ཤར་ཕྱོགས་ཁུག་རྟ།
༄༅།། ཏཱ་ལའི་རུ་ཚོགས་ཀྱིས་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་རྩིས་ཡོད་པ་རེད་ཅེས། རྒྱ་དམག་བོད་སར་འཛུལ་མགོ་བརྩམས་པ་ནས་བསྒྲགས་ཤིང། སྐད་ཆ་འདི་ཕལ་ཆེར་མི་ལོ་གསུམ་བཅུའི་རིང་རྒྱལ་སྤྱི་དང་རྒྱ་ནག་ནང་ཁུལ། དེ་བཞིན་བོད་ནང་བཅས་སུ་དངོས་ཤུགས་བརྒྱུད་གསུམ་ནས་བསྒྲགས་ཡོད་ཅིང། སྐབས་དེར་བོད་ཀྱི་དབུས་གཙང་ཁུལ་གྱི་དེ་སྔའི་བྲན་གཡོག་སྐོར་ཞིག་ལ་ཞེད་སྣང་ལངས་མྱོང་བའི་གཏམ་རྒྱུད་ཅིག་ཀྱང་ཐོས་མྱོང། ཡིན་ནའང། བོད་ཕྱི་ནང་གི་འབྲེལ་བ་བྱེད་བདེར་གྱུར་བའི་ལོ་ངོ་འདི་དག་གི་རིང། གོང་གི་དོགས་པ་རྣམ་རྟོག་གི་རྫུན་བསྒྲགས་དེ་རིགས་རང་བཞིན་གྱིས་འཇའ་ཡལ་བ་ལྟར་འགྱུར་བཞིན་པ་ཡིན་ནའང། དེ་རིང་ད་དུང་དབུས་གཙང་པས་གཙོ་གཉེར་བྱེད་པའི་”བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་རླུང་ལས་ཁུངས་”ཟེར་བའི་གསར་འགྱུར་ཚན་པའི་ནང། ”བོད་གསར་རྙིང་བཤིབ་བསྡུར་བྱེད་པ”་ཟེར་བའི་གསར་འགྱུར་བརྙན་འཕྲིན་ཤན་སྦྱར་ཞིག་མཚམས་མ་ཆད་པར་སྟོན་བཞིན་པ་རེད། བོད་རྙིང་པ་ཟེར་བའི་བརྙན་རིས་དེ་དག་ལ་ལྟ་སྐབས། གཡོག་པོ་ཚོར་གཅར་རྡུང་སྐོར་གསུམ་བྱེད་སྤྱད་ཀྱི་ལག་ཆ་ཁག་དང། གཡོག་པོ་རྣམས་ཟོག་དང་མཉམ་དུ་ཉལ་བ་མཐོང་སྐབས་ཞིང་བྲན་ལམ་ལུགས་ཀྱི་གནས་སྟངས་ལ་དེ་ཙམ་ཞེད་སྣང་འདྲ་ལངས་མ་མྱོང་ཡང། དངོས་གནས་སེམས་རྒྱུད་ཚ་ལེམ་མེར་འགྲོ་བ་ཞིག་ནི། རྒྱ་ནག་གཞུང་འདི་ཡིས་ད་དུང་ཕྱི་ལ་མ་བསྟན་པའི་བོད་ཀྱི་སྐོར་ལ་དངོས་བོ་ག་ཚོད་ཅིག་ཡོད་དམ་བསམས་པའི་ཞེད་སྣང་འདི་རེད།
ཁོང་ཚོས་ཁྱབ་བསྒྲགས་དེ་ལྟར་བྱས་པའི་ཁ་གཏད་དུ་ང་ཚོས་ཞིང་བྲན་ལམ་ལུགས་བརྒྱུད་མ་མྱོང་བའི་ཡུལ་ལུང་ཞིག་མེད་ཅིང། རྒྱ་ནག་ནི་དེའི་ཁྲོད་ཆེས་སྡུག་རྩུབ་ཆེ་ཤོས་ཀྱི་ལུང་པ་ཞིག་ཡིན་པ་དང། ”རྒྱ་མོ་རྐང་དོའི་”གནས་སྟངས་ཀྱིས་འཇིག་རྟེན་འདིའི་སྟེང་ཞིང་བྲན་ཐམས་ཅད་ཀྱི་ནང་ནས་སྐྱུ་གཡའ་བ་ཞིག་ཡོད་པ་ནི་རྒྱ་ནག་རེད་ཅེས་བཤད་ཀྱི་ཡོད་པ་རེད། བཤད་སྟངས་འདིའི་ཁྲོད་ནས་ཆེས་འབུར་དུ་ཐོན་པའི་ཚིག་གཅིག་ཡོད་པ་ནི་རྒྱ་མོ་རྐང་དོ་ཟེར་བ་འདི་ཡིན་ཞིང། ཁོ་བོ་ཆུང་ཆུང་བྱིས་པའི་སྐབས་རྒྱ་མོ་རྐང་དོ་ཟེར་བ་འདི་ཡང་ཡང་རྣ་ལ་རྒྱབ་མྱོང་བ་ཞིག་ཡིན་ལ། ཨ་མདོའི་ཡུལ་ལུང་གང་སར་རྒྱ་མོ་རྐང་དོར་རྐང་དོ་ཡིན་པའི་འགྲེལ་བཤད་ཀྱི་སྒྲུང་རིང་ཐུང་སྣ་ཚོགས་ཡོད་པའང་གོ་ཐོས་བྱུང། ཡིན་ནའང། ད་བར་རྒྱ་མོ་རྐང་དོ་ཟེར་བ་ག་འདྲ་ཞིག་ཡིན་ནམ། ཡང་ན་དེ་འདྲ་ཞིག་དཔེ་སྲིད་དམ་སྙམ་པའི་རེ་དོགས་དེ། དེ་རིང་རྒྱ་གར་གྱི་གྲོང་ཁྱེར་བྷ་རོ་ཏྲ་ནས་ཅུང་ཙམ་སེལ་བར་གྱུར།
བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དང་སྟབས་བསྟུན་ནས། བྷ་རོ་ཏྲར་གནས་འཁོད་བོད་རིགས་སློབ་ཆེན་པ་ཚོའི་རེ་འདུན་ལྟར། གནས་དེའི་སུད་ཚོང་བ་དང་སློབ་ཕྲུག་ཚོར་”བོད་མིའི་རང་སྐྱོང་འཐབ་རྩོད་ཀྱི་དེ་རིང་གི་གནས་བབ་སྐོར་”ངོ་སྤྲོད་སྙིང་བསྡུས་དང། བགྲོ་གླེང་ཞིབ་ཚགས་ཤིག་བྱས་རྗེས། སློབ་མ་ཚོས་ལམ་ཁྲིད་དང་གསལ་བཤད་འོག གནས་འདིའི་བྷ་རོ་ཏྲ་འགྲེམས་སྟོན་ཁང་དུ་ཕྱིན་པ་ཡིན། འགྲེམས་སྟོན་ཁང་ནི་ཐོག་བརྩེགས་གསུམ་ཅན་ཞིག་ལ། ཐོག་བརྩེགས་དང་པོར་རྒྱ་གར་གྱི་གནའ་བོའི་ཤིང་བརྐོས་དང་རྡོ་བཟོའི་སྒྱུ་རྩལ་གྱི་སྐོར་གཙོ་བོ་དང་གཡས་གཡོན་དུ་རྒྱ་གར་གྱི་ཁང་བའི་བཀོད་པ་དང། ཁྱོ་ཤུག་ཟུང་གི་འཚོ་བ་རོལ་སྟངས། རས་འཐགས་སྟངས་སོགས་འབག་བཟོར་བྱས་པ་དང། ཐོག་བརྩེགས་གཉིས་པར་ཉི་ཧོང་གི་གྱོན་ཆས་དང་སྒོར་ཟུར། རྒྱ་ནག་ཆན་ལུང་སྐབས་ཀྱི་དཀར་ཡོལ་འབྲུག་རིས་སོགས་ཅ་དངོས་སྣ་མང། དེ་བཞིན་བོད་ཀྱི་དངོས་བོ་རྩ་ཆེན་བཅས་ལུང་པ་གསུམ་གྱི་ཐོན་སྐྱེད་ཅ་དངོས་དང། ཕོ་མོའི་གྱོན་ཆོས་སོགས་འགྲེམས་སྟོན་གནང་འདུག ཐོག་བརྩེགས་གསུམ་པར་སེམས་ཅན་འདྲ་མིན་གྱི་ཀེང་རུས་དང། དམིགས་བསལ་ཡུལ་རྒྱ་གར་ལ་གནས་བཅས་པའི་གཅན་ཟན་དང་བྱེའུ་རིགས་ཆེ་ཆུང་ཡོད་ཚད་ཀྱི་པགས་པར་རྩ་བརྫངས་ཏེ་གསོན་པོ་ལྟ་བུར་བཟོས་ཏེ་གཙང་བཤམས་གནང་འདུག
ཐོག་བརྩེགས་གཉིས་པའི་རྒྱ་ནག་དང་ཉི་ཧོང་གི་ཅ་དངོས་རྣམས་མཐོང་འཕྲལ། མིའི་མངའ་ཐང་དར་ན་བདག་པོ་མིས་རྒྱག་གི་འདུག་བསམས་བསམས་ཞིག་ཡིད་ལ་ཤར་ནས་འགྲོ་སྐབས། གཡོན་གྱི་ཁང་རིང་དེར་ཏག་ཏག་གསེར་དང་དངུལ་གྱིས་རྡུང་བའི་དཀྱིལ་འཁོར་ཆེན་པོ་ཁྲ་ལེམ་མ་བ་ཞིག་བཤམས་འདུག གཡས་གཡོན་ཀུན་ལ་ལྟ་སྐབས་ང་ཚོ་བོད་ཀྱི་ཅ་དངོས་ཐང་ག་དང་སྐུ་འདྲ་རྐྱང་རྐྱང་རེད། དཀྱིལ་འཁོར་ཆེན་པོ་དེ་ནི་མཐོང་བ་ཙམ་ནས་གནས་གང་ཞིག་ནས་བཀོག་པ་མིན་ནམ་བསམས་པ་ཞིག་འདུག་ལ། ཡིད་སྐྱོ་བ་ཞིག་ནི་སྤྱི་ལོ་ནམ་ཞིག་ཚུལ་ཅི་ལྟར་རྒྱ་གར་དུ་སླེབས་མིན་གསལ་ཁ་གང་ཡང་མི་འདུག གཅིག་ཡོད་པ་ནི་བོད་ཀྱི་འབྲས་སྤུངས་བཀྲ་ཤིས་སྒོ་མང་གི་ཡིན་ཚུལ་བཀོད་པ་ཙམ་རེད། དེ་བཞིན་ཞལ་ཐང་རྣམས་ཀྱང་བོད་ལུགས་ཐང་ཀའི་འབྲི་སྲོལ་ལྟར་བྲིས་པ་ཤ་སྟག་ཡིན་ཡང་འགྲེལ་བཤད་གཅིག་ཀྱང་བཀོད་མི་འདུག ཐུགས་རྗེ་ཆེན་པོའི་ཞལ་ཐང་གཅིག་ཏུ་དཔྲལ་བའི་ངོས་སུ་དབུ་མེད་འཁྱུག་བྲིས་འདྲ་བ་ཞིག་བྲིས་འདུག་ཀྱང་ཁྱོན་ནས་ངོ་རྟགས་ཟིན་མ་སོང། ཁང་ཆུང་དེས་ཡིད་ལ་ཧེབ་ཅིག་སླང་ནའང་ཞིབ་ལྟ་བྱེད་སྐབས་བུད་མེད་མཛེས་མ་ལྐུགས་མ་ཞིག་དང་འཕྲད་པ་ལྟ་བུའི་ཚོར་བ་བྱུང། ཡིན་རྒྱུ་ནི་རྒྱ་གར་གྱིས་དངོས་རྫས་རྩ་ཆེན་དེ་དག་གི་གསལ་བཤད་མ་བྲིས་པས་རེད།
