ངས་པོ་རྒྱལ་མཚན།
གླེང་བརྗོད།
སྤྱི་ལོ་ ༡༩༤༩ ནས་སྤྱི་ལོ་ ༢༠༡༡ བར་རྒྱ་དམར་གྱིས་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པར། རང་རིགས་སྤུན་ཟླ་ས་ཡ་གཅིག་དང་། གསུམ་ཁྲི་ལྷག་གདུག་རྩུབ་སྣ་ཚོགས་ཀྱིས་དམར་གསོད་བཏང་བ། རིག་གཞུང་གི་ལྟེ་གནས་དགོན་སྡེ་དྲུག་སྟོང་ལྷག་གཏོར་བཤིགས་བཏང་བ། མུན་ནག་གི་ལོ་དེ་དག་གི་ནང་། རྒྱ་དམར་གྱིས་བོད་ཀྱི་དངོས་ཡོད་ ཀྱི་གནས་སྟངས་དང་མི་འཚམས་པར་སྔར་གྱི་སྲོལ་རྒྱུན་ལས་འདས་ཏེ་མུ་མཐའ་མེད་པའི་སྤང་ལྗོངས་ལ་ལྕགས་ཀྱི་རྭ་བ་བསྐོར་ནས་རང་རིགས་སྤུན་ཟླ་ཕན་ཚུན་འཁྲུག་རྩོད་ སློང་བ། གདོད་མའི་ཤིང་ནགས་ཚད་མེད་གཅོད་པ། རྡུལ་ཕྲན་མཚོན་ཆའི་དུག་རྫས་སོགས་ཀྱིས་ཁོར་ཡུག་སྦགས་བཙོག་བཟོ་བ། དུས་རབས་ཉེར་གཅིག་ནང་ད་དུང་གྲོང་གསེབ་ཁག་ལ་ཤེས་ཡོན་དང་འཕྲོད་བསྟེན་སྔར་བཞིན་ཉམ་ཐག་པར་གནས་པ། མི་འབོར་སྤོ་ཤུགས་ཀྱིས་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མི་གྲངས་ཉུང་མི་རིགས་བཟོ་བ། མི་རིགས་དབྱེ་འབྱེད། ཆོས་དད་བཀག་འགོག བོད་མིའི་སེམས་ཁམས་དང་། མི་བསྟུན་པར་གང་སར་གཏེར་ཁ་སྔོག་འདོན་བྱས་པ། ཁེ་བཟང་ཡོད་པའི་ལས་རིགས་ཡོངས་རྫོགས་རྒྱ་མི་རིགས་ལ་སྤྲད་པ། རྒྱ་ཆེའི་ཞིང་འབྲོག་མི་མང་ལ་འབྲུ་ཁྲལ་དང་། མར་ཁྲལ་སོགས་བཙན་ཤེད་ཆེན་པོས་བསྡུ་ལེན་བྱས་པ། ཤེས་འཇོན་གཉིས་ལྡན་གྱི་ བོད་ཞེན་ཅན་རྣམས་འབུར་འཇོམས་གཏོང་བ། བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་གྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་དང་བཅས་གང་ཐད་ནས་མི་དམན་པའི་ བོད་ཡིག་དེ་རྩ་མེད་བཟོ་ཐབས་བྱས་པ། བོད་མིར་མི་རྒྱུ་ཟོག་གསུམ་གྱི་གནོན་ཤུགས་མུ་མཐུད་སྤྲད་དེ་ཆབ་སྲིད་ཀྱི་བཙོན་ཟུར་རྣམས་སྤྱི་ཚོགས་སྟེང་གྲོགས་མེད་ཁེར་ རྐྱང་དུ་འཇོག་ཐབས་བྱས་པ། མི་རིགས་རིང་ལུགས་ཀྱི་བསམ་བློའི་གདུག་རྩུབ་འོག བོད་མི་རྣམས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ངན་པ་རབ་དང་རིམ་པ་བཏིང་བ། བོད་མིའི་ ཁོག་པའི་སྙིང་དང་། དཔྲལ་བའི་མིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྒྲོ་སྐུར་སྣ་ཚོགས་དང་། ༸ཀུན་གཟིགས་༸པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་སོགས་རང་རིགས་སྤུན་ཟླ་རྣམ་པ་བཙོན་དུ་བཅུག་སྟེ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་དང་གཏོང་མུས་ཡིན་པ་དེ་དག་རྨང་གཞི་བྱེད་དགོས།
༡ གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ཡག་པོ་འཛིན་དགོས་པ།
ལོ་ངོ་ཉི་ཤུའི་རྗེས་སུ། གདུག་རྩུབ་དང། ཧམ་ཤེད་ལ་བྱང་ཆུབ་པའི་སྲིན་འབུ་མའོ་ཤི་སྟེ་རྒྱ་ནག་ལ་མགོ་ཁྲིད་འཕོ་འགྱུར་བྱུང་ནས་བོད་ཀྱི་སྲིད་ཇུས་ལའང་གུ་ཡངས་ཕྲན་བུ་ བྱུང་། སྤྱི་ལོ་ ༡༩༧༩ ལོ་ནས་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་གསར་དུ་བྱུང་སྟེ་བོད་ཀྱི་འཐབ་རྩོད་ཤི་མིན་རོ་མིན་དེ། གསོན་ཤུགས་ལྡན་པ་ཞིག་ཆགས་ཡོད། སྤྱི་ལོ་ ༡༩༨༧ ལོར་རྒྱ་དམར་གྱི་སྐར་ལྔའི་དར་དམར་འོག་ལ་འཚར་ལོངས་བྱུང་བའི་མི་རབས་གསར་པ། བོད་ཀྱི་རྒྱལ་ས་ལྷ་སའི་གངས་ཕྲུག་ཚོས་མགོ་ཁྲིད་དེ་ཆོལ་གསུམ་བོད་ འབངས་ཡོངས་ཀྱིས་རྒྱ་དམར་ཀླ་ཀློའི་འཁྱོག་བརྗོད་དང།དྲང་བདེན་མིན་པའི་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་སོགས་ལ་འཚེ་མེད་ཞི་བའི་ལས་འགུལ་རིམ་པས་སྤེལ་ཡོད།
