ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཆོས་དབྱིངས་དགོངས་པའི་དེ་ཉིད་གཟིགས།།
མཁས་བཙུན་བཟང་པོའི་བླ་མ་མཆོག།
ཞི་དབྱིངས་གཟིམས་པའི་དེད་དཔོན་ཉིད།།
ཞིང་གཞན་ཕེབས་པར་སྙིང་ནས་སྐྱོ།།
ཡིད་བཞིན་ནོར་བུའི་ཐུགས་སྲས་ཆེ།།
བཀའ་གཏེར་འགྲེལ་བའི་མཁས་གྲུབ་རྗེ།།
མདོ་སྔགས་རིག་པའི་དགེ་བའི་བཤེས།།
མཁན་ཆེན་དེས་པ་སྙིང་ནས་དྲན།།
སྐུ་ཚེ་གོང་བོར་འཆད་རྩོམ་གནང་།།
གསུང་མཆོག་དམ་ཆོས་ཁོ་ནར་འབད།།
ཐུགས་རྗེ་རྒྱལ་བའི་དགོངས་དོན་ཅན།།
མཚན་ལྡན་བླ་མ་མངོན་པར་བསྟོད།།
ཐེག་ཆེན་དབུ་མའི་རྟེན་འབྲེལ་གཙང་།།
ཕྱག་ཆེན་སྒོམ་པའི་ཏིང་འཛིན་བདེ།།
རྫོགས་ཆེན་ལྟ་བའི་མཁྱེན་རབ་གསལ།།
ཀུན་བཟང་འབྲས་བུའི་བླ་མ་རྒྱལ།།
རྒྱུད་འགྲེལ་ཉི་མ་རབ་ཏུ་གསལ།།
བྱང་སེམས་ཟླ་བའི་བདུད་རྩི་འཇོ།།
ཉན་རང་རྒྱུ་སྐར་དགྲ་བཅོམ་པར།།
དེས་པ་ཕུན་སུམ་ཚོགས་ཐོབ་ཤོག།
ཅེས་པ་རབ་རྒྱན་ས་ག་ཟླ་བའི་ཤིང་ལུག་རྫོགས་པ་གསུམ་པར་མཁན་ཆེན་དེས་པ་ཉིན་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་འཕྲིན་ཕྲན་མཐོང་བའི་མོད་ལ་དབྱིན་སྟོད་ཨེ་བྷྲྰུྃ་འབར་གླིང་ནས་ཤྲྰི་ཨེ་མ་ཧོས་མྱ་ངན་གདུང་སྨོན་གྱི་རྗེས་དྲན་དུ་གསོལ་བར་འདེབས་པར་དགེའོ།། །།
ཁྱོད་དེ་འདྲ་མྱི་མཚར་པོ་འདུག་སོ་སོའི་བླ་མའི་མཚན་ཡང་འབྲི་མི་ཤེས་མཁན་ད་ཁྱོད་ཅི་རེད་སོང་། མཆོག་སྤྲུལ་ཨོ་རྒྱན་གྱིས་མཐུས་ཟོར་ཕོགམསོང་ངམ།
མཁན་པོ་ཏེ་པ་ཞུས་ནི་རེད། ཡང་ཁྱོད་ཁྱད་ཆོས་འདོན་དཔལ་མགིན་འཕགས་པས་རྒྱལ་པི་བདེ་སྤྱོད་ལ་དེས་པ་འབོད་པ་དེ་གོ་ནོར་ཤོར་འདུག་ག ཧཧཧ། དེས་པ་སྐབས་དེ་དུས་འབོད་ཚིག་སྐྱིད་མྱིང་གནང་བ་ལ་གོ་དགོས། ཡང་ཁྱོད་ཀྱང་རྩ་བསི་བླ་མ་ལ་དེས་པ་ཞེས་འབོད་ས་འདུག
