ཀ་མ་ལ་ཡིས་ཕྱག་གི་འཁྲི་ཤིང་མཛེས་པའི་མཆོག་ཏུ་སྤུད་པ་ཡི། །
ཁ་བ་རི་བའི་ལྷ་སྐལ་གཅིག་བུ་འཕགས་མཆོག་མིག་མི་འཛུམ་པ་ཞེས། །
ག་ས་གང་དུ་འཕྲིན་ལས་རྒྱ་མཚོ་དུས་ལས་ཡོལ་མེད་འཕྱུར་བ་དེར། །
ང་ཅག་མགོ་ནག་བོད་པ་ཡོངས་ཀྱིས་ཉིན་མཚན་ཀུན་ཏུ་ཕྱག་འཚལ་ལོ། །
ཅ་ཅོའི་རྩོད་ལྡན་སྙིགས་མ་ལྔ་ཡི་ཆུ་སྤྲིན་ནག་པོ་འཁྲིགས་པའི་མཁར། །
ཆ་ཤས་ཡོངས་རྫོགས་ཚུལ་ཁྲིམས་གཙང་མའི་རི་བོང་གཟུགས་ཀྱིས་མཛེས་པ་དང་། །
ཇ་ཆང་འདོད་ཡོན་གྲིབ་མས་ཡོངས་བཏང་བློ་གྲོས་འོད་དཀར་ཕྱོགས་བརྒྱར་འགྱེད། །
ཉ་གང་ཟླ་བའི་མཛེས་སྡུག་འབར་བའི་མཁན་ཆེན་གང་དེ་རྒྱལ་གྱུར་ཅིག །
ཏཱ་ལའི་འདབ་འདྲའི་ཆོས་གོས་གསོལ་བའི་མཚན་དཔེ་རྫོགས་པའི་སྐུ་གཟུགས་ཙམ། །
ཐ་མལ་གདུལ་བྱས་མཇལ་ཙམ་ཉིད་ནས་ཐར་པའི་ས་བོན་བསྐྲུན་མཛད་ཅིང་། །
ད་ལྟའི་དུས་འདིར་ཆོས་རྗེ་བླ་མའི་རྒྱལ་ཚབ་ཆེན་པོ་འདི་ཉིད་ལས། །
ན་ནིང་དོ་ཚིགས་འགྲན་ཟླ་བྲལ་བའི་སྐྱེས་བུ་གཞན་ཞིག་ངས་མ་མཐོང་། །
པ་སངས་ལྟ་བུའི་ཐུགས་རྗེ་ཆེན་པོས་དུད་འགྲོ་དུང་ཕྱུར་སྲོག་ལས་བསྐྱབས། །
ཕ་རོལ་ཕྱིན་གཞུང་རྒྱ་མཚོའི་ངོགས་སུ་ཤེས་རབ་ཆེན་པོའི་གྲུ་གཟིངས་བསྐྱོད། །
བ་ལང་ལྟ་བུའི་བོད་པ་ཚོ་ལ་དགེ་བཅུའི་ཁྲིམས་ཀྱི་གསེར་སྲབ་བསྐོན། །
མ་ལུས་འགྲོ་བའི་སྐྱབས་གཅིག་ཁྱེད་ཉིད་ཨོ་རྒྱན་ཆེན་པོ་ངུར་སྨྲིག་ཟོལ། །
ཙ་རི་བསྐོར་བའི་སྒྲིབ་སྦྱོང་དེ་ཚོ་ཁྱེད་གསུང་བརྩིས་ན་དེ་གས་འཐུས། །
ཚ་གྲང་དམྱལ་བའི་སྡུག་བསྔལ་དེ་དག་ཁྱེད་གསུང་བརྩིས་ན་དེ་གས་སྐྱོབ། །
ཛ་དྲག་དུས་ཀྱི་རྒུད་པ་མ་ལུས་ཁྱེད་གསུང་བརྩིས་ན་དེ་གས་སེལ། །
ཝ་ལེར་ཁྱེད་ཀྱི་སྐུ་གསུང་ཐུགས་ཡོན་དྲན་པའི་ཚེ་ན་མཆི་མ་བཞུར། །
ཞྭ་མདོག་ཙམ་གྱི་གྲུབ་མཐའི་ཕྱོགས་རིས་ས་འོག་རིམ་པ་དགུ་རུ་སྦས། །
ཟ་འཐུང་ཉི་ཚེའི་ལྟ་བ་ངན་པ་རྒྱང་རིང་ཕུགས་བསམ་ཆེན་པོས་མནན། །
འ་ཅག་བོད་པའི་ཆོས་དང་རིག་གཞུང་གསར་ཞེན་དག་ལ་ངོ་སྤྲད་དེ། །
ཡ་མཚན་མཛད་འཕྲིན་ཉི་ཟླའི་འོད་ཀྱི་རྗེས་འགྲོ་མཁན་ཆེན་ཁྱེད་ལ་འདུད། །
རྭ་ཅོ་མེད་ཀྱང་ཕྱུག་ལས་བླུན་པའི་འབྲོག་རྒན་དག་ལ་ཆོས་སྦྱིན་བསྩལ། །
