མི་ཉག་ཚེ་རིང་རྡོ་རྗེ།
ལྗོན་ཤིང་ལོ་མའི་རྩེ་ལ།།
བྱིའུ་མ་བུ་འཛོམས་བྱུང་།།
བཀའ་དྲིན་ཅན་གྱི་མ་ལོ།།
མཇལ་འདོད་སེམས་ལ་སྐྱེས་སོང་།།
མ་ལོ་དྲན་པའི་སྐྱོ་གདུང་།།
ཡ་ཆུང་སེམས་སུ་སྦས་ཀྱང་།།
ཁྲ་ཆུང་མིག་གི་མཐའ་ནས།།
མིག་ཆུ་ཆུབཞིན་བཞུར་སོང་།།
ཉི་མ་ཕག་ལ་ནུབ་ཐལ།།
བྱ་བརྒྱ་ཚང་ལ་འཛོམས་སོང་།།
བདག་གི་དྲིན་ཆེན་ཨ་མ།།
མཇལ་རྒྱུ་མེད་ནས་སྐྱོ་བྱུང་།།
ཆུང་ཆུང་བྱིས་པའི་དུས་སུ།།
བརྩེ་ལྡན་མ་ལོས་བསྐྱངས་ཚུལ།།
ད་ལྟ་ཡིད་ལ་འཆར་ཚེ།།
དབུགས་ཀྱི་རྒྱུ་བ་འགག་ཡོང་།།
ལེ་དབར་ཁྲི་ཕྲག་ཆོད་ནས།།
བྱམས་ལྡན་དྲིན་ཆེན་བདག་མོ།།
མཐའ་མའི་ཞལ་མཇལ་མ་བྱུང་།།
སེམས་པ་སྡུག་ལ་སྦྱར་སོང་།།
ཕུང་པོ་ས་ལ་ཐིམ་སོང་།།
རྣམ་ཤེས་རླུང་གིས་ཁྱེར་ཐལ།།
ཤུལ་ལ་ལུས་པའི་བུ་ཆུང་།།
མུན་པའི་དོང་ལ་ལྷུང་བྱུང་།།
ད་ནི་དཀོན་མཆོག་མ་གཏོགས།།
རེ་ས་སུ་ཡང་མེད་པས།།
ཕྱི་མའི་ལམ་འཕྲང་ནང་ལ།།
མཇལ་བའི་སྨོན་ལམ་བཏབ་ཡོད།།