ཁྲི་རལ་པ་ཅན།
དེང་སང་བོད་མིའི་སྤྱི་ཚོགས་ནང་སྦིར་གྲགས་ཆེ་ཤོས་ནི་ཡོ་རོབ་བྷེལ་ཇམ་རྒྱལ་ཁབ་ནང་བོད་མི་ཚོར་སྐྱབས་བཅོལ་སྤྲོད་རྒྱུ་གཞུང་གིས་ཕྱིར་འཐེན་དང་། བོད་མི་མང་པོ་ཅིག་གི་ཡིག་ཆ་ནག་པོར་ཆགས་བཞིན་པ་དེ་ཡིན་ལ། ད་ཆ་དེའི་གནད་དོན་སྐོར་ལ་བསམ་བློ་གཏོང་སྐབས། མི་ཕལ་ཆེར་གྱིས་གནད་འགག་གཙོ་བོ་གཉིས་ཀྱི་ཐད་ལན་པོ་ཡོད་པར་ཚོད་དཔག་གནང་གི་ཡོད།
གཅིག་ནི་གནས་ཚུལ་དེ་བྱུང་མ་ཐག་བོད་ཀྱི་བང་ཆེན་གསར་ཁང་གིས་གནས་ཚུལ་བཀོད་པ་ལྟར་ན། ༼༢༠༡༤ལོའི་ཕྱི་ཟླ་༡ ཚེས་༡༠ ཉིན་སྦེལ་རྗམ་བྷུ་རུ་ཧུ་ས་གནས་ནས་སྦེལ་རྗམ་གྱི་ཁྲིམས་རྩོད་པ་ཞིག་གིས་ཁྲིམས་རྩོད་པ་བྱེད་སའི་སྐྱབས་བཅོལ་མ་རག་མཁན་བོད་མི་༡༥ ཙམ་ཞིག་བསྡུ་བསྐོང་གིས། དེང་སྐབས་སྦེལ་རྗམ་དུ་བོད་མིར་སྐྱབས་བཅོལ་མི་རག་པའི་དཀའ་ངལ་སྐོར་འགྲེལ་བཤད་སྐབས། འདས་ལོའི་ནང་སྦེལ་རྗམ་དང་སུད་སའི་གཞུང་འབྲེལ་མི་སྣ་ཁག་ཅིག་རྒྱ་གར་སོགས་བོད་མིའི་སྤྱི་ཚོགས་སུ་གཟིགས་སྐོར་ལ་ཕྱིན་པ་དང་། རྡ་ས་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། བཀའ་བློན་རྒྱ་རི་སྒྲོལ་མ་བཅས་ལ་མཇལ་འཕྲད་གནང་འདུག སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེང་སྐབས་རྒྱ་གར་དུ་བོད་མི་ཚོར་དཀའ་ངལ་གང་ཡང་མེད་སྐོར་བརྗོད་འདུག་ཅེས་གསུངས་འདུག གཞན་ཡང་ཁྲིམས་རྩོད་པ་ཞིག་གིས་བོད་མི་ཚོར་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་RCསྤྲོད་བཞིན་ཡོད་པ་དེའི་སྐྱབས་བཅོལ་དང་པོ་རྒྱ་གར་ལ་ཞུས་པ་མཚོན་གྱི་ཡོད་པ་དང་། སྦེལ་རྗམ་རྒྱལ་ཁབ་ཀྱིས་སྐྱབས་བཅོལ་གཉིས་པ་ཞུ་མཁན་ཚོར་སྐྱབས་བཅོལ་སྤྲད་ཀྱི་མེད་སྐོར་བརྗོད་ཡོད་འདུག གང་ལྟར་དེང་སྐབས་སྦེལ་རྗམ་ནང་སྐྱབས་བཅོལ་ཞུས་ནས་སྣེ་ལེན་ཁང་དུ་ཡོད་པའི་བོད་མིའི་གྲངས་འབོར་༤༠༠ ཙམ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་པ་ལས།འདས་པའི་ཟླ་གཉིས་ཕྱེད་ཙམ་གྱི་ནང་ཁོ་ནར་ཡིག་ཆ་ནག་པོ་ཆགས་ཟིན་པ་སྟེ། སྐྱབས་བཅོལ་ཡིག་ཆ་མ་རག་པའི་མི་གྲངས་༤༠ བརྒལ་ཟིན་ཡོད་པའི་གནས་ཚུལ་འདུག༽ཅེས་གནས་ཚུལ་དེ་གསལ་སྟོན་བྱས་ཡོད་ཅིང་། དེ་འབྲེལ་གྱིས་སྤྱི་ཚོགས་ནང་བདེན་རྫུན་མ་ངེས་པའི་དཀྲོག་གཏམ་སྣ་ཚོགས་ཤིག་ཁྱབ་སོང་བས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལྷན་རྒྱས་ནས་ཀྱང་དེའི་སྐོར་ལ་གོ་བསྡུར་ལྷན་འཛོམས་གནང་ཡོད་པའི་གནས་ཚུལ་བྱུང་ཡོད།
གཉིས་སུ། ད་ཆ་བྷལ་ཟིལ་སྐུ་ཚབ་དོན་གཅོད་པ་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་བྷེལ་ཇམ་བོད་མི་ཚོར་བཀའ་སློབ་ཅིག་ཕེབས་པ། བོད་ཀྱི་དུས་བབ་དྲ་བར་བཀོད་པ་གཞིར་བཟུང་ན། ༼སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཉེ་ཆར་སྤེལ་ལྗམ་དུ་བོད་མི་མང་བོ་ཞིག་གི་ཡིག་ཆ་ནག་པོ་ཆགས་པ་ནི་སྒྲིག་འཛུགས་ཀྱི་མགོ་ཁྲིད་རེ་ཟུང་གིས་སྐད་ཆ་བཤད་སྟངས་མ་འགྲིག་པའི་དབང་གིས་ཡིན་ཚུལ་དཀྲོག་གཏམ་ཞིག་ཁྱབ་ཀྱིན་ཡོད་པའི་སྐོར་ལ་གསལ་བཤད་གནང་དོན། ༢༠༡༣ལོའི་ཟླ་༣ པའི་ཚེས་༦ ཉིན་ལ་སིད་སུ་དང་སྤེལ་ལྗམ་གཞུང་གི་སྐྱབས་བཅོལ་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་དང་བལ་ཡུལ་དུ་བསྐྱོད་ཡོད་པ་དང་། ཁོང་ཚོས་ལྡི་ལི་ནས་སྐུ་ཚབ་དོན་གཅོད་ཁང་དང་བདེ་དོན་ལས་ཁུངས། སྣེ་ལེན་ཁང་། བོད་ཀྱི་སྲིད་བྱུས་ཁང་། མདུན་ལམ་ལམ་སྟོན་ཚོགས་པ། བོད་ཀྱི་ཚོང་དོན་ཚོགས་པ། ད་དུང་རྒྱ་གར་གྱི་མཁས་པ་དང་བོད་མི་སྒེར་བ་ཁག་ཅིག་བཅས་ལ་ཐུག་འཕྲད་གནང་ཡོད་འདུག ངྷ་རམ་ས་ལའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད། དགུ་བཅུ་གསུམ། བོད་རང་བཙན་སློབ་ཕྲུག་ཚོགས་པ། སྒྲོལ་མ་གླིང་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་དང་བདེ་སྲུང་། འཕྲོད་བསྟེན། སྤྱི་འཐུས་ལྷན་ཁང་། སྣེ་ལེན་ཁང་བཅས་ལ་གཟིགས་སྐོར་གནང་ཡོད་འདུག དེ་བཞིན་ངྷ་རམ་ས་ལའི་SPལའང་ཐུག་འཕྲད་གནང་ཡོད་པ་དང་། དེའི་རྗེས་ཁོང་ཚོ་བལ་ཡུལ་དུ་བསྐྱོད་དེ་བོད་མིའི་ཚོགས་པ་ཁག་ལ་གཟིགས་སྐོར་གནང་སྟེ། སྤྱི་ཡོངས་ཀྱི་ཆ་ནས་བལ་ཡུལ་ལས་རྒྱ་གར་ནང་གནས་སྡོད་བོད་མི་ཚོའི་གནས་སྟངས་ཡག་པོ་ཡོད་པ་དང་། ས་གནས་ཁ་ཤས་སུ་རྒྱ་གར་ཡུལ་མི་ལས་བོད་མིའི་གནས་སྟངས་ཡག་པ། བོད་མི་ཚོས་རྒྱ་གར་ཡུལ་མི་གཡོག་ཏུ་བཀོལ་བའི་གནས་སྟངས་སོགས་གཟིགས་ཡོད་འདུག༽ཅེས་འཁོད་པར་ལྟོས་ན།