ལ་ལུང་བོང་བུའི་རྨིག་རྗེས་འཚོལ་བའི་རོང་རྒན་ཚོ་ལ་རིག་སྦྱིན་བསྩལ། །
ཤ་ཟན་མགོ་ནག་བོད་པ་སྤྱི་ལ་མི་རིགས་སྐྱོབ་པའི་ཐབས་ལམ་བསྟན། །
ས་སྟེང་འདི་ན་མཁན་ཆེན་ཁྱེད་ལས་བཀའ་དྲིན་ཆེ་བ་སུ་ཞིག་བདོག །
ཧ་ཅང་དད་གུས་དྲག་པོ་ཞིག་ནི་སྔོན་ནས་ཁོ་བོར་མཆིས་ན་ཡང་། །
ཨ་ལགས་ཐུབ་བསྟན་ནོར་བུ་མཆོག་གིས་ཐེ་ཝན་མཚོ་གླིང་ནས་བསྐུལ་ཏེ། །
ཀླུ་སྨྱོན་རྒན་པོའི་སོར་མོ་བཅུ་བོ་གློག་ཀླད་གྲུ་བཞིའི་མཐེབ་གཞུང་དུ། །
སྐར་མ་བཅུ་ལ་བར་མེད་རྩེན་པའི་རྗེས་ཤུལ་དེ་ནས་འདི་ཙམ་རྙེད། །
Comments on “མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་བསྔགས་པའི་ཀ་ཕྲེང་ཁ་གསལ་དོན་ལྡན་མ་ཞེས་བྱ་བ།”
Comments are closed.
སྐར་མ་བཅུ་ཙམ་གྱི་རིང་ལ་འདི་འདྲའི་ཀ་རྩོམ་སྙན་མོ་ཞིག་བྲིས་གནང་འདུག་་་་ལྷ་མོ་དབྱངས་ཅན་མའི་བྱིན་རླབས་ལས་ཡིན་རྒྱུ་རེད་མ་གཏོགས་་་་་མི་བཅོས་མ་ཞིག་གིསས་ཁག་པོ་ཡིན་ཚོད་རེད་ཤག །
ཀླུ་སྨྱོན་ལགས། ཁྱེད་ཀྱི་ལྗགས་རྕོམས་ཧ་ལས་པ་འདུག །གོང་ས་ཡིད་བཞིན་ནོར་བུར་བསྟོད་པ་དེ་ལྟ་བུ་ཞིག་བྱུང་ན་ཅིས་མི་ལེགས། བདག་སོགས་སྐྱབས་འབང་ཡོངས་ཀྱི་བསོད་ནམས་གསོག་པའི་རྟེན་དུ་ངེས་པར་དུ་དགོས་གལ་དུ་མཐོང་ལགས། བདེ་མོ་བྱོས།
རྩོམ་རྩལ་ཐོགས་མེད་སྙན་ངག་རྒྱ་མཚོའི་མགྲིན་པ་ཅན་ཀླུ་སྨྱོན་ཧེ་རུ་ཀ་ལ་མངོན་པར་བསྟོད་དོ།
ཕ་མ་ཏྰ་ལའི་བླ་མ། །
ཀ་ཁ་མ་ཤེས་གོང་ལ། །
ཁ་དང་ལག་པ་འཁྲུ་སྟངས། །
ག་འདྲེས་སློབ་མཁན་ཕ་མ། །
ང་ཡི་སྙིང་ལ་བརྗེད་མེད། །
ཅ་ལག་ཆུང་ངུ་ཞིག་གི །
ཆ་ཟུར་འཇུ་སྟངས་སློབ་མཁན། །
ཇ་ཆང་ཉིང་ཁུས་བསོས་ནས། །
ཉ་གང་ལུས་སེམས་ཆགས་དུས། །
ཏཱ་ལའི་བླ་མའི་བཀའ་དྲིན། །
ཐ་མལ་ལུས་སེམས་གཉིས་པོ། །
ད་ལྟའི་མི་ལུས་རིན་ཆེན། །
ན་ནིང་བར་དུ་བཟོས་བྱུང་། །
པ་ཕས་ཡི་གེ་མི་ཤེས། །
ཕ་མས་གཞན་སྐད་མ་ཤེས། །
བ་དང་བིའུས་འོ་མས། །
མ་ལུས་གནང་ནས་བསོས་བྱུང་། །
ཙ་རི་བསྐོར་ལས་ལྷག་པའི། །
ཚ་གྲང་སྡུག་བསྔལ་མྱངས་ནས། །
ཛ་དྲག་ང་དགུའི་ལོ་ནས། །
