དགུ་རོང་ཕོ་གསར།
དགའ་བ་བརྒྱ་ལྡན་ཕོ་བྲང་གི།།
ཆབ་སྲིད་ཁྲི་ལ་འོས་འགྲན་འདི།།
བསྐལ་བ་མང་གཙོའི་བསྐོས་ཐང་ལ།།
བཀྲ་ཤིས་ཉི་མ་འཛུམ་པའི་རྟགས།།
རྒན་པ་གཉིས་ཀྱིས་གཞོན་པ་གཅིག།
གཡས་གཡོན་གཉིས་ནས་བཙིར་བཙིར་ནས།།
གཞོན་པའི་སྨྲ་བ་ཉུང་ངུར་བཏང་།།
ཤེས་ཡོན་འོད་སྣང་གསལ་བ་དག།
གང་ཞིག་རྒྱབ་ནས་སྐྱོར་བ་དེ།།
མ་འོངས་ཁྲི་ལ་འགྱིང་བ་ཡིན།།
བསྐལ་བ་ཡོས་ཀྱི་ལོ་མགོ་འདིར།།
དམངས་སེམས་སྤྱི་བར་ཕྱོགས་པ་འདིས།།
མ་འོངས་བསྐལ་བ་ལུག་གི་ལོར།།
རང་དབང་ཉི་མ་འདྲེན་པ་ཡིན།།
དེ་ཚེ་ཆེན་པོ་མང་པོ་ཞིག།།
དགའ་བ་བརྒྱ་ལྡན་ཕོ་བྲང་གི།།
བཀའ་བློན་འདུ་རའི་ཚོགས་ཁང་ནས།།
འཛུམ་གྲོལ་གཏམ་གྱི་ཕྲེང་བ་དག།
མགོ་ནག་སེམས་ལ་འགྲེམས་པ་ཡིན།།
ཁྲིམས་ལུགས་མཁས་པ་བློ་སེང་འདི།།
ཡིག་ཐོག་རིག་གནས་མཁས་ལེར་གདའ།།
ལག་ལེན་གོམ་པ་ཐུང་ལེར་གདའ།།
ཉམས་མྱོང་ཕྲག་པ་དམའ་ལེར་གདའ།།
མ་འོངས་བཀའ་བློན་ཁྲི་སྟེགས་ལ།།
འགྱིང་བའིོ་སྐལ་བ་ཤར་བ་ལ།།
འགྱུར་བ་གསར་པའི་སྐྱེ་རངས་ཤིག།།
རེ་དག་འདི་ལ་སྨོན་བཞིན་ཡང་།།
འདི་ལ་རྒྱབ་ནས་སྐྱོར་མཁན་ལ།།
དབྱུག་པ་ཐོགས་པའི་དགེ་སློང་ཞིག།
མང་གཙོའི་ལམ་གྱི་ཟུར་ཞིག་ནས།།
ངར་བཞིན་བྱུང་འདིས་རྟེན་འབྲེལ་ལོག།
དེ་ཡི་བཅོས་སྒོ་དཀོན་བརྩེགས་ཀྱི།།
གསེར་དངུལ་གླེགས་བམ་བཞེངས་པ་དང་།།
རྒྱ་ནག་སྐེག་ཟློག་དུང་ཕྱུར་གྲངས།།
དགེ་སློང་དབྱུག་པ་ཐོགས་པ་དེས།།
མྱུར་བར་སྒྲུབ་ན་ཕན་ངོ་འབྱུང་།།
དེ་མིན་བཀྲ་ཤིས་ནམ་མཁའ་ལ།།
མི་སྡུག་སྤྲིན་པ་ངོ་ནག་འདིས།།
བློ་སེང་རླུང་རྟ་ཆག་ཉེན་འདུག།
བཀྲིས་དབང་རྒད་པོའི་ཉམས་མྱོང་གཏམ།།
བློ་སེང་གཉའ་བ་གཅོག་པ་ལ།།
ཆེད་དུ་བྱས་པའི་ཐོ་འདྲ་དང་།།