ཐོག་བརྩེགས་གཉིས་པའི་ཤར་ངོས་ཀྱི་ཁང་ཆུང་གྱན་གསུམ་ཙམ་ཡོད་པ་དེར། དེང་སང་བོད་ཀྱི་དབུས་གཙང་གི་ལྷ་མོ་འཁྲབ་དུས་གྱོན་པ་ཕྱུ་བ་ཤམས་ལུགས་སེར་བོ་ཅན་དེ་འདྲ་ཞིག་དང་བུད་མེད་ཀྱི་གོས་ཆེན་ཕྱུ་བ་པང་གདན་རང་འགྲིག་བཅས་ཡོད་པ་ཞིག་འདུག དེའི་མདུན་དུ་ལྕགས་ཁྲབ་སྟོད་ཆས་ཆ་ཚང་ཞིག་དང། མདུང་དང་མེ་མདའ་སྣ་རིང་གཉིས། མཚོན་འགོག་ཆེ་ཆུང་ཁ་ཤས། ཐང་དུ་གནས་ཆུང་གི་ལྕགས་ཞྭ་ལྟ་བུ་ཞིག་བཅས་འདུག བུད་མེད་ཀྱི་ཕྱུ་བ་དེའི་ཆེ་ཆུང་ལ་ལྟོས་ཚེ་བུད་མེད་གཟུགས་སྟོབས་དེ་འདྲ་ཞིག་ཕལ་ཆེར་དེང་སང་ཨེ་ཡོད་བསམས་བསམས་འདྲ་བ་ཞིག་ལ། ལྕགས་ཁྲབ་དང་ལྕགས་ཞྭ། མཚོན་འགོག་མདུང་རིང་གཉིས་ཀྱིས་བོད་ཀྱི་ཕོ་མོའི་གཟུགས་སྟོབས་ཟིལ་རྔམས་ལ་དབང་མེད་དུ་དང་བ་འདྲ་ཞིག་རང་བཞིན་གྱིས་ཡོང་ཞིང། སྔོན་མ་སྐྱེ་དྲག་ན་རྗེས་མ་འཆི་མི་ཐུབ་ཟེར་བ་དེའང་རྫུན་གཏམ་དགོད་བྲོ་ཞིག་རེད་བསམས་ནས་གཡོན་དུ་མིག་ཕྱོགས་པ་ན།
རྒྱ་ནག་དང་ཉི་ཧོང་གི་ཐོན་སྐྱེད་ཅ་དངོས་བཅས་རེད། ཅ་དངོས་ཀྱི་རིན་ཐང་གཅིག་པུར་ལྟོས་ཙམ་ནས་བོད་ལ་བསྡུར་ཚེ་ཉི་ཧོང་དང་རྒྱ་ནག་ལ་སྤྲང་མདོག་ཅིག་ཤར་འདུག་ཅིང། སྐབས་དེར་ངས་བྱ་མོའི་མགོ་བོ་ལྟ་བུའི་ཅ་དངོས་ཤིག་མཐོང། གཡས་དང་གཡོན་ནས་བལྟས། ཞིབ་དང་ནན་གྱིས་བལྟས་པས་ད་གཟོད་སོར་བཞི་ཅན་གྱི་ལྷམ་ཞིག་ཡིན་པ་ཤེས། སེམས་ལ་རྣམ་རྟོག་ཅིག་ལངས། དེ་མ་ཐག་གྲོགས་པོར་སྐད་བཏང། འདི་ལྷམ་རེད། གསལ་བཤད་སྟེང་ག་དུས་བྱུང་མིན་བྲིས་འདུག་གམ་ལྟ་རོགས་ཞེས་ལབ། ཁོས་བལྟས། ངས་བལྟས། ཡིད་སྐྱོ་བ་ཞིག་ནི་གསལ་བཤད་ནི་རྒྱ་ནག་གི་ཡིན་པ་ཙམ་ལས་གཞན་གསལ་ཁ་གང་ཡང་མི་འདུག ཡིན་ནའང། རྒྱ་མོ་རྐང་དོའི་ལྷམ་ཡིན་པ་ཚོད་ཚོད་མེད་ལ་ར་འཕྲོད་འདྲ་ཞིག་བྱུང། དེ་མ་ཐག་ངས་འགྲེམས་སྟོན་སྲུང་མཁན་ལ་གསལ་བཤད་ཆ་ཚང་མི་བཀོད་དོན་ག་རེ་ཡིན་ནམ་དྲིས། ཁོང་གིས་ཀྱང་ངས་རྒྱ་མོ་རྐང་དོའི་ལྷམ་མཐོང་བ་ཤེས་ནས་ཁྱེད་བོད་པ་ཡིན་ནམ་ཞེས་ང་ལ་ལན་སློག ངས་ཡིན་ལབ། ཁོང་གད་མོ་བགད། གད་མོ་དེས་ངའི་སྐད་ཆར་ལན་འདེབས་བྱས། གཞན་ཅི་ཡང་མ་གསུངས།
དེ་ནས་གླང་ཆེན་གྱི་རུས་པ་དང། ས་འོག་ཏུ་བཞག་པའི་ ༡༩༤༤ ལོར་གྲོང་ཁྱེར་འདིའི་ཉེ་འགྲམ་རྒྱ་མཚོ་ནས་བྱུང་བའི་རིང་ཚད་ལ་ཕི་ཁྲི ༧༡ ཅན་གྱི་ཉ་ཆེན་གྱི་ཀེང་རུས་སོགས་ཅི་ལྟར་མིག་ལ་བཤམས་ཀྱང། ཡིད་སེམས་ཚང་མ་རྒྱ་མོ་རྐང་དོ་མའི་ལྷམ་གྱིས་འཁྱེར། འགྲེམས་སྟོན་ལྟ་རྒྱུར་ཆུ་ཚོད་གསུམ་ཙམ་འགོར། ཡིན་ནའང་སྒོ་ཁར་སླེབས་མཚམས་བསྐྱར་དུ་རྐང་དོ་མའི་ལྷམ་ལ་ལྟ་རུ་ཕྱིན། བཀའ་སྤྱི་གཉིས་ཀྱི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ལ་ངའི་གཏམ་བཤད་ལས་ཀྱང་རྒྱ་མོ་རྐང་དོ་མའི་ལྷམ་འདི་མཐོང་བས་གདུང་སེམས་མཉམ་བསྐྱེད་ཀྱི་ཚོར་བ་དམིགས་བསལ་འདྲ་ཞིག་བྱུང། རྒྱ་མོ་རྐང་དོ་མའི་ལྷམ་འདི་དོ་དགོང་དྲ་རྒྱའི་སྟེང་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ལག་ཡོང་དུ་སྟོན་དགོས་བསམས། རྒྱ་ནག་ལ་ལན་འདེབས་ཚ་ནན་གྱི་བདེན་དཔང་དུ་སྦྲགས་ལམ་ནས་བསྐུར་ན་བསམས། བོད་རང་སྐྱོང་ལྗོངས་ཟེར་བའི་བརྙན་འཕྲིན་ལས་ཁུངས་ལ་བསྟན་ན་བསམས། དེ་ལྟར་རྒྱ་མོ་རྐང་དོ་མའི་ལྷམ་འདིས་དོ་དགོང་བོད་ཀྱི་སྤྱི་ཚོགས་རྙིང་པས། རྒྱ་ནག་གི་ཞིང་བྲན་ལམ་ལུགས་ལ་ཁྱོན་ནས་དོ་ཟླ་ཡོང་ས་མ་རེད་བསམས་པ་ཞིག་ཡིད་ལ་འཁོར།
མདོ་དོན་རྒྱ་དཀར་ནག་གཉིས་ཀྱིས་བོད་ལ་མ་བསྟན་པའི་བོད་ཀྱི་ཚབ་མཚོན་པའི་དངོས་པོ་ག་ཚོད་ཅིག་སྦས་སྐུང་བྱས་ཡོད་དམ། རྐུ་འཕྲོག་བྱས་ཡོད་དམ། གསང་ཉར་བྱས་ཡོད་དམ།།
༢༠༡༣། ༡། ༣༠། བྷ་རོ་ཏྲ་ནས་འཕྲལ་མར་བསྟར།།
ངའི་ཕ་ཡུལ་ནས་རྒྱ་མོ་བྱིས་སུག་མ་ཟེར་སྲོལ་ཡོད་རེད།
རྒྱ་མོ་རྐང་རིལ་ཡང་ཟེར།
ཀློག་སྤྲོ་བོ་ཞེ་དྲག་བྱུང་། ད་ཡིན་ད་་་མུ་མཐུད་ནས་རྒྱ་མོ་རྐང་དོའི་བྱུང་རབས་འབྲི་རོགས། སྤྱི་ལོ་༡༩༧༠དུས་སྐབས་ལ་རྒྱ་མོ་རྐང་དོ་མང་རབས་འདུག གཅིག་བྱས་ན་ད་ལྟའི་སྐབས་སུ་ཡང་དངོས་ནས་མཐོང་རྒྱུ་ཡོད་ན་ཐང་།
ང་ཚོའི་ལུང་པར་རྒྱ་མོ་བྱིའུ་སུག་མ་ཟེར། འདིས་དམྱལ་བ་དཔེ་མེད་ཅིག་མྱང་རབས་ཡོད།
ང་ཚོའི་ལུང་པར་རྒྱ་མོ་བྱིའུ་སུག་མ་ཟེར། འདིས་དམྱལ་བ་དཔེ་མེད་་ཅིག་མྱང་རབས་ཡོད།
རྐང་དོ་ཟེར་ན་གོ་བ་ལོག་སྲིད། ངས་བསམ་ན་རྐང་ཐོ་ཡིན་པ་འདྲ། ཐོ་ནི་རྡོག་རྡོག་དང་རིལ་རིལ་སོགས་ལ་འཇུག
འདིའི་སྐོར་ཧོར་ཁང་གིས་བོད་ལྗོངས་ཞིབ་འཇུག་ཡིན་ནམ་དུས་དེབ་ཅིག་ཏུ་དུམ་བུ་ཞིག་བྲིས་ཡོད་པར་དྲན།
རྩོམ་དེ་དང་ཐོག་ཀློག་སྐབས་ཅི་ཞིག་འཆད་བཞིན་ཡོད་ན་དྲན་བཞིན་དབུགས་ཀྱང་གཏོང་ལོན་མེད་པར་བཀླགས་པ་ཡིན་ཀྱང་། ངའི་བསམ་བློའི་ཁ་མ་གང་སྔོན་ནས་རྩོམ་དེ་རྫོགས་ཚར་སོང་།
ད་མི་ཤེས་ངའི་ཕ་ཡུལ་ལ་ནི་“རྒྱ་མོ་བྱིའུ་སུག”་མ་ཟེར་དུས་རྒྱ་མོ་གཟུགས་བདེ་ཅན་ལྡེམ་ལྡེམ་ཁྱུག་ཁྱུག་འགྲོ་མཁན་དེ་ཚོ་ལ་ཟེར་བ་རེད།
ཉི་ཧོང་པའི་བཤད་རྒྱུན་ནང་དུ་བུ་མོ་ཚོའི་རྐང་པ་ལ་ཚད་ཡོད་པ་དང་ཚད་དེ་ལས་རྒལ་ན་གནའ་མ་འགྲོ་ས་མི་རག་པའི་གཏམ་རྒྱུད་ཅིག་གོ་མྱོང་ཡོད།
དེང་སང་རྒྱ་མོ་རྐང་རིལ་དང་རྐང་ཆུང་ཡིན་མིན་མི་ཤེས། སྟུ་ཆུང་དངོས་གནས་འདུག ཧ་ཧ་
ང་ཆུང་ཆུང་སྐབས་རྒྱ་མོ་རྐང་རི་དང་རྒྱ་ཕོ་ཕོ་ཅན་ཟེ་བར་ཡང་ཡང་གོ་མྱུང་ མི་ཕོ་ཆེན་རྒྱ་མོ་རྐང་རིགས་སྐོར་དགོངས་འཆར་མང་ཙམ་དགྶ་འུག་ ལྷམ་དེར་མཐོང་བ་ཐེང་དང་པོ་ཡིན་བཀའ་སྤྱི་ལ་རྒྱབ་སྐྱོར་ཡིན་གསུང་རིན་མཆོག་འདུག་།།མ
རྒྱ་མོ་རྐང་ཏོ་མ་དེ་ཚོ་གནས་ལོག་མི་བྱེད་སྤྱད་ལ་བྱས་བ་རེད་ཟེར། གནས་ཡུལ་ནས་འདུག་མི་འདོད་ཀྱང་ཐག་རིང་པོའི་ས་ལ་འགྲོ་མི་ཐུབ་པར་སྐྱེས་བས་འཛིན་ཐུབ་པར་དམིགས་པ་རེད་ཟེར། ལས་ངན་མ་དེ་ཚོ། རང་གི་མྱི་རུལ་འིས་བཙན་བཤད་བཙན་གཡབ་ག་ཚོད་བཏང་ཡོད་པ་མ་རེད།།།།།།།།།
ཧཧཧཧཧཧཧཧཧཧཧཧཧཧཧ