གསར་འགྱུར་དང་པོ་དེས་ཡིག་ཆ་ནག་པོ་ཆགས་རྐྱེན་ནི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཁ་ཤས་ཀྱིས་བྱས་ཉེས་ཡིན་པར་ཚོད་དཔག་བཀོད་ཡོད་པ་དང་། གསར་འགྱུར་གཉིས་པ་དེས་གནས་ཚུལ་དེ་བྱུང་རྐྱེན་བཙན་བྱོལ་འགོ་ཁྲིད་ཚོ་མིན་པར་དག་འབུད་གསལ་བཤད་བྱས་པ་མ་ཟད། ཡང་བོད་ཀྱི་དུས་བབ་གསར་ཤོག་ནང་དུ།༼དོན་གཅོད་མཆོག་གིས་སྤེལ་ལྗམ་གཞུང་གིས་སྐྱབས་བཅོལ་བའི་ཐོག་སྲིད་ཇུས་དམ་དུ་ཕྱིན་པའི་རྒྱུ་རྐྱེན་སྐོར་གསུངས་དོན། སྤེལ་ལྗམ་གཞུང་གིས་སྐྱབས་བཅོལ་ལ་འཛིན་པའི་སྲིད་ཇུས་ནི་ཁ་སང་བྱ་ཉལ་བསྡད་ཡོད་སར་དེ་རིང་བྱ་ཉལ་བསྡད་མེད་པ་་འགྱུར་བ་ཕྱིན་ཡོད་ལ། ད་ལྟའི་སྐྱབས་བཅོལ་འགན་འཛིན་ལྕམ་ Maggie De Block ཚོགས་པ་ཡིས་སྐྱབས་བཅོལ་ཐད་དམ་དྲག་སྲིད་ཇུས་བཟུང་སྟེ་སྤེལ་ལྗམ་གཞུང་ལ་ཁེ་ཕན་བསྐྲུན་ཡོད་སྟབས། སྤེལ་ལྗམ་མི་མང་ཁྲོད་ཁོ་མོ་ལ་རྒྱབ་སྐྱོར་གྱི་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་མ་ཟད། ཁོ་མོ་མ་འོངས་བར་སྲིད་འཛིན་ཆགས་སྲིད་པའང་བརྗོད་ཀྱི་ཡོད་ལ། ཕྱི་ཟླ་༣ པའི་ནང་སྤེལ་ལྗམ་གྱི་འོས་བསྡུའི་སྐབས་ཁོ་མོའི་ཚོགས་པ་ལ་རྒྱབ་སྐྱོར་འཐོབ་ཆེད་སྐྱབས་བཅོལ་ཐད་དམ་དྲག་གི་སྲིད་ཇུས་བཟུང་པ་ཡིན་སྲིད་ལ། འོས་ཤོག་རྗེས་སྲིད་ཇུས་ལ་འགྱུར་བ་འགྲོ་མི་སྲིད་པ་མ་རེད་བསམ་གྱི་འདུག༽ ཅེས་གནས་ཚུལ་ཡོང་རྐྱེན་གཞན་ཅིག་ཡིན་པར་ཚོད་དཔག་བྱས་ཏེ་ཁ་ཕྱོགས་བསྒྱུར་ཡོད།
འོན་ཀྱང་། བྷེལ་ཇམ་གཞུང་ལ་སྐྱབས་བཅོལ་བ་དང་ལེན་ཚོད་བཟུང་གི་སྲིད་ཇུས་ཤིག་ཆབ་སྲིད་དགོས་མཁོའི་ཆེད་ཡོད་ཚེ། སིད་སུ་དང་བྷེལ་ཇམ་གཞུང་མཉམ་འབྲེལ་སྐུ་ཚབ་ཚོགས་ཆུང་གིས་དོ་གལ་ཆེན་པོ་བྱས་ཏེ། རྒྱ་གར་དང་བལ་ཡུལ་ནང་ཞིབ་འཇུག་ཅིའི་ཕྱིར་བྱེད་དགོས་པ་རེད་དམ།
དོགས་པ་གཞན་ཅིག་ནི་རྒྱལ་ཁབ་དེ་གཉིས་ཀྱི་སྐུ་ཚབ་རྣམ་པ་༼ལྡི་ལི་ནས་སྐུ་ཚབ་དོན་གཅོད་ཁང་དང་བདེ་དོན་ལས་ཁུངས། སྣེ་ལེན་ཁང་། བོད་ཀྱི་སྲིད་བྱུས་ཁང་། མདུན་ལམ་ལམ་སྟོན་ཚོགས་པ། བོད་ཀྱི་ཚོང་དོན་ཚོགས་པ། ད་དུང་རྒྱ་གར་གྱི་མཁས་པ་དང་བོད་མི་སྒེར་བ་ཁག་ཅིག་བཅས་ལ་ཐུག་འཕྲད་གནང་ཡོད་འདུག ངྷ་རམ་ས་ལའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད། དགུ་བཅུ་གསུམ། བོད་རང་བཙན་སློབ་ཕྲུག་ཚོགས་པ། སྒྲོལ་མ་གླིང་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་དང་བདེ་སྲུང་། འཕྲོད་བསྟེན།སྤྱི་འཐུས་ལྷན་ཁང་། སྣེ་ལེན་ཁང་བཅས་ལ་གཟིགས་སྐོར་གནང་ཡོད་པ་དང་། དེ་བཞིན་ངྷ་རམ་ས་ལའི་SPལའང་ཐུག་འཕྲད་གནང་༽སྟེ་སྲིད་ཇུས་དེ་འདྲ་ཅིག་འདོན་དགོས་དོན་གང་ཡིན་ནམ།
གནས་ཚུལ་འདིའི་ནང་ཕྱི་གསལ་ནང་གསལ་མིན་པའི་བྱུང་བ་དེ་འདྲ་མེད་མི་སྲིད་པ་མ་རེད། རྒྱ་གར་དང་བལ་ཡུལ་གང་དུའང་གསར་འབྱོར་དང་གཞིས་ཆགས་བར་སྔ་མོ་དཔལ་འབྱོར་དང་མཐུན་རྐྱེན་གྱི་ཁྱད་པར་ཆེན་པོ་ཡོད་ལ། གཞུང་གིས་ལྟ་སྐྱོང་གི་ཆ་ནས་ཀྱང་ཁྱད་པར་ཆེན་པོ་ཡོད། གཞིས་ཆགས་ཁག་ནང་ལམ་ཁ་དང་ཁང་པ། ཆུ་དང་གློག་ནས་འཕྲོད་བསྟེན་ལྟ་སྐྱོང་དང་ཤེས་ཡོན། ཞིང་ཁ་དང་ས་ཆ། ཚོང་ལས་བྱེད་པར་སྒོར་མོ་གཞུང་གིས་གཡར་པ། ཐ་ན་མྱོས་རྫས་སྔོན་འགོག་དང་གླང་ཆེན་འགོག་རྒྱུ་ཚུན་ལ། བོད་གཞུང་གིས་ལོ་རེ་བཞིན་དུ་སྔོན་རྩིས་ནང་ཧིན་སྒོར་འབུམ་སྟོང་ཕྲག་མང་པོ་གཏོང་གི་ཡོད་པ་དང་།ཕྱི་རྒྱལ་དུའང་གཞུང་འབྲེལ་གྱིས་མང་པོ་གཏོང་གི་ཡོད་ནའང་། གསར་འབྱོར་ཚོར་ཉི་མ་ཁ་ཤས་བསྡད་སའི་སྣེ་ལེན་ཁང་རྫིག་པོ་ཅིག་ཡོད་པ་མ་གཏོགས། རྟེན་ས་ཆགས་ས་དང་རོགས་སྐྱོར་སོགས་ཅི་གང་མེད་པ་དངོས་ཡོད་དང་མཐོང་ཆོས་ཡིན་པས། མང་ཤོས་ཀྱིས་དགའ་ཉེའི་རྩ་ནས་སྒོར་མོ་གཡར་ཏེ་ཡོ་རོབ་ནང་དུ་སྐྱབས་བཅོལ་གཉིས་པར་འགྲོ་གི་ཡོད།༼གཞིས་ཆགས་མང་ཤོས་ཨ་རི་དང་ཁ་ན་སྒྲའི་ནང་འགྲོ་གི་ཡོད༽
གང་ལྟར། བར་སྐབས་ནས་བོད་ནས་ཡོང་མཁན་མང་པོ་རྒྱ་གར་ནང་མི་སྡོད་པར། ལམ་སེང་ཡོ་རོབ་ནང་ཐོད་བརྒལ་གྱིས་མཆོངས་ཏེ་རྒྱ་གར་འདི་སྐབས་འཕྲལ་གྱི་འབབ་ཚིགས་ཙམ་བྱེད་བཞིན་པར། རང་གཞུང་གནད་ཡོད་མི་སྣ་དང་རྙིང་འབྱོར་བོད་མི་མང་པོ་ཐུགས་དགྱེས་ཀི་མེད་པའི་རྣམ་འགྱུར་དང་བཀའ་མོལ་མང་པོ་ཡང་འཐོན་སོང་བ་དང་། རྒྱ་གར་ཡུལ་མི་མང་པོའང་ཁྲ་ཁྲ་ཟིང་ཟིང་གི་བོད་མིའི་ཕྱི་རྣམ་པར་ལྟོས་ཏེ་ཐུགས་མི་དགྱེས་པའི་བཀའ་མོལ་མང་པོ་ཅིག་བར་ལམ་ནས་གསར་ཤོག་ཁ་ཤས་ནང་མཐོང་སོང་སྟབས། སྣང་ཚུལ་མང་པོ་ཅིག་གིས་ཐག་གཅོད་འདི་ནི་སིད་སི་དང་བྷེལ་ཇམ་གཞུང་གཉིས་ནས་གང་འཚམས་ཐག་གཅོད་བྱས་པ་ཅིག་ཨེ་ཡིན་ནམ།
བྷེལ་ཇམ་གྱིས་འོས་བསྡུ་སོགས་ཀྱི་ཆེད་སྲིད་ཇུས་དེ་འདྲ་བཏོན་པར་ཆ་ཞོག དེས་ན་སིད་སུ་གཞུང་གིས་ཀྱང་དེ་འདྲ་གནང་དོན་གང་ཡིན་ནམ།
