔ་ཕྱིར་རང་སྲོག་མཆོད་མེར་བསྒྲོན་ནས་བདེན་དོན་བརྩད་ཅིང་། སྐད་ཕྲིན་དང་ངོ་དེབ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ན་ཁོང་རྣམ་པ་གཉིས་ལ་མྱ་ངན་དང་སྨྲེ་ངག་གིས་བཀང་ནས་འགྲོ་བཞིན་པའི་སྐབས། ཁོ་རང་འོས་སློང་གི་འབོད་སྒྲའི་ཁྲོད་བཟི་ཞིང་། རང་ལ་བསྟོད་པའི་གླུ་གཞས་དང་ཞབས་བྲོའི་ནང་ཡམ་ཡོམ་འདར་སོང་བ་འདིས་ཀྱང་དབུ་ཁྲིད་ཅིག་གི་ཚོར་བ་དང་། རྣམ་དཔྱོད། ཞིབ་ཚགས་སོགས་གཏན་ནས་མེད་པའི་རང་རྟགས་རྗེན་པར་བསྟན་སོང་ངོ་། །
བློ་སེང་སྲིད་སྐྱོང་སྐབས་སུ་བོད་ཀྱི་གྲོས་ཚོགས་ནང་དོན་མེད་ཀྱི་གླེང་ཉོག་ཆེན་པོ་ཞིག་བྱུང་མྱོང་ཞིང་། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་། ཤེས་ཡོན། ཆབ་སྲིད། ཕྱི་འབྲེལ། ནང་སྲིད་སོགས་མདོར་ན་འཛིན་སྐྱོང་དང་ཁྲིམས་སྒྲིག་གང་ལ་ཡང་འབྲེལ་བ་མེད་པའི་ཉོག་གླེང་ཞིག་ཡིན། ཉོག་གླེང་དེ་ནི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མི་གསོད་ལག་མར་ཡིན་མིན་གྱི་ཉོག་གླེང་དེ་རེད། ཉོག་གླེང་འདི་ཐོག་མར་འབྱུང་སྟངས་ཀྱང་དབང་ཆའི་འཐབ་རྩོད་ལ་འབྲེལ་བ་ཡོད་དེ། སློབ་དཔོན་ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཡིན་སྐབས་སྤེན་པ་ཚེ་རིང་མཆོག་བཀའ་བློན་དུ་དམིགས་འཛུགས་བྱས་པར། མི་ངན་སྐོར་ཞིག་ལ་སྤེན་པ་ཚེ་རིང་ལ་སྐྱོན་འདོགས་གཞན་མ་རྙེད་པར། དེའི་སྔོན་དུ་གླེང་སློང་ཙམ་ཡང་མེད་པ་ཞིག་བསམ་བཞིན་དུ་གཟུགས་མེད་གྲུབ་བཟོ་བྱས་པ་ཡིན། དེ་ནས་བཟུང་སྟེ་ལོ་ངོ་འདི་སྙེད་ཀྱི་རིང་གྲག་འགུལ་ཙམ་ཡང་མེད་བཞིན་དུ་སྐབས་བཅོ་ལྔ་བའི་བཀའ་སྤྱིའི་འོས་བསྡུ་ལ་ཉེ་བར་བཅར་ཡོང་བ་ན། སླར་ཡང་ཉོག་གླེང་དེ་ཁྲིམས་ཀྱི་འགན་ཁུར་མི་དགོས་པའི་གྲོས་ཚོགས་སུ་གླེང་དེ་སྤེན་པ་ཚེ་རིང་གི་མཚན་སྙན་གཅོག་ཐབས་བྱས་ཡོད། དོན་དག་འདི་བློ་སེང་གིས་ཤེས་སམ། ངས་བལྟས་ན་གསལ་ཐག་ཆོད་པ་ཤེས་པ་མ་ཟད་བློ་སེང་གཙོ་བོར་བྱས་པའི་མི་དེ་དག་གིས་བསམ་བཞིན་དུ་བསྒྲིགས་པའི་གཡོ་བྱུས་ཤིག་ཡིན།
ང་ཚོས་ད་ལྟ་གསལ་བོར་ཤེས་ཐུབ་པ་ནི། ཚོགས་གཙོ་སྤེན་པ་ཚེ་རིང་ལ་མི་གསོད་ལག་མར་གྱི་ཉེས་འདོགས་བྱས་རྗེས་ཁོང་གིས་ཡང་དང་བསྐྱར་དུ་གྲོས་ཚོགས་ར་བའི་ཕྱི་ལོགས་སུ་དོན་ཏེ་ཤོད་དང་། ང་ཚོས་ཁྲིམས་ཐོག་ནས་གསལ་ཁ་འབྱེད་པའི་འབོད་སྐུལ་བཏང་ཡང་། སྦྲང་སྒྲ་ཙམ་གྲག་རྒྱུ་མེད་པ་འདི་ཅི་རེད། བསམ་བཞིན་གཟུགས་མེད་གྲུབ་བཟོ་བྱས་པའི་དཔང་རྟགས་རྨ་མེད་པ་དེ་རེད། ད་དུང་ཡང་། ད་ལྟའི་འོས་སློང་གི་འགྲན་རྩོད་ཁྲོད་བློ་སེང་གི་རྒྱབ་སྐྱོར་བ་གཙོ་བོ་ནང་གི་ཡང་གཙོ་ཚོའི་ཁྲོད་ན་ཚོགས་གཙོ་སྤེན་པ་ཚེ་རིང་ལག་དམར་དུ་སྒྲོག་པའི་ཟེར་གཟུགས་དེ་གཙོས་པའི་མི་འགའ་ཡོད། ཁོ་ཚོས་འདི་ལྟའི་མ་རབས་ཀྱི་འཆར་འགོད་བཏིང་བ་བློ་སེང་གིས་མི་ཤེས་ཟེར་ན་སེའུ་བཅུ་བའི་བྱིས་པའང་ཡིད་ཆེས་ཐབས་དཀའ་ན། བློ་སེང་ནི་གཡོ་འཕྲུལ་ཉག་ཉོག་བཀོལ་ནས་རང་གི་སྤྱི་ཚོགས་དཀྲུགས་པར་ཡ་ང་མེད་པའི་ཆབ་སྲིད་པ་ཐབས་ཆག་རེད།
མདོར་ན། ཅི་ཡང་མི་ཤེས་ཤིང་གང་ཡང་མི་འཇོན་པའི་བློ་སེང་ཟེར་བ་ཞིག་གིས་ཧར་ཝ་ཊའི་རབ་འབྱམས་པའི་མིང་ཞིག་བཟུང་ནས་ང་ཚོའི་སྲིད་སྟེགས་སུ་འཚང་འོང་ཞིང་། དེ་ཡང་ཆོལ་ཁ་དང་ཚོགས་ཁག་གི་ཕྱོགས་ཞེན་གྱི་ར་བར་བཞག་སྟེ་རང་རེའི་དབུ་ཁྲིད་དུ་འགོས་འོང་བ་འདི་མཐོང་ན། སེམས་སུ་བོད་མི་རིགས་འདི་ཅི་འདྲའི་ལས་ངན་པ་ལ་ཨང་སྙམ་པ་ལས་བསམ་རྒྱུ་གཞན་མི་འདུག
