སྤྱན་ཆེན་པོ།
མ་སོང་བའི་སྔ་རོལ་ཏུ
མེ་ལྕེ་འབར་ཤུལ་གྱི་ཐང་སྟོང་དེ་ནི
ཆུ་ཤེལ་ལྟར་དྭངས་པའི་མཚོ་མོ་ཞིག་ཡིན
ད་དུང་མཚོ་མོ་དེའི་ཁ་ན
སུས་ཀྱང་མ་ཐོས་པའི་གཏམ་རྒྱུད་ཅིག་ཡོད
གཏམ་རྒྱུད་ཀྱི་ལང་ཚོ
རྨི་ལམ་གྱི་མགུལ་དུ་དཔྱངས་པའི་ལ་གཞས་དེ་ཡིན་པས
ལོ་ཟླ་གྲངས་མེད་ཀྱི་འཚོལ་སྙེག་དེ་ནི
ན་ཟུག་སློང་མཁན་ཚོའི་ལྷགས་རླུང་དེས་ཟོས་སོང
མ་སོང་བའི་སྔ་རོལ་ཏུ།
ང་ཚོས་ཁྱོད་རང་མཐོང་བ་ནི
འཆི་བདག་གིས་ཁྱོད་རང་མཐོང་བ་དང་འདྲ་བས
རོལ་དབྱངས་དེའི་ངོས་སུ་གསལ་བ་ནི
ཁྱོད་ཁོ་ནར་དབང་བའི་རྐང་རྗེས་འགའ་རེད
རླུང་བུ་དེ་འཇགས་རྗེས
གཏམ་རྒྱུད་ཀྱང་མཇུག་རྫོགས་འདུག་པས
མཚོ་ངོགས་ཀྱི་གྲུབ་གཟུགས་དེ་ནི
མཐོང་ཡུལ་ན་མངོན་པའི་རྒས་འཁོགས་ཤིག་ཏུ་གྱུར་འདུག
༢༠༡༤-༦-༦
ཡག་གི་
མ་སོང་བའི་སྔ་རོལ་ཏུ།
སྙིང་སྟོབས་དམར་རྗེན་དེ་བཟང་།
མ་སོང་བའི་སྔ་རོལ་ཏུ།
དཔའ་རྟགས་རྗེས་ཤུལ་དེ་སྐྱོ།
ནོར་བཅོས།
མ་སོང་བའི་སྔ་རོལ་ཏུ།
སྙིང་སྟོབས་དམར་རྗེན་དེ་བཟང་།
སོང་བའི་འཆི་རྗེས་སུ།
དཔའ་རྟགས་རྗེས་ཤུལ་དེ་སྐྱོ།
སྙན་ངག་ཡག་གི དུང་སེམས་ཀྱི་ཕྱི་མིག་འདུག ཚོར་བའི་གཡོ་ཡོམ་འདུག འཁང་ར་དང་ཞེད་སྣང་འདུག ཡིན་ནའང་། འཕག་འཚག་མཐོང་མ་སོང་། དུས་རབས་འདི་སྙན་ངག་གི་འཕག་འཚག་ཅིག་ཏུ་གྱུར་ཡོད་ཀྱང་སྲིད།
ཚོར་བ་དེ་འཇགས་རྗེས་མཐོང་ཡུལ་ན་མངོན་པཐམས་ཅད་་རྒས་འཁོགས་ཤིག་ཏུ་གྱུར་འདུག་པས་འཕག་འཚག་ཀྱང་བྱེད་འདོད་མ་སོང་།ཧ་ཧ་
མ་སོང་བའི་སྔ་རོལ་ཏུ་
ཡོད་ཚད་མཛེས