གང་ལྟར་ཀྱང་གསར་འབྱོར་མང་པོ་ཅིག་གི་ལྟོ་གོས་དང་མི་ཚེ་ལ་འབྲེལ་ཡོད་གནས་ཚུལ་འདིར། བོད་གཞུང་གིས་ངེས་པར་ཞིབ་འཇུག་གཏིང་ཟབ་ཀྱིས་ཐག་གཅོད་ཡག་པོ་བྱས་ཏེ་དཀའ་ངལ་སེལ་ཐབས་བྱེད་དགོས་པ་མ་གཏོགས། ལམ་ཁ་དེ་འགག་ན་གསར་འབྱོར་མང་པོ་ཅིག་རྒྱ་གར་ནང་ལྷག་ཚེ། རང་གཞུང་ལ་དཀའ་རྙོག་སྔར་ལས་སྡུག་པོ་འཕྲད་ངེས་ཅན་ཡིན་པ་རེད་སྙམ།
བདེན་བདེན་འདྲ་ཞིག་འདུག། མ་གཞི་གཞིས་ཆགས་དེ་ཚོ་ཡང་ཁང་པ་དང་ས་ཞིིང་སོགས་གཡུགས་ནས་ནུབ་ཕྱོགས་སུ་གསར་འབྱོར་གྱི་སྔོན་སྔོན་སྔོན་ལ་ཐོན་འགྲོ་མཁན་ཉུང་ཉུང་གཏན་ནས་རེད་མི་འདུག་ག། ད་དུང་ནུབ་ཕྱོགས་སུ་སླེབས་ནས་གསར་འབྱོར་བའི་མིང་མ་བསྐུལ་དང་བླངས་ཀྱི་འཁུར་བཞིན་གསར་འབྱོར་ངོ་མ་ཚོར་བོད་ཇ་ཡིན་ན་ཅིག་གི་མིང་བཏགས་འདུག་ག། ཁོ་རང་ཚོར་ཇ་མངར་མོ་ཡིན་ན་ན་ཅིག་ཟེར་གྱིན་འདུག། རྒྱ་གར་ནང་གསར་འབྱོར་ཞེས་མི་གྲལ་ལ་མི་བརྩི་བ་དེ་བཙན་བྱོལ་གྱི་རྙིང་འབྱོར་ཚོའི་རང་གཤིས་ངན་པ་དེ་རེད་ལ་སྔ་ཕྱི་ཙམ་མ་གཏོག་ལུང་པ་མེད་པའི་ཡུལ་བགྱར་གཅིག་པ་མ་རེད་པས། གང་ལྟར་གཞུང་སྒེར་སུས་ཀྱང་བོད་ནས་གསར་དུ་འབྱོར་བ་ཚོར་མཐོོང་ཆུང་དང་སྣང་ཆུང་མི་མཛད་རྒྱུའི་རེ་བས་གཏད་ཡོད།
རྒྱ་གར་ནང་བོད་པར་RC སྤྲོད་པ་དེར། སྐྱབས་བཅོལ་ལག་འཁྱེར་མཚོན་་གྱི་མེད། དེ་ནི་ལོ་མཐོ་འགོད་ལག་འཁྱེར་ཙམ་ཡིན། དབྱིན་སྐད་དུ་registration certificate ཟེར། འདི་refugee certificate མ་རེད། རྒྱ་གར་ནང་སྤྱི་ཡོངས་ཀྱི་བོད་པར་དཀའ་ངལ་འཁྲད་ཀྱི་མེད་པ་གསལ་པོ་རེད། དོ་བདག་སོ་སོས་སྐྱབས་བཅོལ་ཞུ་དུས་སོ་སོ་རང་ཉིད་་ཆབ་སྲིད་ཀྱི་དཀའ་ངལ་འཁྲད་་ཚུལ་ཞུ་དགོས་རེད་མ་གཏོགས། རྒྱ་གར་ལྟ་བུར་རྒྱལ་ཁབ་དེར་དཀའ་ངལ་ཡོད་ཚུལ་བཤད་ན་རྫུན་མ་ཆགས་འགྲོ་གི་རེད། གང་ཡིན་་ཞེ་ན་༧ གོང་ས་མཆོག་དབུས་པའི་བོད་མི་སྒྲིག་འཛུགས་དང་བོད་མི་འབུམ་གཅིག་ལས་ལྷག་གྱི་་ཆོད་དད་རང་དབང་དང་། ཆབ་སྲིད་ཀྱི་ལས་འགུལ། ཤེས་ཡོན་སློབ་སྦྱོང་། ཚོང་ལས་་སོགས་གང་ཅིའི་ཐད་རང་དབང་གི་ཐོག་ལག་ལེན་བསྟར་བཞིན་པ་རེད། ་ཡུ་རོབ་ཁུལ་དུ་སྐྱབས་བཅོལ་ཡོང་མཁན་མི་རིགས་འདྲ་མིན་་ཇེ་མང་ལ་བརྟེན་སྐྱབས་བཅོལ་ཞུ་མཁན་དམ་དུ་འགྲོ་བཞིན་པ་རེད། དེ་བཞིན་དུ་ཨ་རི་དང་ཁེ་ན་ཌ་སོགས་སུ་མ་འོངས་པར་དམ་དུ་འགྲོ་མི་སྲིད་པ་མ་རེད། འདིའི་མ་ཉེས་ཁ་གཡོག་བོད་མིའི་སྒྲིག་འཛུགས་དང་ལས་བྱེད་ལ་བཀལ་མི་རུང་།
ངོ་མ་དཀའ་ངལ་དེ་འདྲ་ཡོད་ན་དྲ་ཐོག་རྩད་རྙོག་ལས་བཀའ་ཁྲི་དང་སྲིད་སྐྱོང་སོགས་ལ་ཞུས་ན་བཟང་ངོ་སྙམ།
འདི་བོད་པ་བཙན་བྱོལ་བ་ཚང་མའི་དཀའ་ངལ་རེད། དོན་དག་རྡོག་རྡོག་དེ་བེལ་ཇམ་བོད་མི་དེ་དག་ཕྱིར་རྒྱ་གར་དུ་མི་ཕུད་རྒྱུར་ཐབས་ཤེས་དང་རིག་པ་འདོན་དགོས།
དེ་བས་ན་ངེད་ཅག་གི་གནད་དོན་འདི་ལས་འཕྲོས་ནས་བོད་ཇ་དང་མངར་ཇ་མི་གླེང་ལ། རྡ་སའི་སྒྲིག་འཛུག་ལའང་མི་འཁང་། བེལ་སུད་ཀྱི་སྐུ་ཚབ་དག་རྒྱ་གར་ས་ཐོག་ལ་ཡོད་པའི་བོད་པའི་ལས་བྱེད་དག་ལ་རྒྱ་གར་བོད་མིའི་གནས་སྟངས་དྲི་དུས་ཧ་ཅང་གི་ཛ་དྲག་ཡོད་ཅེས་གཏན་ནས་བརྗོད་ཐབས་བྲལ་བ་ཡིན། གཅིག་ནས་སྲོག་ལ་ཐུག་པའི་ཉེན་ཁ་གང་ཡང་མེད་ལ། གཉིས་ནས་རང་གིས་འཇོན་ན་མི་ཚེ་ལས་ཕྱིད་ཐབས་སྣ་མང་དང་གོ་སྐབས་གང་ལེགས་ཡོད། ཕྱོགས་གཞན་ཞིག་ནས་བོད་པའི་ཕ་ཡུལ་གཉིས་པ་འདིར་མི་ལོ་ ༥༠ བརྒལ་བར་རྒྱ་གར་གཞུང་དམངས་ཀྱི་བཀའ་དྲིན་གྱིས་འཚོ་བཞིན་དུ་འདི་ན་མེད་རབས་དང་མུག་རབས་བཤད་ན་འགྲིག་གམ། སྤྱིར་ནས་བེལ་ཇམ་སོགས་ཕྱི་རྒྱལ་དག་གིས་བོད་མི་མང་པོར་སྐྱབས་བཅོལ་གནང་བར་བཀའ་དྲིན་དྲན་ཤེས་ཐོགས་ཞུ་འབོད་རེ་བསྐུལ་ལས་བདེན་ཡུས་བརྗོད་ས་གཏན་ནས་མེད། བོང་བུ་བསླང་པས་ཡག་བྱུང་ཟེར་རྒྱུ་མེད་པར། གཞུག་གུ་བཀོག་པའི་ཡ་ལ། ཟེར་བ་འདྲ་པོ་གནང་རྒྱུ་མེད། དེས་ན་མ་རྩོམ་གྱི་ཁ་བྱང་་་“ བྷེལ་ཇམ་གྱི་བོད་མི་ཚོ་སུས་བཙོང་པ་རེད་དམ། ” ཟེར་བ་ནི་འདྲེ་ཤར་དུ་གནས་པ་ལ། གླུད་ནུབ་ནས་གཡུག་པ་དང་འདྲ་འདུག
ཡཡཡ་་་བོད་གཞུང་ཡང་མེད་པར་བྱས། སྔར་ཟམ་གདོང་ཁྲི་ཟུར་གྱིས་གསར་འབྱོར་བ་རྣམས་ལ་R.Cབཟོ་མི་ཐུབ་པ་དང་། ཕྱི་རྒྱལ་དུ་བཀག ད་ཡང་ཚོགས་གཙོ་དང་། རྒྱ་སྒྲོལ་གཉིས་ཀྱིས་གསར་འབྱོར་བ་རྣམས་འགྲོ་ས་དང་། འདུག་ས་གང་ཡང་བྱས། ད་ནི་རྒྱ་གཞུང་ལས་ནུས་མཐུ་ཆེ་བ། ད་ནི་བཙོན་བྱོལ་ཚོགས་པ་ལ་ཡིད་ཐང་ཆད།
སྦེལ་ཇམ་དུ་སོ་སོར་ཡིག་ཆ་མ་རག་པའི་ཉེར་ལེན་གྱིས་ངན་ཁག་མཐའ་གཅིག་ཏུ་་བོད་གཞུང་གི་མགོ་ཁྲིད་སྤྱི་དང་བྱེ་བྲག་ཚོགས་གཙོར་སྐྱོན་བརྗོད་བྱེད་པ་དེ་ལས་འབྲས་དང་བཟང་སྤྱོད་གཉིས་ཐད་ནས་འགྲིག་གི་མེད།
་་་་་སྤེན་པ་ཚེ་རིང་དེས་སྦེལ་འཇམ་བོད་པར་ནག་པོ་བཟོས་པ་དེ་ནམ་ཡང་རྗེད་ཐབ་བྲལ་བ་རེད། ང་ཚོ་སུ་ལ་ཡིད་ཆས་དགོས་སམ་?????? ལོ་ན་༡༥ ནས་བོད་གཞུངས་ལ་ཡིད་ཆས་དང་རང་བཙན་བསམ་ནས་ཕ་མ་ཁ་བྲལ་ནས་ཡོང་བ་ཡིན་། ད་ཡིན་ན་འཕགས་པ་དཀོན་མཆོག་གསུམ།