བདག་གིས་གོང་དུ་བཤད་པའི་དོན་གནད་དེ་དག་ནང་རྫུན་བཟོ་དང་། ཧམ་བཤད་ཉག་གཅིག་མེད། མི་རེ་རེ་བཞིན་གངས་སྐྱིད་ཀྱི་ལས་ཁུངས་མ་ལག་ཁག་དང་རྒྱུས་ཡོད་ཚོར་འདྲི་རུ་ཕེབས་པའམ། ཡང་ན་གཟུ་བོར་གནས་པའི་སྒོ་ནས་ཞིབ་འཇུག་མཐིལ་ཕྱིན་བྱོས་དང་གསལ་ཡོང་།
སྤྱི་༢༠༡༦ ༣ ༧ གྱི་མཚན་མོར།
གལ་ཆེ་བ་ཅིག་ལ་ཚེ་རིང་རྡོ་རྗེ་རང་གིས་ལས་གནས་དང་སྡོད་སར་སྐྱེས་ཡུལ་སོགས་ཁ་གསལ་དང་པར་གཅིག་མཉམ་སྦྲགས་བྱས་ཐུབ་ན་དགེ་མཚན་ཆེ་མ་གཏོགས་དེང་སང་དབྱེན་དཀྲུག་མང་ཁར་བགྲོ་གླེང་གནད་འཁེལ་མི་འདུག་ལ་བཤད་པའི་གཏམ་ལ་དེ་བས་འགན་ཁུར་མཁན་མི་འདུག་་་་་་་་འགན་ཁུར་ཐུབ་ན་དེ་ལུགས་དགོངས་འཇགས་བཅས།
བློེ་སེང་ནི་བདེན་པ་རྫུན་དང་། རྫུན་བདེན་པར་སྒྲུབ་རྒྱུས་མཚོན་མི་གཞན་གྱི་སྐད་ཆའི་འགྲོས་ལ་གཞིགས་ནས་སྐད་ཆ་བཤད་རྒྱུ་དེ་ཁོའི་མི་ཚེ་ནང་སློབ་སྦྱོང་ཞིག་བྱས་པའི་ཉིང་དགོས་དེ་རེད། ཁོ་སྲིད་སྐྱོང་གནང་རིང་ལ་གངས་ཅན་སྐྱིད་གཤོངས་དེ་བཞིན་ཁྲིམས་ཁང་ཞིག་གི་འདུ་ཤེས་གཞན་གང་ཡང་བཟུང་མེད། ཁོ་ནི་དེའི་ནང་གི་ཁྲིམས་དཔོན་ཆེ་བར་རློམ་ནས་རང་དབང་གིས་བཀའ་བཏང་ཆོག་ཆོག་ཅིག་ཏུ་བསམས་ཡོད། དངོས་ནས་དཔྱད་ན་ཁོ་མིང་དོན་མཚུངས་ཤིང་དྲང་ཚུགས་བརྟན་པའི་ལྷག་བསམ་ཅན་གྱི་ཁྲིམས་དཔོན་ཡང་དག་པ་ཞིག་གཏན་ནས་མིན། དེ་བས། ཁོ་ང་ཚོའི་བོད་སྤྱི་ཚོགས་ལ་ཕན་ཐོགས་མེད། ང་ཚོའི་བོད་སྤྱི་ཚོགས་ཀྱིས་ལས་འབྲས་དང་། མཆོག་གསུམ་གཙུག་ཏུ་བཀུར་ནས་ནོར་ཤོར་ལ་ངོས་ལེན་བྱས་ནས་བཤགས་འབུལ་དང་རྗེས་ཕྱོགས་སྒོ་སྡོམ་མཁན་གྱི་མི་བུ་ཞིག་མཁོ་བས་སོ།། ཁྱེད་ནི་ཡང་བསྐྱར་རང་གི་ཕ་སར་སོང་ནས་སྔར་བཞིན་མགོ་བདེ་དྲན་འཕྲུལ་གྱི་ལས་ལ་ཞུགས་ན་ལེགས།
ཡི་གེ་གཏགས་ནོར་ཐེབས་འདུག དུས་ཁོམ་མི་འདུག་པས་ཁོམ་སྐབས་ཤིག་དང་བསྟུན་ནས་བསྐྱར་འབྲི་ཆོག་བཅས། བོད་རྒྱལ་ལོ།
ཚེ་རིང་རྡོ་རྗེ་ལགས་ཀྱིས་ཕྱོགས་ཞེན་མེད་པར་དྲང་བདེན་ཞིག་གསུངས་འདུག རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། སྐུ་ངོ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྒྱལ་རྒྱུར་ཅིག བོད་རྒྱལ་ལོ།
སྲིད་སྐྱོང་མཆོག་གིས་མདོ་སྟོད་ཚོགས་པ་ཞིག་གིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་རྒྱུ་༧གོང་ས་མཆོག་གིས་ཞལ་བཞེས་གནང་བཞིན་དུ་སྲིད་སྐྱོང་མཆོག་གིས་རྩིས་མེད་བཏང་བའི་ནག་ཉེས་འདི་ནམ་མཁར་མི་ཤོང་བ་ཞིག་ཆགས་ཡོད་པ་རེད། ཁྱེད་ཚོ་ཡིད་མི་ཆེས་ན་དགའ་ལྡན་ཁྲི་བ་དང་ཆོས་རྗེ་རྣམ་པ་གཉིས་གཙོས་གདན་ས་གསུམ་གྱི་མཁན་པོ་ལས་ཟུར་དང་། རིས་མེད་ཆོས་བརྒྱུད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ལ་དྲིས་དང་གསལ་བོར་ཤེས་ཐུབ། མདོར་བསྡུས་ནས་བཤད་ན་དམ་ཚིག་ལ་སྐྱོན་ཆག་བྱུང་ཚར་བ་རེད།
ཕྱོགས་ཡོངས་ནས་ལྟས་ན་སྲིད་སྐྱོང་ག་ལེར་བཞུགས་ན་ལེགས་ཤོས་རེད། རྫུན་རྐྱལ ལབ་རྐྱལ ཧེབ་རྐྱལ གཡོ་རྐྱལ ད་བཤད་མི་དགོས།
ཚེ་རིང་རྡོ་རྗེ་ཟེར་བའི་མིང་བོད་པའི་སྤྱི་ཚོགས་བརྒྱ་སྟོང་ཡོད་པས་ཁྱེད་རང་གི་སྐད་ཆ་དེ་སྤྱི་ཚོགས་དཀྲུགས་འདེད་མིན་པར་ཁུངས་བསྐྱེལ་ཡོད་ན་སྡོད་གནས་ཁ་སྦྱང་བཀོད་རོགས་གནང་ཕོ་ཁྱོ་ག་རེད་ དེ་མིན་དཀྲུགས་ཤིང་གི་སྐད་ཆ་དེ་ཚོ་མ་བཤད་ན་ཡག་ལེ་རེད་དོ་།
སྲིད་སྐྱོང་རྫུན་རྐྱལ ལབ་རྐྱལ་ཞིག་མི་དགོས།
གཅིག བློ་སེང་སྲིད་སྟེགས་སུ་འཚང་བ་ནི་སྒེར་དོན་སྒྲུབ་བྱེད་ཁོ་ན་ཡིན།
གཉིས། བློ་སེང་གིས་ཁས་ལེན་གཅིག་ཀྱང་སྒྲུབ་མེད།
གསུམ། བློ་སེང་ལ་དབུ་ཁྲིད་ཀྱི་ནུས་པ་དང་གཤིས་ཀ་གཏན་ནས་མེད།
ཚེ་རིང་རྡོ་རྗེ་ལགས་ཀྱིས་དྲང་བདེན་གྱི་གཏམ་དེ་ལ་རྒྱབ་སྐྱོར་ཡོད།