དངོས་གནས་དགོད་བྲོ་ཡ་རང་རེད། ལུགས་སྲོལ་འདི་རྒྱ་ནག་གཅིག་པོ་མ་ཡིན་པར་འཇར་པན་དང་ཀོ་རི་ཡ་སོགས་ལའང་ཡོད་པ་རེད། དེ་ནི་གནའ་བོའི་ཕོ་རྣམས་ཀྱིས་བུད་མེད་ཀྱི་རྐང་པ་གཉིས་ཀ་ག་ཚོད་ཆུང་ཆུང་དང་ལྷག་པར་རྐང་མགོ་ཚུར་བཅུམ་པ་ཡོད་ན་ཆགས་ཉམས་ཡོད་པར་རློམས་པས་ནད་ངན་ཞིག་ལས་མཆེད་པ་རེད། དེ་བཞིན་སྐུ་དྲགས་དང་མི་དྲགས་ད་དུང་ཚང་པ་སོགས་ཀྱིས་བུད་མེད་མཛེས་མ་ཡིན་ཀྱང་རྐང་པ་ཆུང་ཆུང་དང་རྐང་མགོ་བཅུམ་བཅུམ་མིན་ན་ཡག་པ་མཐོང་གི་མེད་ཙང་། བུད་མེད་ཆུང་ཆུང་སྐབས་ནས་ཕ་མ་ཚོས་རྐང་པ་རས་ཀྱིས་བསྡམས་ནས་བཟོ་ལྟ་དེ་བཟོ་བས་སྲོལ་ཡོད་པ་རེད། དེས་ན་ཆེས་མ་རབས་དང་མ་རུང་བ་དེ་ཕ་མ་གཉིས་མ་རེད་པས། ཡང་ན་བུད་མེད་དེ་ཚོའི་འདུན་ལམ་ལ་བསམ་བླ་བཏང་བ་ལས་བྱུང་བ་ཡིན་ནམ་དང་པོ་ཕོ་རིགས་ཀྱིས་བུད་མེད་རྐང་པ་ཆུང་བ་ལ་དགའ་མཁན་དེས་ནོར་འཁྲུལ་ཡིན། དེ་ནི་གནའ་བོའི་རྒྱ་ནག་དང་འཇར་པན་སོགས་ཀྱི་སྤྱི་ཚོགས་ཁྲོད་ཁྱབ་པས་མི་དམངས་ཀྱི་གོམ་གཤིས་ཤིག་རེད་མ་གཏོགས་སྒེར་གཅོད་དང་རྒྱལ་པོའི་ལམ་ལུགས་ཀྱིས་བཀའ་ཁྲིམས་ཤིག་མ་རེད། སྐད་གྲགས་ཅན་གྱི་འཇར་པན་གྱི་དགེ་ཤཱ་ཟེར་བའང་ལམ་ལུགས་འདི་ནས་བྱུང་བ་ཞིག་རེད། དེ་ལ་ཧང་སང་བ་དེ་ཅུང་ཟད་ཐོས་རྒྱ་དང་མཐོང་རྒྱ་ཆུང་བས་སྐྱོན་ཞིག་མིན་ན་ལྟ་ཕྱོགས་གཅིག་ལ་བལྟས་པས་ལྟ་བ་མཁྲེག་པས་སྐྱོན་ཞིག་ཡིན་པ་འདྲ། ཧེཧེཧེཧེ
སྣོན་པ་ཞིག་ལ་འཇར་པན་བུད་མེད་ཚོ་དེང་སང་ཡང་གོམ་པ་ཆུང་ཆུང་བརྒྱབ་ནས་འགྲོ་བ་ནི་ལུགས་སྲོལ་དེ་ལས་བྱུང་བ་ཞིག་རེད་ལབ་ཀྱི་འདུག
སྤྲུལ་དབང་ནས་བཤད་པ་དེ་ལའང་རྒྱུ་མཚན་ཞིག་འདུག་སྙམ། དེ་ནི་དམངས་ཁྲོད་ནས་བྱུང་བའི་མཛེས་ཉམས་སྟོན་སྟངས་ཤིག་རེད་མོད། ཡིན་ནའང་རྒྱ་ནག་གི་རྒྱལ་རབས་སྐབས་ཀྱི་ཉུག་རུམ་པ་དེ་ཚོ་རྒྱལ་པོས་བཟོས་པའི་ཁྲིམས་ཤིག་མ་རེད་དམ།
རྒྱ་ཁ་ཆེ་བའི་སྐྱེས་དམན་མང་ཆེ་བ་ཆུང་དུས་རྐང་བ་རས་དཀར་ཞིག་གིས་བསྡམས་ནས་ཆེད་དུ་ཆུང་ཆུང་བཟོ་གིན་ཡོད་ཚོད་གོ་མྱོང་བདེན་མིན་མི་ཤེས་་་་ཁྱེད་ཚོར་འདིའི་སྐོར་ལ་སྒྲུང་འདྲ་ཤོད་རྒྱུ་ཡོད་པས་ལགས་་་་་་་ང་ནི་སྒྲུང་ལ་ཉན་གྱི་དཔེ་དགའ་བོ་ཡོད།
གོམ་པ་ཆུང་ཆུང་རྒྱག་དགོས་དོན་ནི་སྟུ་ཆེན་པོ་མ་ཆགས་པའི་རེ་བས་རེད། གོམ་པ་ཆེན་པོ་རྒྱག་ན་སྟུ་ཆེན་པོ་ཆགས་ཡོང་དྲན་གི་ཡོད་རེད།
དེང་དུས་ཀྱི་ན་གཞོན་ཚོའི་རྒྱལ་ཞེན་དེ་ཡ་མཚན་ཞིག་རེད་འདུག རྒྱ་ནག་ང་ཚོའི་དགྲ་བོ་རེད་བསམ་པའི་བློ་ངོར་རྒྱ་ནག་གི་སྐྱོན་ཤ་སྟག་འཚོལ་བའི་གང་ནས་ཁ་གཏད་བཅོག་དགོས་པ་ཞིག་ཏུ་རྩིས་ཀྱི་ཡོད་པ་རེད། སྐྱོན་དེ་འདྲ་འཚོལ་ནས་སྡོད་ན་ང་ཚོ་རང་ལ་སྐྱོན་ག་ཚོད་དང་ག་ཚོད་ཡོད་རེད། དེ་ལས་ལྷག་པ་རང་སོ་སོར་བལྟས་ནས་དངོས་གནས་རྒྱ་ནག་ལ་བཟོད་མི་ཐུབ་པའི་ལན་ཞིག་ཡོང་ཐབས་ལ་འབད་བརྩོན་དགོས་པ་བསམ་དགོས། དཔེར་ན། ༸གོང་ས་མཆོག་ལྟ་བུ་བོད་ཀྱི་བླ་མ་དང་བླ་མ་མི་འདྲ་བ་སྐུ་གསུང་ཐུགས་ཀྱི་མཛད་ག་འདྲ་ཞིག་ལའང་རྒྱ་ནག་གི་གཞུང་དེ་སྡོད་མི་ཐུབ་པ་ཡོང་གི་ཡོད་པ་ལྟ་བུ་ཡིན། ཁོང་དང་འདྲ་བ་ཞིག་ཡོང་མི་ཐུབ་ནའང་ཤེས་ཡོན་