བསམ་གླིང་ཚེ་རིང་ལྷ་མོ།
སྡོང་པོ་ལོ་མའི་འཁུར་གྱིས་རབ་ལྕི་ཞིང་།།
ལྡེམ་ལྡེམ་གར་སྟབས་སྤྲོ་བའི་ཤུགས་དང་བྲལ།།
ལྷིང་འཇགས་ནགས་ཀྱི་འཇོལ་མོའི་ཅ་ཅོ་ཡང་།།
མྱ་ངན་གདུང་བས་ཀྱི་ཧུའི་སྒྲ་དང་མཚུངས།།
རི་རྒྱལ་ལྷུན་པོར་སྤྲིན་གྱི་རྒྱན་ཆ་བྲལ།།
ས་ཡི་རྡུལ་དང་ཕྱི་དྲོའི་མཚམས་སྤྲིན་འདྲེས།།
ནག་ནོག་དུ་བས་ས་གཞིའི་མཛེས་པ་འཕྲོག །
བཞུར་བའི་ཆུ་ཕྲན་ས་གཞིའི་མིག་ཆུ་འདྲ།།
ཟླ་འོད་བྲལ་བའི་མཁའ་ནི་སྔོ་ཞིང་དྭངས།།
རྡུལ་མང་བརྩེགས་པའི་ལྷུན་པོ་དབེན་ཞིང་འགྱིང་།།
བསེར་བུས་བསྐུལ་བའི་ལོ་མའི་སྟངས་སྟབས་ནི།།
ཡིད་ཀྱི་མྱ་ངན་མེ་ཏོག་བཀྲམ་དང་མཚུངས།།
དམར་པོའི་མེ་ལྕེས་བོད་ཀྱི་རྩ་དོན་རྩོད།།
རྣོ་ངར་མཚོན་ཆ་དག་ལས་རྣམ་པར་རྒྱལ།།
དཔའ་རྒོད་སྙིང་སྟོབས་འགྲན་ཟླ་ཡེ་ནས་དབེན།།
རྒྱ་དམར་གདོང་ལྤགས་འཛམ་བུའི་གླིང་དུ་དབྲལ།།
དཔའ་མོའི་མཛད་པས་འཛམ་གླིང་འོད་ཀྱིས་ཁེངས།།
དཔའ་མོའི་མཛད་པས་རྒྱལ་ཚོགས་གཉིད་ལས་དཀྲོགས།།
དཔའ་མོའི་མཛད་པས་ལེ་ལོའི་གྲོགས་པོ་བཏུལ།།
དཔའ་མོའི་མཛད་པས་བོད་ཡུལ་མུན་པ་སེལ།།
དཔའ་བོའི་མཛད་པས་རི་བོ་བསྒུལ་བར་བྱས།།
དཔའ་བོའི་མཛད་པས་རྒྱ་མཚོར་ངུ་སྐད་སྦྱིན།།
དཔའ་བོའི་མཛད་པས་ས་གཞིའི་ཁ་དོག་སྒྱུར།།
དཔའ་བོའི་མཛད་པར་ལུས་ངག་ཡིད་གསུམ་འདུད།།
བོད་དོན་རྩོད།
བླ་མས་ཆོས་འཆད་སོར་སྡོམ་བཞག་ནས་བོད་དོན་རྩོད། །
གྲྭ་བཙུན་སློབ་གཉེར་ཉམས་ལེན་བཞག་ནས་བོད་དོན་རྩོད། །
དཔའ་ངར་ཕོ་མོས་ལུས་སྲོག་བཞག་ནས་བོད་དོན་རྩོད། །
ལས་བྱེད་རྩོམ་བྲིས་པ་རྣམས་སྨྱུག་རྩེས་བོད་དོན་རྩོད། །
བླ་ཆེན་རྣམས་པས་མཐོན་པོའི་ཁྲི་ནས་བོད་དོན་རྩོད། །
གྲྭ་བཙུན་དག་གིས་དགོན་པ་ཁག་ནས་བོད་དོན་རྩོད། །
གཞུང་ཞབས་ཡོངས་ཀྱིས་ལས་ཁུངས་ནང་ནས་བོད་དོན་རྩོད། །
འཇིགས་སྣང་མེད་པའི་བོད་དོན་རྩོད་སྟངས་འདི་ཡག་ག །