གཅིག བློ་སེང་སྲིད་སྟེགས་སུ་འཚང་བ་ནི་སྒེར་དོན་སྒྲུབ་བྱེད་ཁོ་ན་ཡིན།
གཉིས། བློ་སེང་གིས་ཁས་ལེན་གཅིག་ཀྱང་སྒྲུབ་མེད།
གསུམ། བློ་སེང་ལ་དབུ་ཁྲིད་ཀྱི་ནུས་པ་དང་གཤིས་ཀ་གཏན་ནས་མེད།
བཞི་། བློ་སེང་ལ་ནས་ཧ་ཝར་ཁྲིམས་ལུགས་སྦྱངས་བ་གྲགས་སུ་ཆེ་ཡང་ཁྲིམས་རྩོད་པའི་ཡིག་རྒྱུགས་འཕྲོད་མེད།
ལྔ་། བློ་སེང་ལགས་རིང་རང་ལུས་མེར་བསྲེགས་ཐད་མཆོད་འབུལ་སྨོན་ལམ་ཚོགས་ཏེ་བསྔོ་སྨོན་འདོན་རྒྱུ་ཙམ་ལས་གྲུབ་འབྲས་ལྟ་ཞོག གནང་རྒྱུ་གང་ཡང་མེད།
བོད་མི་རིགས་འདི་ཅི་འདྲའི་ལས་ངན་པ་ཞིག་རེད་ལ།
ཏྲེ་ཧོར་བྱམས་རིན་ཆེན་ལགས། ཚེ་རིང་རྡོ་རྗེས་བྲིས་པའི་རྩོམ་གྱི་བརྗོད་སྙིང་ལ་གནས་ལུགས་ཡོད་མིན་དང་དངོས་ཡོད་གཞི་ལ་བཞག་ནས་བདེན་པ་བཤད་ཡོད་མིན་ལ་དཔྱད་པ་ལས་ཚེ་རིང་རྡོ་རྗེ་ཟེར་བའི་མིང་འདི་དྲ་མིང་ངམ་སྙུག་མིང་། དངོས་མིང་གང་ཡིན་མིན་ནི་དགེ་མཚན་ཆེ་མཐོང་མ་སོང་། ལྷག་པར་དུ་ཁྱོད་ཀྱིས་ཁོང་གི་ལས་གནས། སྡོད་ས། སྐྱེས་ཡུལ། པར་དང་བཅས་སྐུར་ཟེར་བ་ནི་ཁྱོད་ཀྱིས་མི་བཏང་ནས་འཇིགས་སྐུལ་དང་ཡང་ན་དེ་ལས་སྡུག་ཅག་ཅིག་ལབ་ན་ལྐོག་གསོད་བྱ་བསམ་ཡིན། དེ་མིན་ན་ཁྱེད་རང་ལ་དགོས་པ་མི་འདུག གཙོ་བོ་ཁོས་བདེན་པ་དང་གནས་ལུགས་བཤད་ཡོད་མིན་ལ་བརྟག་པར་གལ། གལ་སྲིད་ཁོས་སྐྱག་རྫུན་ལུང་བ་གང་བཤད་ཡོད་ན་ཁྱོད་ཀྱིས་དངོས་གནས་ཚུལ་གཞི་ལ་བཞག་ནས་ཁོའི་རྫུན་རྐུབ་བརྡོལ་ཐུབ་ན་ཨ་མའི་བུ་ཡིན།
རེད་ཡ།ངོ་མའི་བོད་མི་རིགས་འདི་ལས་ངན་པ་ཞིག་རེད་།སྲིད་སྐྱོང་འདི་འདྲ་།རམས་འབྱམས་པ་འདི་འདྲ་།
གལ་ཆེ་བ་ཅིག་ལ་ཏྲེ་ཧོར་བྱམས་པ་རིན་ཆེན་རང་གིས་ལས་གནས་དང་སྡོད་སར་སྐྱེས་ཡུལ་སོགས་ཁ་གསལ་དང་པར་གཅིག་མཉམ་སྦྲགས་བྱས་ཐུབ་ན་དགེ་མཚན་ཆེ་མ་གཏོགས་དེང་སང་དབྱེན་དཀྲུག་མང་ཁར་བགྲོ་གླེང་གནད་འཁེལ་མི་འདུག་ལ་བཤད་པའི་གཏམ་ལ་དེ་བས་འགན་ཁུར་མཁན་མི་འདུག་་་་་་་་འགན་ཁུར་ཐུབ་ན་དེ་ལུགས་དགོངས་འཇགས་བཅས།
བློ་བཟང་སེང་གེ་དབུ་ཁྲིད་ལ་མི་འོས་བའི་གནད་གསུམ་པོའི་ནང་། མི་གཤིས་ཡག་པོ་མི་འདུག་ཟེར་བ་དེར་ང་ལྷག་ཏུ་འཐད། ཁོའི་ཕྱི་བལྟས་རྫ་རི་སྨུག་པོའི་གདོང་འབག་འོག་ནང་ལྟས་རྫ་ཁོག་སྐམ་པོའི་ཆགས་སྲེད་ཀྱི་ཁེངས་ཡོད་པས་སོ།།
ཚེ་རིང་རྡོ་རྗེ་ལགས་ཀྱིས་ཕྱོགས་ཞེན་མེད་པར་དྲང་བདེན་ཞིག་གསུངས་འདུག རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། སྐུ་ངོ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྒྱལ་རྒྱུར་ཅིག བོད་རྒྱལ་ལོ
ས་སྒོ་བསམ་གཏན་སྒྲོལ་མ་དང་འཕྲུལ་གྱི་བཙན་པོ་རྣམ་གཉིས་ལ་་་་་་་ཞ་ཀོག་མིན་ན་ངའི་ངོ་དེབ་ནང་ལྟོས་ཤིག་་་་་་ཆ་ཚང་གསལ་ལེ་ཡོད་ལ་བཤད་པའི་སྐད་ཅ་ལ་འགན་གཙང་མ་ཁུར་བཞིན་ཡོད་དོ།།
ཚེ་རིང་རྡོ་རྗེ་ལགས་ནས་ཕྱོགས་ཞེན་མེད་པའི་ཐོག་ནས་དངོས་ཡོད་གནས་ཚུལ་བྲིས་འདུག་པས་བསྔགས་སོ། སྲིད་སྐྱོང་བློ་སེང་ནི་རང་འདོད་ཆེ་བ་མ་ཟད་བསྟོད་ར་ལ་དགའ་མཁན་མི་ཞིག་ཡིན། ཁོང་གི་ལོ་བཞི་ལྷག་རིང་སྲིད་སྐྱོང་ལས་རྒྱུན་རིང་རོགས་དངུལ་གང་ལེགས་ལེན་ཐུབ་པ་ཙམ་མ་གཏོགས་གཞན་གྲུབ་འབྲས་སྟོན་རྒྱུ་མིན་འདུག བཀའ་མོལ་གནང་སྐབས་མི་མང་མགོ་འཐོམ་ཆེད་གྲངས་ཀ་མང་པོ་བཤད་ཀྱིན་འདུག་པ་མ་ཟད། བཀའ་བློན་གོང་མ་དང་༧གོང་ས་མཆོག་གི་མཛད་རྗེས་ཀྱང་ཁོང་རང་གི་བྱས་ལུགས་ཧམ་བཤད་མི་ཉུང་བ་བཤད་ཡོད། ང་ཚོ་ལ་མགོ་འཁྲིད་འདི་འདྲ་མི་དགོས་པ་ཡིན། སྲིད་སྐྱོང་བློ་སེང་ལགས་ད་ག་ལེ་ཕེབས་རོགས། ཁྱེད་ནས་ལོ་ངོ་བཞི་ལྷག་ཆུད་ཟོས་སོང་ཡོད་ན་སྤྱི་སྒེར་གཉིས་ཀར་གྱོང་གུད་བྱུང་ཡོད། བཀྲིས་བདེ་ལེགས་དང་བདེ་མོ་བྱོས།