དང་བྱས་རྗེས་སྐད་གྲགས་ཆེ་བ་ཞིག་ཆགས་པ་ཡིན་ན། དངོས་གནས་རྒྱ་ནག་གཞུང་ལ་ཕྲན་བུ་མི་བདེ་བ་ཞིག་ཡོང་ངེས་རེད། དེ་ལས་ལྡོག་ཏེ་ཨ་རིའི་ན་གཞོན་སྤྱོད་ངན་ཚང་མའི་མིག་དཔེ་བླངས་ནས་དེ་ཚོའི་བྱེད་སྟངས་ཁོ་ནར་འཇུག་པ་ཡིན་ན། རང་གི་རྒྱལ་ཞེན་ལ་མི་ཚོས་གདུང་སེམས་མཉམ་སྐྱེས་ཕར་བཞག་དགད་མོ་ཤོར་གྱི་རེད། མི་ཚོས། དང་པོ་ཁོ་རང་ལ་ལྟོས་དང་། རྒྱ་ནག་ཉིན་རེ་ནས་འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་འགྲོ་ཡི་ཡོད་དེའང་ཤེས་ཀྱི་མི་འདུག་ཅེས་ཟེར་ངེས་རེད། བློ་རྒྱ་ཆེ་ཙམ་གནང་རོགས་ཞུ།
ཁྱོད་ཚོས་རྒྱ་མོ་དེ་དག་དངོས་སུ་མཐོང་འདོད་ན། བོད་མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་མར་ཐང་ཞང་ངམ་ཧོར་གཙང་དུ་སོང་དང་དེ་རུ་དེང་སྐབས་ད་དུང་རྒྱ་མོ་རྐང་བའི་མགོ་རིལ་རིལ་ཅན་མང་པོ་ཞིག་ཡོད་ནི་རེད། རྒྱ་སྡེ་ཁ་ཤས་ཤིག་ཡོད་པ་རེད་ལ་དེ་དག་གི་ནང་དུ་རྒྱ་མོ་རྐང་རིལ་སྐོར་ཞིག་འདུག ཉེ་འཁོར་གྱི་བོད་ཀྱི་དགོན་པ་དག་ལ་མཆོད་མཇལ་དུ་རྒྱུན་འགྲོ་བྱེད་ཀི་འདུག
སྐུ་ལོ་དབང་ཆེན་ལགས། ཁྱོད་ཀྱིས་ཆགས་ཉམས་ལ་ལྟ་སྟངས་ཡན་གར་བ་ཞིག་བཟུང་ཡོད་ན་ལས། སྐད་ཆ་སྔར་བཤད་ཕྱི་འགལ་དེ་རིགས་རང་མགོ་རྡུང་བྱེད་མ་རེད་དམ། བུད་མེད་རྐང་ཐོ་མ་བཟོས་ན་ག་རེ་བྱས་ནས་སྙིང་རྗེ་མོ་མཐོང་གི་ཡོད་བ་མ་རེད། རྒྱུ་མཚན་ཤོད། ཆུང་བྱིས་བའི་སྟེང་ཕ་མ་ཚོས་བུ་མོ་རྐང་རིལ་བཟོ་བཞིན་པའི་ཁུངས་གང་ན་འདུག རྒྱ་མོ་རྐང་རིལ་གྱི་ལམ་སྲོལ་འདིའི་མགོ་གང་ནས་བཙུགས་ཡོང་བ་རེད།
ཐོས་རྒྱ་དང་མཐོང་རྒྱ་ཅན་པོས་ཨ་ལན་སྟེར་རོགས། ཧུཧུཧུ
ལྡོམ་པོ་ཨ་ཅེ་ནག་ཐར་སྐྱིད་ལགས། དྲིས་ལན་དེ་མིག་གཉིས་ཀ་ཡག་པོ་ཕྱེས་ནས་འཛམ་གླིང་ལ་རྒྱང་ལྟ་དང་སློབ་སྦྱོང་ལ་ཧུར་རྩོན་གྱིས་དང་རྙེད་ཡོང་གི་རེད། དེ་མིན་ཁ་ལུང་པ་འདྲ་ཞིག་གདངས་ནས་བལྟས་བསྡད་རུང་གྲགས་མར་ཁུ་འདྲ་ཞིག་ཟག་ཡོང་རྒྱུ་དཀའ་མོ་རེད། ཧམ་གཏམ་བཤད་པར་དགའ་ཡོད། ཧམ་པ་གཡག་རོ་ཞིག་བཤད་ཐུབ་ན་བསམ་བློ་ལུག་རོ་འདྲ་ཞིག་གཏོང་དགོས་པ་རེད། ཧོ་ཧོ་ཧོ
ཧེཧེཧེ་་་འདི་ད་སྐུ་ལོའི་མཁྱེན་ཡངས་རེད་བ། མཐོང་སོང་ལོ།
རྒྱ་མོ་རྐང་ཏོ། རྒྱ་མོ་རྐང་ཏོ། ཧཧཧ ཆུང་དུས་རྨོ་རྨོ་ལགས་ཀྱིས་ཡང་ཡང་གསུང་མྱོང་ཡོད་པའི་སེམས་སྐྱོ་བའི་གཏམ་རྒྱུད་ཅིག་རེད། རེད། བཤད་སྲོལ་ལྟར་ན་རྒྱ་མོ་རྐང་ཏོ་རྐང་བཙུགས་ནས་དེ་འདྲ་བཟོ་དགོས་དོན་བག་མར་སོང་རྗེས་ཕྱིར་གྲོ་མོར་འབྲོ་མི་ཐུབ་པའི་ཆེད་དུ་བཟོས་པ་རེད་ཟེར་བཤད་སྲོལ་ཡོད་པ་དེ་ཕལ་ཆེར་བདེན་པ་ལྟ་བུར་སྣང་། ས་ཆ་ཕལ་ཆེ་ནས་བཤད་སྲོལ་དེ་འདྲ་རང་རེད་འདུག
རྒྱ་མོ་བྱིའུ་སུག་མའི་སྐོར་ལ་དངོས་གནས་རྒྱུས་ཡོད་མཁན་འདྲ་ཡོད་ན་གསུངས་རོགས་གནང་། གཞན་ཧམ་པ་ཀྱང་ཀྱང་བཤད་ན་དགོས་པ་གང་ཡང་མི་འདུག
