ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན་གྲོང་ཁྱེར་གྱི་སྡེབ་རྒྱུགས་དུས་སྟོན་སྐབས་སུ་འབོམ་གས་འཐོར་གྱིས་ མི་གསུམ་འདས་ཤིང་། ༡༣༠ ལྷག་རྨས་པ་མ་ཟད་མང་པོ་ཞིག་ཛ་དྲག་གི་གནས་ཚུལ་འོག་ལྷག་ཡོད་འདུག ཨ་རིའི་སྲིད་འཛིན་ནས་བཟུང་གྲོང་ཁྱེར་སྤྱི་ཁྱབ་པའི་བར་གྱི་དཔོན་རིགས་ཚོས་གནས་ཚུལ་འདི་ཞིབ་འཇུག་བྱེད་བཞིན་ཡོད་འདུག
རྐྱེན་ལམ་དུ་ཤོར་བ་རྣམས་ལ་སྨོན་ལམ་དང་ཁོང་ཚོའི་ནང་མིར་སེམས་གསོ་ཞུ། བྱ་བ་ངན་པ་འདིའི་རྒྱབ་ལ་སུ་ཞིག་ཡིབ་ཀྱང་ཁུངས་འཁྱོལ་མི་ཐུབ། ངའི་དྭོགས་པ་འདི་བྱང་ཀོ་རི་ཡའི་ལྟས་ངན་ཕག་པ་འདྲ་བའི་རྒྱ་དམར་གྱི་གསོས་ཕྲུག་དེར་ཡོད།
ད་ལྟའི་ཆར་མྱི་གསུམ་པོའི་དོན་དུ་མ་ཎི་འདོན་ཐུབ་མ་སོང་། ཁོང་ཚོ་འགད་གཏོར་བ་ཚོ་རང་ཡིན་པར་ཤོག། ཆག་སྒོ་རྨས་སྐྱོན་གྱི་འོག་ནས་ཨ་རི་བ་མྱུར་དུ་རྒྱལ་བར་ཤོག།
འདི་གསར་འགྱུར་ཡིན་ན་ཟླ་དུས་ཚེས་གྲངས་ཁ་གསལ་ཡིན་ན་བསམ་ཀི
འབོམ་ཟེར་བ་དེ་ཕལ་ཆེར་འགད་རྫས་ཟེར་གྱི་ཡོད་པ་འདྲ།
རྒྱ་གར་གྱི་དུས་ཚོད་ལ་ཆ་བཞག་ཁ་སང་མཚན་མོ་རེད། ཨ་རིའི་ཁ་སང་ཉིན་མོ་རེད།
Bbc and CNN news ནང་དུ་བཤད་འདུག
འཛམ་གླིང་གསར་འགྱུར་ཡོངས་རྫོགས་ནང་བསྟན་རྒྱུ་དང་བཤད་རྒྱུ་ཡོད་ཚད་ནི་ཨ་རིར་འབར་གས་ཀྱི་དོན་རྐྱེན་སྐོར་རེད། ང་ཚོས་དྲན་སྣང་འཆར་ཡོང་རྒྱུ་ནི་རྒྱ་ནག་རྒྱལ་ས་པཱེ་ཅིང་དང་། རང་རིགས་བརྒྱ་ལྷག་གི་ཚེ་སྲོག་བློས་བཏང་བ་དེ་རེད། རང་སྲོག་བློས་བཏང་ཚར་བའི་མཉམ་པོར་འདི་འདྲ་བོ་བྱེད་རྒྱུ་འོས་བབ་མེད་པ་ཅི་ལ་ཡིན། བྱེད་མི་ཐུབ་པ་དང་མི་ཤེས་པ་གང་ནས་ཡིན། ང་ཚོ་རྒྱལ་ཁབ་དང་མི་མང་གི་དོན་དུ་འདི་འདྲ་བའང་དགོས་སྙམ།
གསར་འགྱུར་འཇིགས་པོ་འདི་ཁ་སང་ཟླ་༤པའི་ཚེས་༡༥ ཉིན་བྱུང་བ་རེད། སྡེབས་རྒྱུགས་ལམ་འགྲམ་ནས་འགད་རྫས་གཉིས་གད་ཡོད་པ་དང་། དེའི་རྗེས་བྷོ་སི་ཏོན་དཔེ་མཛོད་ཁང་མདུན་ནས་ཡང་འགད་རྫས་གཅིག་གད་ཡོད་འདུག