དུས་ད་ལྟ་ཡང་བོད་ནང་ལ་ལས་འགུལ་དེ་དག སྤེལ་དང་སྤེལ་མུས་ཡིིན། བོད་ནས་རྒྱ་གར་ལ་གཉེན་འཕྲད་དང་། གནས་སྐོར་ཡོང་མཁན་དག་ལ་༸གོང་ས་མཆོག་གི་མཛད་ འཕྲིན་དང་། བོད་ཀྱི་དངོས་ཡོད་ཀྱི་གནས་སྟངས་ལ། ད་ལྟ་འཛམ་གླིང་ནང་ཞི་བདེ་དང་། དྲང་བདེན་ལ་དགའ་བའི་མི་མང་དང་། གྲགས་ཅན་གྱི་མི་སྣ། གཞུང་ཞབས་ལས་བྱེད་ ཚོས་རྒྱབ་བསྐྱོར་ཇི་ཙམ་གནང་གི་ཡོད་མེད་དང་། ད་ལྟ་ཚད་གང་ཙམ་ལ་སླེབས་ཡོད་མེད། རང་གཞུང་གི་མཐོ་རིམ་མི་སྣ་ཚོས་ཁོང་ཚོར་ངེས་པར་དུ་འགྲེལ་བཤད་བརྒྱབ་རྒྱུ་ གལ་ཆེར་མཐོང་། ལྷག་པར་དུ་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཚོ་དང་། གཞུང་གི་མཐོ་རིམ་མི་སྣའི་དབར་ཐུག་འཕྲད་མང་ཙམ་གནང་སྟེ་ཁོང་ཚོ་དང་། འབྲེལ་ལམ་ ཡག་པོ་བཟོ་དགོས། ཁོང་ཚོ་ནི་ལོ་ངོ་བཅོ་བརྒྱད་ཡོལ་ཟིན་པའི་ན་གཞོན་བཟང་ངན་དང་། ཡག་ཉེས་ཀྱི་དབྱེ་བ་འབྱེད་ཤེས་མཁན་ཤ་སྟག་རེད། དེ་དག་གི་ནང་ནས་སློབ་གྲྭ་ མཐར་ཕྱིན་རྗེས་རང་ཡུལ་བོད་ལ་ལོག་མཁན་ཉུང་ཉུང་གཏན་ནས་མིན། གུས་པ་སློབ་གྲྭར་ལོ་ངོ་གསུམ་ལྷག་བསྡད་པ་ཡིན། དུས་ཡུན་དེ་དག་གི་ནང་ལ་ང་ཚོའི་སློབ་གྲྭར་ བཤལ་ནད་ཚབས་ཆེན་ཐེངས་གཉིས་ཙམ་བྱུང་ནས་སློབ་མ་བརྒྱ་ཆ་དགུ་བཅུ་ཡན་སྨན་ཁང་ལ་ལུས་སོང་ཡང་། གཞུང་གི་གནས་ཡོད་མི་སྣ་གཞན་གྱིས་ང་ཚོར་སློབ་གསོ་དང། སེམས་གསོ་གཏོང་རྒྱུ་ལྟ་ཅི། སྐབས་དེ་དུས་ང་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཤེས་རིག་བཀའ་བློན་ངོས་ནས་ཀྱང་དེ་ལྟར་གནང་མ་སོང། དེར་བརྟེན་སློབ་ཕྲུག་མང་པོ་ཞིག་གིས་དྭངས་གཙང་སེམས་པར་རྨ་ཁ་ལྟ་བུ་བཟོས་སོང། གཞིས་བཞུགས་གཉིས་ཀྱི་ལས་འགུལ་གྱི་ནུས་པ་ནི། ཉིན་མོའི་མར་མེ་དང་། མུན་དོང་གི་མར་མེ་ལྟ་བུའི་ ཁྱད་པར་ ཡོད། བཙན་བྱོལ་ནང་ལས་འགུལ་ཉིན་ནས་ཉིན་མཐུད་དེ། ཇི་ཙམ་སྤེལ་ཀྱང་ཉིན་མོའི་མར་མེ་ལྟར་ནུས་པ་དེ་ཙམ་ཐོན་མི་ཐུབ་པ་མ་ཟད། རྒྱལ་སྤྱིའི་དྲང་བདེན་དང་། རང་དབང་ལྡན་པའི་ཚོགས་སྡེ་དག་གི་འདེང་འཇོག་དེ་ཙམ་བྱེད་ཀྱི་མེད། ཡིན་ནའང་བོད་ནང་ལ་ཞི་རྒོལ་ཕྲན་བུ་ཞིག་བྱུང་བ་ཡིན་ནའང་དྲང་བདེན་དང། ཞི་བདེ་ལ་དགའ་བའི་ རྒྱལ་སྤྱིའི་མི་མང་གིས་དེ་ལ་འདེང་འཇོག་དང། རྒྱབ་སྐྱོར་ཞུ་གི་ཡོད་པ་ང་ཚོས་མིག་མཐོང་ལག་ཟིན་ཡིན།
༢ གཞུང་མང་གཉིས་ལས་འགུལ་མཉམ་རུབ་སྤེལ་དགོས་པ།
མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ལ། སྟོབས་ཤུགས་ནི་རྒྱལ་ཁའི་རྩ་བ་ཡིན་ཞེས་པ་ལྟར་ང་ཚོས་ག་དུས་ཡིན་ནའང་རྒྱ་དམར་གདོན་འདྲེས་བཙན་ཤེད་དང་། གདུག་རྩུབ་ ཆེན་པོས། ཐ་ན་དྲང་གཏམ་ཚིག་གཅིག་ཀྱང་ཤོད་ས་མེད་པའི་ཆེས་བཙན་གནོན་གྱི་ཁོར་ཡུག་ནང་དུ་ལུས་པའི། བོད་ཀྱི་དངོས་ཡོད་ཀྱི་དཀའ་ངལ་ལ་བསམ་གཞིགས་བྱས་ཏེ་ བོད་གཞུང་མང་གཉིས་ཀྱི་ལས་འགུལ། གཅིག་ཕན་གཅིག་གྲོགས་ངང་ནས་སྤེལ་རྒྱུ་གལ་ཆེན་རེད་སྙམ། ལྷག་པར་དུ་བོད་ནང་ལ་ཛ་དྲག་དོན་རྐྱེན་བྱུང་མ་ཐག་གཞུང་དང་། གཞུང་འབྲེལ་མིན་པའི་ཚོགས་པ་དག་གི་རྒྱ་གར་དང། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གདུང་སེམས་མཉམ་སྐྱེད་ལས་འགུལ་མཉམ་དུ་སྤེལ་དགོས་པ་ཡིན། གདུག་རྩུབ་ཀྱི་ཁྲག་རལ་ འགོས་པའི་རྒྱ་དམར་གྱི་སྲིད་ཇུས་རྫོར་པོ་དེར། ངོ་རྒོལ་བྱ་རྒྱུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁོ་ནའི་ལས་འགན་མ་ཡིན་པར་བཙན་བྱོལ་དུ་ཡོད་པའི་གཞུང་མང་ཚང་མའི་ འོས་འགན་གཡོལ་དུ་མེད་པ་ཞིག་རེད། ད་ལྟ་ང་ཚོ་དབུ་མའི་ལམ་དང་། རང་བཙན་ཞེས་ལྟ་གྲུབ་ཕན་ཚུན་རྩོད་པའི་དུས་ཚོད་མ་རེད། སྐབས་བབས་ཀྱི་འོས་འགན་ནི་གཞིས་ བཞུགས་སྤུན་ཟླ་ཚོ་ཆེས་གཉའ་གནོན་འོག་ནས་སྐྱོབ་ཆེད་གཞུང་མང་མཉམ་འབྲེལ་གྱི་ལས་འགུལ་ནུས་ལྡན་ཞིག་སྤེལ་རྒྱུའི་དུས་ཚོད་རེད། བཙན་བྱོལ་གཞུང་གི་ལང་ ཕྱོགས་དབུ་མའི་ལམ་ཡིན་ནའང་འདྲ། གཞུང་འབྲེལ་མིན་པའི་ཚོགས་པ་གཞོན་ལྷན་སོགས་ཀྱི་ལང་ཕྱོགས་རང་བཙན་གཙང་མ་ཡིན་ནའང་འདྲ། དེ་དག་ཚང་མའི་དམིགས་ ཡུལ་ནི། བོད་མིར་རང་དབང་དང་། བདེ་སྐྱིད་ཡོང་ཆེད་ཡིན་ན། ད་ལྟ་བོད་ནང་དུ་དེ་ལས་ལྡོག་སྟེ་རྒྱ་དམར་གྱིས་བོད་མི་ཚོར་མནར་གཅོད་དང་། གདུག་རྩུབ་ཚད་མེད་བཏང་ དང་གཏོང་བཞིན་ཡོད། དེར་བརྟེན་གཞུང་དང། གཞུང་འབྲེལ་མིན་པའི་ཚོགས་པ་དག་གི་ལས་འགུལ་མཉམ་དུ་མི་སྤེལ་བའི་རྒྱུ་མཚན་ཅི་ཞིག་ཡོད་སྙམ། རྒྱ་གར་རང་བཙན་ རྩོད་ལེན་བྱེད་པའི་སྐབས་སུ། འཚེ་མེད་ཞི་བའི་དེད་དཔོན་ཆེན་པོ་མཧ་མ་གྷན་རྡི་མཆོག་གིས་ཀྱང་རང་གི་ལྟ་གྲུབ་རྒྱུན་འཁྱོངས་གནང་བ་ལས་ཉིད་དང་ལྟ་གྲུབ་འགལ་བར་འཛིན་མཁན་(Subhash Chandra Bose)ལ་སོགས་ཀྱི་ལྟ་བ་འབུར་འཇོམས་གཏོང་རྒྱའི་ལས་འགུལ་ལྟ་ཅི།ཐ་ན་དེར་ངོ་རྒོལ་གྱི་བཀའ་མོལ་ཚིག་གཅིག་ཙམ་ཡང་གནང་མྱོང་མེད། བདག་གནས་ཡུལ་གྱི་ཁོར་ཡུག་འདི་ནས་རང་བཙན་གྱི་ལྟ་གྲུབ་ཡོད་མཁན་རྣམས་ལ་མིང་འདྲ་མིན་བཏགས་ཏེ་མགོ་བོ་གནོན་ཐབས་དང། བཙན་བྱོལ་ནང་དུ་དེ་དག་གྲོགས་ མེད་ཁེར་རྐྱང་དུ་འཇོགས་ཐབས་རབ་དང་རིམ་པ་བྱས་པ་མ་ཟད། གཞུང་ཞབས་ལས་བྱེད་རྣམ་པ་གཞུང་འབྲེལ་མིན་པའི་ལས་འགུལ་ནང་ལ་མཉམ་ཞུགས་བྱས་མི་ཆོག་པ་ བཙན་བཀའ་བཏང་སྟེ་ལས་བྱེད་སུ་འདྲ་ཞིག་གིས་དེ་ལྟར་བྱས་ཚེ་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་ཞེས་པ་འདི་ཆེས་དགོད་བྲོ་བ་ཞིག་མ་རེད་དམ།
༣ རྒྱ་ནག་མི་མང་དང་འབྲེལ་བ་གོང་འཕེལ་གཏོང་དགོས་པ།
ང་ཚོའི་འཐབ་རྩོད་འདིར་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མི་དམངས་ཀྱིས་རྒྱབ་སྐྱོར་ཐོབ་པ་ཙམ་མ་ཟད།དམངས་གཙོ་དང་དྲང་བདེན་དང་དགའ་བའི་རྒྱ་མི་རིགས་ཀྱིས་ཀྱང་ང་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད།ད་ཕན་རྒྱ་མི་རིགས་ཀྱིས་བོད་དོན་བདེན་སྐྱབས་ཀྱི་རྩོམ་ཡིག་སྟོང་ཕྲག་གཅིག་ལྷག་ཙམ་ཞིག་བྲིས་ཡོད་པ་དེ་ནི་ང་ཚོར་མཚོན་ན་གྲུབ་འབྲས་ཆེན་པོ་ཞིག་རེད།ཕྱིན་ཆད་རྒྱ་མི་རིགས་ཀྱི་རྒྱབ་སྐྱོར་བྱེད་པའི་ཚད་གཞི་དེ་བས་མཐོ་བ་དང་།གཞི་ཁྱོན་དེ་བས་ཆེ་བ།གྲངས་འབོར་དེ་བས་མང་བ་ཡོང་རྒྱུར་འབད་བརྩོན་བྱ་དགོས་པ་ནི།ལོ་རྒྱུས་ཀྱི་ང་ཚོར་སྤྲད་པའི་འོས་འགན་ཞིག་རེད།དེ་ཡང་༸གོང་ས་མཆོག་གིས་’’བོད་བསྟན་པ་ཆབ་སྲིད་ཀྱི་གནད་དོན་འདི་བོད་པ་རེ་གཉིས་ཤིག་ལ་འཁྲི་བའི་ལས་འགན་ཞིག་མ་ཡིན་པར་བོད་མི་ངོ་རེའི་ཕྲག་སྟེང་ན་ཡོད་པའི་ལས་འགན་ཞིག་ཡིན་‘‘ཞེས་གསུངས་པ་ལྟར་ང་ཚོ་བོད་མི་ཡོད་དོ་ཅོག་གི་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་འབྲེལ་ལམ་སྔར་ཡོད་གོང་འཕེལ་དང་།སྲ་བརྟན་དུ་བཏང་སྟེ་ཕྱི་རྒྱལ་གྱི་མཐོ་སློབ་ཁག་ལ་སྐྱོད་བཞིན་པའི་རྒྱ་རིགས་སློབ་མ་ཁག་ལ།ཕན་ཚུན་གྲོགས་འབྲེལ་གྱི་འདུ་ཤེས་བཟུང་ནས་བསམ་ཚུལ་ལྷུག་པོ་བརྗོད་དེ།བོད་རྒྱའི་དབར་གྱི་དཀའ་ངལ་ནི།བོད་མི་རིགས་དང་།རྒྱ་མི་རིགས་བར་གྱི་དཀའ་ངལ་ཙམ་མ་ཡིན་པར།དེ་ནི་སྲིད་དབང་སྒེར་གཅོད་པ་དང། མང་ཚོགས་བར་གྱི་དཀའ་ངལ་ཡིན་པ་དང་། ད་ལྟ་བོད་དང་རྒྱ་ནག་གཉིས་ཀའི་ནང་འགྲོ་བ་མིའི་ ཐོབ་ཐང་དང་སྨྲ་བརྗོད་རང་དབང་།ཆོས་དད་རང་དབང། གསར་འགྱུར་རང་དབང་སོགས་མེད་པའི་སྐོར་དང།༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་དང་།བཙན་བྱོལ་གཞུང་གི་ལངས་ཕྱོགས་སོགས་ཁ་གསལ་གཏིང་གསལ་བཤད་དེ།ཕན་ཚུན་བསམ་ཤེས་ཆེན་པོས་གོ་རྟོགས་སྤེལ་ཏེ་མཐུན་ལམ་ཡག་པོ་བཟོས་དགོས་པ་མ་ཟད།རྒྱ་ནག་ནང་ཁུལ་གྱི་རྒྱ་མི་རིགས་ཤེས་ཡོན་ཅན་དང།བསམ་བློ་གུ་ཡངས་བ་ཚོ་ལ།ཐོག་མར་འབྲེལ་ལམ་གསར་དུ་འཛུགས་དགོས་པ་དང།བར་དུ་འབྲེལ་བ་ཉར་ཚགས་བྱེད་དགོས་པ།མཐའ་མ་འབྲེལ་བ་འཕེལ་རྒྱས་བཏང་ནས་རྒྱ་ནག་ཁྱོན་ཡོངས་སུ་བོད་དོན་གླེང་སློང་ཐུབ་པའི་མཐོ་རླབས་ཤིག་ཕྱུར་བ་བྱེེད་དགོས།
༤ ལས་འགུལ་རྒྱལ་སྤྱིར་ཁ་ཕྱོགས་དགོས་པ།