བློ་སེང་རྫུན་གྱི་ཚིག་སྣེ་བརྒྱ།།
ཕོ་མོ་དབྱེ་བ་མེད་པ་ཡིས།།
བརྟག་ཅིང་འདེད་པའི་ཡོ་ལང་འདི།།
བློ་སེང་ཕྱོགས་ནས་གཟབ་དགོས་གནད།།
འགྱུར་བ་གསར་པའི་སྣེ་མོ་ལ།།
རེ་དག་རིམ་གྲོི་མྱུར་བར་གྱིས།།
དེ་མིན་རེ་བའི་ནམ་མཁའ་དེ།།
མུན་ནག་སྤྲིན་པས་སྒྲིབ་ཉེན་འདུག།
རྒན་རབས་ནང་གི་མཁས་པ་གཅིག།
བཀྲ་ཤིས་དབང་ཐང་གཉིས་ལྡན་འདི།།
བཀའ་བློན་ཁྲི་ལ་འོས་ཆེ་ཡང་།།
རྒྱབ་ནས་སྐྱོར་བའི་མི་དཔུང་གི།
རུ་སྟར་ཧ་ཅང་ཐུང་བ་འདིས།།
རེ་བ་རྨི་ལམ་ནང་ནས་ཡལ།།
གཞོན་པ་ཤེས་ལྡན་མང་པོའི་ནང་།།
མདུན་ལ་ཐོན་པའི་སྤོབས་པ་ལ།།
སེང་གེ་མཚན་ཅན་བཀྲ་ཤིས་པའི།།
རྒྱབ་སྐྱོར་དཔུང་གི་རུ་སྣེ་དེ།།
ཐུང་ནས་ཐུང་དུ་འགྲོ་བ་འདིས།།
རེ་བའི་རྨི་ལམ་གཅོག་ལ་ཁད།།
ཤེས་ཡོན་དཔུང་བ་སྦོམ་པ་ཚོས།།
གནས་ལུགས་བདེན་པའི་དཔང་པོ་བཅས།།
བདེན་པ་བརྩི་བའི་རྒད་པོ་ཞིག།
སྤྱི་ཚོགས་ནམ་མཁའི་མཐོངས་ཤིག་ལ།།
བཏེགས་པའི་སྐད་སྒྲ་ཆེ་བ་ལ།།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་འདི།།
བསྐོས་པའི་མི་ལ་བཙུགས་ལེ་འདྲ།།
མ་བསྐོས་མི་ལ་བབས་ལེ་འདྲ།།
མ་འོངས་ལུང་གིས་སྟོན་པ་ལ།།
འཆར་སྣང་རི་མོ་འདི་འདྲ་བབས།།
རྟེན་འབྲེལ་རྟགས་ལ་བརྟག་པ་ན།།
བོད་འབངས་བསོད་ནམས་རི་བོ་འདི།།
དབུ་འཕང་ཡར་ལ་འགྲོ་བར་འདུག།
གཞུང་དམངས་དམ་ཚིག་ཟོང་ཁ་དེ།།
གཅིག་ཏུ་བྱེད་པའི་སྒོ་མོ་ཆེ།།
བསྐལ་བ་རྒྱ་མཚོའི་མཐའ་ལ་བསྲིངས།།
རྒད་པོ་ང་ཡིས་ལྟ་རྒྱུ་ན། །
དགུ་རོང་ཕོ་གསར་ལུང་བསྟན་འདི། །
ལུང་བསྟན་མ་རེད་ལུང་རྫུན་རེད། །
ལུང་རྐུབ་རྡོ་ལ་རྒྱག་རྒྱུ་རེད། །
ཨེ་བདེན་མི་བདེན་ལྟ་དང་ཆོག །
མི་རིང་མྱུར་བར་གསལ་གི་རེད། །
དེ་དུས་ང་རང་ལུང་བསྟན་པར། །
