ཚེ་རིང་གི་བུ།
———–
ངས་དོ་དགོང་གི་བརྙན་འཕྲིན་གསར་འགྱུར་ལ་བལྟས་པ་ཡིན། གསར་འགྱུར་གལ་ཆེན་གཅིག་ནི་ཨིས་རྫི་རལ་དང་པ་ལེ་སི་ཏན་གཉིས་ཀྱི་དཀའ་རྙོག་འདི་རེད། ངས་དཀའ་རྙོག་འདིའི་བརྒྱུད་རིམ་ལ་བསམ་བློ་ཞིག་བཏང་བ་ཡིན། དེ་ནས་མ་འོངས་བོད་རྒྱ་གཉིས་ཀྱི་མཐུན་སྒྲིལ་ལ་བསམ་བློ་ཞིག་གཏོང་ཁུལ་བྱས། ཏན་ཏན་མ་འོངས་པར་བོད་རྒྱ་གཉིས་ཀྱི་བར་ལ་དཀའ་རྙོག་ཅིག་འབྱུང་སྲིད་པ་རེད། ཡིན་ན་ཡང་། བོད་རྒྱ་གཉིས་ཀྱི་དཀའ་རྙོག་ནི་གནད་དོན་གཉིས་ཀྱི་སྟེང་ནས་འབྱུང་གི་རེད་འདོད། གནད་དོན་དང་པོ་ནི། གལ་སྲིད་མ་འོངས་པར་བོད་ལ་སྟེང་དབང་གིས་བོད་རང་བཙན་ཐོབ་ནའང་། བོད་རྒྱ་གཉིས་ཁྱིམ་མཚེས་རེད། བོད་རྒྱ་གཉིས་ཁེར་རྐྱང་གིས་འཚོ་ཐུབ་ཡོད་པ་རེད། བོད་མི་དང་རྒྱ་མི་གཉིས་གཤིབ་ནས་སྡོད་དགོས་ཀྱི་ཡོད་པ་རེད། བོད་མི་དང་རྒྱ་མིས་ཕན་ཚུན་ལ་འབྲེལ་བ་བྱེད་དགོས་ཀྱི་ཡོད། ཡིན་ན་ཡང་མི་རིགས་འདི་གཉིས་ཀྱི་བློ་ཁོག་མཐུན་གི་མ་རེད། གཅིག་གཅིག་ལ་བརྩེ་འདང་རྦད་དེ་ཡོད་པ་མ་རེད། དེ་ཡིན་དུས། བོད་མི་རིགས་ལ་རང་ཉིད་བོད་མི་རིགས་ཡིན་པའི་ལར་ཞེན་ཡོད་པའི་ཐོག རྒྱ་མི་རིགས་ནི་རང་གི་ཕུ་ནུ་སྤུན་ཟླ་གསོད་མཁན་གྱི་མི་རིགས་དེ་ཡིན་པ་བརྗེད་ཐུབ་ཀྱི་མ་རེད། རྒྱ་མི་རིགས་ཚོར་མཚོན་ནའང་རང་ཉིད་རྒྱ་རིགས་ཡིན་པའི་འདུ་ཤེས་དེ་ཡོད་པ་རེད། ལྟ་བ་འདི་ལ་རྐྱེན་བྱས་ནས་བོད་རྒྱ་གཉིས་ལ་མི་རིགས་རིང་ལུགས་ཀྱི་ལྟ་བ་ནི་ཁ་སང་དེ་རིང་ལས་བརྒལ་ཏེ་མངོན་གསལ་དོད་པོར་འགྱུར་གི་རེད། དེ་ནས་དོན་དག་འདི་གནད་དོན་ཆེན་པོར་ཞིག་ཏུ་གྱུར་ཏེ་བོད་རྒྱ་གཉིས་འཛིང་རེས་དང་། ཐ་ན་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་ཀྱང་སྤེལ་མི་སྲིད་པ་མ་རེད། དོན་དག་འདི་དོན་ཐོག་ཏུ་སོང་ཚེ་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཅིག་ཆགས་པ་རེད། གནད་དོན་གཉིས་པ་ནི། ང་ཚོས་བོད་ལ་རང་སྐྱོང་ཞིག་འཐོབ་ན་འགྲིག་གི་འདོད་ཀྱི་ཡོད། འདི་ནི་གནས་སྐབས་ཙམ་ཞིག་ཡིན། རྒྱུ་མཚན་ནི་༸གོང་ས་མཆོག་གིས་མ་འོངས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་མཁན་ནི་བོད་རྒྱ་ཆེའི་མི་མང་ཡིན་ཞེས་གསུངས་ཡོད། ཚིག་དུམ་འདི་ནི་གནད་འགག་ཅན་ཞིག་ཀྱང་ཡིན། གང་ལྟར། མ་འོངས་པར་བོད་ལ་རང་སྐྱོང་ཐོབ་ནའང་། བོད་མི་མང་གིས་བོད་ལ་རང་སྐྱོང་གཅིག་པུས་འགྲིག་མདོག་མདོག་གིས་འཚོ་བ་རོལ་འདོད་དང་། མར་མེའི་དར་དམར་འོག་ཏུ་མ་ཎི་འདོན་འདོད་ཡོད་པ་མ་རེད། དེ་དང་མཉམ་དུ་བོད་མི་ཚོས་བཙན་པོའི་སྐབས་སུ་རྡོ་རིང་ངོས་སུ་བརྐོས་པའི་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཟེར་བའི་རྡོ་རིང་ངོས་ཀྱི་ཚིག་འདི་ལ་བསམ་བློ་ཞིག་གཏོང་གི་རེད། དེ་འདྲ་ཞིག་ཡོང་བ་ལ་འབད་བརྩོན་གནང་གི་རེད། སྐད་འབོད་བྱེད་ཀྱི་རེད། ཞི་རྒོལ་བྱེད་ཀྱི་རེད། འཐབ་རྩོད་འདི་ལ་རྒྱ་གཞུང་གིས་སྡུག་པ་མིག་བཙུམ་གྱི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ནི་དོགས་པ་རྩ་བྲལ་ཡིན་སྟབས། འདི་ཡང་དཀའ་རྙོག་ཅིག་ཆགས་པ་རེད། དཀའ་རྙོག་ཆེན་པོ་ཞིག་ཏུ་གྱུར་བ་མ་ཡིན་ནམ།
ངས་བརྙན་འཕྲིན་གསར་འགྱུར་ལ་བལྟས་རྗེས་འདི་འདྲ་ཞིག་དྲན་གྱི་འདུག དེ་ལྟར་བྲིས་པ་ཡིན། གཞན་མང་པོ་ཞིག་འབྲི་ཐུབ་ཀྱི་མི་འདུག དེ་རིང་ཁ་སང་སེམས་མི་སྐྱིད་པའི་ཐོག དོ་དགོང་ལྦུ་རག་མང་ཙམ་འཐུང་བ་ཡིན། ད་ནི་ཡི་གེ་ཡང་གཏགས་ཐུབ་མི་ཐུབ་ཀྱི་ཚོད་རེད། ངའི་རེ་བ་ནི་གཙོ་བོ་མཁས་པ་རྣམ་པ་ཚོས་བགྲོ་གླེང་བྱོས། དེ་ཙམ་ཞུ་བ་ཡིན། བོད་རྒྱལ་ལོ།
ཨི་ཟི་རལ་དང་པ་ལི་སི་ཐན་འདི་གཉིས་ཀྱི་འཛམ་བུ་གླིང་འདིར་དམག་འཁྲུགས་ཆེན་པོ་ཞིག་གི་སྣ་འདྲེན་བྱེད་མདོག་ཁ་པོ་རེད། ད་ཨ་རབ་འཇིག་རྟེན་འདི་ཡང་རང་གར་འདུག་རྒྱུ་མ་རེད། པ་ལི་སི་ཐན་པ་ཚོའི་གསོན་ཁྲག་ལ་རིན་ལེན་རྒྱུ་ཡིན་ཟེར་བཞིན་འདུག
ངའི་འདོད་པ་ནི་རྒྱ་རྒན་འདི་བ་དམག་འཁྲུགས་དེ་འདྲའི་ནང་ལ་ལྷུང་ན་སྙམ་པ་དེ་རེད། ཡིན་ནའང་ཨེས་སི་རལ་དང་ཕ་ལི་སི་ཐན་གཉིས་ཀྱིས་དམག་འཁྲུགས་ཤིག་གི་སྣེ་དྲངས་ནའང་དེའི་ནང་དུ་དགྲ་བོ་འདི་བ་ཆུ༹ད་མདོག་མི་འདུག མ་གཞི་དཔལ་འབྱོར་ཉམས་ཆག་གིས་མི་རྣམས་ཁ་མ་སོས་པར་སྡོད་པའི་སྐབས་འདི་འདྲ་ཞིག་ཏུ་གཞི་རྒྱ་ཆེ་བའི་དམག་འཁྲུགས་དེ་འདྲ་ཡོང་དྭོགས་ཡོད་པ་མ་རེད།
ནོར་བཅོས།
བོད་རྒྱ་གཉིས་ཁེར་རྐྱང་གིས་འཚོ་ཐུབ་ཡོད་པ་རེད།
བོད་རྒྱ་གཉིས་ཁེར་རྐྱང་གིས་འཚོ་ཐུབ་ཡོད་པ་མ་རེད།
མུ་གེའི་ནང་དུ་དམག་འཁྲུག་མི་ཡོང་ཞེས། །
བླུན་རྟགས་ནག་པོ་ཕྱི་རུ་མངོན་པ་ཀྱེ། །
གོ་གུང་དམག་འཁྲུག་ཁྲག་གི་ཡུར་ཆུ་ཅན། །
རྒྱ་ནག་མུ་གེའི་སྐབས་སུ་མ་བྱུང་ངམ། །
དེ་བཞིན་ར་ཤི་ཡ་ཡི་དམར་འགྱུར་དམག །
ཁུ་བའི་གསར་བརྗེའི་དམག་འཁྲུག་ལ་སོགས་པའི། །
འདས་པའི་དུས་རབས་ནང་གི་དམག་འཁྲུག་ལས།
ཕལ་ཆེར་ཡུལ་ཁམས་མུ་གེས་མནར་དུས་བྱུང་། །
ད་ལྟའི་ཨ་ཧྥེ་རི་ཁའི་མུ་གེ་སྟེ། །
ཉིན་བཞིན་སྐྱེ་འགྲོ་ས་ཡ་བཀྲེས་ལྟོགས་ཀྱིས། །
འཆི་བའི་འཇིགས་རུང་དུས་འདིར་གླིང་ཆེན་དེར། །
དམག་འཁྲུག་ཁྲག་རྒྱུན་དྲག་ཏུ་འབབ་ལ་ལྟོས། །