དེང་གི་དུས་སུ་གོ་ལ་ཧྲིལ་པོ་འདི་གཅིག་ལ་གཅིག་བརྟེན་གྱི་ཕུང་པོ་ཞིག་ཡིན་སྟབས། རྒྱལ་ཁབ་གཅིག་གི་མདུན་ལམ་དེ་རྒྱལ་ཁབ་གཞན་ཞིག་གི་མདུན་ལམ་དང་འབྲེལ་ལམ་ དམ་ཟབ་ཡོད་པར་བརྟེན། བོད་དོན་འཐབ་རྩོད་ཀྱི་རྒྱལ་ཕམ་ཀྱང་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་མིན་དང་འབྲེལ་བ་ཡོད། རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་མིན་དང་། ཚད་གཞི་ཇི་འདྲ་ཞིག་ ཐོབ་ མིན་ནི་ང་ཚོས་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་བྱེད་པའི་ཐབས་བྱུས་མཁས་ལོས་དང། མྱུར་ཚད་མགྱོགས་ལོས། གཞི་ཁྱོན་ཆེ་ཆུང་བཅས་ཀྱི་ཐོག་ནས་བལྟ་དགོས། གནད་དོན་དེ་གསུམ་ནི་ང་ཚོས་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་བྱེད་པའི་རྩ་དོན་གལ་ཆེན་གསུམ་ཡིན་པ་དང་དེའི་ནང་ནས་ཀྱང་གཅིག་ཆད་ནའང་མི་འགྲིག དཔེར་ན། དྲིལ་བསྒྲགས་བྱེད་མཁས་པོ་མ་བྱུང་ན་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་རྒྱུ་ལྟ་ཅི། ཐ་ན་གོ་བ་ལོག་གྲུབ་བྱ་རྒྱུའི་ཉེན་ཁ་ཡོད་པ་དང། མྱུར་ཚད་མགྱོགས་པོ་མ་བྱུང་ཚེ་གནས་ཚུལ་དུས་ ཐོག་ཏུ་དྲིལ་བསྒྲགས་མ་ཐུབ་པར་རྗེས་ལུས་ཐེབས་ཉེན་ཡོད། དེ་བཞིན་དུ་གཞི་ཁྱོན་ཆེ་ཙམ་མ་བྱུང་ན་ཕྱོགས་གཅིག་གིས་ཤེས་ཀྱང་ཕྱོགས་གཞན་པས་མ་ཤེས་པར་ལུས་ཉེན་ ཡོད།དེར་བརྟེན། ང་ཚོས་ཆ་ཚང་བ་དང་ཕྱོགས་ཡོངས་ལ་ཤེས་རྟོགས་ཐུབ་པ་དགོས་ན་གོང་གསལ་གྱི་རྩ་དོན་གསུམ་པོ་དེ་དག་རྒྱུན་འཁྱོངས་བྱེད་དགོས། བོད་ཀྱི་རྩ་དོན་རྒྱལ་ སྤྱིར་འགྱུར་ཐུབ་མིན་གྱི་འགག་རྩ་ནི། བོད་ནང་དུ་ཛ་དྲག་གི་དོན་རྐྱེན་བྱུང་དུས་གཞུང་འབྲེལ་མིན་པའི་ཚོགས་པ་དག་གིས་དབུ་ཁྲིད་དེ་བཞུགས་སྒར་ཁུལ་དང་། ལྡི་ལིར་རྒྱ་མིའི་ གཞུང་ཚབ་ཀྱི་མདུན་དུ་ངོ་རྒོལ་བྱ་རྒྱུ་གཅིག་པོ་མ་ཡིན་པར། བཀའ་སྤྱི་མཉམ་རུབ་བམ་བཀའ་སྤྱི་གང་རུང་གིས་དབུ་ཁྲིད་དེ་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་གི་ནང་ལ་ཡོད་པའི་ རྒྱ་ནག་གི་གཞུང་ཚབ་མདུན་དུ་རྒྱ་ནག་གི་བོད་དུ་ད་ལྟ་སྤེལ་བཞིན་པའི་ཆེས་གཉའ་གནོན་དང་། ཆེས་མནར་གཅོད། ཆེས་གདུག་རྩུབ་བཅས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་དུས་ཐོག་ཏུ་ སྤེལ་དགོས་པ་མ་ཟད། མཉམ་སྦྲེལ་རྒྱལ་ཚོགས་དང། ཨ་རི། ཡོ་རོབ་གྲོས་ཚོགས། འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཁྲག་དང་མིག་མཆུའི་དཀའ་སྡུག་གི་ལོ་ཟླའི་ཁྲོད་མི་ཚེ་སྐྱེལ་ བཞིན་པའི་བོད་ནང་གི་པར་རིས་དང། བརྙན་འཕྲིན། གནས་ཚུལ་ཕྲ་ཞིབ་ཀྱི་སྙན་ཞུ་རྣམས་དུས་ཐོག་ཏུ་འབུལ་དགོས་པ་སོགས་ཡིན།
༥ རྒྱལ་གཅེས་བསམ་བློའི་སློབ་གསོ་གཏོང་དགོས་པ།
༡༽ མི་རབས་གསར་པ་ཚོར་མི་རིགས་ཀྱི་ངོས་འཛིན་གྱི་འདུ་ཤེས་བརྟན་པོ་ཞིག་སེམས་ཁམས་སུ་ཆགས་དགོས་རྒྱུ་དེ་གནད་དོན་གལ་ཆེན་ཞིག་ཡིན། རྒྱ་གར་གྱི་སྲིད་བློན་ ནེ་རུས་ཕྲུ་གུ་ནི་ལྡུམ་རའི་ནང་གི་ཐིའུ་བཞིན་རེད་ཅེས་གསུངས་པ་ལྟར། ལྡུམ་ར་དེ་མཛེས་སྡུག་ལྡན་པ་ཞིག་ཆགས་མིན་ནི་དེའི་ནང་ལ་འཚར་ལོངས་འབྱུང་བཞིན་པའི་ཐིའུ་ རྣམས་མཛེས་སྡུག་ལྡན་མིན་ལ་རག་ལུས་ཡོད། དེ་བཞིན་རྒྱལ་ཁབ་ཞིག་ཚགས་ཚུགས་དང། གོང་འཕེལ་ཡོང་མིན་ཡང་རྒྱལ་ཁབ་ཀྱི་བདག་པོར་འགྱུར་བའི་མི་རབས་གསར་པ་ རྣམས་ལ་ཤེས་ཡོན་དང་རྒྱལ་གཅེས་ཀྱི་སློབ་གསོ་ཚད་དང་ལྡན་པ་ཞིག་མཛུབ་སྟོན་ཐུབ་མིན་ལ་རག་ལུས་ཡོད། ང་ཚོས་བོད་ཀྱི་འབྱུར་འགྱུར་གྱི་མི་རབས་དག་རྒྱལ་གཅེས་ ཤེས་ཡོན་ལྷག་བསམ་ལྡན་པའི་མི་ཞིག་ཏུ་སྐྱེད་སྲིང་ཐུབ་པ་བྱ་དགོས་། ང་ཚོ་ད་ལྟ་བཙན་བྱོལ་བ་ཆགས་པའི་རྒྱུ་རྐྱེན་གང་ལ་ཐུག་པ་དང་། གང་གིས་ཕྱིར་དུ་ང་ཚོ་བཙན་བྱོལ་ ཆགས་པའི་དམིགས་ཡུལ་དང། འདས་པའི་མི་རབས་དང་། ད་ལྟ་འབྱུང་བཞིན་པའི་མི་རབས་ཀྱི་ཁྲོད་དུ་སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་ཕོད་པའི་ རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོ་ངོ་སྤྲོད་བྱ་དགོས། དཔེར་ན། བོད་གངས་ཅན་ལྗོངས་སུ་བསམ་བློ་བའམ་ཕུལ་བྱུང་གི་གསར་བརྗེའི་དཔའ་བོ་དང་པོ་རྩིས་དཔོན་ལུང་ཤར་ རྡོ་རྗེ་ཚེ་རྒྱལ་མཆོག་དང་། དེའི་རྗེས་སུ་གསར་བརྗེའི་དར་ཆ་ལྷབ་ལྷུབ་ཏུ་གཡོ་མཁན་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག།རྒྱལ་གཅེས་ལ་རྒྱའི་མེ་དཔུང་འབར་བའི་ བདེ་མཁར་ཚེ་དབང་རབ་བརྟན་མཆོག ཟུར་ཁང་དབང་ཆེན་དགེ་ལེགས་མཆོག