ཐེངས་འདིར་འཇིགས་སྐུལ་བའི་བྷོ་སི་ཏོན་ས་གནས་བདམས་དགོས་བའི་རྒྱུ་མཚན་གསུམ་ཡོད་དེ། གཅིག་བྷོ་སི་ཏོན་ནི་ཨ་རིའི་བསམ་བློའི་ཐོན་ཁུངས་གཙོ་བོ་དེ་ཡིན་ལ་རྒྱ་ནག་གི་གསར་བརྗེ་ལྟེ་གནས་ཡན་ཨན་ས་ཁུལ་དང་འདྲ་བའི་ཨ་རིའི་མི་མང་གི་སེམས་ལ་ན་ཟུག་དཔག་མེད་སྐྲུན་ཐུབ། གཉིས་ནི་ཁ་སང་ཟླ་༤པའི་༡༥ ཉིན་ནི་བྷོ་སི་ཏོན་ས་གནས་ཀྱི་རྒྱལ་གཅེས་དུས་ཆེན་གྱི་ཉིན་མོ་ཡིན་ལ། ༡༨༩༧ ལོ་ནས་བཟུང་ཉིན་མོ་འདི་བསྲུ་བརྩི་ཆེད་སྡེབས་རྒྱུགས་འགྲན་བསྡུར་གྱི་ལས་འགུལ་སྤེལ་གྱིན་ཡོད་ལ། བྷོ་སི་ཏོན་གྱི་སྡེབས་རྒྱུགས་ནི་འཛམ་གླིང་སྟེང་གི་སྡེབས་རྒྱུགས་འགྲན་བསྡུར་ལས་འགུལ་ཆེས་རྙིང་ཤོས་ཡིན་ལ་འཛམ་གླིང་གི་རྒྱུགས་རྩལ་བ་མང་པོ་འགྲན་ཞུགས་གནང་གི་ཡོད། གསུམ་ནི་ཨ་རིའི་དགུ་བའི་བཅུ་གཅིག་གི་དོན་རྐྱེན་རྗེས་སུ་ཨ་རིའི་གྲོང་ཁྱེར་ཉིའུ་ཡོག་དང་ཝ་ཧྲིན་ཏོན་སོགས་ལ་དམ་དྲག་ཧ་ཅང་ནན་མོ་བྱེད་ཀྱི་ཡོད་མོད། ཡིན་ནའང་བྷོ་སི་ཏོན་ལྟ་བུའི་གྲོང་ཁྱེར་ཁག་གི་བདེ་འཇགས་དེ་ཙམ་དམ་པོ་མེད་པས་འགད་རྫས་བཞག་སླ་བོ་ཡོད་འདུག
གང་ལྟར་འཇིགས་སྐུལ་བ་འདི་ཁྱེད་ཀྱི་གྲིབ་མ་བཞིན་འགྲོགས་ཡོད་པས་ཨ་རིའི་བོད་པ་ཚོ་མི་ཚོགས་འདུས་ས་དང་དུས་ཆེན་ཁག་ལ་འགྲོ་དུས་གཟབ་དགོས་ཀྱི་འདུག
བྷོས་ཊོན། ་་་་་་་བྷོ་སི་ཏོན་་་་
འཇབ་རྒོལ་ནི་ཉམ་ཆུང་གི་ལག་ཆ་ཡག་ཤོས་དེ་ཡིན། དེ་ལ་སུ་གང་གིས་ཀྱང་དཀག་འགོག་བྱེད་ཐབས་བྲལ་བས་ཡིན།
བྷོས་ཌོན་ནི་་སྔར་ཨ་རིར་དགུ་བཅུ་གཅིག་གི་དོན་རྐྱེན་བྱུང་སྐབས་་ཁང་བརྩེགས་མཐོན་པོ་གཏོར་མཁན་གནམ་གྲུ་གཉིས་གྲོང་ཁྱེར་དེ་ཡི་གནམ་ཐང་ནས་འཕུར་བ་རེད།
དྲང་པོ་བཤད་ན་ཨ་རི་ཟེར་བའི་རྒྱལ་ཁབ་འདི་ཡག་པོ་ཞིག་རྩ་བ་ཉིད་ནས་མ་རེད། རྒྱལ་ཁབ་འདིས་གདོད་མིའི་མི་རིགས་ལ་མནར་གཅོད་ཚད་ལས་བརྒལ་བ་བཏང་ཞིང་། ད་ལྟའི་ཆར་ཡང་གདོད་མིའི་མི་རིགས་རྣམས་ནུས་མེད་ངང་གཉའ་གནོན་བྱས་ནས་བཞག་ཡོད། ད་དུང་རྒྱལ་ཁབ་གཞན་ལ་མི་རིགས་འདྲ་མཉམ་དགོས་ལུགས་ཀྱི་སྐད་ཆ་ཤོད་བཞིན་པ་དེ་ནི་དགོད་བྲོ་བའི་གཏམ་རར་རེད། མདོརན་་མི་རིགས་སོ་སོ་རང་ངོས་སྲིད་ཀྱི་གནས་ཚུལ་ཚགས་ཚུད་པོ་ཞིག་མ་བྱུང་གི་བར་དུ་གཉའ་གནོད་རེ་རེ་ཡོད་ངེས་འདྲ་བས། ང་ཚོ་སོ་སོའི་རྒྱལ་ཁབ་ཀྱི་ཆེད་དུ་རང་རང་གི་རིག་པ་སྒྲིམ་དགོས་པ་ལས་ཨ་རི་ལྷ་དང་བླ་མ་འཇིག་རྟེན་གྱི་བཀོད་པ་པོར་ལྟ་བའི་ལྟ་གྲུབ་འདིས་གནད་ལ་ཕུག་པ་ཞིག་ནམ་ཡང་ཡོང་ཐབས་མེད།