འགྱུར་བར་ལ་ཐང་ཨེ་ཡོད་སྙམ། །
ཁམས་པ་རྒད་པོ་ནས། །
ལུང་བསྟན་ཡིན་མིན་མི་ཤེས་ཀྱང་ཧ་ཅང་སྙན་པོ་ཞིག་དང་གནད་ལ་འཁེལ་བ་ཞིག་བྲིས་འདུག ད་དུང་རིམ་གྲོ་སྣོན་མ་ཞིག་འབེབས་དགོས། འདི་ལྟར།
དགའ་བ་བརྒྱ་ལྡན་ཕོ་བྲང་གི། །
དབུ་འཕང་དགུང་དུ་འདེགས་པ་ལ། །
ཕྱོགས་ཞེན་ནག་པོའི་དགྲ་བོ་ཡི། །
དམག་དཔུང་འཆམ་ལ་འབེབས་དགོས་པས། །
དེ་ཡི་གཡུལ་བཟློག་རིམ་གྲོ་ལ། །
གཙུག་ཏོར་དཀར་མོའི་བཟློག་བསྒྱུར་དང་། །
མ་ཧ་གུ་རུའི་གཟུངས་སྔགས་གྲངས། །
འབུམ་ཐེར་བརྒྱ་ཡིས་གྲོལ་བར་འགྱུར། །
དེ་ནས་རིགས་ཀྱི་སྐྱེ་བོ་དག །
རྨོངས་ཆེན་གཉིད་ལས་སློང་བའི་ཕྱིར། །
འཇམ་དབྱངས་ཨ་ར་པ་ཙ་ན། །
དུང་ཕྱུར་བཏོན་པས་ཅི་བསམ་འགྲུབ། །
དེ་ཡིས་རྩ་བའི་བླ་མ་ཡི། །
སྐུ་ཚེ་རྡོ་རྗེའི་གཤིས་སུ་བརྟན། །
གངས་རིའི་ཁྲོད་དུ་བདེ་སྐྱིད་ཀྱི། །
གསེར་གྱི་ཉི་གཞོན་འཆར་གྱུར་ཏེ། །
རྒན་མོ་གསེར་ཁུར་དུས་རབས་ཤིག །
བསུ་བའི་སྟ་གོན་འདི་ནས་ཚུགས། །
བདུད་ཀྱིས་གཡབ་མོ་ཡོང་ངོ་ལ།།
སེར་མོའི་སྡེ་ལ་རླུང་ནག་འཚུབ།།
དེས་ཤུགས་མུན་པའི་ཀླད་པ་དཀྲིགས།།
ཕྱོགས་ཞེན་མེ་རུ་འབྱུང་ཉེན་ལ།།
སྟོང་ཉིད་སྙིང་རྗེ་ཟུང་འཇུག་མ།།
བྱེ་བ་ལྔ་བཅུའི་གྲངས་ཚད་ཟློས།།
དགའ་བ་བརྒྱད་ལྡན་ཕབས་པའི་རྒྱུན།།
མང་གཙོའི་མ་ལག་རྫོགས་ཕྱིར་ཡང་།།
བར་གཅོད་ས་འོག་དར་ཐག་གིས།།
སྒེར་བའི་ཁེ་ཕན་འབར་ཉེ་ལ།།
རྟ་མགྲིན་དམར་པོའི་གཟུངས་སྔགས་འབུམ།།
གཏོར་རྒྱག་དང་བཅས་བྱེས་ནས་སྒྲུབ།།
བོད་ཀྱི་སྐད་ཡིག་རིག་གཞུང་དང་།།
ནང་དོན་རིག་པའི་གཞུང་ལུགས་ལ།།
རྒྱུས་མངའ་རྒྱ་ལྟར་སླེབས་ཉེན་ལ།།
དམར་ནག་འཕྲིན་སྐུལ་འབུམ་ཐེར་མཚམས།།
སྤྱན་འདྲེན་དམ་ཚང་ཕུལ་ན་ལེགས།།