ཨ་འབྲུག་མགོན་པོ་བཀྲིས་མཆོག་དང་། རྒྱའི་མནར་གཅོད་འོག་ལ་དཀའ་སྡུག་དངོས་སུ་མྱོང་ མཁན་བོད་མིའི་ངེས་དོན་མགོན་སྐྱབས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག གཡུ་ལོ་སྤྲུལ་སྐུ་ཟླ་བ་ཚེ་རིང་མཆོག་དང་། རྒྱལ་གཅེས་དཔའ་མོ་གསུམ་པའི་བཅུ་གཉིས་ ཉིན་དབུ་ཁྲིད་གནང་མཁན་ཀུན་བདེ་གླིང་ཨ་མ་ཀུན་བཟང་ལགས་དང་། སྙེ་མོའི་དོན་རྐྱེན་གྱི་སྣེ་ཁྲིད་པ། ཨ་ནི་འཕྲིན་ལས་ཆོས་སྒྲོན་ལ་སོགས་པ་རྒྱལ་གཅེས་པ་རྒན་རབས་དག་ དང། རྒྱ་དམར་གྱི་དབང་བསྒྱུར་འོག་འཚར་ལོངས་བྱུང་བའི་རྒྱལ་གཅེས་ཀྱི་མི་རབས་གསར་པའི་ལས་འགུལ་ ༼སྤྱི་ལོ་ ༡༩༨༧༽ སྣེ་ཁྲིད་པ་རྒྱལ་གཅེས་དཔའ་བོ་འབྲས་གྲྭ་ ངག་དབང་ཕུལ་བྱུང་ལགས་དང་ ༼ལོ་ངོ་བཅུ་དགུ་ལྷག་བཙོན་ཁང་ནང་དུ་དཀའ་སྡུག་མྱངས་ཏེ་ད་ཆ་གློད་གྲོལ་ཐོབ་ཡོད།༽བོད་ལྗོངས་སློབ་གྲྭ་ཆེ་མོའི་སློབ་མ་རྒྱལ་གཅེས་དཔའ་བོ་བློ་བཟང་ བསྟན་འཛིན་ལགས། ༼སྤྱི་ལོ་ ༡༩༨༨ ལོ་ནས་ད་ལྟ་ཡང་གདུག་རྩུབ་དང་མནར་གཅོད་ལོ་འདབ་རྒྱས་བཞིན་པའི་མུན་དོང་བཙོན་ཁང་ནང་ལ་དཀའ་སྡུག་མྱོང་བཞིན་ཡོད།༽ལྷག་པ་ཚེ་རིང་ལགས། ༼བཙོན་ཁང་ནང་ནས་རྒྱ་དམར་གྱིས་གདུག་རྩུབ་ཆེན་པོས་དམར་གསོད་བཏང་ཡོད།༽ དབང་འདུས་ལགས། ༼ཁྲི་ཟམ་བཙོན་ཁང་དང་གྲྭ་བཞི་བཙོན་ཁང་གཉིས་ལ་ཁྱོན་བསྡོམས་ལོ་ངོ་བརྒྱད་ལྷག་ དཀའ་སྡུག་མྱངས་ནས་གློད་གྲོལ་བྱུང་སྟེ་གཉན་ནད་རེག་དུག་གི་ནད་གཞི་(AIDS)་ཨེ་ཙེ་སྔོན་འགོག་གི་ཆེད་དུ་ཕྱག་ལས་གནང་ཡོད། སྤྱི་ལོ་ ༢༠༠༨ ལོར་སླར་ཡང་ཁོང་འཛིན་བཟུང་སྟེ་རྒྱལ་ཁབ་མགོ་རྟེང་སློག་ རྒྱུའི་ངན་སེམས་བཅངས་པ་དང། ཕྱི་ཕྱོགས་དང་འབྲེལ་ཡོད་པའི་ཉེས་མིང་བཏགས་ནས་ཚེ་བཙོན་གྱིས་དུས་བཀག་བཙོན་བཅུགས་བཟོས་ཡོད།༽ ཕུན་ཚོགས་ཚེ་དབྱངས་ལགས། ༼སྐྱ་མིང་སྤེན་པ། གདུག་རྩུབ་ཆེ་བའི་བཙོན་ཁང་ལ་ཐེངས་གཉིས་ཙམ་ཙུད་ཀྱང་ད་ཆ་གློད་གྲོལ་ཐོབ་ཡོད།༽ ལ་སོགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་ཁྲག་དང་རྔུལ་ཆུས་བྲིས་པའི་དཀའ་སྡུག་ གི་ལོ་ཟླའི་མྱོང་བྱ་དེ་དག་གཟའ་འཁོར་རེ་སློབ་མ་ཚོར་ཐེངས་རེ་ངོ་སྤྲོད་གནང་རྒྱུ་གལ་ཆེར་མཐོང།
༢༽ སྤྱི་ལོ་ ༡༩༨༧ ལོར་ཕ་རུས་དཀར་པོ་སྙིང་ལ་བཅངས་ཏེ་རིགས་ཞེན་ལང་ཚོ་རྒྱས་པའི་བོད་ཀྱི་རྒྱལ་ས་ལྷ་སའི་གངས་ཕྲུག་ཚོས་དབུ་ཁྲིད་པའི་བོད་འབངས་ཡོངས་ཀྱིས་ བཙན་རྒོལ་རྒྱལ་སྐྱོབ་ཞི་བའི་སྐད་འབོད་ཀྱི་ལས་འགུལ་འབྱུང་རྐྱེན་དང་བྱུང་རིམ།༼སྐབས་དེ་དུས་གྲྭ་བཙུན་གཙོ་བོར་འགྱུར་བའི་རང་རིགས་སྤུན་ཟླ་མང་པོར་གསད་རྨས་ཚབ་ཆེན་བྱུང་ཡོད།༽སྤྱི་ལོ་ ༡༩༩༣ ལོར་བཙུན་མ་བཅུ་བཞིས་གདུགས་རྩུབ་ཀྱི་ཁྲག་དྲི་བྲོ་ཞིང་ཐ་ན་དྲང་གཏམ་ཚིགས་གཅིག་ཀྱང་ཤོས་ས་མེད་པའི་ཆེས་བཙན་གནོན་གྱི་བཙོན་ཁང་ར་བའི་ ནང་ནས་བོད་ལ་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག རྒྱ་དམར་ཀླ་ཀློའི་གདུག་རྩུབ་ཇི་ལྟར་ཆེ་ན་ཡང་བོད་མིའི་རང་བཙན་སེམས་ཤུགས་ནམ་ཡང་ འགྱུར་བ་མེད་ཅེས་སྐྱོ་གདུང་གི་སྨྲེ་ངག་ཞི་བའི་དབྱངས་སུ་བཀུག་སྟེ་སྒྲ་འཇུག་བྱས་ནས་ཕྱིར་བཀྲམས་པ། ༼དེ་ཁོངས་བཙུན་མར་རྡུང་རྡེག་ཚ་སྣན་བཏང་སྟེ་ལོ་ངོ་གསུམ་ནས་དགུ་བར ་ལོ་ཚད་སྤར་ཡོད། ཕུན་ཚོགས་ཉི་སྒྲོན་ལགས་དང་ངག་དབང་གསང་སྒྲོན་གཉིས་ལ་ལོ་ཚད་མཐོ་ཤོས་སྤར་ཡོད།༽ སྤྱི་ལོ་ ༡༩༩༨ ལོའི་ནང་ལ་སྡུག་རྩུབ་དང་། གཉའ་གནོན་གྱི་མེ་ལྕེ་འབར་ བཞིན་པའི་སྐྱི་གཡའ་བ་ཡི་གྲྭ་བཞི་བཙོན་ཁང་ནང་དུ་རྒྱ་གཅེས་དཔའ་བོ་དང་དཔའ་མོས་རྒྱ་དར་མཁའ་ལ་འཕྱར་བའི་སྐབས་འ་ཆད་འུ་ཐུག་གིས་སླར་ཡང་རྒྱ་དམར་གྱི་དྲང་ བདེན་པའི་ཁྲིམས་འཁྱོགས་དང་། ཡ་ང་བྲལ་བའི་གདུག་རྩུབ་ལ་ཞི་བའི་ངོ་རྒོལ་གནང་བ། ༼སྐབས་དེ་དུས་ཤ་ཁྲག་རུས་གསུམ་ལ་རྔམ་པའི་གུང་ཁྲན་ཏང་གིས་ཤན་པ་ལག་དམར་བས།ལག་ཏུ་ མཚོན་ཆ་ཁབ་ཙམ་ཡང་ཐོགས་མེད་པའི་ཞི་བའི་ངོ་རྒོལ་བའི་སྟེང་བྱ་རྒོད་ཤ་ལ་ཆགས་པ་ཇི་བཞིན་མཆོངས་ཏེ་དེང་དུས་མཚོན་ཆས་བེད་དཔྱོད་པ། སྐམ་རྡུང་གཏོང་བ།བཙོན་པ་ཡོངས་རྗོགས་ལ་རྡུང་རྡེག་དྲག་པོ་ བཏང་། ཕལ་མོ་ཆེ་ནད་རོ་གཅོང་ཅན་བཟོས་པ་མ་ཟད་གྲྭ་བཙུན་བཅུ་ལྷག་དམར་གསོར་བཏང་ཡོད།༽ སྟོང་ལོ་གསར་པ་སྤྱི་ལོ་ ༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་དམར་གྱི་དྲང་བདེན་ མིན་པའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་མགོ་བཙུགས་ཏེ་བོད་ཆོལ་གསུལ་ཁྱོན་ལ་དབྱར་གྱི་ཆུ་ཆེན་བརྡོལ་བ་ལྟར་གང་སར་ཁྱབ། ༼དྲག་སྤྱོད་དང་བཙན་གནོན་ལ་གོམས་པའི་རྒྱ་དམག་ གིས།ཞི་བའི་མི་སེར་རྣམས་ལ་མུ་མཐུད་དེ་དེང་དུས་ཀྱི་མེ་མདའ་དང་འབར་རྫས་བེད་སྤྱོད་གཏོང་བ། དུག་རླངས་གཏོར་བ། ལྐོག་གསོད་གཏོང་བ། གསོན་པོར་མེར་སྲེག་པ། རྐང་ལག་གཅོག་པ།ཐེམ་རེ་མི་རེའི་ མདུན་ལ་དམག་དཔུང་གིས་བཙན་ཤེད་ཆེན་པོས་བཀག་སྟེ་ནང་དུ་ལྟོགས་ཤི་སོགས་བཏང་ཡོད།༽ སྤྱི་ལོ་ ༢༠༡༡ ལོར་ཡང་བོད་ཤར་ཕྱོགས་ཀྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དག་གིས་ ཆེས་རྙེད་པར་དཀའ་བའི་དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་བཟང་འདི་ཉིད་བར་མདོའི་འཕྲང་དུ་ལུས་པའི་མི་རིགས་འདིའི་རྣམ་ཤེས་ཀྱི་རྒྱུན་སྐྱོབ་རྒྱུའི་ཆེད་མཆོད་མེར་ བསྒྲོན་ཡོད།༼དཔའ་བོ་དཔའ་མོ་ཉེར་དྲུག་ཙམ་གྱི་རང་སྲོག་དོར་ཡོད།༽ང་ཚོས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དེ་དག་གི་ལྷག་བསམ་དང། སྙིང་སྟོབས། ལ་རྒྱ། རང་ཉིད་ཀྱི་ཡོད་ཚད་ བློས་གཏོང་ཕོད་པའི་རྒྱལ་གཅེས་ཀྱི་བྱ་བ་བསྔགས་བརྗོད་དང་། རྗེས་སུ་ཡིད་རངས་དང་རབ་བྱུང་ན་ཁོང་ཚོའི་མཛད་རྗེས་འཁོད་པའི་རྡོ་རིང་ཞིག་བཞེངས་ཐུབ་ན་དགེ་མཚན་ཆེ།
༣༽ རྒྱལ་ཁབ་ཀྱི་བདག་པོར་འགྱུར་བའི་མི་རབས་གསར་པར་རྒྱ་གར་དབྱིན་ཇིའི་དབང་བསྒྱུར་འོག་ཏུ་དཀའ་སྡུག་ཇི་མྱངས་དང་ཞི་དྲག་གཉིས་ཟུང་དུ་འབྲེལ་ཏེ་རྒྱལ་གཅེས་ དཔའ་བོ་དཔའ་མོས་རང་བཙན་གྱི་དོན་དུ་རང་སྲོག་ཇི་ཙམ་བློས་བཏང་བའི་དངོས་བྱུང་གི་གློག་བརྙན་དང། ཇེའུ་མི་རིགས་ཀྱི་རང་བཙན་དོན་དུ་དཀའ་སྡུག་ཇི་མྱངས་སྐོར་གྱི་ གློག་བརྙན་སོགས་ཕྱི་རྒྱལ་གྱི་རང་བཙན་དོན་རང་སྲོག་བློས་བཏང་བའི་དངོས་བྱུང་གི་གློག་བརྙན་དག་དང། རང་རིགས་ཆབ་སྲིད་བཙོན་ཟུར་རྣམ་པ་རྒྱ་བཙོན་ན་གདུག་སྦྱོང་ ཚད་མེད་མྱངས་པའི་དངོས་བྱུང་གི་ལོ་རྒྱུས་ཁག་གློག་བརྙན་བཟོ་སྐྲུན་བྱས་ཏེ་འགྲེལ་སྤེལ་བྱ་རྒྱུ་གལ་ཆེར་མཐོང།
༤༽ རྒྱ་དམར་གུང་ཁྲན་གྱིས་དམངས་གཙོ་གཅོད་འགྱུར་དང་ཞི་བའི་བཅིངས་གྲོལ་གྱི་ཁ་གཡང་ཁྲོད་ནས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་གྱི་རྒྱ་མཚོའི་ནང་ དུ་ཁྲག་དྲི་བྲོ་བའི་དྲག་གནོན། བཀྲེས་སྐོམ། ལྟོགས་ཤི་ཐེབས་པ། ཐ་ན་སྲོག་ཆགས་འབུ་སྲིན་ཚུན་ཆད་བཟས་ཏེ་འཚོ་ཐབས་བྱས་པ། རང་གི་ཕ་མའི་སྐུ་ཕུང་སྟེང་ལ་ཞབས་བྲོ་ འཁྲབ་ཏུ་འཇུག་པའི་ཆེས་ཡ་ང་བའི་གནས་ཚུལ་དང། སྤྱི་ཚོགས་རིང་ལུགས་ཀྱི་འཚོ་བ་གསར་པའི་མིང་བྱང་སྙན་པོའི་ཤུས་བཞོག་དང། དྲག་གནོན་འོག་ལ་འཚར་ལོངས་བྱུང་ བའི་མི་རབས་གསར་པ། ཞི་བའི་ངོ་རྒོལ་བ་ཚོར་འགྲོ་བ་མིའི་ཀུན་སྤྱོད་ལས་འདས་པའི་གདུག་རྩུབ། རྐང་ལྷམ་ཕུད་དེ་འཁྱགས་པའི་སྟེང་ལ་ཡུན་རིང་བརླངས་པ། དགུན་ཁར་ ལུས་ཀྱི་གོན་པ་ཡོངས་རྗོགས་བཤུས་ཏེ་ལུས་པོ་དམར་ཧྲང་མར་ཆུ་ཤོས་ཏེ་ལྕང་སྡོང་སྟེང་ལ་མཚན་གང་བཏགས་པ། ཁྲག་བཙགས་པ།ལུས་དམར་ཁྱི་ཡིས་རྨུག་འཇུག་པ། ལྟོ་ཆས་དུས་ཐོག་ཏུ་མི་སྤྲད་པ། ལས་ཀ་ཚད་ལས་འགལ་བར་བྱེད་འཇུག་པ། དམིགས་བསལ་དམ་བསྒྲགས་ཁང་ཆུང་ནང་ལ་ལོ་དང་ཟླ་ཐུད་དེ་བཅུགས་པ། སྐམ་གདུང་གཏོང་བ། རྒྱ་དམག་གིས་ལུས་རྩལ་ལ་ཁ་གཡར་ནས་གདུང་རྡེག་ཚད་མེད་གཏོང་བ། ཉེན་རྟོགས་པ་ར་བཟི་སྟེ་བཙུན་མའི་མཚན་མར་འདོད་རྩེད་ཀྱི་གློག་རྒྱུག་བཙུགས་པ་སོགས། དངོས་བྱུང་གི་ད་ལྟའི་ཡ་ང་པའི་ལོ་རྒྱུས་རྗེན་པ་དེ་དག་གཏམ་བརྗོད་ཀྱི་ལམ་ནས་འཁྲབ་སྟོན་བྱེད་ཐུབ་ན་ཐོས་པ་བརྒྱ་ལས་མཐོང་བ་གཅིག་ཡག་ཞེས་པ་ལྟར་འབྱུང་རྒྱུ་མི་རབས་ རྣམས་ཀྱི་བློ་ལ་འཆར་བདེ་བ་དང་། དྲན་དུ་ཡུལ་རིང་གནས་ཐུབ་པ་སོགས་ཀྱི་དགེ་མཚན་ཆེ། དཔེར་ན་བོད་ཀྱི་དགུ་བཅུ་ལས་འགུལ་ཚོགས་པའི་གཏམ་བརྗོད་ ༼ཉེ་རབས་ཀྱི་ལོ་ངོ་ཉི་ཤུ་༽ཞེས་པ་ལྟ་བུ་ད་ལྟ་བཙན་བྱོལ་དང་ཕྱི་རྒྱལ་རང་དབང་ལུང་པར་འཚར་ལོང་འབྱུང་བཞིན་པའི་རང་རིགས་ན་གཞོན་ཚོར་དྲན་སྐུལ་དང་སྐུལ་འཇགས་ཆེན་པོ་ཞིག་གཏོང་ཐུབ་པའི་ཕན་རླབས་ཆེན་པོ་བྱུང་ཡོད།