མཁན་ཆེན་དེས་པ་སྐུ་མྱ་ངན་འདས་པར་གདུང་སེམས་མཉམ་བསྐྱེད་ཡོད། འབྲི་གུང་ཏི་སིས་གཞན་ལ་སྐྱོན་བརྗོད་པ་ལས་སོ་སོའི་མཁན་ཆེན་དེས་པས་བརྩམས་པའི་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་ཆེན་དང་བསྟན་པ་བུ་གཅིག་གི་རྒྱུད་སོགས་རྒྱུད་བཅུ་བདུན་གྱི་འགྲེལ་ཆེན་ཁག་གི་མཛད་བྱང་ལ་མཁན་ཆེན་ཉིད་ཀྱིས་དེས་པ་བློ་གྲོས་ནས་གསུངས་འདུག སྐྱུ་རའི་མཁན་པོ་འབྲུག་ཚེ་རིང་གིས་བཙན་པོའི་རྒྱལ་རབས་བྲིས་ནས་འབྲི་གུང་ཆེ་ཚང་གིས་བསྒྲིགས་བཤད་པ་ནང་བཞིན་མིན་པར་འདྲའོ།།
བླ་རུང་གི་མཁས་གྲུབ་རྣམ་པ་རྒྱལ།།
འཇའ་ལུས་རིག་འཛིན་བརྙེས་པའི་བླ་རུང་གི་ཞིང་ནས།།
ཆོས་རྗེ་ཡིད་བཞིན་ནོར་བུའི་གསང་གསུམ་གྱིས་བྱིན་མཐུས།།
སྡེ་བཞིའི་ཕུན་ཚོགས་རྒྱས་པའི་ཕྲིན་ལས་ཀྱི་མཛད་བཟང་།།
རྒྱལ་དང་རྒྱལ་སྲས་མཛད་པའི་སྨོན་འདུན་གྱིས་བསྟོད་དོ།།
བླ་མ་དེས་པ་བློ་གྲོས་ཆོས་དབྱིངས་སུ་གཤེགས་ཀྱང་།།
ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་དཔལ་ཡོན་གྱི་ཕྲིན་ལས།།
འགྲོ་ཁམས་སྨིན་གྲོལ་གནང་བའི་བླ་རུང་གི་མཁས་གྲུབ།།
འཇིག་རྟེན་མུན་པ་གསལ་བའི་ཉི་ཟླ་དངོས་ལེགས་སོ།།
འཛམ་གླིང་ཞི་བདེ་འདྲེན་པའི་དེད་དཔོན་དུ་སྣང་བའི།།
བླ་རུང་ཆོས་ཀྱི་གྲོང་ཁྱེར་ཡིད་ཡུལ་ལ་འཁོར་ཚེ།།
གངས་ཅན་ཕན་བདེའི་མཛད་པའི་ཕྲིན་ལས་ཀྱི་གདན་ས།།
གསང་ཆེན་འོད་སྐུར་གྲོལ་བའི་བླ་མ་རུང་རྒྱལ་ལོ།།
བསྟན་འཛིན་རྒྱ་མཚོའི་མཁྱེན་བརྩེ་ནམ་མཁའ་དང་མཉམ་ཞིང་།།
ལུང་རྟོགས་རྒྱ་མཚོའི་བཤད་སྒྲུབ་ས་གསུམ་ལ་གདལ་ཞིང་།།
མུ་མེད་ཡེ་ཤེས་འཚོ་མོའི་དབང་བསྡུད་ཀྱི་དག་ཞིང་།།
ཆེས་མཐོའི་གངས་ལྗོངས་ཞིང་གི་སྐལ་བཟང་ལ་སྨོན་ནོ།།
རྫོགས་ཆེན་པདྨ་གར་གྱི་དབང་ཕྱུག་ཏུ་འབོད་པས་སྨོན་པར་དགེའོ།།
སྐྱག་བརྫུན་དགམདག་བཤད་མ་བསྡད། ངས་ཁོང་གི་དབུ་མ་འཇུག་པ་མཇཀ་མྱོང་བས་དེ་ནང་དུ་དེས་ོ་གསུངས་མི་འདུག་ཏེ་པ་གསུངས་ཡིག་བསྒྱུར་འདྲ་མིན་མ་བཟོ་ཨ།