ཤར་པ་མགོ་སྟོང་ལ་ག་རེ་འགྲིག་མ་སོང་།
ཨོ་ཡ་་་ད་འདིའི་སྐོར་ལ་ངས་ཚིག་ཁ་ཤས་ཤིག་བཤད། མཛོ་རྒན་ཁུར་ཤུགས་མེད་ནའང་རྫིའུ་ཡི་ལོ་རྒྱུས་ཅེས་པའི་དཔེར་ལྟར་་་ང་ལ་ཉམས་མྱོང་ཏོག་ཙམ་ཡོད་པ་ལས་མཁས་དབང་བློ་སེང་ལྟ་བུའི་རྒྱལ་སྤྱིའི་ཁྲིམས་ལུགས་རབ་འབྱམས་པ་དེ་འདྲ་མིན།
༡་་་གནད་གལ་ཆེ་ཤོས་་་རྒྱལ་ཁབ་ཤིག་གི་ནང་དུ་སྐྱབས་བཅོལ་ཞུས་ཟིན་པའི་མི་ཞིག་ཡིན་ན་ཡུང་རོབ་རྒྱལ་ཁབ་ཁག་གི་སྐྱབས་བཅོལ་གཉིས་པ་ཞིག་མི་སྤྲོད་པའི་ཁྲིམས་ལུགས་ཡོད།
༢་་་རྒྱ་གར་ལུང་པའི་ནང་དུ་བསྡད་མྱོང་བའི་ཁྲིམས་ཐོག་གི་བོད་མི་སྐྱབས་བཅོལ་བ་ཞིག་ཡིན་ན་ཡུལ་རོབ་རྒྱལ་ཁབ་ཁག་གི་སྐྱབས་བཅོལ་སྤྲོད་ཀིན་མ་རེད།
༣་་་རྒྱ་གར་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནང་དུ་༡༩༨༠་་གྲངས་ནས་རྒྱ་གར་བས་རྒྱལ་ཁབ་གཞན་གྱི་མི་སྐྱབས་བཅོལ་ལེན་གྱི་མེད་པ་རེད། སྐད་ཆ་འདི་ཡོངས་ཁུངས་་་སུད་སི་བའི་ཁྲིམས་རྩོད་པ་ཞིག་གི་རྩ་ནས་ཡིན།
༤་་་བོད་མི་ཚོའི་བསམ་པར་རྒྱ་གར་ལུང་པའི་ནང་དུ་བསླེབས་པ་ཚང་མ་སྐྱབས་བཅོལ་བ་ཡིན་བསམས་ནའང་ཁྲིམས་ལུགས་ཀྱི་ཐོག་གི་སྐྱབས་བཅོལ་བ་ཆགས་མེད། འདིར་ཤེས་དགོས། རྡ་སའི་གསང་ལམ་ནང་གི་གསར་འབྱོར་བ་རྣམས་ཁྲིམས་ཐོག་གི་སྐྱབས་བཅོལ་བ་ཆགས་མེད་པར་འདོད།
༥་་་བྷེ་རྗམ་རྒྱལ་ཁབ་ཀྱི་སྐྱབས་བཅོལ་ལས་ཁུངས་ལ་་་་་རྒྱ་གར་བས་བོད་མི་གསར་འབྱོར་བ་དང་༡༩༨༠་གྲངས་ཀྱི་རྗེས་སུ་སྐྱེས་པའི་གཞི་ཆགས་ཀྱི་ན་གཞོན་རྣམས་ལ་སྐྱབས་བཅོལ་ཐོབ་ཐང་སྤྲོད་ཀྱི་མེད་པར་ར་སྤྲོད་བྱེད་དགོས་རེད།
༦་་་གཞི་ཆགས་ཁག་གི་བོད་མི་རྒན་པ་རྣམས་ལ་རྒྱ་གར་བའི་ས་ཆ་ཞིང་ཁ་སོགས་ཀྱི་ཐོབ་ཐང་སྤྲད་ཡོད་ཀྱང་རྗེས་སུ་སྐྱེས་པའི་བུ་ཕྲུ་ཚོ་ལ་ཐོབ་ཐང་གང་ཡང་སྤྲད་མེད། འདི་ཡང་གནད་འགག་ཞིག་ཡིན།
༧་་་བྷེ་རྗམ་བོད་མི་ཚོས་ཁྲིམས་ཀྱི་མདུན་སར་རྩོད་ནས་སྐྱབས་བཅོལ་བའི་ཐོབ་ཐང་རེག་ཐུབ་པ་བྱ་དགོས། ཐུབ་ཡང་ཐུབ་ངེས་ཡིན་གྱི་རེད་འདོད། མ་ཐུབ་ན་་་ཞབས་འདྲེན་རེད། ལུང་པ་དགྲ་ལ་ཤོར་ཡོད་པའི་བོད་མི་རིགས་ཤིག་གི་མི་ལ་སྐྱབས་བཅོལ་བའི་ཐོབ་ཐང་རེག་ཐུབ་པའི་ཁྲིམས་རྩོད་མ་ཐུབ་ན་་་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་རྒྱལ་སྤྱིའི་ནང་ཐོབ་ཐང་རྩོད་མི་ཐུབ་པར་དོན་གྱི་གྲུབ།
༨་་་ངས་བསམ་ཚུལ་བྱས་ན་སྐྱོན་གི་མ་རེད་འདོད། སྔོན་མ་་་༢༠༠༢་ལོར་སུད་སི་ལ་ཡང་སྐྱབས་བཅོལ་བའི་ཐོབ་ཐང་མ་སྤྲད་པའི་དཀའ་ངལ་ཆེན་པོ་བྱུང་། སྐབས་དེ་དུས་་་ས་གནས་སུད་སི་ཡོད་པའི་དོན་གཅོད་ཁང་དང་། བོད་རིགས་ཚོགས་པ། གཞོན་ནུ་དང་དབུ་མེད། མདོ་སྟོད་སྨད་དབུས་གཙང་ཆོལ་ཁ་བཅས་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་ཁྲིམས་རྩོད་ནས་བོད་མི་ཡོངས་སྐྱབས་བཅོལ་ཐོབ་ཐང་རེག་སོང་བ་རེད། བྱ་བ་གང་ཞིག་སྒྲུབ་སྐབས་རྡོག་རྩ་གཅིག་སྒྲིལ་གལ་ཆེན་རེད།
༩་་་་དེ་རིང་ངས་འདི་ནས་སུད་སི་བོད་མི་སྐྱབས་བཅོལ་བ་གསར་པ་རྣམས་ལ་རོགས་རམ་བྱས་མཁན་གྱི་ཚོགས་པ་དང་མི་སྒེར་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཅོ་རི་ཉི་མའི་སྐད་ཆ་ལ་སྐར་གྲངས་བཅུ་ཡོད། ལག་བརྡབ་ཡོད། མཐེ་བོང་ཡང་ཀེར་ཡོད།
སྔགས་པ་ཡིན་ཟེར་མཁན་དེ་ཚོ་ལའང་ཞིབ་འཇུག་དགོས་ས་རེད།སྟུ་ལ་སྦྱོར་བ་གྱིས་སྔགས་པ་ཡོང་ས་མ་རེད། ཁ་ཡིས་བསླབ་པ་སྲོག་ལྟར་གཅེས་དགོས་ཟེར་ནས་རང་གི་བསླབ་སྡོམ་ལ་ཇི་མི་སྙམས་པར་མཆིལ་མ་བཞིན་དུ་དོར་མཁན་དེ་ཚོ་ལའང་ཞིབ་འཇུག་དགོས་པ་འདུག མར་གྱུར་སེམས་ཅན་ཐམས་ཅད་ལ་གཞན་ཕན་ལྷག་བསམ་དང་ནང་པའི་ཆོས་ཀྱི་སྙིང་པོ་གཞན་ལ་གནོད་འཚེ་སྤོང
དགོས་རབས་ཁས་བཤད་ལག་གིས་བྲིས་ནས་་་རང་ཉིད་ཀྱི་ཁ་ནས་དད་ལྡན་སྟོང་ཕྲག་མང་པོའི་སྐྱབས་ཡུལ་ལ་ཇི་མི་སེམས་པར་མི་སྨྲ་དགུ་སྨྲ་བརྗོད་སྟེ་རང་ལྟར་ཆགས་གཞན་ལྟར་སྡང་བའི་རྨོངས་པ་མགོ་འཐོམས་་་ཁ་བཤད་ལག་ལེན་མི་མཚུངས་པ་གཞན་ལ་བསླབ་བྱ་དང་གདམས་པ་ཤོད་མཁན་དེ་ཚོར་ཞིབ་འཇུག་མཐིལ་ཕྱིན་དགོས་པ་འདུག
བྷེལ་ཇམ་བོད་མི་ཚོའི་དཀའ་ངལ་འདི་མྱི་བུ་ཀླད་མེད་ཁ་ཤས་ཤིག་གིས་ཆོད་ཡོད་ཆོད་མེད་བཤད་ནས་འགྲིག་འགྲོ་བ་ཞིག་མ་རེད། འདི་ལ་གནད་དོན་མང་པོ་ཡོད།
1986ཡིན་བསམ་སོང་། གང་ལྟར་དུས་དེའི་ཚུན་ཆད་དུ་ཡོང་བའི་བོད་མི་བཙན་བྱོལ་བ་ལ་རྒྱ་གར་གཞུང་གིས་སྐྱབས་བཅོལ་བའི་ཐོབ་ཐང་གི་ཁྲིམས་ཡིག་ན་གཅིག་ལ་སྤྲད་མེད། རྒྱུ་མཚན་དེས་གསར་འབྱོར་བ་ཚོ་སྐྱབས་བཅོལ་གཉིས་བ་ལེན་པའི་སྐབས་འཚོལ་བར་ནམ་ཡང་ཁྲིམས་ཐོག་ནས་མི་ཆགས།