སློབ་གྲྭ་ཁག་གིས་འཛིན་ཁང་ནང་ནས་བོད་དོན་རྩོད། །
དགེ་རྒན་རྣམས་པས་སློབ་འཁྲིད་གནང་ཞོར་བོད་དོན་རྩོད། །
མ་ཚབ་དང་ནི་ཇ་མ་དག་གིས་ཇ་ཁང་ནས་བོད་དོན་རྩོད། །
འཇིགས་སྣང་མེད་པའི་བོད་དོན་རྩོད་སྟངས་འདི་ཡག་ག །
ལོ་ལོན་དག་གིས་སྐོར་ལམ་མཐའ་ནས་བོད་དོན་རྩོད། །
གཞོན་པ་ཀུན་གྱིས་སྲང་ལམ་ཉུལ་ཞོར་བོད་དོན་རྩོད། །
བྱིས་པ་དག་གིས་ངུ་མ་དགོད་ཞོར་བོད་དོན་རྩོད། །
འཇིགས་སྣང་མེད་པའི་བོད་དོན་རྩོད་སྟང་འདི་ཡག་ག །
དཔའ་བོ་རྣམས་ཀྱིས་མེ་ལྕེ་སྒྲོན་ནས་བོད་དོན་རྩོད། །
བཀའ་སྤྱི་གཉིས་ཀྱིས་ཁ་དམག་ཐོག་ནས་བོད་དོན་རྩོད། །
མི་མང་ཡོངས་ཀྱིས་ཁྲོམ་སྐོར་བྱས་ནས་བོད་དོན་རྩོད། །
ཞི་བའི་ངང་ནས་བོད་དོན་རྩོད་སྟངས་འདི་ཡག་གི །
སྟོབས་འབྱོར་ཅན་གྱི་རྒྱབ་སྐྱོར་བྱས་ནས་བོད་དོན་རྩོད། །
མཉམ་འབྲེལ་རྒྱལ་ཚོགས་གཉིད་དཀྲོགས་བཏང་ནས་བོད་དོན་རྩོད། །
ཆོལ་གསུམ་སྤུན་ཟླའི་རྡོག་རྩ་གཅིག་སྒྲིལ་ཐོག་ནས་བོད་དོན་རྩོད། །
འཚེ་མེད་ཞི་བའི་བོད་དོན་རྩོད་སྟངས་འདི་ཡག་གི །
མཛེས་ལྗོང་།
རི་ཆུ་ནག་ཀླུང་འགྲིམ་འགྲིམ་ནས།།
འགྱུར་ལྡོག
དབྱར་དགུན་སྟོན་དཔྱིད་བཤད་བཤད་ནས།།
བོད་དོན།
ཆོས་སྲིད་རིག་པའི་རྩོད་འཐབ་ལ།།
མཐའ་སྔ་མར།
དེ་རིང་མཇལ་བའི་བསམ་གླིང་བསྟོད།
བོད་རྩོམ་བོད་ཀྱིས་མི་ཀློག་སུ་ཡིས་ཀློག
བོད་དོན་བོད་ཀྱིས་མི་རྩོད་སུ་ཡིས་རྩོད།
བོད་མི་བོད་ནས་མི་འདུག་གང་ལ་འབྲོ།
རྒྱ་མི་རྒྱ་ཡུལ་མི་ལོག་ག་པར་ལོག
ཉིད་ཀྱི་རྩོམ་འདིའི་མཇུག་བརྗོད་བྱའི་ཆ་ནས་སྣང་བ་འགྲོ་སོང་། བུད་མེད་སྡུག་རུས་ཅན་ཞིག་ཏུ་ཚོར་བས་མུ་མཐུད་ནས་ཤུགས་རྒྱོབས།
ཡིད་འགྲོ་པོ་རང་མ་བྱུང་ཡིན་ཡང་མཛེན་ལྡན་མ།
དྲ་གྲོགས་རྣམས་པ་ལྷན་རྒྱས་ལ་འཚམས་འདྲི་ཞུ།
