ཨེ་མ་ཧོ།
ན་མོ་གུ་རུ་ཨ་མི་དྷེ་ཝ་ཧྲི༔
མ་ལུས་འགྲོ་བའི་མགོན་པོ་ཐུགས་རྗེ་ཅན།།
མ་དག་འཁོར་བའི་སྡུག་བསྔལ་བསལ་བའི་རྗེ།།
མ་སྨད་རྩ་གསུམ་རྒྱལ་དང་རྒྱལ་སྲས་ཀྱིས།།
མ་ལེའི་གྲུར་ཤི་ཚེ་འདས་ར་མདར་མཛོད།།
མ་རབས་ར་ཤན་ངན་པའི་རྫས་ཤུགས་ཀྱིས།།
མ་ལུས་དམར་གསོད་བཏང་བའི་ངན་སྦྱོར་འདིས།།
མ་ཤི་གཅིག་ཀྱང་མེད་པའི་གནམ་གྲུ་གང་།།
མ་རིག་གཉིད་ལས་སད་ནས་བདེ་ཐོབ་ཤོག།
མ་ཁའི་ཡུལ་ནས་དར་བའི་ཁ་ལུགས་དང་།།
མ་ཧྰ་ཙི་ནར་ལྷད་པའི་དམར་ཆོས་འདིས།།
མ་ཀི་འཁོར་བ་སྒྲུབ་པའི་གདོལ་སྤྱོད་ཀུན།།
མ་གཞི་ལས་ཉོན་རྩ་ནས་གཅོད་པར་ཤོག།
མ་ནོར་དགེ་བཅུ་སྒྲུབ་པའི་བསོད་ནམས་དང་།།
མ་འཆི་གསོན་ལ་མཆིས་པའི་དོན་པོ་ཡིས།།
མ་གསོན་བར་དོ་འཁྱམ་པའི་ཚེ་འདས་ཕྱིར།།
མ་ལུས་དགེ་རྩ་བསྔོ་བ་སྨོན་ལམ་བྱས།།
བླ་མ་ཨོ་རྒྱན་ཆེན་པོས་ལམ་སྣ་དྲོངས།།
ཡི་དམ་ཐུགས་རྗེ་ཆེན་པོས་བྱིན་གྱིས་རློབས།།
མཁའ་འགྲོ་རྗེ་བཙུན་སྒྲོལ་མས་དངོས་གྲུབ་སྩོལ།།
ཆོས་སྐྱོང་གེ་སར་རྒྱལ་པོས་བར་ཆད་སོལ།།
ཀ་དག་རྒྱལ་བའི་དགོངས་དོན་རྟོགས་པར་ཤོག།
ལྷུན་གྲུབ་ལོངས་སྐུའི་རང་ཞལ་ངོ་ཤེས་ཤོག།
ཟུང་འཇུག་རིག་པའི་དེ་ཉིད་མངོན་མཐོང་ནས།།
བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་སྨྲོན་ཟླའི་དབང་ཕྱོགས་རྫོགས་པ་དང་པོར་ཡ་ང་བའི་འཇིགས་སྐྲག་ཆེན་པོའི་ངང་དུ་མ་ལེ་ཤ་ཡའི་གནམ་གྲུར་ཞིག་ཐོར་གྱིས་མི་གྲངས་སུམ་བརྒྱ་ལྷག་འདས་རྐྱེན་སོང་བ་ལ་་གདུང་སེམས་མཉམ་བསྐྱེད་ཆེད་དུ་ཝ་ཡེལ་གླང་ཆེན་འགྱིང་རིའི་མགྲོན་ཁང་ནས་འཕོ་བ་དང་བཟང་སྤྱོད་ཚར་གཅིག་བཅས་ཤྲྰིས་གསོལ་བ་འདེབས་པར་དགེའོ།། །།