ཧ་ཧ་ཧ་་ཏྲེ་ཧོར་བྱམས་རིན་ཆེན་ལགས། ང་ལ་ཁྱོད་ཀྱི་སྡོད་གནས་དང་ལས་གནས། སྐྱ་སེར་གང་ཡིན་དང་། སྐྱེས་ཡུལ། པར་སོགས་དགོས་དོན་མེད་ལ་ངོ་དེབ་སྒང་ན་འཚོལ་འདོད་དེ་བས་ཀྱང་མེད། ཁྱོད་ཀྱི་མིང་ཟུར་ཙམ་ལས་སྒོ་གསུམ་གྱི་སྡོམ་པ་མེད་པའི་བཙུན་གཟུགས་ཤིག་ལོས་ཡིན་འདོད། ང་ཤེས་འདོད་པ་ནི་ཁྱོད་ཀྱིས་གནས་ལུགས་ཤིག་དང་དྲང་གཏམ་ཞིག་ལ་བཤད་རྒྱུ་རེ་བ་ལས་སྡིག་པ་མིག་མི་བཙུམ་ནས་མི་དགེ་བའི་ལས་གང་འདོད་དུ་གྱིས་པ་དེ་མིན་ལགས།
ཧཧཧཧ་་་་་འཕྲུལ་གྱི་བཙན་པོ་ལགས། ངས་མིང་འདི་མཐོང་དུས་ནས་མུན་ནག་ལྐོག་མདའ་འཕེན་མཁན་ཅིག་ལས་ངོས་མ་འཛིན། དྲང་བདེན་དང་དགག་བཞག་ལ་སྤྲོ་འདོད་ཡོད་ན་རང་གཟུགས་སྟོན་མི་ཐུབ་པ་གང་ཡིན་ནམ་སྙམ། ཁག་མེད་འགན་འཁྲི་མེད་པའི་གཏམ་རྙོག་གིས་སྤྱི་ཚོགས་ནང་འབར་རྫས་བཞག་དགོས་ན་ནག་ཁུང་ནས་ཡག་ཤོས་རེད་ཨེ་འདུག་གམ་་་་་་ཧཧཧཧཧཧ་་་་་་
བོང་ཧོར་ལགས། ཁྱེད་རང་གི་བྱེད་སྟངས་ཁམས་སྐད་མ་སོང་ན་ཕོ་ཁྱོ་ག་མ་རེད།
ཁོབ་རེ་ཇི་བཤད་སྡོད་ལས་མ་རེད། བོང་ཧོར་གྱི་བླུན་རྟགས་སྟོན་མ་ཡོང་།ངོ་ཚ་ལེ་རེད།ཚེ་རིང་རྡོ་རྗེ་ཡིས་སྲིད་སྐྱོང་ལགས་ཀྱི་ལས་བྱེད་དང་བཤད་སྟངས་གང་ཡིན་བྲིས་འདུག་པ་མ་གཏོགས་བསྙོན་འཛུགས་བྱས་མི་འདུག
ཏྲེ་ཧོར་བྱམས་པ་རིན་ཆེན་ཟེར་བ་འདིས་བླུན་རྟགས་སྟོན་པ་མ་རེད། རང་གཟུགས་དངོས་སུ་སྟོན་པ་རེད། ཕྱི་གསལ་ནང་གསལ་རེད། ཕ་ཡུལ་ཏྲེ་ཧོར་ཁམས་པ་རེད། སྡོད་གནས་སི་སུད་རེད། མིང་ལྷག་ཞིག་གི་འོག་ནས་སྤྱི་ཚོགས་དཀྲུགས་མ་ཐུབ་ནས་བསྡད་ཡོད་མཁན་ཞིག་མ་རེད། རང་ཉིད་ངོ་སྤྲོད་བྱས་ནས་སྤྱི་ཚོགས་ཀྱི་གནད་དོན་གླེང་ཐུབ་དེ་ལ་བུ་ཟེར་ལེ་རེད། མིང་ལྷག་ཞིག་གི་འོག་ནས་དཀྲུགས་ཤིང་འཕེན་མཁན་ཚོ་ལ་དྲ་འབུ་ཟེར་ལེ་རེད།
ལྷ་བྱ་འཕུར་མའམ་ཐན་བྱ་འཕུར་མ་ལགས། ད་བྱས་ན་སྲིད་སྐྱོང་བློ་སེང་གིས་ལོ་བཞི་དང་ཕྱེད་དང་བོད་དོན་ཐད་ལ་ཅི་གང་བྱས་མི་འདུག་གམ། ཚེ་རིང་རྡོ་རྗེས་བྲིས་པ་ནང་དོན་རྡོག་ན་འདི་མ་རེད་དམ། ཧཧཧཧཧཧཧ་་་་་་་་་ལོང་བའི་གཟུགས་མི་མཐོང་བ་ངས་ཤེས་ལ་མཁྲིས་ནད་ཅན་ལ་དུང་སེར་མཐོང་བ་ཡང་ཤེས་་་་་་་གང་ལྟར་མངོན་སུམ་ལ་སྙོན་འདིང་ན་་་་་་་་་སེམས་གསོ་ཁང་ནང་བསྐྱལ་ན་ཡག་ཀི་ཨ།
དོ་དམ་བོད་མི་རིགས་ལ་ཤ་ཚ་ཡོད་མཁན་ཞིག་ཡིན་ན། ཆོལ་ཞེན་མ་བྱེད། སྐུ་མཁྱེན། ཆོལ་ཞེན་འདི་བོད་མི་རིགས་ཁ་འཐོར་དགུ་འཐོར་གཏོང་བྱེད་ཀྱི་དུག་རྫས་ཡིན། ང་ཚོ་ལ་སྲིད་སྐྱོང་དྲང་བདེན་ཞིག་དགོས། བོད་མི་རིགས་ལ་ཡུན་རིང་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པ་དང་། ཕན་ཐོགས་ཡོད་མཁན་གྱི་༸རྒྱལ་བ་དོན་གྱི་བདག་པོའི་དགོངས་གཞི་སྒྲུབ་མཁན་གྱི་སྲིད་སྐྱོང་ཞིག་དགོས། དེ་བོད་མི་རིགས་ཚང་མའི་དོན་ཡིན། ཆ་རྐྱེན་དེ་སྲིད་སྲོང་འོས་མི་གཉིས་སུ་ལ་མི་ཚང་ན། དངོས་ཡོད་དང་བདེན་པ་གཞི་ལ་བཞག་ནས་གླེང་དགོས་པ་ནི་ཤིན་ཏུ་གལ་ཆེན་རེད། ང་ཚོ་དངོས་ནས་རང་ཉིད་ཀྱིས་རང་ཉིད་དང་། ལྷག་པར་བོད་མི་རིགས། ཕུགས་རྒྱང་རིང་བོར་ཤ་ཚ་ཤེས་མཁན་ཞིག་ཡིན་ན། ཆོལ་ཞེན་དེ་ངེས་པར་རྩ་གཏོང་གཏོང་དགོས། དེ་དང་པོ་རང་ཉིད་ནས་མགོ་འཛུགས་དགོས།
གོང་གསལ་རྩོམ་ཡིག་འདི་འབྲི་མཁན་ལ་ཐུགས་རྗེ་ཆེ་ཞུ། དྲང་མོ་དྲང་བཞག་ཅིག་བྲིས་འདུག ང་ཚོས་བསམས་ཡོད་མོད། འབྲི་མ་ཤེས། ཤེས་ཡོན་པ་ཞིག་ཡིན་ཚེ་ཕྱོགས་ཞེན་དོར་བའི་ཐོག་ནས་དངོས་ཡོད་དང་བདེན་པ་གླེང་ཐུབ་མཁན་དེ་འདྲ་ལ་ཟེར། ཐུགས་རྗེ་ཆེ།