ཨ་གསར་འུར་གྱི་རླུང་ནག་གིས།།
གནའ་མེད་དེང་མེད་བྱེད་ཉེན་དང།།
དམངས་སེམས་མྱུར་ཏུ་སེལ་ཕྱིར་ལ།།
མ་རིག་མུས་སེལ་བྱེ་བ་གཅིག།
གང་མགྱོགས་ཟློས་རྗེས་བཞུགས་སྒར་འཁྲིས།།
ཆབ་སྲིད་སློབ་གྲྭ་ཆེན་མོ་ཞིག།
གང་མགྱོགས་བཙུགས་ན་ཕུགས་སུ་བཟང།།
སེར་མོའི་སྡེ་ནང་བདུད་ཀྱིས་ཁྲམ་ཁ་ཆེ།
བདུད་རླུང་འཚུབ་ཏེ་རི་བོ་དགེ་ལྡན་པའི།
བསྟན་པར་ཉམས་གུན་ཆེན་པོ་ཡོང་ངེས་ལ།
དགེ་འདུན་སྡེ་ལ་དད་ལོག་ཡོང་དྭོགས་པས།
མི་རབས་གསར་པའི་ཆབ་སྲིད་སྟོང་སྐད་རྣམས།
སྤང་ཏེ་མཐར་པའི་ལམ་ན་བརྩོན་ན་བཟང་།
ལུང་བསྟན་རྣམས་གཅིག་ལས་གཅིག་སྙན་པ་འདུག
ཐིག་དང་མི་ཐིག་བལྟ་རྒྱུ་རེད།
ལུང་དུ་བསྟན་པ་འགའ་ཞིག་རིང་པོར་མི་ཐོགས་པར་དུས་ཚོད་འགའ་ཤས་ཀྱི་རྗེས་སུ་ཡོང་ངེས་རེད།
ལོ་ན་ཆུང་བའི་སེང་གེ་ཕྲུག་དེ། ཤེས་ཡོན་རྣམ་དཔྱོད་གཡུ་རས་རྒྱས།
སྡེར་བཞི་གངས་རིའི་ཁྲོད་ལ་ངོམ།འཕགས་མཆོག་འཛམ་བུའི་ཕག་རྒོད་དེ།
བཞེད་དོན་ལྷུན་གྱིས་འགྲུབ་ལ་ཉེ།. ཆོལ་གསུམ་མང་གཙོའི་མྱུ་གུ་འབུས།
མང་གཙོའི་དུས་ཀྱི་ཉི་མ་ཤར། རྣམ་རྒྱལ་སྟོང་བསམ་འཇའ་ཚོན་ཡལ།
.དགའ་བའི་ཕོ་བྲང་མཇུག་སྡུའི་ངོ།སྟག་མོ་ཤི་བའི་དུར་ས་ལ།.
དམར་ཆུང་ཝ་མོ་ངུ་ཞིང་རྒྱལ།. འོན་ཀྱང་རིམ་འགྲོ་འགའ་རེ་དགོས།
རྨོང་དད་མ་རིག་མུན་སེལ་དགོས།. ཕྱོགས་མེད་བདེན་དོན་རྒྱབ་ལང་དགོས།
སྡང་དགྲ་ངོས་འཛིན་མ་ནོར་བའི།. གཡུལ་འགྱེད་སྡོག་རྩ་ཆིག་སྒྲིལ་དགོས།
འདོན་འདོན་ནེ་ཚོའི་མ་ཎི་ལ།. དོན་ལ་མི་ཕན་རང་མགོ་གཡོག།. དེ་བས་རྣམ་དཔྱོད་ཁོ་ན་གཅེས།
ཆབ་སྲིད་གནད་དོན་ཤེས་པའི་བློ་མི་ལྡན་
ལོ་རྒྱུས་སྙིང་པོ་ཁོང་དུ་ཆུད་མེད་དེ་
ནག་ཁུང་ནང་དུ་འབར་མོ་རྒྱག་ལགས་པས་
ལུང་བསྟན་འབྲི་བོར་ཡ་རེ་མཚན་