1986ལོ་ནས་ཚུན་བསླེབས་པའི་བོད་མི་ཚོ། བླ་མར་ཕྱག་མཇལ་དང་ནང་པའི་གནས་ཆེན་ཁོག་ལ་སྐྱོད་ཆོག་ཙམ་གྱི་གྲོས་མོལ་བོད་གཞུང་དང་བར་བཞག་ཡོད་པ་ཙམ་རེད། གོ་སྐབས་དེ་སྐྱེད་ནས་བཙན་བྱོལ་གཞུང་གིས་ཡང་རང་གི་སྲིད་ཇུས་དང་འཐབ་རྩོད་འདི་བོད་མི་གནས་སྐོར་བ་ཚོའི་ལུས་ངག་ཡིད་གསུམ་དུ་འཇོག་ཐུབ་ན་བསམ་ནས། སློབ་ཉེར་གྱི་ལོ་ཟླ་བཞི་ལྔ་རེ་སྤྲོད་བཞིན་པ་རེད། ཡིན་ན་ཡང་། རྒྱ་གར་གྱི་ཡུལ་ཁྲིམས་ལ་ང་ཚོ་གནས་དེ་ན་སྐྱབས་ཐོབ་ཡོད་པའི་དུས་ཆ་སྐར་མ་གང་ཡང་མེད།
Rcཡོད་ན་ཡང་། དེ་ནི། སྤྱིར་ན་གསར་འབྱོར་ལ་མི་རག་པ་དང་། རག་པའི་དཔང་དུ་བཏང་ན་ཡང་། ཕ་མ་རྫུན་མ། སྐྱེ་ས་སྐྱེ་ཡུལ་བརྫུན་མ། སྐྱེ་ཚེ་སྐྱེ་དུས་བརྫུན་མ། ད་དུང་དེའི་སྒང་ལ། ཧིན་སྒོར་འབོར་ཆེན་གྱིས་འོག་མ་བཙང་དགོས་བ། ཁྲིམས་དང་མི་མཐུན་པའི་ཁྲིམས་དཔོན་ཞིག་གིས་ཁྲིམས་འགལ་གྱི་རྒྱ་གར་ནང་རུལ་ཀྱི་སྲིད་ཇུས་ལ་གཏོར་ཤིག་བཏང་ནས་ཅིག་རག་པ་ལས་དོན་དངོས་སུ་ཅི་ཡང་ཐོབ་མེད།
ཡོ་རོབ་མྱི་སྣ་རྒྱ་གར་དང་བལ་ཡུལ་ལ་བོད་པའི་རྒྱུས་ལོན་བྱེད་དུ་ཕྱིན་ན་ཡང་། དོན་དངོས་བལ་བོ་དང་རྒྱ་གར་གཞུང་གི་སྐྱབས་བཅོལ་སྡེ་ཚན་ལ་འབྲེལ་གཏུག་མེད་པར་བོད་པའི་འབྱོར་ཡག་པོ་འདུག་ཟེར་ནས་སྐྱབས་བཅོལ་ནམ་ཡང་འགོག་མི་ཐུབ།
བོད་པའི་མགོ་དཔོན་ཚོས་རྒྱ་གར་ན་བོད་མི་ཚོ་ལ་དཀའ་ངལ་དེ་འདྲ་མེད་ལབ་ཡོད་སྲིད་པ་ཞིག་རེད། དེ་ནི་ཕྱི་རྒྱལ་ཁོག་ནས་གསོ་ཕོག་རག་པ་ལ་དམིགས་པའི་སྐད་ཆ་ཞིག་ལས། བོད་མི་ཕལ་བའི་བདེ་སྡུག་ལ་དོ་ཁུར་བྱས་བའི་སྐད་ཆ་ཞིག་མིན་པས་མ་ཟད། རྒྱ་གར་གཞུང་གི་མགོ་དཔོན་ཚོས་དེ་འདྲ་མ་ལབ་བར་དུ། སྐྱབས་བཅོལ་རག་མི་རག་ལ་གནོད་པ་ཡོང་གི་མ་རེད།
རྒྱ་གར་ཚང་གིས་ང་ཚོ་ལ་ཡག་པོ་བྱས་བ་དེ་འདྲ་ཡོད་ན་ཡང་གནོད་བསྐྱལ་བ་ཡང་ཤིན་ཏུ་མང་། གནས་ཚུལ་ཚང་མ་གསལ་ལ་མ་གསལ་ལ་ཞིག་གི་ངང་ནས་ང་ཚོ་འཐོམ་འཐོམ་བཟོས་བ་མང་པོ་རེད། མཐའ་དོན་ཁྲིམས་ཐོག་ལ་བབས་ཉིན། དཔེར་ན་བཙན་བྱོལ་གཞུང་ནས་སྒྲིག་འཛུགས་ལ་འབབ་དགོས་ཐུག་པར་ལྟ་བུ་རེད།
ང་ཚོས་ཐོབ་ཐང་དང་འགྲོ་བ་མའི་བདེ་སྡུག་ཁྲིམས་ཐོག་ལ་གཏུག་ས་ན། རྒྱ་གར་ཡག་པོ་ཡིན་མིན་དང་། rcཡོད་མེད། རྒྱ་གར་དང་བལ་བོ་རྒྱུད་ཡོད་མེད་ལ་འབྲེལ་བ་མེད།
རྒྱ་གར་དང་བལ་བོ་སོགས་ས་གང་ནས་ཡུལ་གཞན་ལ་སྐྱབས་བཅོལ་དངོས་མ་དེ་ལེན་དུ་འགྲོ་མཁན་ཚོ་ལ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད། ཤུགས་རྒྱོབ། གཅིག་གིས་གཅིག་ལ་ལམ་སྟོན་དང་རོགས་པ་ཞུ་དགོས།
རྒྱ་གར་དང་བལ་བོ་ནི་བོད་མི་ནུས་མེད་ཚོ་དགྲ་ལག་ལ་ཡང་ཡང་བཞག་པའི་ཉེས་ཅན་པ་ཡིན། དེ་དོན་གྱིས། རྒྱས་སད་བཞག་པ་དང་ཁྲིམས་ལ་བསྒྱུར་བཞག་པ་དེ་འདྲའི་བོད་མི་མདོ་དབུས་ཁམས་གསུམ་ན་གང་མང་མང་ཡོད།
ཟམ་གདོང་ལ་སོགས་པའི་བོད་མི་ཁ་ཤས་ཀྱིས་སྟོབས་དང་ནུས་བ་མི་འཚོལ་ཞིང་། གཞན་ལ་རག་ན་ཡང་མི་དགའ་བས། མི་མང་ལ་འགྲོ་ལམ་བཀག་དང་སྤྲང་བོར་བསྒྱུར་གང་ཐུབ་བྱེད། ཆོས་ལ་ཆགས་དྲག་པས་ཡིན་ནམ། རྒྱ་གར་ལ་དད་དྲག་པས་ཡིན་ནམ། གཞན་ཡུལ་ནས་འགུལ་མ་འདོད་པ་ཡིན་ནམ་གང་ཤེས། གང་ལྟར་བོད་མི་ལ་མི་གཅེས། བོད་ལ་གཅེས་རབས་བཤད། རྟ་ལྟར་ཞོན་ལ་དགའ་བའི་མགོ་དཔོན་ཚོའི་འོག་ནས་ཐར་ན་བཟང་།
བྷེལ་ཇམ་བོད་པ་ཚོས། རྒྱ་གར་གྱི་སྲིད་ཇུས་བོད་ཐོག་ལ་བཟུང་ཕྱོགས་དང་། བོད་ནང་གི་བོད་ཀྱི་ད་ལྟའི་དཀའ་སྡུག་གི་གནས་བབ། རང་བོད་ནང་ལས་རྒྱ་གར་ལ་གྱིས་ཀྱང་མི་ལོག་པའི་དམ་བཅའ་དང་ཡིག་ཆ་འཚོལ་བསྡུ་བྱས་ན། སྐྱབས་བཅོལ་མི་རག་རང་རག་རེད། སྐྱབས་བཅོལ་མ་རག་བར་དུ། སོ་སོའི་དཀའ་ངལ་བསལ་ཕྱིར། གྲོགས་པོ་དང་གྲོགས་མོ་གཅིག་པོ་ལ་མི་རེ་བར། འགྲོ་བ་མི་ཉམ་ཐག་ལ་ལྟ་སྐྱོང་ཡོད་པའི་ཚོགས་པ་ཆེ་ཁོག་ཆུང་ལ་འཛུལ་ཞུགས་ཞུ་དགོས་བ་རེད། དེ་འདྲ་བྱས་བ་ལ་ཡང་དགེ་མཚན་ཡོད། དེ་ལྟར་ཁྲིམས་ལ་ཉན་པ་ཙམ་གྱིས་མི་འགྲིག་པར། ཁྲིམས་ལ་ཁྲིམས་ཀྱིས་རྩོད་དགོས་བ་རེད།
གཙོ་བོ་ཁ་མཐུན་ནས་རྩོད། གསར་འབྱོར་དང་རྙིང་འབྱོར་གྱི་དབྱེ་བ་མེད་པ་རེད། ནད་རོ་རྙིང་བ་དེ་ཚོ་གཡུག་ཤོག། ཚང་མ་བྷེལ་ཇམ་གྱི་གསར་འབྱོར་རེད།
གནས་སྐོར་འཁོད་པའི་དེབ་དཀར་པོ་དེ་དང་ RC དེ་བཞིན་ཆབ་སྲིད་བཙོན་པ་ཕྱི་རྒྱལ་གཏོང་ཕྱོགས་སྐོར་གྱི་དོན་དངོས་མང་པོ་ཞིག་ལབ་རྒྱུ་འདུག་དེ་དག་རི་ཞིག་མ་གླེངས་ན་བཟང་ངོ།
དཀྲོགས་གཏམ་གང་མང་སྤེལ་ཐུབ་ན་བདག་གཞན་ཚང་མ་ལ་ཕན་ཐོག་ཡོད་རེད།
དྲྭ་གྲོགས་ཚོ།་་ཧཧཧཧཧཧཧ
དཀྲོགས་གཏམ་མུ་མཐུད་ནས་སྤེལ་རོགས།