ཨ་རིག་དགེ་མཐོང་དང་རེབ་སྐྱིད་མཚཽ་ཟེར་བ་འདི་གཉིས་ཀྱིས། ཧ་ལམ་འཇིག་རྟེན་བྱེད་པོ་ལྟར་འདི་འགྲིགས་འདུག་དང་དེ་འགྲིགས་མི་འདུག ཅེས་ཧམ་བཤད་ལུང་པ་གང་བྱེད་ཀྱིན་འདུག་མོད། རང་རྟུག་གསེར་དུ་སྒོམ་མཁན་ཚོར་མི་ཚོས་གད་མོ་དགོད་ཀྱི་འདུག་གོ་་་་་་་་་་་།
བསམ་པའི་རེ་བ་ཡིད་ལ་བྱེད་པ་ཡི། །
གླིང་བཞིའི་ཡ་གྱལ་ཤར་ཕྱོགས་གངས་ལྗོངས་ན། །
ཚེ་ལ་བར་ཆད་བྱེད་པའི་གཤེད་མ་དག །
རིང་བོ་མ་སོང་འཛམ་གླིང་མི་ཡི་ཁྲོད། །
ལྷ་དང་སྲུང་མའི་བདེན་པའི་མཐུ་རྩལ་གྱིས། །
མོ་ཙེ་ཏུང་བཞིན་དུར་སྦས་མྱུར་མཛོད་ཅིག །
ཨ་ཅེ་ལྷ་མོའི་སྙན་ངག་ཡར་ངོའི་ཟླ་ལ་འགྲན།
བཀྲ་དོན་ལགས། ངའི་རོགས་པ་ཞིག་གིས་ཀྱང་ཁྱེད་ཀྱིས་གཞན་གྱི་སྐད་ཆ་ལ་ཧམ་བཤད་ཟེར་བ་འདྲ་བོ་འདྲ་མིན་ལབ་གི་འདུག
ཁྱེད་རང་ལ་གཅིག་ཟེར་ན་སྨྲ་བརྗོད་རང་དབང་ཟེར་གི་འདུག མི་འདི་ཁ་ཕྱིར་ལྟ་འབའ་ཞིག་རེད་འདུག སྙིང་རྗེ་ཟེར་ནས་ངུ་གི་འདུག་ད། ཧ་ཧ་ཧཧ་ ཀུ་རེ་ཡིན།
དཔྱིད་ཀྱི་དཔལ་མོ་ཁུ་བྱུག་གཡབ་མོ་བརྡས།།
རྩི་ཤིང་ལོ་མའི་མགོ་བོ་ལྡེམ་ལྡེམ་གཡོ།།
སྟོན་མཇུག་ལྷགས་རླུང་ཙག་གིས་བརྡུང་ན་ཡང།།
ལྗོན་པའི་སྙན་ངག་ནམ་ཡང་ལྗང་ཐིང་ངེ།།
མེ་ཏོག་དཀར་པོ་ལགས། ངས་ཁྱེད་ལ་འགྲམ་ལྕགས་ཚ་ཐག་ཆོད་ཅིག་ཅིག་གཞུས་ན། དེ་ངས་རང་དབང་བེད་སྤྱོད་བྱས་པ་རེད་དམ……? གནད་དོན་འདིའི་སྟེང་ནས་བསམ་གཞིགས་ཡག་པོར་བྱོས་དང་། ཁྱེད་ལ་ཆོས་ལུག་དད་མོས་རང་དབང་། གཏམ་བརྗོད་བསྡུ་ཚོགས་རང་དབང་། དབུལ་འཕོང་མི་མྱོང་བའི་རང་དབང་། འཇིགས་སྐྲག་མི་མྱོང་བའི་རང་དབང་སོགས། རང་དབང་གི་གཞུང་ལུགས་ཆེན་པོ་དག་ལ་གཅིག་ཤེས་ཀུན་འགྲོལ་གྱི་གོ་བ་ཞིག་རེག་སྲིད། བྱིས་པ་ལས་ངན་ཁྱོད་ལ་ཤ་ཚ་བྱས་པ་ཡིན་ད་་་་་་་་་་།
མེར་སྲེག་དཔའ་བོ་དང་པོ་བྱེས་ནས་ཐོན། །
མེར་སྲེག་དཔའ་བོ་གཉིས་པ་གཞིས་པ་ནས། །
ད་བར་མེར་སྲེག་དོན་ཅུ་བརྒལ་བ་འདིས། །
རྒྱ་གཞུང་མ་རབས་གདོང་ལྤགས་དབྲལ་བར་གྲག །