རྒྱ་ནག་གཞུང་ནས་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་དེ་དག་༸གོང་ས་མཆོག་གི་ངན་སྐུལ་བྱས་པ་རེད་ཅེས་དང་དེ་མིན་ཇུས་འགོད་བྱེད་ཀྱི་ཡོད་བརྗོད་བཞིན་ཡོན་ནའང་། བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་གཅིག་གིས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་ཚོར་ངན་སྐུལ་དང་དངུལ་རྩ་་བ་ནས་གནང་མེད་སྐོར་གསུངས་འདུག
དེ་ཡང་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་གསར་ལམ་ཁག་བོད་ནང་འགྲོ་བསྐྱོད་མི་ཆོག་པའི་དམ་བསྒྲགས་དང་བཀག་འགོག་ཤུགས་ཆེ་བྱེད་བཞིན་ཡོན་ནའང་། ཉེ་ལམ་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་བྷི་བྷི་སིའི་(BBC) གསར་འགོད་པ་ཌ་མེན་གྷ་རཱ་མཱ་ཌི་ཀ་སི་Damien Grammaticasལགས་བོད་ནང་བསྐྱོད་ཐུབ་པ་བྱུང་འདུག ལྷག་པར་ཁོང་གིས་དེང་སྐབས་རྒྱ་ནག་གཞུང་ཕྱོགས་ནས་ཡང་ནས་ཡང་དུ་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་བཞིན་པ་དེ་༸གོང་ས་མཆོག་གི་ངན་སྐུལ་གནང་གི་ཡོད་པ་མ་ཟད། རང་ལུས་མེར་སྲེག་གཏོང་མཁན་ཚོར་དངུལ་གནང་གི་ཡོད་སྐོར་གྱི་འཁྱོག་བཤད་བྱས་དང་བྱེད་བཞིན་འདུག དེའི་ཐད་དངོས་ཡོད་གནས་ཚུལ་གང་ཡིན་སྐོར་གོང་འཁོད་གསར་འགོད་པས་བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་གཅིག་དང་ལྷན་དངོས་སུ་ཐུག་སྟེ་བཅའ་འདྲི་ཞུས་པའི་ནང་ཁ་གསལ་གསུངས་འདུག སྐབས་དེར་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་གཅུང་པོ་ཞིག་གིས་བྷི་བྷི་སིའི་གསར་འགོད་པར་འགྲེལ་བརྗོད་གནང་གསལ། ཕྲུ་གུ་གཉིས་ཀྱི་པཱ་ལགས་ཡིན་པའི་ངའི་གཅེན་པོས་རང་ལུས་མེར་སྲེག་བཏང་སྟེ་རང་སྲོག་འདོར་དགོས་བྱུང་བ་རེད། འོན་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དངུལ་གནང་བ་དེ་འདྲ་རྩ་བ་ནས་མ་རེད། གཅེན་པོ་ཁོང་མི་ཡག་པོ་ཞིག་དང་མི་བསམ་བློ་མཐོང་མཁན་ཞིག་ཀྱང་རེད། ད་ཆ་བོད་མི་ང་ཚོ་འུ་ཐུག་གི་ཡོད། གྲོང་ཁྱེར་ནང་ལས་ཀ་འཚོལ་སྐབས་ང་ཚོ་བོད་མི་ཚོར་མཐོང་ཆུང་གཏོང་གི་རེད། ང་ཚོར་ག་དུས་ཡིན་ནའང་དབྱེ་འབྱེད་བྱེད་ཀྱི་རེད། ས་གནས་ལ་ལས་ཀའི་གོ་སྐབས་ཧ་ཅང་ཉུང་ཉུང་རེད། ཅེས་གསུངས་འདུག
བྷི་བྷི་སི་གསར་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ ཉིན་འདོན་སྤེལ་གནང་བའི་གསར་འགྱུར་ནང་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་གཞུང་གིས་ག་དུས་ཡིན་ནའང་བོད་ནང་གཞུང་ལམ་གསར་རྒྱག་དང་དཔལ་འབྱོར་ཡར་རྒྱས། དེ་བཞིན་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་ཡོད་སྐོར་བརྗོད་བཞིན་ཡོད་ནའང་། ས་གནས་བོད་མི་རྣམས་ནས་རྒྱ་ནག་གཞུང་ནས་སོ་སོའི་ཁེ་ཕན་ཁོ་ནར་དམིགས་ནས་བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་བ་དང། རང་འབྱུང་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་ལའང་སེམས་ཁྲལ་ཡོད་སྐོར་གསུངས་འདུག ཡང་ས་གནས་བུད་མེད་ཅིག་ལ་བཅའ་འདྲི་ཞུས་པའི་ནང་ཁོ་མོའི་ས་གནས་སུ་བོད་མི་ལྔའམ་དྲུག་གིས་རང་ལུས་མེར་སྲེག་བཏང་ཡོད་སྐོར་གྱི་གནས་ཚུལ་གསུངས་འདུག
༼བོད་ཡིག་གི་གནས་ཚུལ་འདྲེན་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས།༽
གནས་ཚུལ་རྒྱས་པ་སྦི་སྦི་སིའི་འབྲེལ་ཐག་འདི་ནས་གཟིགས། http://www.bbc.co.uk/news/world-asia-china-25195006
བདེན་པ་གཙོར་འཛིན་གྱི་རླབས་ཆེན་གསར་འགོད་པ་”སྒྲ་མན་”ཁོང་ལ་ཐུགས་རྗེ་ཆེ་ཞུ། ཁོང་དང་དངོས་ཡོད་བཅར་འདྲི་བྱེད་ཡུལ་བཅས་ལ་བར་ཆད་མི་འབྱུང་བར་སྨོན།
Damien Grammaticas ལགས་ལ་རྒྱ་ནག་གི་གཡོ་ཇུས་མཚང་རྟོལ་བྱེད་པའི་དཔའ་སྙིང་ཡོད་པ་ལ་གུས་སོ།
དཔའ་བོ་དེ་ལ་དགའ་སོང་། ང་ཚོ་དཀར་འདོན་གནང་བར་རེད། ཤེས་དགོས་ཡ།
ས་ཁྲའི་ནང་གི་མིང་འབྲི་སྟངས་དེ་རྒྱ་ནག་གི་འབྲི་སྟངས་འདྲ་པོ་འདུག
དབུས་གཙང་ལ་བོད་ཅེས་བྲིས་ཤིང་། མཚོ་སྔོན་དང་སི་ཁྲོན་བོད་མིན་པ་འདྲ་པོ་འདུག