༥༽ དམྱལ་བ་ལྟ་བུའི་མུན་ནག་གི་བཙོན་ཁང་ལ་ལོ་ངོ་སོ་གཉིས་ལྷག་སྡུག་རྩུབ་མྱངས་པའི་རྒྱལ་གཅེས་དཔའ་བོ་རྟ་ནག་འཇིགས་མེད་བཟང་པོ་མཆོག་དང། མི་རབས་གསར་པའི་རྒྱལ་གཅེས་དཔའ་མོའི་ནང་ནས་ད་ལྟ་བར་མུན་ནག་གི་བཙོན་ཁང་ནང་ལ་རྒྱུན་རིང་ཤོས་ཏེ་ལོ་ངོ་བཅོ་ལྔ་ལྷག་དང་། བཟང་བཙོན་ལ་ངོ་ལོ་གཉིས་
ལྷག་ཙམ་སྟེ་ཁྱོན་བསྡོམས་ལོ་ངོ་བཅུ་བདུན་ལྷག་ཙམ་དཀའ་སྡུག་ལོ་ཟླ་མྱངས་མྱོང་མཁན་རྒྱལ་གཅེས་དཔའ་མོ་ཕུན་ཚོགས་ཉི་སྒྲོལ་ལགས། ལོ་ངོ་བཅུ་གཅིག་ལྷག་ བཙོན་ཁང་ནང་ལ་མནར་གཅོད་མྱངས་མྱོང་མཁན་རྒྱལ་གཅེས་དཔའ་མོ་ངག་དབང་གསང་སྒྲོལ་ལགས་ལ་སོགས་པ། འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དང། རྒྱལ་སྤྱིའི་གནོན་ཤུགས་ལ་བརྟེན་ནས་ནད་གསོ་སྨན་གཅོས་ཀྱི་མིང་ཐོག་ནས་གློད་གྲོལ་གྱིས་ད་ཆ་སུད་སེ་དང་། ཨ་རིར་ཡོད་པ་དེ་དག་རྒྱ་གར་ལ་གནས་གཟིགས་སུ་ ཕེབས་དུས་སམ་ཡང་ན་ཆེད་མངག་གདན་འདྲེན་ཞུས་ཏེ། ཁོང་ཚོའི་ཐོག་མར་ཞི་རྒོལ་བྱེད་པའི་དམིགས་ཡུལ། བར་དུ་ལས་འགུལ་སྤེལ་བའི་རྒྱུད་རིམ་ཁྲོད་རྒྱ་དམག་གིས་ སྤྱང་ཀིས་ལུག་ཕྲུག་མཐོང་བ་ལྟར་མཆོངས་ཏེ་ཉེས་རྡུང་དྲག་པོས་ཡན་ལག་སོགས་ལ་གནོད་སྐྱོན་ཚབ་ཆེན་ཐེབ་པའི་ཉམས་མྱོང་དང།ཐ་མ་དྲང་གཏམ་ཚིག་གཅིག་ཀྱང་ཤོད་ས་མེད་པའི་གདུག་རྩུབ་ཀྱི་མུ་མཐའ་བྲལ་པའི་བཙོན་ཁང་ནང་ལ་མྱངས་པའི་དཀའ་སྡུག་གི་འཚོར་བ་སྐྱུར་མོ་དེ་དགསྙིང་ཁུང་རུས་པའི་སྲིབ་དུ་རུལ་དུ་མི་བཅུགས་པར་རང་ རིགས་ཕྱི་རབས་པ་རྣམས་ཀྱི་ཤེས་རྟོགས་ཕྱིར་དུ་གསུང་བཤད་གནང་རྒྱུའི་གོ་སྐབས་བསྐྲུན་རྒྱུ་གལ་ཆེ་ནང་གི་དོན་ཆེན་ཞིག་ཏུ་མཐོང།
གྲོགས་པོ་ལགས་ཀྱིས་བྲིས་པ་བདེན་པར་མཐོང་ལ་ཡག་པོར་བསམ། ཡིན་ན་ཡང་། ངས་དེ་རིང་ཕྱི་དྲོ་བར་དུ་མཆན་བཏགས་མེད། ཡིན་པ་ནི་ཞོགས་པའི་ཆུ་ཚོད་དགུ་བ་ནས་བཀླགས་ཚར་མོད། དང་པོ་ནས་གཞོན་པ་ཞིག་གིས་དྲ་མཆན་བཏགས་བཞག་པ་ཡིན་ན་རྒན་པ་སྒམ་མདོག་པ་དག་གིས་ཡ་ལན་བྱེད་པའི་གེགས་སུ་གྱུར་བར་དོགས་པ་ཡིན། ཡིན་ན་ཡང་། ཕྱི་དྲོའི་ཆུ་ཚོད་འདི་ལ་སླེབས་པ་ན་ད་དུང་དུའང་དྲ་མཆན་ཅི་ཡང་བཏགས་མེད་པ་འདིས་གསར་སྐྱེས་པ་དག་ལ་༼འདི་གའི་རྒན་པ་སྒམ་མདོག་སྟོན་མཁན་༽དག་ལ་ཡར་སྐྱེད་དང་འཐེན་སྐྱོར་བྱེད་པའི་ཡི་ག་མེད་པ་དེ་ཤེས་དགོས་རེད་ལ། འདི་གའི་སྒམ་སྒམ་དག་གི་བློ་དང་ཕྲག་པ་དོག་པའི་རང་བཞིན་གསལ་བར་བསྟན་པའང་ནམ་ཞར་ནས་གསལ་གསལ་ཐང་ཐང་ཡིན་པ་རེད་ལ། མ་གཞི་རྒན་པ་བཀུར་མི་ཤེས་ཞིང་གཞོན་པ་བྱམས་མི་བསམ་པའི་སྒམ་སྒམ་གྱི་གྲངས་ཀ་དེ་དག་གིས་ནི་ཅི་བྱས་མ་བྱས་དེ་ང་ཚོར་རྦད་དེ་འབྲེལ་བ་མེད་ནའང་མི་འགྲིག་པ་ཡེ་ནས་མེད་པ་ཞིག་རེད་བསམ་ཡོད། དེ་ནི་རུམ་དུ་བསྡུ་རྒྱུའི་བྲོ་དང་ཡིད་དུ་ཉར་རྒྱུའི་ཚིག་ཡིན་ལགས།
…………. ཅེས་ཉིད་ཀྱི་གྲོགས་སུ་གྱུར་བ་གོང་མིང་བས་ཞེ་སྡང་གིས་སྦྱར།
དགོངས་དག མེད་པ་འདིས་གསར་སྐྱེས་པ་དག་ལ་/མེད་པ་འདིས་གསར་སྐྱེས་པ་དག་་་་དང་…………. ཅེས་ཉིད་ཀྱི་གྲོགས་/ ཞེས་ཉིད་ཀྱི་གྲོགས་་་་་བཅོས་རོགས་ཞུ།
ཐོར་བཀོད་ལགས།ཁག་ཡོད་པ་མ་རེད་རྩོམ་ཉོག་དྲག་ནས་རེད།
བྲག་ཞོལ་སྤེན་པ་ལགས་དེ་ཆེ་ཡིན། ངས་བཤད་པ་དེར་ཏག་ཏག་བསམ་གཞིག་བྱེད་ས་ཡོད་ལ་དྲ་འབུ་དག་གི་སེམས་ནའང་གསལ་ཐང་ཡིན།
གྲོགས་སྤྱན་ཆབ་ལགས་ཁྱེད་ཀྱིས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