ཏྲེ་ཧོར་བྱམས་པ་རིན་ཆེན་ལགས། སྐུ་ཉིད་ཀྱིས་རྒྱབ་སྐྱོར་བྱེད་སའི་སྲིད་སྐྱོང་འོས་མི་དེ་དོན་དངོས་ཐོག་རྒྱབ་སྐྱོར་བྱེད་ས་ཡག་པོ་ཞིག་ཡིན་མིན་ལ་བསམ་བློ་བཏང་མྱོང་ངམ། དེ་ལས་ཀྱང་བློ་སེང་དེ་བཟང་སྤྱོད་དང་དྲང་ཚུགས་ཅན་གྱི་ཁམས་པའི་བུ་ཡག་པོ་ཞིག་ཡིན་མིན་ལ་བསམ་བློ་བཏང་མྱོང་ངམ། ངས་བལྟས་ན་མདོ་སྟོད་རྒྱ་ཆེ་མི་མང་གིས་བློ་སེང་ལྟ་བུའི་ཁྲམ་པ་ཁྲམ་ནག་ཅིག་ལ་རྒྱབ་སྐྱོར་གྱིས་འགེབ་ཐབས་བྱས་ན་ཕན་ཐོགས་གང་ཡང་མེད། ཁོས་རང་ཉིད་ལ་ཐོབ་རྒྱུ་རེག་པའི་ཉིན་མོར་མདོ་སྟོད་མི་མང་གཡུག་ནས་གཞན་གྱི་རྐུབ་ལ་རྒྱུགས་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཡིན། དཔེར་ན། བློ་སེང་ཨ་རིར་སློབ་སྦྱོང་མ་སོང་བའི་སྔོན་དུ་ཆུ་བཞི་སྒང་དྲུག་གསར་རྙིང་གཉིས་ཀྱི་ནང་འཁྲུག་སྐབས་ཁོས་བོད་གཞུང་གི་སློབ་ཡོན་རེག་ཆེད་ཆུ་བཞི་སྒང་དྲུག་གསར་བའི་དྲུང་ཆེ་བྱས་ཏེ་ཆུ་སྒང་གསར་རྙིང་གི་ནང་འཁྲུག་ནང་ཞུགས་ཏེ་གོ་སྐབས་རེག་ཐབས་བྱས་པ་དྲན་སོས་ཀྱི་འདུག་གམ། དེའི་དུས་ཁོས་ངའི་ཨ་མ་ལགས་ཆབ་མདོ་ཡིན་ཟེར་ནས་ཆུ་སྒང་གསར་བའི་ནང་དུ་གོ་སྐབས་ལེན་ཐབས་ཅི་ཙམ་བྱས་པ་དྲན་མྱོང་ངམ། མི་འདི་ཨ་རི་ལ་མ་སོང་སྔོན་ནས་སྐབས་འཚོལ་བ་བྱས་ཏེ་མདོ་སྟོད་ནང་ཁུལ་དུམ་བུར་འགྲོ་བར་བྱ་སྤྱོད་མང་དུ་སྤེལ་ཡོད། ད་བྱས་ཏེ་ཁྱེད་ཚོས་དེ་ཚོ་བརྗེད་ནས་ཁོས་ཁ་ཡག་རྫུན་གཏམ་ལ་ཡིེད་ཆེས་བ་ཡ་མཚན་རེད།
བསྟན་རྣམ་ལགས། དབུས་གཙང་རང་མདོག་ཤོར་མ་བཅུག སྔོན་མར་བཀྲས་མཐོང་བཀའ་ཁྲིའི་དངོས་གཞིའི་ནང་དུ་འོས་འགྲན་བྱས་སྐབས་ཀྱང་དབུས་གཙང་བཀྲ་ཤིས་དབང་འདུས་ཀྱིས་རང་ཉིད་ལ་འོས་འཐོབ་པའི་རེ་བ་མེད་པ་ཤེས་བཞིན་དུ་དངོས་གཞིའི་ནང་ཞུགས་ནས་བཀྲས་མཐོང་ལགས་འོས་ཤོར་སོང་། ང་སྒེར་ལ་བློ་ཕམ་བྱུང་།
དེང་སང་སྤེན་ཚེའི་རྒྱབ་རྩ་དབུས་གཙང་ལངས་མདོག་མདོག་བྱས་བསྡད་ཀྱི་ཡོད་པ་འདི་རྐུ་རྒྱབ་ཇག་ལངས་ཙམ་ལས་དབུས་གཙང་པའི་ལ་རྒྱ་སྲུང་བ་མ་རེད་ལ་བོད་སྤྱི་པའི་མཐུན་ལམ་ལ་ཕན་ཐོགས་པའི་ལས་ཀ་ཞིག་ཀྱང་མ་རེད།
དབུས་གཙང་དབུས་གཙང་མ་གསུངས།
ཨ་མདོའི་གཡོག་པོ་ཡིན་པ།
སྟོད་ཀྱི་མངའ་རིས་སྐོར་གསུམ།
གཡོག་པོ་རྒྱུགས་དོན་མི་འདུག
ཆོས་ཀྱི་ཆོལ་ཁ་མ་གསུངས།
ཇག་པས་སྒེར་བདག་ཡིན་པ།
སྟོད་ཀྱི་མངའ་རིས་སྐོར་གསུམ།
ཇག་གཡོག་རྒྱུགས་དོན་མི་འདུག་་་་་་་་་་་་ཅེས་གཞས་ཚིག་གསར་པ་ཞིག་བསླེབས་ཤག
ཨོ་རེད་་་བསྟན་རྣམ་ལགས། གོ་སྐབས་འཇུས་ཡ། ཆ་གཞི་བཀོད་ཡ། སྙིང་སྟོབས་གཡུག་ཡ་་་གསུམ་པོ་ཆབ་སྲིད་པ་ལ་ཚང་དགོས་པའི་ཁྱད་ཆོས་གསུམ་རེད་ཅེས་བློ་སེང་གིས་སྔོན་མར་བཤད་མྱོང་ཡོད་པར་་་་ཁྱོད་ཀྱིས་དྲན་གྱི་འདུག་གམ། བློ་སེང་གིས་གོ་སྐབས་འཇུས་ཐག་ཆོད་འཇུས་ཡོད་ངེས་རེད་ལ་མ་འོངས་པ་ཡང་གོ་སྐབས་བྱུས་ན་འཇུ་ངེས་རེད། བློ་སེང་གི་ཆབ་སྲིད་ཁ་གཏོད་དུ་བཙན་བྱོལ་ནང་དུ་ཕོ་ལུས་ལེན་པའི་མི་སུས་ཀྱང་བཅག་ཐུབ་ཀིན་མེད་པར་མིག་མདུན་དུ་འདུག་ག་་་་ཧཧཧ
ཧ་ཧ་ xཅོ་རི་འདིའི་བཤད་ཚུལ་ལ་ལྟོས་དང་། ཆོལ་ཁ་དངོས་སུ་དཀྲུགས་ཀྱི་འདུག བློ་སེང་དངོས་ནས་བོད་མི་རིགས་ཀྱི་ལས་དབང་བཏང་དུ་ལེན་མཁན་གྱི་ཕོ་ཁྱོ་ག་ཞིག་ཡིན་ན། ཁོའི་ཁ་གཏོད་བཅག་དགོས་དོན་མེད། ད་ལྟ་ཚུལ་དེ་ལས་ལྡོག་ཡོད། ངས་ཀྱང་སྔོན་མ་འོས་ཤོག་དེ་ཚོ་བློ་སེང་ལ་ཕུལ་ཡོད། ད་ལྟ་བློ་སེང་གིས་བོད་མི་རིགས་ལ་དབུ་སྐོར་གྱི་སྐྱག་རྫུན་བཤད་བཞྀན་པ་འདི་ཚོ་མཐོང་ཡོང་དུས། ཨ་ཁ་བློ་སེང་ལ་འདི་ལྟར་བྱེད་སའི་སྡིངས་ཆ་སྐྲུན་མཁན་ཁྲོད་རང་ཉིད་ཀྱང་ཡོད་པར་བསམས་ནས་བློ་འགྱོད་གཏིང་ནས་སྐྱེས་ཡོད།