རྒྱལ་ཁབ་གཞན་གྱི་སྐད་ཡིག་ཐོག་ཏུ་ཡོད་པའི་མིང་ཚིག་རྣམས་བོད་ཡིག་ལུགས་མཐུན་གྱི་སྒོ་ནས་འབྲི་ཐུབ་བཞིན་དུ། ཐམས་ཅད་སྔགས་ཡིག་ལྟར་འབྲི་བཞིན་པ་འདིས། རང་གི་མི་རིགས་ལ་ཡིག་རྨོངས་ཀྱི་གོ་སྐབས་གསར་པ་བསྐྲུན་བཞིན་པའི་ཚོར་སྣང་འདུག འབོ་སི་གྲོན། ཞེས་བྲིས་ན་ཅི་ཕྱིར་མི་འགྲིག།
ངས་དབང་འདུས་ལ་རྒྱབ་སྐྱོར་བྱེད་ཆོག་་་ཡི་གེ་བརྩེགས་མ་འདིའི་རིགས་མེད་ན་ཀློག་སྦྱོར་ལ་དཀའ་ངལ་གཅིག་ཉུང་དུ་འགྲོ་གི་རེད། ཡིན་ན་ཡང་བྱས་ཐབས་མི་འདུག ངས་བརྡ་སྤྲོད་གསར་བ་དེ་རྩམ་ནས་འགྲུབ་སོང་ན་བཤད་ཆོག་གི་རེད།་ཧ་་་་ཧ་
རེད་གཙོ་བོ་ཕར་ངོས་ལ་སྒྲ་ཇི་བཞིན་གོ་ཐུབ་པ་ཞིག་དགོས། ལྷག་པར་དུ་ས་མིང་དེ་དག་ལུང་པ་གཞན་གྱི་སྐད་ཐོག་ཡོད་ཙང་ཁོང་ཚོ་རང་གི་སྐད་གདངས་དང་མཐུན་པར་འབྲི་དགོས། དེ་ཀློག་པ་ལ་དཀའ་ངལ་ཅི་ཡང་འབྱུང་མི་སྲིད། སྔགས་ཡིག་ལྟ་བུ་རེད་ཟེར་ནའང་མི་ཆོག་པ་མེད། ནང་བསྟན་བཀའ་འགྱུར་སོགས་ཀྱི་ནང་དུ་ཡོད་པའི་སྔགས་ཡིག་དེ་དག་ཀྱང་ལུང་པ་གཞན་གྱི་སྐད་ཀྱི་སྒྲ་གདངས་སོར་བཞག་ལ་བརྟེན་ནས་ཡི་གེ་མ་བརྩེགས་རང་བརྩེགས་རེད། དེ་མིན་ཁྱེད་ལྟར་ན་་་་འབོ་སི་ཀྲོན་ཟེར་དུས་་་་ཨ་རི་བ་ཞིག་ལ་སྒྲ་དེ་བཞིན་རྒྱབ་ན་གོ་བརྡ་འཕྲོད་མི་སྲིད། དཔེར་ན་བོད་མི་ཚོས། འབའ་སི་ཀྲི་སེན་་་་ཞེས་དབྱིན་སྐད་དུ་་་་bus station ལ་དེ་ལྟར་བརྗོད་དུས་སྒྲ་གདངས་ཏག་ཏག་ཡོང་གི་འདུག་གམ
I am listening to US on Voice of America Tibetan with TuneIn Radio. http://tun.in/senJ0
འདི་ལ་ཉན་དང་བྷོ་སི་ཊིན་༼Boston ༽ སྐྱིད་སྡུག་ཚོགས་པའི་ཚོགས་གཙོས་བོད་སྐད་ཡག་པོ་ཞིག་བཤད་ཀྱི་འདུག
I am listening to US on Voice of America Tibetan with TuneIn Radio. http://tun.in/senJ0