འདིའི་རྐང་པ་རས་ཀྱི་སྡོམ་པ་ཙམ་ཞིག་མ་ཡིན་པར་རྐང་པའི་མཛུབ་ཆུང་ནས་བཟུང་འཛུབ་མོ་གཉིས་ཙམ་གཅོད་གཏུབ་བྱེད་རབས་སོགས་ཧོར་ཁང་བསོད་ནམས་དཔལ་འབར་གྱིས་བྲིས་ཡོད་བསམ། འདི་ཚོའི་སྡུག་བསྔལ་དཔེ་བསགས་ཡོད་པ་རེད། ཁ་ཆེ་ཆོས་ལུགས་ཏུ་སྟུ་ཤ་གཅོད་གཏུབ་ལས་ཀྱང་འདི་ན་ཟུག་ཆེ་བ་འདྲ། འདིས་ནི་རུས་པ་འབྱར་མ་བཀོག་དགོས་པ་དང་། སྟུ་ཤ་དང་མཇེ་པགས་གཅོད་མཁན་དེ་དག་ཧ་ཅང་ཧང་སངས་རབ་བཤད་བཞིན་ཡོད་ཀྱང་། རྒྱ་ནག་ནང་གིས་ཕོ་ཡི་རླིག་འབྲས་བཀོག་པ་དང་། མོའི་མཛུབ་ཆུང་གཅོད་པ་སོགས་འཇིག་རྟེན་ན་མིའི་བཟོས་པའི་དམྱལ་བའི་སྡུག་བསྔལ་གྱི་ཟུར་གཅིག་རེད།
གོང་དུ་སྤྲུལ་སྐུ་དབང་ཆེན་གྱིས་བཤད་པར་རྒྱབ་སྐྱོར་ཡོད། སྔོན་མ་རྒྱ་རིགས་བུད་མེད་ཚོས་རྐང་པ་ཆུང་ཆུང་བཟོ་བ་དེ་སོ་སོས་སམ་ཡང་ན་ཕ་མས་མཛེས་ཆོས་ཆེད་དུ་བཟོ་བ་ལས་བྲན་གཡོག་ལམ་ལུགས་ཀྱི་བྱེད་སྟངས་ཞིག་མིན་པར་སེམས། ཉི་ཧོང་གི་གཏམ་རྒྱུས་ནང་དུ་ཕ་མས་ཆེད་དུ་བུ་མོས་གནས་མལ་ཡག་པོ་རག་ཐབས་སུ་རྐང་པ་ཆུང་ཆུང་བཟོ་བ་དང་། གོམ་འགྲོས་དལ་པར་འགྲོ་བཅུག་པ་སོགས་བསླབས་ཀྱི་ཡོད་པར་བཤད་ཡོད།
དེ་ལྟར་བཟོ་སྲོལ་ཐོག་མར་ཕྱི་ལོ་ ༩༣༧ ཡས་མས་ཏེ་ནེན་ཇིང་རྒྱལ་རབས་སྐབས་སུ་དར་སྲོལ་བྱུང་ཡོད་པ་འདྲ། སྐབས་དེ་དག་ཏུ་མི་དྲག་མཐོ་རིམ་དང་རྒྱལ་པོའི་སྲས་མོ་ཚོས་དེ་ལྟར་བཟོ་སྲོལ་ཡོད་པ་དང་། མཛེས་ཆོས་དེ་ལ་ “གསེར་གྱི་པད་མ” Golden lotus “金瓶梅” རྐང་ཚད་ལ་ཁྲེ་ཙི་(2.75 inch)གཉིས་དང་ཚག་དོན་ལྔ་ཅན་ཡོད་པའམ་ཡང་ན། “པད་མའི་རྐང་ཅན་” Lotus feet 蓮花足 ཏེ་བུད་མེད་ཀྱི་མཛེས་ཆོས་ཞིག་ཏུ་བརྩི་སྲོལ་ཡོད་པ་འདྲ།
རྒྱ་ནག་ཏུ་དུས་རབས་བཅུ་དགུ་པའི་ནང་ལ་མཐོ་རིམ་ཁྱིམ་རྒྱུད་ཀྱི་བུ་མེད་རྒྱ་ཆ་ ༥༠ ཙམ་གྱིས་རྐང་པ་ཆུང་ཆུང་བཟོ་སྲོལ་བྱུང་ཡོད་པ་དང་། དེ་བཞིན་དུས་རབས་བཅུ་པ་ནས་ཉི་ཤུའི་བར་རྣམས་སུ་རྒྱ་རིགས་བུད་མེད་དུང་ཕྱུར་གཅིག་ལྷག་གིས་རྐང་པ་ཆུང་ཆུང་བཟོ་སྲོལ་བྱུང་ཡོད་ཀྱང་། དེ་དག་གོང་ཞུས་ལྟར་བུ་མོ་རང་ཉིད་དམ་ཕ་མས་མཛེས་ཆོས་སུ་བཟོ་བ་ལས་བྲན་གཡོག་གི་རྣམ་པ་ཞིག་ཡིན་བཟོ་མི་འདུག
གང་ལྟ་གོང་དུ་གནས་ཚུལ་མཁོ་གཏོང་བ་རང་ཉིད་དང་མཆན་པ་འགས་རྒྱ་མོའི་ལྷམ་གོག་དེས་རྒྱ་གཞུང་ལ་རྒོལ་བའི་དཔང་རྟགས་ཆེན་པོ་ཡིན་རབས་གསུངས་འདུག་པས་དེ་ལུགས་རྒྱུ་མཚན་ཁ་གསལ་དང་ཅིས་ཕྱིར་ཡིན་པ་སོགས་གནད་ལ་ཕེར་བའི་འགྲེལ་ཡོད་པར་ཞུ།
ཨོ་དེ་བཞིན་དུ་རྒྱ་གར་བ་ཕ་རྒན་གྱིས་རང་གི་བུ་མོའི་ནུ་འཕུར་ནས་འབུར་བཅུག་སྟེ་མཛེས་ཆོས་བཟོ་གི་རེད་ཟེར་བདེན་ནམ་སྙམ།
་་་་་ ཁ་ཆེ་ཆོས་ལུགས་ཏུ་སྟུ་ཤ་གཅོད་གཏུབ་ལས་ཀྱང་འདི་ན་ཟུག་ཆེ་བ་འདྲ། འདིས་ནི་རུས་པ་འབྱར་མ་བཀོག་དགོས་པ་དང་། སྟུ་ཤ་དང་མཇེ་པགས་གཅོད་མཁན་དེ་དག་ཧ་ཅང་ཧང་སངས་རབ་བཤད་བཞིན་ཡོད་ཀྱང་། རྒྱ་ནག་ནང་གིས་ཕོ་ཡི་རླིག་འབྲས་བཀོག་པ་དང་། མོའི་མཛུབ་ཆུང་གཅོད་པ་སོགས་འཇིག་རྟེན་ན་མིའི་བཟོས་པའི་དམྱལ་བའི་སྡུག་བསྔལ་གྱི་ཟུར་གཅིག་རེད། ་་་་ཟེར།