ཚེ་རིང་རྡོ་རྗེ་ནི་དྲིན་ཅན་ཕ་མས་གནང་བའི་བདག་གི་དངོས་མིང་ཡིན། ངས་ནི་ཐོག་དང་པོ་ཉིད་ན་བློ་སེང་ལ་རྒྱབ་སྐྱོར་བྱེད་མ་མྱོང་། ཁོ་རང་བཙན་བྱོལ་བོད་མིའི་སྲིད་སྟེགས་ཀྱི་དྲི་མ་སྣོམ་ནས་སྐད་ཅོར་བརྒྱབ་པ་མགོ་བཙུགས་ཙམ་ནས་བཀྲ་མི་ཤིས་པའི་ཚོར་སྣང་ཞིག་ཡོང་གི་ཡོད། གལ་ཏེ་མུ་མཐུད་དགོས་ན། དོན་གནད་རེ་རེ་བཞིན་གསེད་བཀྲོལ་གྱི་གསལ་བཤད་རྩོམ་ཡིག་འདི་ལས་རྒྱས་ཤིང་འདི་ལས་མང་བ་བྲིས་ཡོང་། ཆོལ་ཞེན་རྩ་བ་ཉིད་ནས་མིན། བོད་མི་རིགས་ལ་ལར་ཞེན་ཡོད་མཁན་ཞིག་ཡིན་ན། བློ་སེང་སྲིད་སྟེགས་ལས་གཡུག་ཐབས་བྱེད་དགོས་རེད་མ་གཏོགས། མི་འདིས་བོད་མིའི་སྒྲིག་འཛུགས་རྐང་སྟེགས་བཟོས་ཏེ་ཁོ་རང་ལ་ཨ་རིའི་སྤྱི་ཚོགས་སུ་མིང་གནས་དང་སྙན་གྲགས་ཅུང་ཙམ་ཡོད་མཁན་ཞིག་བཟོས་རྗེས་སྡོང་མགོ་བྱ་འཕུར་བ་ལྟར་ང་ཚོའི་སྒྲིག་འཛུགས་དང་སྤྱི་ཚོགས་རྒྱང་དུ་བསྐྱུར་ནས་ཁོ་རང་ཨ་རི་ནས་ལྷོད་སྡོད་བྱེད་རྒྱུ་ཡིན་པ་མཐོང་བ་མངོན་གསལ་ལགས་ན། ཚང་མ་གཟབ་དགོས་པ་རེད་དོ། །
ངོས་གོང་དུ་བྲིས་པའི་རྩོམ་ཡིག་འདིའི་ནང་སྤྱིར་བཏང་གི་གནས་ཚུལ་དང་། གལ་འགང་ཤིན་ཏུ་ཆེ་བའི་དོན་གནད་རགས་བསྡུས་ཤིག་བྲིས་ཡོད། ཀླད་པ་ཡོད་མཁན་ཞིག་ཡིན་ཕྱིན་ཆད་ཕྱོགས་ལྷུང་གིས་བྲིས་འདུག་གམ། དོན་དངོས་གཞི་ལ་བཞག་ནས་བྲིས་འདུག ཧ་ཅང་གསལ་བོ་ཡིན།
རེད།་རེད།་མི་བུ་ཁྱེད་འདྲ་གནམ་གྱིས་སྐྱོབ་པར་ཤོག
བོང་ཧོར་བྱམས་པ་ལགས། མཁྲིས་ནད་ཡོད་ན་ཁྱེད་རང་ལ་ངོ་མ་མཁྲིས་ནད་ན་འདུག ཤོག་བུ་སེང་གེའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ནང་ཐོ་འགོད་བྱོས་ར་སྨན་ཡོན་ཆ་ཚང་རག་གི་ངེས་རེད།ཧ་ཧ་ཧ་།
ཧ་ཧ་་བྱམས་པ་་་རྒྱ་ཅོ་རི་ཨེ་་་་ང་རྒྱ་མི་ཡིན་ན་སྤེན་ཚེ་གཙོ་བོ་གྱུར་པའི་རྒྱ་དགའ་མ་ཁྱོད་ཚོས་ང་ལ་གསོལ་ཚིགས་ཤིག་དང་་་བཤམ་ངེས་རེད་པ། ཁྱོད་ཀྱིས་སྔོན་མ་འོས་བློ་སེང་ལ་བླུགས་པ་ཡིན་ཨེ་་་་སྡུག་གྱོང་རེད་ད། ང་ཅོ་རིས་སྔོན་མར་བློ་སེང་བཀའ་ཁྲི་ལངས་སྐབས་འོས་བླུགས་མེད་ལ་་་རྒྱ་བློ་སེང་ཟེར་ནས་དགག་པ་བརྒྱབ་མཁན་ང་ཅོ་རི་ཡིན། བྱས་ཙང་དེང་སང་འགྱོད་པ་ཞིག་མི་འདུག
མི་ཁྱོད་ཚོའི་གྲལ་གྱང་གོག་སྟེང་གི་རྩྭ་འཇག་མ་དང་གཅིག་པ་རེད་ད། དེ་རིང་ལྟ་ཚུལ་གཅིག་ཡོང་གི་རེད། སང་ཉིན་དེ་ལས་ལྡོག་ཏེ་མཐོང་ཚུལ་ཞིག་གི་རྗེས་སུ་རྒྱུགས་ཀིན་རེད། ་་་ཧཧཧ གོ་གནས་དང་སྒོར་མོར་མཐོང་ན་ངུ་ཡང་ངུ་ཡི་རེད།
མདོར་བསྡུས་ཏེ་བཤད་ན། བློ་བཟང་བསང་སྒྱེ་ཡི་བརྟན་བརླིང་དང་། ཆིག་སྒྲིལ་ཟེར་བ་སོགས་ཡོད་ཚད་ཚང་མ་ཉིན་ཤས་ཤིག་གི་ནང་མཇུག་ཡོངས་སུ་བསྡུས་ཏེ། མང་གཙོའི་སྲིད་སྐྱོང་དང་པོ་ཁམས་པའི་ཕོ་གསར་ཁྱི་གསར་གྱི་ཁ་ལ་རྡོ་མ་འཕོག་པ་འདྲ་བ་དེས། གྲགས་པ་ངན་པ་ས་གཞིར་མི་ཤོང་བ་ཞིག་བཞག་གྲུབ་པར། རྒྱ་རྒན་རང་དོན་རིང་ལུགས་པ་དེ་ཚོ་ལྟད་མོ་ཆེན་པོ་བྱུང་སོང། གོ་སྐབས་ཤིག་བཟུང་སྟེ་སྐུ་ཞབས་ཞི་ནས་ཐུགས་རྗེ་ཆེ་ཞུའི་ཡི་གེ་འབྱོར་སྲིད་པ་རེད། ད་དུང་བཙན་བྱོལ་སྤྱི་ཚོགས་ནང་རྙོག་གླེང་ནམ་མཁའ་གང་བར་བརྟེན། འཇུ་ཆེན་ཐུབ་བསྟན་གྱི་རྣམ་ཤེས་དེ་ཡང་ཡིད་ཚིམས་པོ་བྱུང་ཡོད་བགྱི་རེད་དོ།།
རེད་་་སྔོན་མར་དབུས་གཙང་བའི་སྐུ་ངོ་བཀྲས་མཐོང་དང་ཁམས་པ་བློ་སེང་གཉིས་འོས་འགྲན་བྱས་སྐབས་སུ་ཨ་མདོ་བའི་ཡིག་བྲིས་པ་མང་ཆེ་བ་བློ་སེང་གི་རྒྱབ་སྐྱོར་པ་ཤ་སྟག་ཡིན་པ། རང་ཐག་རང་གཅོད་ཀྱི་ལྟ་གྲུབ་ཅན་བཀྲས་མཐོང་ལ་སྐུ་དྲག་ཡིན་རབས་དང་། ལྐོག་ཟ་རུལ་སུངས་ཡིན་རབས། རྒད་པོ་ཡིན་རབས། འཇོན་སྟངས་མེད་རབས་ག་ཚོད་བཤད་མེད་དམ།