དྲྭ་གྲོགས་ངས་པོ་རྒྱལ་མཚན་མཆོག་གིས་བྲིས་པ་དེ་ལ་མི་དགའ་བའམ་ཕྲག་དོག་ལངས་དགོས་པ་མེད་ནའང་།་་་རང་གི་བསམ་ཚུལ་ཙམ་བརྗོད་ན་འདོད་དེ།་་་གཅིག་བསམ་ཚུལ་བརྗོད་པ་ལ་བརྟེན་ནས་གཅིག་གཅིག་གི་དྲན་ཕྱོགས་དང་བསམ་ཕྱོགས་ལ་རྒྱུས་ལོན་དང་།་་་གཉིས་ནས་ཤ་ཚ་དང་སེམས་ཁུར་ཞིག་ལ་བརྟེན་ནས་བྲིས་པ་ཡིན་སྟབས་དེ་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ཡིན་ཟེར་ན་ཆོག་་་
༡་་་་་གོང་གི་གླེང་བརྗོད་ནི་ཚིག་ཚོགས་ཆེ་ཞིང་ནང་དོན་ལ་བརྒྱུད་རིམ་མེད་པ་མ་ཟད་ལག་པས་རེག་ཚད་དང་སེམས་པས་དྲན་ཚད་ཅིག་བྲིས་ནས་རྩོམ་མ་ཀློག་པར་གླེང་བརྗོད་གཅིག་པུས་ཀློག་མཁན་ལ་ཉོབ་སྣང་གི་ཚོར་བ་ཞིག་སླེབས་ཀྱི་འདུག་ལ།་་་ལྷག་པར་སྐད་ཆ་ཚང་མ་མུ་གཅིག་གི་བརྒྱུད་སྐུད་ལ་དྲངས་ནས་བཤད་དུས་ཡར་ཤོད་མར་ཤོད་ཀྱི་དུས་མཚམས་གསལ་བོར་མེད་པ་མ་ཟད་སྐད་ལྷག་ཉ་ཉོག་གིས་ཐང་མར་བརྡལ་ནས་དག་པའི་མིག་ཟུང་སྤོ་བའི་ས་ཆ་མཐོང་ས་ན་མེད་ཚོད་དུ་སྣང་།
༢་་་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ཡག་པ་འཛིན་པ་ནི་ངོ་མ་བཤད་མ་དགོས་པ་ཞིག་ཡིན་ནའང་།་་དོན་དུ་འབྲེལ་ལམ་འཛིན་སྟངས་ཀྱི་ཆ་ནས་དམིགས་བསལ་བའི་བསམ་ཚུལ་གསར་པ་ཞིག་གམ་ལྟ་ཚུལ་གསར་པ་ཞིག་མེད་ནའང་རྒྱུ་མཚན་དང་གནས་ལུགས་ཅུང་ཙམ་ལྡན་པའི་གསལ་བཤད་ཅིག་ཡོད་ཀྱང་ཆོག་མོད།་་་འདིར་དེ་འབྲེལ་གྱི་གནས་ལུགས་དང་ལྡན་པའི་ཐབས་ཚུལ་བཤད་པ་ལས་མི་དགོས་པའི་སོག་སྒར་ལ་བཤལ་ནད་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མགོ་བྱེད་མི་སྣ་དག་འཚམས་འདྲི་དང་གཟིགས་སྐོར་ལ་མ་ཕེབས་པའི་སྐོར་ནས་བཤད་དེ་གཞི་མེད་འབྲེལ་མེད་ཀྱི་གནས་ལུགས་ཤིག་བཤད་ཁུལ་དང་།་་ལྷག་པར་གཞིས་བྱེས་གཉིས་ཀྱི་འབྲེལ་བ་འཛིན་སྟངས་དེ་སོག་སྒར་ལ་འབྲེལ་བ་འཛིན་པ་ལས་གཞན་འདེམས་ཁ་མེད་པ་ལྟ་བུ་ཞིག་གསུངས་པས་གལ་ཏེ་སོག་སྒར་སློབ་གྲྭ་དེ་བོད་ནས་ཕེབས་པའི་གསར་འབྱོར་གསོག་སའི་སྒར་ཡིན་པས་ཆ་ནས་དེ་ལྟར་གསུང་གི་ཡོད་ན་སོག་སྒར་ལས་ལྡབ་འགྱུར་གྱི་གསར་འབྱོར་མང་པའི་གྲྭ་ས་སེར་འབྲས་དགེ་གསུམ་ལ་ཕེབས་ནས་གསུང་ན་ངོ་མ་སོག་སྒར་ལས་ལྡབ་བཅུའམ་ཡང་ན་བརྒྱ་ཡི་ཡག་གི་མ་རེད་དམ།
དགོངས་དག་ཟིན་བྲིས་འདིའི་མཇུག་མ་ལྟ་བུ་ཐུང་ངུ་ཞིག་ཡོད་ཀྱང་གློག་ཀླད་ལ་སྐྱོན་ཤོར་ནས་སྐབས་འདིར་བཀོད་མ་ཐུབ་ཀྱང་རྗེས་ནས་བཀོད་ཐུབ་པའི་འབད་བརྩོན་ཞུ་རྒྱུ་ཡིན།
དྲ་གྲོགས་བྲོ་ཚལ་ལགས་ཕེབས་ནས་ལེགས་སྤེལ་ཉན་འགོག་གི་དགོངས་ཚུལ་ལྷུག་པོར་གསུངས་བར་སྙིས་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཉིད་ཀྱིས་{ལྷག་པར་གཞིས་བྱེས་གཉིས་ཀྱི་འབྲེལ་བ་འཛིན་སྟངས་དེ་སོག་སྒར་ལ་འབྲེལ་བ་འཛིན་པ་ལས་གཞན་འདེམས་ཁ་མེད་པ་ལྟ་བུ་ཞིག་གསུངས་པས་}ཞེས་གསུངས་འདུག
གུས་པས་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཆེད་སོག་སྒར་སློབ་གྲྭའི་སློབ་མ་ཚོ་ཟམ་པ་ལྟ་བུ་རེད་ཞེས་བརྗོད་པ་ལས། སོག་སློབ་ཁོ་ན་འབྲེལ་ལམ་ཡར་རྒྱས་གཏོང་ཆེད་ཀྱི་ཟམ་པ་རེད་ཞེས་བརྗོད་མེད། སོག་སྒར་སློབ་གྲྭ་དཔེ་མཚོན་ཙམ་དུ་བརྗོད་པ་ཡིན།
ཡང་ཉིད་ཀྱིས་(སོག་སྒར་ལས་ལྡབ་འགྱུར་གྱི་གསར་འབྱོར་མང་པའི་གྲྭ་ས་སེར་འབྲས་དགེ་གསུམ་ལ་ཕེབས་ནས་གསུང་ན་ངོ་མ་སོག་སྒར་ལས་ལྡབ་བཅུའམ་ཡང་ན་བརྒྱ་ཡི་ཡག་གི་མ་རེད་དམ།) ཞེས་དྲི་བ་ཞིག་བྲིས་འདུག
གུས་པས་སོག་སྒར་སློབ་གྲྭ་དཔེ་མཚོན་དུ་བརྗོད་དོན་ནི་གྲངས་མང་བས་ཞུ་ཡི་མེད་གནད་འགག་གི་ཐོག་ནས་བརྗོད་ཀྱི་ཡོད། སློབ་གྲྭ་དེར་བོད་ཁྱོན་ཡོངས་ནས་ཡི་གེ་ཀ་ན་གཅིག་མི་ཤེས་མཁན་འབྲོག་པ་དང་ཞིང་པ། དགོན་སྡེ་ཁག་ནས་ཕྱིར་འབུད་བཏང་བའི་གྲྭ་པ་དང་བཙུན་མ། མཐོ་སློབ་ཁག་ནས་ཐོན་པའི་སློབ་མ། འབུམ་རམས་པ་ཐོན་པའི་སློབ་མ། རྒྱ་གཞུང་གི་ལས་སྣེ་འདྲ་མིན་བྱས་མྱོང་བའི་མི་སྣ། ད་དུང་རྒྱ་དམར་ཇག་པའི་བཙོན་ཁང་ནང་ལ་ཟླ་ཤས་ནས་ལོ་ངོ་བཅུ་གཅིག་བར་བསྡད་མྱོང་མཁན་གྱི་ སློབ་མ་སོགས་ཡོད་པས་ཡིན།