ཁྲི་རལ་པ་ཅན་ཟེར་བས་སྐད་ཆ་གཞན་པ་ཞིག་བླངས་ཡོང་གི་འདུག གསར་པ་དང་རྙིང་པ་ཟེར་བའི་ནད་ཞིག་བླངས་ཡོང་གི་འདུག མང་་པོ་གཅིག་འབྲི་གི་ཡོད་མདོག་བྱས་ཏེ་འཆོ་མེད་པའི་སྐད་ཆ་མང་པོ་བཤད་འདུག སྦེལ་འཇེམ་གཞུང་ནས་གང་དུ་གཟིགས་བསྐོར་གནང་ས་དེར་སུད་སི་དང་ཉེ་འཁོར་གྱི་རྒྱལ་ཁབ་གཞན་འགྲོ་དགོས་ཀྱི་ཡོད་པ་རེད་དམ། ལྐུགས་པའི་སྐད་ཆ་རེད། དེ་ཚོ་རྒྱལ་ཁབ་སོ་སོའི་སྲིད་བྱུས་ལ་ལྟ་གི་ཡོད་རེད། ཁོང་ཚོ་སུ་དང་སུ་ཐུག་འདོད་ཡོད་ནའང་དེ་ཡང་ཁོང་ཚོའི་རང་དབང་རེད། གསར་འབྱོར་རྒྱ་གར་ནང་ལྷག་ན་ཁོང་ཚོས་བོད་གཞུང་ལ་དཀའ་ངལ་གང་འདྲ་བྱས་ཏེ་བཟོ་གི་རེད། ཁོང་ཚོར་བོད་མི་རིགས་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་་མ་ཐུབ་ནའང་རང་ཉིད་ཀྱི་འཚོ་བ་བསྐྱལ་ཐུབ་པའི་ཆེད་འཐབ་རྩོད་བྱ༌རྒྱུའི་ནུས་པ་དང་འཇོན་ཐང་ཡང་ཡོད་མ་རེད་པས། ཧ་ཧ་ཧ་་་་་བཤད་དྲག་ན་སྐྱོན་འདུག་ག་
ཅོ་རི་ཉི་མ་ནི་དེ་བས་ཀྱང་ཐབས་སྡུག་པ་འདུག སུད་སི་ནས་གཅིག་འཇོན་ཡོད་རེད། དེ་འཇོན་དགོས་རེད་མདོག་མདོག་བཤད་འདུག་ ལྐུགས་རྟགས་ཡོད་རེད། ད་ལྟའི་སུད་སིའི་དོན་གཅོད་དང་སྦེལ་འཇེམ་དོན་གཅོད་འདི་གཉིས་འབྲེལ་བ་བྱ་ཤེས་ཀྱི་ཡོད་མ་རེད་པས། གང་ལྟར་ད་ལྟ༌བར་ལོ་ལྔ་བཅུའི་རིང་སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མ་འདྲ༌བ་ཞིག་བྱས་ཏེ་ཡོང་ཡོད་རེད། དངོས་ཡོད་དཀའ་ངལ་ཡོད་ས་ཞིག་ཏུ་བོད་གཞུང་གི་ཏན་ཏན་རོགས་རམ་གནང་གི་རེད། ཡིད་ཆེས་ཡོད། སྦེལ་འཇོམ་དུ་ཡོད་པའི་བོད་པ་ངོ་མ་ཚོ། སེམས་པ་སྐྱིད་པོ་བྱེད་ཨ་ལོ། ཡུ་སྒོར་བསགས་ནས་ལོག་ཤོག ཡུལ་སྐོར་བརྒྱབ་ནས་ལོག་མ་ཡོང་ཨ། ཧ་ྷ་ཧ་་ཧ་ྷ་ཧ་ཧ་ཧ་་
བོད་མི་མང་སྤྱི་འཐུས་དང་བཀའ་བློན་སུ་ཞིག་ཡིན་ཀྱང་བོད་ནང་གི་གཏང་དང་རྒྱ་གར་ནང་བོད་མིའི་བཀའ་ངལ་དེ་ཚོ་དངོས་ཡོད་སོང་གཙང་རྒྱལ་ཁབ་སུ་ཞིག་གི་དབུ་འཁྲེད་ཐུགས་འཕྲད་གནང་སྐབས་འབྲེལ་རྗོད་གསལ་པོ་བྱེད་རྒྱུ་དེ་སྐུ་ངོས་རྣམས་པའི་འོས་འརྒན་ཡིན། ད་རེས་བྷེལ་ཇམ་གནས་ཚུལ་དེ་འདྲ་བ་ཡོ་རོབ་རྒྱལ་ཁབ་གཞན་ལ་འཁྲད་མེ་སྲེད་པ་མ་རེད་
༼ངས་བསམ་ཚུལ་བྱས་ན་སྐྱོན་གི་མ་རེད་འདོད། སྔོན་མ་་་༢༠༠༢་ལོར་སུད་སི་ལ་ཡང་སྐྱབས་བཅོལ་བའི་ཐོབ་ཐང་མ་སྤྲད་པའི་དཀའ་ངལ་ཆེན་པོ་བྱུང་། སྐབས་དེ་དུས་་་ས་གནས་སུད་སི་ཡོད་པའི་དོན་གཅོད་ཁང་དང་། བོད་རིགས་ཚོགས་པ། གཞོན་ནུ་དང་དབུ་མེད། མདོ་སྟོད་སྨད་དབུས་གཙང་ཆོལ་ཁ་བཅས་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་ཁྲིམས་རྩོད་ནས་བོད་མི་ཡོངས་སྐྱབས་བཅོལ་ཐོབ་ཐང་རེག་སོང་བ་རེད། བྱ་བ་གང་ཞིག་སྒྲུབ་སྐབས་རྡོག་རྩ་གཅིག་སྒྲིལ་གལ་ཆེན་རེད།
༽ཟེར་བ་འདི་ལ་རྒྱུ་མཚན་གནས་ལུགས་འདུག
ཁྲི་རལ་པ་ཅན་ཞེས་པ་འདི་བོད་ཀྱི་བཙན་པོའི་མཚན་རྫད་མཁན་ཞིག་རེད། ནམ་ཡིན་རུང་ནང་རྡུང་ཞིག་ལས་བྱེད་རྒྱུ་ཡོད་མ་རེད། སྐད་ཆ་འདི་ཚོ་ལ་ཁུང་ལུང་གང་ཡང་མེད་པ་རེད།
ཁྲི་རལ་བ་འདིས་འོལ་ཚོད་ཀྱིས་ཅིག་བཤད་ཀྱི་འདུག་ག འདི་སུས་ཀྱང་བཙོང་ཞག་པ་གང་ཡང་མ་རེད། མིན་པ་བྷི་རྫུལ་སྐུ་ཚབ་དོན་གཅོད་ནས་གསལ་བཤད་བྱས་འདུག དོན་དག་ངོ་མའི་སྟེང་ནས་བཤད་ན་རང་སྡུག་རང་གིས་ཉོས་པ་ལྟ་བུ་རེད། ང་ཚོ་ཚང་མ་བལ་ཡུལ་རྒྱུད་རྒྱ་གར་ལ་ཡོང་སྟེ་ཐབས་ཤེས་འདྲ་མིན་གྱིས་སྐྱབས་བཅོལ་ལག་དེབ་བཟོས་ནས་ཕྱི་བསྐྱོད་དེབ་སེར་རག་རྗེས་ཁྲིམས་མཐུན་ཡིན་མིན་ཅི་རིགས་ཀྱི་ལམ་ཀ་དེད་ནས་ནུབ་ཕྱོགས་ཡུལ་གྲུ་གང་སར་འགྲོ་བཞིན་པ་དངོས་ཡོད་གནས་ཚུལ་རེད་ལ་ཡུལ་གྲུ་སོ་སོར་འབྱོར་རྗེས་སྐྱག་རྫུན་ལུང་བཀང་བསྒྲིགས་ནས་ལམ་འགྲོ་རྒྱུགས་སེ་བྱུང་ན་སྐྱབས་བཅོལ་མིང་བྱང་མགྱོགས་པོར་རེག་ངེས། རྫུན་དང་ཕྲ་མ་གོམ་ལོབ་མེད་པའི་རིགས་ནི་འདིས་བར་ནས་འུ་ཚོས་ཤོད་བཞིན་པའི་རླུང་རྟ་ཆགས་ནས་ཡིག་ཆ་ནག་པོ་འཐོབ་ཡོང་། དེ་ལྟ་ནའང་། དེའི་རིགས་ཀྱང་ཟ་འཐུང་སྡོད་ཉལ་ལ་འདང་རྒྱག་གང་ཡང་མེད་ནའང་བཟང་བཙོན་གྱི་ཚུལ་དུ་ལོ་རིམས་བསྟུད་མར་བསྒུགས་དགོས་པའང་བྱུང་ཡོད། འོན་ཀྱང་། བྷེ་འཇམ་གྱི་སྐྱབས་བཅོལ་ཐོབ་སྟངས་ནི་ཅུང་དམིགས་གསལ་ཞིག་ཡིན་པ་འདྲ། གང་ལ་ཟེར་ན། བལ་ཡུལ་རྒྱུད་པའི་རྡ་སའི་སྣེ་ལེན་གྱི་ཐོ་འགོད་མིང་བྱང་ཡོད་ཚེ་ཐོ་འགོད་ཟླ་ཤས་ལས་མ་འགྱངས་པར་སྐྱབས་བཅོལ་རེག་ཅིང་ཟླ་ཤས་ལས་མ་འགྱངས་པར་ནང་མི་ཟླ་བསྒྲིལ་ཡང་ལེགས་པར་ཟིན་འགྲོ དྲང་མོ་བཤད་ན་སྐྱབས་བཅོལ་ཐོབ་སྟངས་ཡུལ་ལུང་གཞན་དང་བསྡུར་ན་དམིགས་གསལ་འདྲ་ཞིག་འདུག མཐར་དེད་ན་མང་པོ་ཞིག་ལ་ཆབ་སྲིད་སྐྱབས་བཅོལ་བའི་མིང་བྱང་བཞག་ནས་དཔལ་འབྱོར་སྐྱབས་བཅོལ་བའི་ལག་དེབ་ཅིག་སྟེར་གྱི་ཡོད་རེ་སྐད། ལོ་ངོ་གཉིས་ཀྱི་ཡར་སྔོན་ནས་འདྲི་རྩད་རིགས་བསྐྱུར་ནས་ཕལ་ཆེར་ལོ་འགོར་བའི་བོད་པ་ཉུང་ཉུང་མིན་པ་རེད། ཡིན་ནའང་། དེའི་རིགས་ལའང་ག་ལེར་ཡིག་ཆ་ཐོབ་འགྲོ་ཀི་ཡོད་འདུག