བློ་སེང་མི་རབས་གསར་བ་ཡིན་རབས། ཁྲིམས་ལུགས་རབ་བྱམས་པ་ཡིན་རབས། ཡག་རབས་དང་བཟང་རབས་བཤད་ནས་བྲིས་བསྡད་མཁན་མང་ཆེ་བ་ཨ་མདོ་བ་ཤ་སྟག་ཡིན་པ། དུས་བབ་དང་ཁ་བརྡ་གཉིས་ཀྱི་ཐོག་ཏུ་བཀྲས་མཐོང་གི་རྒྱབ་རྩ་ལངས་ནས་འབྲི་མཁན་ཁང་གསར་རྡོ་རྗེ་དང་ཅོ་རི་གཉིས་ཡིན་པ། ལོ་བཞི་དང་ཕྱེ་ཁའི་གོང་དུ་ཨ་མདོ་བའི་ཡིག་བྲིས་པ་ཚོས་བློ་སེང་ལ་བསྟོད་བསྟོད་མཆོད་མཆོད་བྱས་ནས་བཀའ་ཁྲིའི་འོས་ཐོབ་པ་བཟོས་སོང་། དེང་སང་འགྱོད་པ་སྐྱེས་ཀྱི་འདུག་ན་སྡུག་གྱོང་རེད་ཟེར་གྱི་ཡིན་ད།
xཅོ་རི་འདིའི་རྒྱབ་ལྗོངས་སྔོག་མི་དགོས་པར་མདུན་དུ་བཤམས་འདུག རྒྱ་སྒྱུ་མ་མཁན་ལ་ཡིད་མ་རྟོན་ཟེར་བའི་དཔེ་ལྟར། ཁོས་སྔོན་མ་བློ་སེང་ལ་འོས་མ་བླུགས་ཚུལ་བཤད་འདུག་གཱ ད་ལྟ་ཡང་རྒྱབ་སྐྱོར་གྱི་རྣམ་པ་སྟོན་བཞིན་འདུག་གཱ ཚུགས་ཀ་འདི་གཉིས་ཀྱིས་ཤེས། ངས་xཅོ་རི་ཟེར་དགོས་དོན་ཡང་དེ་ཡིན། གང་ལྟར་xཅོ་རི་འདིས་སྔོན་མ་བློ་སེང་ལ་འོས་མ་བླུགས་པའི་རྒྱུ་མཚན་ནི། སྐབས་དེ་ན་བློ་སེང་འདི་༸རྒྱལ་བ་དོན་གྱི་བདག་པོའི་དགོངས་གཞི་སྒྲུབ་མཁན་ཞིག་ཡིན་པར་སྙམ་ནས་རེད། ད་ལྟ་བློ་སེང་འདི་བོད་མི་རིགས་ལ་དབུ་སྐོར་གཏོང་མཁན་ཞིག་ཡིན་པ་ནམ་ལངས་ནས་ཡོང་གི་ཡོད་པ་དང་། དེ་བོད་ཀྱི་བདེན་མཐའ་སེལ་བྱེད་ཀྱི་འགག་སྒོ་དང་། ༸གོང་ས་མཆོག་ཐུགས་ཕམ་བྱེད་ཀྱི་ལས་ཞིག་ཏུ་འགྱུར་བཞིན་ཡོད་སྟབས། xཅོ་རི་འདིས་རྐང་བཙུགས་ནས་བློ་སེང་ལ་རྒྱབ་སྐྱོར་ཡོད་ཁུལ་བྱེད་པ་རེད། མདོར་ན་xཅོ་རི་འདི་ཕྱི་ནང་མི་མཚུངས་པའི་མི་ཞིག་དང་། ཚང་མས་དོགས་ཟོན་དགོས་ཚུལ་ལྷག་བསམ་དཀར་བའི་དྲ་གྲོགས་མང་པོས་སྔོན་ནས་གླེང་ཟིན།
xཅོ་རི་འདི་ལ་རྩོད་པ་མི་བརྒྱག ཁོ་ལ་རྩོད་པ་བརྒྱབ་ན་ཕན་ཐོགས་རྒྱུ་མེད་པར། ཁོས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་དང་། དོལ་རྒྱལ་ཚོགས་པ་སོགས་ལ་ངས་དེ་རིང་དཀྲུགས་རྐྱེན་འདི་འདྲ་ཞིག་བྱས་པ་ཡིན་ཟེར་ནས། རྒྱ་དངུལ་ལེན་ཐབས་བྱེད་ངེས་རེད།
xxབྱམས་པ་་་་རྒྱུས་ཡོད། ཁྱོད་ཚོ་དེང་སང་བློ་སེང་ལ་དགག་པ་བརྒྱབ་མཁན་ཚོས་ངོ་གདོང་གསལ་པོ་སྟོན་ནས་ཤོག་དང་། དེ་ནས་ངས་ཁྱོད་ཚོའི་བཤད་པའི་ནང་འགལ་གྱི་སྐད་ཆ་དེ་དག་མཛུབ་སྟོན་བྱེད་ཆོག
ཨ་མདོ་བའི་ཡིག་བྲིས་པ་མང་པོའི་སྔོན་མར་གང་བཤད་ཡོད་མེད་གསལ་པོ་ཡིན། དེང་སང་ཁྱོད་ཚོའི་རང་དོན་དང་ཐུག་འོང་དུས་མིང་ལྷག་རེའི་འོག་ནས་བློ་སེང་ལ་དགག་པ་བརྒྱབ་ཀྱི་འདུག སྤེན་ཚེ་ལ་རྐུབ་སྟེགས་འཐོབ་ཆེད་དུ་བློ་སེང་ལ་ཚད་ལས་བརྒལ་བའི་དགག་པ་བརྒྱབ་ཀྱི་འདུག
ཁྱོད་ཚོས་བློ་སེང་ལ་དགག་པ་བརྒྱབ་པ་དེ་དག་ཁྱོད་རང་ཚོ་ལ་དགག་པ་བརྒྱབ་པ་རེད། བློ་སེང་ཐོབ་བཅུག་མཁན་དང་བཀྲས་མཐོང་ཤོར་བཅུག་མཁན་ཤེས་མེད་ཁྱོད་ཚོ་ཡིན་པ། བློ་སེང་ལ་བསྟོད་གླུ་ལེན་མྱངས་མཁན་དང་བཀྲས་མཐོང་ལ་ཟུར་ས་བྱས་མཁན་ཨ་མདོ་བའི་སྨྱུག་འཛིན་པ་ཚོའི་ནང་ནས་རེ་རེ་བྱས་ནས་མིང་བཏོན་དགོས་ནའང་བཏོན་ཡ་ཡོད་ད།
ང་ཅོ་རི་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་ཡིན་ན་སྤེན་ཚེ་གཙོ་བོ་གྱུར་པའི་རྒྱ་དགའ་མ་ཁྱོད་ཚོས་ངའི་རྐུབ་ནས་ཡར་ལྕེ་ལྡག་རྒྱབ་ངེས་རེད། རྒྱལ་བཙོང་བ་ཁྱོད་ཚོ་ལ་རྒྱུས་ཡོད།
ཉོན་ཨ་་་xxབྱམས་པ་་་བློ་སེང་འོས་འཐོབ་ཆེད་དུ་ཅོ་རིས་འདི་ནས་བཤད་ཀྱི་མེད། བློ་སེང་སྤེན་ཚེ་གཉིས་སུ་ལ་འོས་འཐོབ་ནའང་ཁྱད་པར་སྤུ་ཙམ་མེད། ཡིན་ཀྱང་་་ཆོལ་ཁའི་དཔུང་སྒྲིག རྐུ་རྒྱབ་ཇག་ལངས། ཆུ་སྒང་ཁ་བྲལ་གཏོང་ཐབས་ལ་ཁྱོད་ཚོས་འབད་བརྩོན་བྱེད་བཞིན་ཡོད་དུས་སྐད་ཆ་ཚིག་གཅིག་བཤད་དགོས་བྱུང་བ་དང་གཅིག