བློ་སེང་བློ་སེང་ཟེར་བཞིན་གཡམ་རྒྱུགས་བྱེད་
དོན་དམ་འཇུ་ཆེན་ཕྱོགས་གཏོགས་འོས་མི་ཡིན་
མི་འདི་ཁྲི་པར་འཁོད་འགྱུར་ན་
༧སྐྱབས་མགོན་ཆེན་པོའི་སྲིད་ལ་གནོད་
བཀྲས་མཐོང་ཟེར་བའི་མིང་ཆད་ཅན་
རྒྱ་རིའི་ཕྱོགས་གཏོགས་གདོན་མི་ཟ་
མི་འདིའི་སྲིད་ལུགས་ཡོད་ཚད་དེ་
གཞན་གྱིས་ཟེར་དབང་དུ་འགྲོ་ཤས་ཆེ་
དེ་ལས་རང་ཚུགས་རང་གི་ཟིན་པ་དང་
སྲིད་ཀྱི་བྱ་བར་ཐོགས་པ་མེད་འགྱུར་བས་
སྐུ་ངོ་ཆེན་པོ་༧རྒྱལ་བའི་ཕྱག་གཡས་པ་
བཀྲིས་དབང་འདུད་མཆོག་ལ་འོས་འཕེན་རོགས་
བཀའ་བློན་ཆེན་པོར་ཐོབ་ཙ་ན་
ཐོབ་དང་དབང་ཆར་རྔམས་པ་ཡི་
རྩ་དོན་རྡུལ་དུ་རློག་མཁན་དག་
མ་ལུས་འཇོམས་མཛད་བོད་ལ་དཀར་
བྱེས་འབྱོར་བོད་མིའི་བསོད་ནམས་འཕེལ་
དམངས་གཙོའི་རྒྱལ་དར་མཁའ་ལ་འགྲེངས་
༧རྒྱལ་བའི་དགོངས་གཞི་སྒྲུབ་པ་དང་
སྐལ་ལྡན་འགྲོ་བར་ཞི་བསིལ་འབྱུང་ །།
སེང་གེའི་སྟོང་སྐད་རི་རླུང་ཡོང་ལ་ཁྱབ། །བོད་པའི་ལས་དབང་བདུད་ནག་རླུང་ལ་བཀུར།
ཕྱོགས་ལྷུང་གོ་ཆས་བརྒྱན་པའི་སེང་ཕྲུག་ཚོགས། ། ཕྱོགས་ལྷུང་འཐེན་ཁྱེར་སྤངས་ཏེ་ཆིག་ལ་རེ།
སེང་གེའི་ཤེས་ཡོན་ནམ་མཁའ་མཇའ་ཚོན་འདྲ། །ཡོད་པ་འདྲ་ཡང་མེད་པའི་རྣམ་གྲངས་མང་།
སྟོང་གསུམ་ང་ཡིས་བརྒྱན་པའི་སེང་ཕྲུག་ཚོགས། །བདེན་བརྫུན་དབྱེ་བ་ཤེས་ན་ཅིས་མ་ལེགས།
སེང་གེས་བཤད་བཤད་ཡུལ་གྲུ་དུ་མར་བསྐོར། །བདེན་དང་མི་བདེན་བརྒྱ་ཆ་ལྔ་བཅུ་ལ།
ངོམས་པར་འདོད་པའི་སེང་ཕྲུག་བླུན་པ་རྣམས།། ། སེང་གེའི་སྔ་ཕྱིའི་གཏམ་ལ་བརྟགས་ན་ལེགས།
གངས་སེང་ཆུང་ཆུང་སྟོང་སྐད་སྒྲོགས་པར་དགའ། །དེ་ཡིས་རྒྱབ་ཏུ་ཆོལ་ཆུང་བསམ་མེད་མང་།
ལེགས་ཉེས་མི་ཤེས་སེང་པྲུག་ཁྱུ་ཚོགས་འདི། །སྔ་མེད་ད་མེད་བོད་པ་ཐོད་སྐམ་པ།