འདི་ལ་རང་རང་སོ་སོའི་སེམས་ལ་གང་ཤར་བ་དེ་བརྗོད་བསྡད་པ་ལས་ཁུངས་ལུང་སོགས་ཀྱི་སྒྲུབ་བྱེད་ནི་གང་ཡང་མི་འདུག། དེས་ན་ཁ་ཅིག་གིས་གྲྭ་པ་དང་ཨ་ནེ་ཚོ་ཤམ་ཐབ་གྱོན་དགོས་པ་ནི་འཁྲིག་པ་སྤྱད་སླ་བའི་ཆེད་དུ་རེད་ཅེས་བཤད་ནི་ཁྱེད་རྣམ་པས་ཅི་ཟེར།
ཨ་ཙི། གཡུ་འབྲུག་གིས་བཤད་པ་འདི་ཅིས་མ་བདེན།
འདི་ནི་སྔོན་ཆད་རྒྱ་ཕྱུག་བདག་དང་དཔོན་རིགས་ཚོས་བྲན་གཡོག་དེ་ཚོ་ཕྱིར་བྲོས་མི་འགྲོ་བའི་ཁྱེད་དུ་ཡིན་རབས་གོ་མྱོང་་་་་་་
གོང་དུ་མི་རེ་འགས་རྒྱ་མོ་རྐང་རིལ་མའི་རྐང་པ་ཆུང་ཆུང་བཟོས་པ་དེ་མཛེས་ཆོས་ཀྱིས་བཟོས་པར་བཤད་འདུག འོན་ཀྱང་མཛེས་ཆོས་ཀྱིས་རྐང་པ་ཆུང་ཆུང་བཟོས་ན་ཡང་འདི་འདྲའི་ཆུང་ཆུང་ཞིག་བཟོ་གསོལ་ག་ལ་ཡོད། གོང་གི་ལྷམ་གྱི་པར་དེ་ལ་བལྟས་ན་ཕྲུ་གུ་ལོ་ལྔ་དྲུག་གིས་གོན་རྒྱུ་ཙམ་ལས་མི་འདུག དེས་ན་འདི་ནི་ཐག་རིང་ལ་བྲོས་མི་ཐུབ་པར་ཁྱོ་གས་གཅུན་བདེ་བའི་ཆེད་དུ་བཟོས་པར་བཤད་པ་དེ་རྒྱུ་མཚན་ལྡན་པར་མཐོང་།
གོང་ན་ལྐུག་སྐད་རྒྱག་མཁན་མང་པོ་ཞིག་འདུག། རྒྱ་འདྲེ་ཚང་གི་རྒྱ་ལས་སྐྱག་ལས་འདི་ཚོ། ཡུལ་སྲོལ་ཅིག་ལས་མི་རབས་མི་ཚོད་བཤད་འདུག། དེ་ན་བྲན་གཡོག་གི་མགོ་ཉམས་པ་དང་རྐང་ཏོ་མའི་མཛེས་སྲོལ་ཉམས་དགོས་བ་ཅི་རེད། ཨ། ཅིག་ཤོད་དང་།
ཡུལ་སྲོལ་ཞིག་ལས་བྲན་གཡོག་ཞིག་མིན་རབས་མིན་ཚོད་བཤད་འདུག་ལ་བཅོས།
ངས་གོ་བ་ལྟར་ན། རྒྱ་མོ་རྐང་རིལ་མ་ནི། རྒྱ་ནག་ནང་གི་དལ་གོས་རིག་འཐག་བའི་རྒྱ་མོ་ཚོའི་རིག་པ་ཕྱི་མི་འཁྱལ་བའི་ཕྱིར་རྐང་རིལ་བཟོས་སྐད་གོ་མྱོང། དལ་དང་གོས་ཆེན་ཨང་དང་པོ་དེ་ཚོ་ཕལ་ཆེར་སྐུ་དྲག་གི་སྲས་མོ་ཚོའི་གསང་བའི་རིག་པ་ཞིག་ཡིན་ཚོད། དེ་ལས་མཁན་ཕྱི་ལ་མི་ཤོར་བའི་ཕྱིར་བཟོས་ནས་ག་ལེར་སྣང་བ་མཛེས་ཆོས་ལ་འཁྲུལ་བ་འདྲ། གང་ཡིན་ཟེར་ན་མཐོ་རིམ་མི་སྣའི་ནང་བྱུང་ཙང་གུས་ཞབས་ལ་རྟེན་ནས་སྣང་བ་འཁྲུལ་བ་འདྲ། སྤྱིར་ཏང་རྒྱ་ནག་གི་རིག་གཞུང་ནང་སྐུ་དྲག་ཆག་པ་ལ། རིགས་གཞུང་དང་ལས་རིག་ཁྱད་ཆོས་ལྡན་དགོས་འདུག བོད་པའི་སྐུ་དྲག་ཡིན་ན་མ་རབ་དང་གཡོ་རྒྱུ་ཚང་དགོས་བ་ལྟ་བུ་མིན་པ་འདྲ།
༼བོད་པའི་སྐུ་དྲག་ཡིན་ན་མ་རབ་དང་གཡོ་རྒྱུ་ཚང་དགོས་བ་ལྟ་བུ་མིན་པ་འདྲ།༽ འདི་འདྲ་རང་ཏ་ཨ་ཡིན་ན།
དབྱིན་མིང་ཅན། འདྲ་བོ་ཞིག་གསུངས་འདུག་ག རྣམ་དཔྱོད་ཡོད་པའི་རྟགས་རེད། རྒྱུ་མཚན་གང་ཡང་མེད་པར་མཛེས་དཔྱོད་ལ་ལྟ་སྟངས་ཞིག་ལབ་ཡོང་དུས། བོང་ལུའི་མགོ་དབྱུག་པས་གཞུས་བའི་བཟོ་འདྲ་འདུག་ག
དབྱིན་མིང་ཅན། འདྲ་བོ་ཞིག་གསུངས་འདུག་ག རྣམ་དཔྱོད་ཡོད་པའི་རྟགས་རེད། རྒྱུ་མཚན་གང་ཡང་མེད་པར་མཛེས་དཔྱོད་ལ་ལྟ་སྟངས་ཞིག་ལབ་ཡོང་དུས། བོང་ལུའི་མགོ་དབྱུག་པས་གཞུས་བའི་བཟོ་འདྲ་འདུག་ག