མ་གཞི་ནས་སྐྱབས་བཅོལ་ཟེར་བ་འདི་བོད་པ་གཅིག་བུ་མ་ཡིན་པར་འཛམ་གླིང་གི་ཆབ་སྲིད་དཀའ་ངལ་ཅན་གྱི་ལུང་པ་དང་དཔལ་འབྱོར་སྐྱོ་བའི་ལུང་པའི་རིགས་ནི་ཕལ་ཆེར་འབྱོར་ལྡན་རྒྱལ་ཁབ་མང་པོའི་སྐྱབས་འོག་ལ་འཚང་ཁ་རྒྱག་གི་ཡོད། དེའི་ཕྱོགས་ནས་ལུང་པ་གཞན་དང་བསྡུར་ན་བོད་པ་ནི་སྐྱབས་བཅོལ་ཞུ་མཁན་བརྒྱ་ཆ་གཅིག་ལས་ཟིན་གྱི་མེད། ༧ གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་བོད་པའི་སྲི་ཞུ་བའི་ལས་འབྲེལ་གྱིས་བྷེ་འཇམ་གཞུང་གིས་བོད་པ་ཚོ་དམིགས་གསལ་གྱིས་སྐྱབས་བཅོལ་སྤྲད་འདུག ཡིན་ནའང་། དེང་སྐབས་ཡོ་རོབ་ཀྱི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ནས་གཞུང་དམངས་ལ་དཀའ་ངལ་འཕར་མ་འཕྲད་པའི་དུས་སྐབས་སུ་འཁེལ་ཡོད་པས་གཞུང་གིས་ཀྱང་དམིགས་གསལ་དེ་རིགས་ཕྱིར་བསྡུ་བྱེད་མི་སྲིད་པ་གང་ཡང་མིན་པས་རང་ཉིད་ལ་དཀའ་ངལ་འཕྲད་སྐབས་ལས་དོན་གཟབ་ནན་བྱ་རྒྱུ་ལས་ཆང་འཐུང་གི་གཏམ་དུ་འགྱུར་ན་ཕན་ལས་གནོད་དུ་ཆེ་བས་གཟབ་པར་འཚལ།
(སོ་སོར་འབྱོར་རྗེས་སྐྱག་རྫུན་ལུང་བཀང་བསྒྲིགས་ནས་ལམ་འགྲོ་རྒྱུགས་སེ་བྱུང་ན་སྐྱབས་བཅོལ་མིང་བྱང་མགྱོགས་པོར་རེག་ངེས། རྫུན་དང་ཕྲ་མ་གོམ་ལོབ་མེད་པའི་རིགས་ནི་འདིས་བར་ནས་འུ་ཚོས་ཤོད་བཞིན་པའི་རླུང་རྟ་ཆགས་ནས་ཡིག་ཆ་ནག་པོ་འཐོབ་ཡོང་།)
ཁ་ཚོད་ཡོད་ནང་གི་ཚིག་ཚོད་མེད། ག་རེ་ལབ་གི་ཡོད་པ་རེད། སྐྱག་རྫུན་མ་བཤད་ན་གནས་ལུགས་དྲང་མོ་ལ། སྐྱབས་བཅོལ་རག་གི་ཡོད་པ་མ་རེད་ཟེར་ན་ག་རེ་རེད།
ཁྱུང་དཀར་ཁོག་ནག་པོ་ཁྱོས། བྷེལ་ཇམ་གཞུང་སྐྱག་རྫུན་ལ་ཉན་ཡ་དགའ་བོ་ཡོད་པ་རེད་ཟེར་གི་ཡོད་དམ། བོད་མི་སྐྱབས་བཅོལ་བ་ཚོ་སྐྱག་རྫུན་བཤད་ཡ་ལ་དགའ་བོ་ཡོད་བ་རེད་ཞུས་པ་ཡིན།
འདི་ནི་གཞན་གང་ཡང་མིན་པར་བོད་པ་ཚོས་ཕྱི་རྒྱལ་ལ་ཐར་ཆེད་དང་མི་སེར་ལག་ཁྱེར་རག་ཆེད་རྫུན་མ་འཁྲབ་འཁྲབ་པའི་འབྲས་བུ་རེད། བྷེལ་རྗམ་གྱི་གནས་ཚུལ་འདི་འདྲ་རྒྱལ་ཁབ་གཞན་ལ་ཡང་མུ་མཐུད་ནས་ཡོང་རྒྱུ་རེད།
ཡ་ཡ།གྲོགས་པོ་རྣམ་པ་ལགས།ཁྲི་རལ་པ་ཟེར་མི་དེས་སྐད་ཆ་བཤད་པར་རྒྱུ་མཚན་མེད་པ་མ་རེད།རྒྱ་གར་ནང་དུ་སྐྱབས་བཅོལ་བོད་མི་གཅིག་ཀྱང་མེད་པ་དངོས་ཡོད་གནས་ཚུལ་རེད།རྒྱུ་མཚན་རྒྱ་གར་གཞུང་གིས་སིད་སི་གྲོང་ཁྱེར་ལྗི་ནེ་བ་ནང་བཞག་པའི་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་སྐོར་གྲོས་ཆོད་དེར་མིང་རྟགས་བཀོད་མེད་ལ།རྒྱ་གར་གྱི་ཁྲིམས་ནང་དུའང་སྐྱབས་བཅོལ་ཟེར་བ་སྤྱིར་མེད་པ་རེད།དེ་ཚོ་ཨ་རིའི་ནང་གི་བོད་དོན་དྲང་སྙོམས་ལྟེ་གནས་ཀྱིས་བཏོན་སྙན་ཐོར་གཟིགས་དང་།རྒྱ་གར་གྱི་ཁྲིམས་དོན་ཚན་རེ་རེ་བཞིན་དྲངས་ཏེ་བཀོད་ཡོད་པ་རེད།
ལྷག་པར་འཐོམ་སིང་སིང་ངང་རྒྱ་གར་དུ་སླེབས་པ་དེང་སང་གི་བོད་མི་མང་པོ་ཅིག་ལ།གསོག་སྒར་ནས་ཕྱི་ལ་བཏོན་པ་ནས་རང་ཁོ་ན་མ་གཏོགས་རྟེན་ས་ཆགས་ས་དང་རོགས་སྐྱོར་སོགས་ཐ་ན་ཁང་གླ་ཙམ་ཡང་སྤྲོད་མཁན་མེད་པ་དངོས་ཡོད་གནས་ཚུལ་རེད་ད།གསར་འབྱོར་ཁ་ཤས་ལ་ཟ་རྒྱུ་འཐུང་རྒྱུ་མེད་པར་རང་ཤི་བརྒྱབས་པའང་ཡོད་རེད་ད།མི་ཚེ་གང་བོར་འཚོ་བ་དེ་འདྲ་བསྐྱལ་འདོད་པ་ཡོད་པ་རེད་དམ།རང་ཉིད་ཕྱི་རྒྱལ་དུ་སླེབས་ཚར་བ་དང་།བོད་གཞུང་གིས་ནང་མི་ལྟོས་འབྲེལ་དང་བཅས་པར་ཁང་ས་ཞིང་ཁ་དང་བཅས་པ་སྤྲད་དེ་དཀའ་ངལ་མེད་པའི་བོད་མི་དཀའ་ངལ་མེད་པ་ཁག་ཅིག་གིས།བོད་མི་དཀའ་ངལ་ཅན་ཚོ་ངོས་ལེན་བྱེད་རྒྱུ་ལས་ལྡོག་སྟེ་དེ་ལ་ཁྱད་བསོད་དང་དཀའ་ངལ་བསྒྲེང་ཚེ་འབུར་འཇོམས།རང་ཉིད་ལ་དཔེ་བཀབས་ཏེ་བོད་མིར་དཀའ་ངལ་མེད་ལུགས་བཤད་དོན་གང་ཡིན་ནམ།འཛམ་གླིང་ཤར་ནུབ་གང་དུའང་མི་དཀའ་ངལ་ཡོད་པ་ཚོར་ཕྱུག་པོ་ཚོས་གདུང་སེམས་མཉམ་བསྐྱེད་དང་གང་ཐུབ་རོགས་སྐྱོར་གནང་གི་འདུག་མ་གཏོགས།བོད་པ་ཚོ་ནང་བཞིན་མི་སྐྱོ་བོ་མཐོང་སར་མེད་པ་དེ་འདྲ་མ་རེད།
བོད་མིའི་སྒྲིག་འཛུགས་ཀྱིས་ལས་སྣེ་ཚོར་ན་ཚ་ཧ་ཅང་གིས་སྡུག་ཅག་ཡོད་པ་རེད།ག་དུས་ཡིན་ན་རྒྱ་གར་དང་ཕྱི་རྒྱལ་འགོ་ཁྲིད་སུ་ལ་ཐུག་ན་སྤྲེལ་ལད་ཁོ་ན་འཁྲབ་སྟེ་རང་ཁེ་འཚོལ་ཐབས་བྱེད་རྒྱུ་ལས།སྤྱི་དོན་ནི་ཆོ་ག་ཕྱག་ལེན་ཙམ་ལས་ནན་ཏན་མེད་པར་གཙོ་བོ་ཕར་ཕྱོགས་ལ་ཕོག་ཐུག་མི་འགྲོ་བ་གཙོར་འདོན་བྱེད།དེ་སོང་ཙང་ག་དུས་ཡིན་ན་ཕྱི་གསལ་ནང་གསལ་མེད་པར་ཉ་དང་ཉུང་མ་བསྲེས་ཏེ་དཀའ་ངལ་སེལ་ཐབས་མི་བྱེད་པར།དཀའ་ངལ་ལ་གཡོལ་ཐབས་ཁོ་ན་བྱེད་པ་དང་འདྲ་ཆགས་པོའི་རྣམ་འགྱུར་ཁོ་ན་ཙམ་གཞན་མདུན་ནས་སྟོན་ཐབས་བྱེད་པ་རེད།ད་རེས་སིས་སི་དང་བྷེལ་ཇམ་གཞུང་གི་ཞིབ་འཇུག་ཚོགས་ཆུང་ལའང་བོད་གཞུང་དང་རྡ་སའི་ཚོགས་པ་ཁག་གིས་རྣམ་འགྱུར་དེ་འདྲ་ཅིག་བསྟན་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་རེད་མ་གཏོགས།ཨེ་ཤེ་ཡ་དང་ཨ་ཕི་རི་ཀ་སོགས་ནས་ཡོ་རོབ་ནང་སྐྱབས་བཅོལ་ས་ཡ་མང་པོ་ཡོང་བཞིན་པ་མི་འགོག་པར།བོད་མི་བཅུ་ཕྲག་འགའ་བཀག་པས་རྒྱལ་ཁབ་དེ་ཚོར་ཕན་ཁྱད་ཅི་ཨེ་ཡོད་དམ།