གཉིས་ནས་ཁྱོད་ཚོ་ཨ་མདོ་བའི་ཡིག་བྲིས་པ་དག་གིས་༢༠༡༡ལོར་བློ་སེང་ལ་རྒྱབ་སྐྱོར་བྱས་ནས་བཀྲས་མཐོང་འོས་ཤོར་བཅུག་པའི་སྙིང་ནད་སངས་ཕྱིར་དུ་སྐད་ཆ་ཚིག་གཉིས་མི་བཤད་ཀ་མེད་བྱུང་། ཤེས་མེད་ཁྱོད་ཚོས་བློ་སེང་ལ་རྒྱབ་སྐྱོར་བྱས་ནས་བོད་མི་དམངས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་རེད་གསུངས་མཁན་བཀྲས་མཐོང་ལ་འོས་ཤོར་བཅུག་སོང་། xxཁྱོད་ཚོས་བསགས་པའི་ལོ་རྒྱུས་ཀྱི་ནག་ཉེས་རེད་ཅེས་་་་ལབ་ཀྱི་ཡིན།
xཅོ་རི། ཁྱེད་ཀྱིས་ང་མདོ་སྨད་ཡིན་ཤག་གི་བྱེད་སྟངས་འདི་ལ་ལྟོས་དང་། ཁྱེད་ཕྱོགས་ཞེན་གྱི་སྟུག་དྲི་ཁ་མཁན་དེ་ཡིན་པ་ཤེས་ཐུབ། འཇུ་ཆེན་བཀའ་ཁྲི་ལས་ཡུན་རྫོགས་རྗེས་རྒྱ་ནག་ཏུ་ཕྱིན་པ་དེ་ཁྱེད་ཀྱིས་ཨེ་ཤེས། xཅོ་རི། རྒྱ་དམག་ཐོག་མ་ལྷ་སར་ཁྲིད་ཡོང་མཁན་དེ་རྒྱ་ཅོ་རི་ཁྱེད་ཀྱིས་མ་ཤེས་པ་ཡིན་ནམ། xཅོ་རི། བློ་སེང་གི་ཁང་བའི་སྦྱིན་བདག་དེ་ཁྱེད་ཀྱིས་མ་ཤེས་པ་ཡིན་ནམ། xཅོ་རི། བོད་སོག་ལས་ཁུངས་དང་འབྲེལ་བ་འཇོག་མཁན་དག་ཁྱེད་ཀྱིས་མ་ཤེས་སམ། xཅོ་རི། ད་ལྟ་དོལ་རྒྱལ་ཚོགས་པ་དང་རྒྱ་མི་མཉམ་འབྲེལ་བྱེད་མཁན་རྣམས་ཁྱེད་ཀྱིས་མ་ཤེས་པ་ཨེ་ཡིན། xxཅོ་རི། ངས་ད་དུང་མདོ་སྟོད་ནང་དུ་བོད་ཀྱི་ལོ་རྒྱུས་སྟེང་བྱས་ཉེས་འདི་འདྲ་བསགས་མི་འཇུག་པར་འབད་བརྩོན་བྱེད་བཞིན་ཡོད། xxཅོ་རི། བདེན་པ་ཁས་ལེན་ཞིང་དྲང་ཚུགས་བརྟན་པའི་མདོ་སྟོད་ཆོལ་ཁ་ཞིག་སྲུང་སྐྱོབ་བྱེད་འདོད་པ་ཡིན། xxཅོ་རི། དེ་བོད་སྤྱི་བའི་དོན་དག་ཀྱང་ཡིན་xxx ཁྱེད་ལ་ཅི་ཙམ་འགྲོགས་ན་xxxབློ་སྐྱེད་དང་ཕན་ཐོགས་མི་ཡོང་།
ཅོ་རི། ངས་ཚིག་ངན་བེད་སྤྱོད་བྱས་པ་རྣམས་རྐང་བཙུགས་ནས་བྱས་མེད། ཁྱེད་ལ་བརྟག་ཚོད་ཅིག་བརྟག་པར་བེད་སྤྱོད་བྱས། ཁྱེད་དང་ང་གཉིས་ཕ་སྤུན་དགྲ་རུ་ལངས་ཀྱང་རུས་པ་གསེར་ཞེས་པའི་དཔེ་ལྟར། བོད་མི་གཉིས་རེད། ཁྱེད་ཡང་མདོ་སྟོད་པ་ཞིག་རེད། དངོས་གནས་མདོ་སྟོད་ཆོལ་ཁ་ལ་ཤ་ཚ་ཡོད་ན། རང་ཉིད་ནས་མགོ་བཙུགས་ཏེ་དོན་དངོས་དང་བདེན་པ་སྤྱི་ལ་བཞག་ནས་འགྲོ་དགོས། ཆོལ་ཁ་གཞན་གྱིས་ཆོལ་ཞེན་བྱས་ཀྱང་རང་ཉིད་ལ་མེད་པ་ཞིག་དང་། མདོ་སྟོད་མི་དམངས་ལ་མེད་པ་ཞིག་བྱས་ན། དོན་དམ་གྱིས་ཆོལ་ཞེན་དེ་ཡིན། སངས་རྒྱས་བསྟན་པ་དང་བོད་མི་རིགས་ཚང་མར་ཕན་དེས་ཐོགས། ཡ་ཡ་ཁམས་བདེ། རྩོད་མཚམས་འཇོག
ཁྱོད་ཁམས་པ་ཡིན་ཨེ་་་དཀོན་མཆོག་དཔུང་བཙུགས་བྱས་ན་ཁམས་པ་ཡིན་པའི་མནའ་ཞིག་བསྐྱལ་ནུས་པ་འདུག་གམ། རྫུན་བཤད་མ་འོང་ཨ་་་་་ཁྱི་རྒན་ཁྱོད་ཚོའི་གྲལ་ལ་རྒྱུས་ཡོད།
ཅོ་རི། ཕོ་རབས་ཤིག་ཡིན་ཚེ་མནའ་མི་བསྐྱལ། མནའ་བསྐྱལ་ནས་ལས་རྩོམ་མཁན་དག་ཆེས་ཐབས་སྡུག་མི་ཅོལ་ཆུང་བ་ཚོའི་བྱེད་ལས་རེད། ཁྱེད་ཀྱི་གློག་འཕྲིན་བསྐུར་དང་། ང་གཉིས་སྒེར་འབྲེལ་བྱེད། དེ་ནས་ཁྱེད་ཀྱིས་ང་ཆོལ་ཁུངས་གང་གི་ཡིན་མིན་ཤེས། གལ་སྲིད་མདོ་སྟོད་ཡིན་ཚེ་དེ་རིང་ནས་ཁྱེད་ཀྱི་ཁ་བརྡ་དྲ་ཚིགས་སྟེང་ཉིན་མཚན་མེད་པར་བསྡད་ནས་ནང་དཀྲིགས་བྱེད་པའི་མཚམས་འཇོག་ཐུབ་པའི་དམ་བཅའ་དགོས། དེ་ལྟར་ཐུབ་ན་ཁྱེད་ཕོ་རབ་ཡིན་དཱ ། ཁོ་རེ། ངའི་གློག་འཕྲིན་ཁྱེད་ལ་བསྐུར་ཡོད་དཱ།
jampa13@yahoo.com
བདེན་པར་མཐོང་སོང་། དངོས་གནས་ཡག་པོ་བྲིས་འདུག། རྒྱུ་མཚན་མཐོང་ཡོད་པ་མ་ཟད། རྣམ་དཔྱོད་དང་ལྡན་པའི་སྐད་ཆ་ཞིག་རེད། སྤྱིར་ན་ད་སྐབས་ཕན་ཚུན་ལ་སྐྱོན་བརྗོད་བྱས་བསྡད་ན་ཡག་པོ་མི་འདུག་མོད། འདི་དག་ཚང་མ་གཞི་མེད་སྐྱོན་བརྗོད་མ་ཡིན་པ་དང་། གནད་འགག་ཆེན་པོར་སོང་ཙང་། རྒྱབ་སྐྱོར་ཡོད་ཞུ་འདོད་བྱུང་།