དགེ་རྒན་གྱིས་སྒྱུ་རྩལ་རྩོམ་རིག་གི་མཚོན་དོན་སྤྱི་བཤད་གནང་དུས་ལེགས་བཤད་ཅིག་གསུང་མྱོང་ཡོད། སྒྱུ་རྩལ་རྩོམ་རིག་ལ་མཚོན་དོན་བེད་སྤྱོད་དུས་ངེས་པར་དུ་དེ་ཉིད་འགུལ་དགོས་གསུངས། དེ་ཡང་བརྩམས་སྒྲུང་ལྟ་བུ་ཞིག་ཡིན་ན་ལེའུ་དང་པོའི་ནང་དུ་རྩིག་ངོས་སུ་མེ་མདའ་ཞིག་བཀལ་ཡོད་ཚེ། ལེའུ་གཉིས་པ་དང་གསུམ་པ་གང་རུང་ནས་དེ་ངེས་པར་ཏུ་ཁ་གྲགས་དགོས་པ་རེད། དེ་ཁ་མ་གྲགས་ཚེ་རྩིག་ངོས་སུ་མེ་འདའ་ཞིག་ཡོད་པའི་སྣང་བརྙན་དེས་ཕན་ཐོགས་ཀྱི་ཡོད་པ་མ་རེད།
དེ་རིང་འདིར་ཁ་ཤས་ཤིག་གིས་སྙན་ངག་འདི་ཡག་གི་ཟེར་གྱིན་འདུག ངོ་བསྟོད་བྱེད་དགོས་ས་རེ་ཡིན་ན་ངས་སྐད་ཆ་འདི་མ་ཞུས་པར་ཆ་འཇོག་རོགས། དེ་མིན་འགན་འཁུར་མེད་པའི་སྐད་ཆ་རང་རེད། མཚོ་མོ་དང་གཏམ་རྒྱུད་ལ་སྙན་ངག་གི་ཚིག་ཟུར་ཙམ་ཏུའང་རྒྱབ་ལྗོངས་བཀོད་མི་འདུག་པས་སྙན་ངག་ཇི་ལྟར་ཡག་དགོས། སྤྱིར་ན་གསར་རྩོམ་པར་ཚིག་ཉམས་ཀྱི་བསླུ་བྲིད་འདི་ཡོང་གི་ཡོད་པ་རེད། མཉམ་མ་བཞག་ས་དེ་གང་རེད་ཟེར་ན་སྙན་ངག་གི་བརྡ་རྟགས་དེ་ལོ་རྒྱུས་ཅན་དང་བཤད་རྒྱུན་ཅན་ཡིན་ན་སྙན་ངག་འདིར་ཡོད་པ་བཞིན་བཀོད་པ་ཡིན་ན་སྙན་ངག་ལྕི་ཁོག་ཅན་ཆགས་ཀྱི་རེད། དེ་མིན་མཚོ་མོ་དང་གཏམ་རྒྱུད་ཟེར་བ་འདི་ཙམ་གྱིས་ཡག་གི་ཟེར་ས་ཞིག་ལྷགས་ཡོད་པ་མ་རེད། ཡང་མིན་ན་མཚོ་མོ་གང་དུ་ཡོད་པའི་གནས་སྟོན་དགོས། གནས་དེ་བསྟན་ཚེ་མཚོ་མོས་གང་མཚོན་ཐུན་མིན་ཀློག་པ་པས་གོ་བ་ལེན་ཐུབ། དེ་མིན་ན་འབྲི་མཁན་དང་ཡག་གི་ཟེར་མཁན་ལས་གཞན་པ་སུས་ཀྱང་ཚོར་བ་ཙམ་ཡང་བསྡུ་ཐུབ་པ་མི་འདུག
ཡིན་ཡང་། བྲོས་བྱོལ་བོད་མིས་སྙན་ངག་མི་ཤེས། དེ་ལས་ཀྱང་སྒྱུ་རྩལ་རྩོམ་རིག་ཟེར་ན་ནག་ཤུར་སེ་བྲིས་པའི་ཡི་གེ་ཙམ་ལ་མིང་ཙམ་འདོགས་པ་ལས་རྩ་བ་སྔོག་མི་ཤེས་ལ། དེའི་ནུས་པའང་མི་འདུག
དཔལ་དོན་གྱི་བསམ་ཚུལ་ལ་གོང་བཀུར་ཡོད།
ཁྱེད་ཀྱི་སྙན་ངག་ལ་ཁྱེད་གཅིག་པུར་བདོག་པའི་སྒྱུ་རྩལ་གྱི་ཚོན་མདོག་འབར་བཞིན་འདུག