གནམ་ལགས། རྒྱའི་བཙོན་འོག་འགྲིམ་པའི་ཆབ་སྲིད་སྐྱབས་བཅོལ་བ་ཞིག་ཡིན་ཚེ་སྤོབས་པའི་ངང་གནས་བྱུང་རིམ་པ་བརྗོད་ཚེ་སེམས་ཁྲལ་མེད་པར་ཡིག་ཆ་འཐོབ་འགྲོ་གི་རེད། ཡིན་ནའང་། ཁྱོད་དང་ང་ནང་བཞིན་བལ་ཡུལ་རྒྱུད་རྒྱ་གར་འགྲིམ་པའི་བོད་པ་བརྒྱ་ཆའི་བརྒྱད་བཅུ་ཆབ་སྲིད་ཀྱི་ནག་ཉེས་མེད་པར་མཇལ་བསྐོར་དང་སློབ་གཉེར་ཕེབས་པར་ཚིག་ཐག་བཅད་ནས་བཤད་ཆོག་དུས། དེ་ཚོའི་གྲས་ནུབ་ཕྱོགས་ཀྱི་སྐྱབས་འོག་ལ་འཚོ་ཆེད་ངས་ཟེར་བའི་སྐྱག་རྫུན་ལུང་བཀང་བསྒྲིགས་ནས་གཞུང་མིའི་མགོ་བོ་བསྐོར་དགོས། དེ་བྱས་དུས་སེམས་ཁྲལ་གྱི་ཀློང་ལ་འཁྱམས་ཞོར་དུས་གང་འཚམས་ཞིག་ནས་ཡིག་ཆ་དཀར་པོ་ཐོབ་ཚེ་དགའ་སྣང་སྐྱེས་ཡོང་། དེ་ཚོ་ནི་རླུང་རྟ་རྒྱུགས་པའི་སྐོར་རེད་ཟེར་ཀི་ཡོད། སྤྱིར་བཏང་གཞུང་འཛིན་མི་སྣ་སྐྱག་རྫུན་ལ་དགའ་བ་མིན་ཡང་ཤོད་མཁན་གྱི་སྐད་ཆར་དྲི་རྩད་བྱས་པར་ཆ་འཇོག་ཡིན་ཙང་མགོ་བདེ་ཁ་བདེ་ཁྱོད་འདྲ་བའི་རིགས་ལ་སྐྱབས་བཅོལ་མྱུར་དུ་རེག་ཡོང་། སེམས་པ་ནག་པོ་ཞིག་འཁྱེར་ནས་ང་ལ་མཚོན་ན་འདིར་ཡོང་དོན་གང་ཡང་མེད་པས་དངོས་ཡོད་གནས་ཚུལ་ཅིག་བཤད་པ་ཙམ་ཡིན། དེས་ཁྱོད་ལ་ཕོག་འགྲོ་ན་དགོངས་དག་ཟེར་ཡ་ཡིན།
གནད་དོན་འདི་ཚོགས་གཙོ་སྤེན་པ་ཚེ་རིང་ནས་ལྷག་པ་ཞིག་རེད་ཅེས་ཐོས་སོང་། ཚོགས་གཙོ་ལགས་ཀྱིས་དགའ་ལྡན་ཕོ་བྲང་གི་ཕྱག་མཛོད་ཟམ་གདོང་རིན་པོ་ཆེ་ཡི་སྔར་ལག་བསྟར་མ་འཁྱོངས་པ་ཁག་རྒྱུན་བསྐྱངས་གནང་གི་ཡོད་པ་རེད། གསར་འབྱོར་བ་ཕྱི་ལ་འགྲོ་བ་འགོག་རྒྱུ་དེ་ཟམ་གདོང་གི་ལས་ཀ་གཙོ་བོ་གཅིག་རེད། དཔེར་ན། བལ་ཡུལ་དུ་སྡོད་པའི་རྒྱ་གར་གཞུང་ཚབ་བརྒྱུད་ནས་བོད
མི་སྐྱབས་བཅོལ་བ་ཚོར་གནས་བསྐོར་བའི་ཡི་གེ་སྤྲོད་དུ་བཅུག་པ་ལས་གསལ་བོ་ཆགས་ཡོད། ཡིན་ནའང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ནས་གསར་འབྱོར་བའི་ཆེད་དུ་དངུལ་སྤྲད་པ་ཚང་མ་རྩིས་ཁྲ་གསལ་བོ་ཞིག་ཡོང་ཐུབ་མེད།
ད་ང་ཚོ་དོར་མ་ནང་དུ་ཆུ་རས་སམ་། ནང་གོས་དོར་ཆུང་ལ། གཞིས་ཆགས་དེ་ཚོས༼་ཀ་ཆ་༽ ཟེར་བ་དེ་ངོ་སྙིང་རླུང་ལང་ཡོང་འདུག
ཁ་ནང་ལ་ལྟོ་རག་གི་མེད་ནི་ན། བོད་སེམས་ལ་མྱིག་མེད་ནི་ན། གང་ཤེས། ང་ཚོ། ཆབ་སྲིད་པའི་སྐྱབས་བཅོལ་བ་མིན་ན། རྒྱ་དམགས་ཀྱིས་རི་བོ་གངས་དཀར་གྱི་རི་མགོ་ནས་རི་དྭགས་གསོད་གསོད་བྱེད་དགོས་དོན་ཅི་རེད། བཙུན་མ་ཆུང་ཆུང་དེ་མྱི་ངན་ཁྱུང་དཀར་ཁྱོས་བརྗེད་ཚར་བ་ཡིན་ནམ། དེ་ནི་མྱིག་གི་རིག་ས་ནས་བྱུང་བའི་གནད་དོན་རེད། མ་རིག་མི་གོ་ས་ནས་ག་ཚད་ཅིག་ཡོད་པ་ཨེ་ཤེས།
ཁྱོད་ཀྱིས་བཤད་ནོ་ཡིན་ན། དགྲ་ལག་ལ་མ་ཚུད་བར་དུ་རྒྱ་ནག་གི་ལག་པར་འདུག་དགོས་བའི་སྐྱབས་བཅོལ་ཞུ་སྟངས་ཞིག་གང་ན་འདུག། ཁོ་རེ། སྐྱབས་བཅོལ་ནི་རང་ས་ན་རང་དབང་མེད་པའི་མི་བུ་སྐྱབས་འཚོལ་བ་ཚོར་སྤྲད་རྒྱུ་ཞིག་ལས། དགྲ་ལག་རྒྱུད་མ་རྒྱུད་ཞིག་ལ་འབྲེལ་ག་རེ་ཡོད་པ་རེད།
བོད་ལ་རང་དབང་དང་བདེ་འཇགས་མེད་པ་ཀུན་གྱིས་ཤེས་ས་རེད། ཁྱོད་ལ་ཅི་བྱུང་སོང་། གཞི་ཆགས་པ་ཡིན་པས་སྐྱབས་བཅོལ་སྤྲད་ན་མི་འགྲིག་པའི་དབྱེ་བ་ཞིག་ཅི་ལྟར་ཐོན་ནམ། ཨ་རི་དང་ཁ་ན་ཏྲ་ལྟ་བུའི་རྒྱལ་ཁབ་ཚོས་གསར་རྙིང་གཉིས་ཀ་སྐྱབས་བཅོལ་ལ་ལེན་པ་ནི་ནོར་བ་ཡིན་ནམ། ཁྲིམས་འགལ་ཡིན་ནམ། མིའི་མདུན་ལམ་ལ་ས་ནག་འདེད་ཀི་མ་འདུག་ལོ། ཁྱོད་བསམ་བློ་གཏོང་མི་ཤེས་ནི་ཞིག་ལ་སྐད་ཆ་ཡ་མཚར་མོ་དེ་འདྲ་ཅང་མི་འདུག། ཁ་བཙུམ་ནས་འགྱོད་བཤགས་ལ་རེམས།
ཁྱུང་དཀར་ཁྱོས། ང་ཚོ་ནག་ཆེན་པ་མིན། ཆབ་སྲིད་པ་མིན་འདོད་ཡོད་ན། ངས་ཁྱོད་ལ་བཤད། བོད་ནས་ཅི་གང་བྱེད་མ་ཐུབ་པའི་སྡར་མ་ཞིག་ཡིན་པའི་དབང་དུ་བཏང་ན་ཡང་། ང་ཚོ་ས་མཚམས་བརྒལ་བའི་ཉེས་ཅན་པ། གོང་ས་མཆོག་ལ་མཇལ་བའི་ཉེས་ཅན་པ། སུམ་ཅུའི་དུས་དྲན་ལ་ཞུགས་པའི་ཉེས་ཅན་པ། བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་ལངས་བའི་ཉེས་ཅན་པ། རང་བཙན་ལག་དེབ་ཡོད་པའི་ཉེས་ཅན་པ། ཚོགས་ཁོག་དང་སློབ་ཁུང་གང་ལ་ཞུགས་པའི་ཉེས་ཅན་པ། འདི་འདྲའི་མི་ཉེས་ཅན་པ་ཞིག་རྒྱ་ནག་ཚང་གི་ཉེས་ཅན་པ་མིན་ཟེར་ན་ག་རེ་ལབ་ཡ་ཡིན་པའི་ཁུལ་རེད། ཁྱོས་དཀར་འདོན་ག་ཚད་བྱས་ན་ཡང་། ཁྱོད་རྒྱ་ནག་ཚང་གི་ཉེས་ཅན་པ་རེད། ཨེ་གོ་ཐལ། དེ་བཞིན་གྱིས་བསམ་བློ་ཐོངས། སྐད་ཆ་ཤོད། བོད་སེམས་བོད་རེད། བོད་སེམས་བོད་བྱེད་ན། རང་གང་ཞིག་ན་ལངས་ཡོད་པ་ཤེས་ནས་སྐད་ཆ་ཤོད།