ཝ་ལེར་སྲོག་སྐྱོབ་གནང་བྱུང་། །
ཞྭ་མདོག་སེར་པོ་མནབས་ཀྱང་། །
ཟ་འཐུང་མཉམ་ཟའི་གྲུབ་མཐའ། །
འ་ཅག་བོད་རིགས་ཆོ་བརྒྱུད། །
ཡ་མཚན་མཛད་འཕྲིན་རིས་མེད། །
རྭ་ལྟར་གྱོང་བའི་སེམས་རྒྱུད། །
ལ་བ་ཆུ་ལ་སྦངས་བཞིན། །
ཤ་ཁྲག་གཅིག་པའི་བོད་རིགས། །
ས་གནམ་ཡོངས་རྫོགས་བརླན་བྱུང་། །
ཧ་ཅང་དྲན་པའི་བཀའ་དྲིན། །
ཨ་ཕ་ཨ་མའི་ལོ་རྒྱུས། །
ཧ་ཅང་དད་པའི་བླ་མ། །
ཨ་མདོའི་བླ་མ་ཁྱོད་ཉིད། །
འདི་རིང་ལྷ་བབ་དུས་ཆེན་ཉིན་མོར་རྒྱལ་བ་ཤྰཀྱ་ཐུབ་པས་རང་གི་མ་ཡུམ་གྱི་དྲིན་ལན་གསོ་བའི་ཕྱིར་ལྷ་ཡུལ་དུ་ཕེབས་མ་ཡུམ་ལ་སོགས་ལ་ཆོས་གསུངས་ནས་མར་མི་ཡུལ་དུ་ལྷ་ཡི་གནས་ནས་བབ་པའི་ཉིན་མོ་འདི་འཛམ་གླིང་ནང་པ་རྣམས་ཀྱིས་ཨ་མའི་ཉི་མོར་བརྩིས་ན་ཡང་མ་འགྲིག་པ་མེད་ལགས།
ལྷག་པར་ང་རང་གི་དྲིན་ཆེན་ཕ་མ་འདས་པོ་གཉིས་དྲན་དྲགས་པ་དང་། རང་གི་རྩ་བའི་བླ་མ་༸རྒྱལ་དབང་༸སྐུ་ཕྲེང་བཆུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་རང་གི་ལས་ཀྱིས་དབང་གིས་འགྱང་ཐག་རིང་དྲགས་པ་སོགས་ལ་བརྟེན་ཀླུ་སྨྱོན་གྱི་ཀ་ཕྲེང་ཀློག་ཞོར་དུ་བཀའ་དྲིན་དང་དད་པའི་སྤུ་ལོང་གཡོ་ཞིང་གང་དྲན་དུ་བྲིས་ཐལ་ཤོར་བ་དགེ་ལེགས་འཕེལ། །
བསྟོད་པ་ཡག་གི་ཡ། ཡིན་ཡང་བོད་ནང་གི་དྲ་ཐོག་ཏུ་འདི་འདྲ་ཞིག་འདུག།
ཉེ་སྔོན་ཡང་མགོ་ལོག་གསེར་རྟ་སྙི་སྟོད་ཡུལ་ཚོའི་ཁོངས་ཀྱི་ཁེས་སྐོར་འབྲོག་སྡེའི་དཔལ་འབྱོར་སྐྱོ་སའི་འབྲོག་ཁྱིམ་ཁག་གཅིག་གིས་སྒོ་ཕྱུགས་ལྐོག་བཤའ་བྱས་པར་བརྟེན་ཁྱིམ་ཚང་དེ་དག་མཁན་པོ་ཚུལ་བློའི་དགེ་བཅུའི་ཁྲིམས་གསར་བ་དེ་ལ་འགལ་བར་བརྟེན། ཁེས་སྐོར་འབྲོག་སྡེའི་བླ་དཔོན་རྣམས་ཀྱིས་འབྲོག་ཁྲིམས་དེ་དག་ལ་ཆོས་དམ་ཚིག་གི་འབྲེལ་ལམ་གཙང་བཅད་བྱེད་ངེས་ཡིན་ཟེར་བའི་ཡིག་ཆ་ཞིག་གསེར་རྟས་ས་ཆས་གཙོས་མགོ་ལོག་ས་ཁུལ་གང་མང་ལ་འཀྲམ་འདུག་པ་འོག་གི་ཡིག་ཆ་འདི་རང་ཡིན།
༄༅། །བོད་རབ་བྱུང་བཅུ་བདུན་པའི་བསྐལ་བ་ལྕགས་ཡོས་ལོ་ཁེས་སྐོར་ཚོ་བས་བཤས་ཁྲིམས་དང་འགལ་ནས་སེར་སྒོ་བསྒྲོག་ས་ནི། ཚེ་རིང་། མགོན་པོ། ཐང་ནག་ སྟོབས་ལྡན། ལྷུ་མགོན། གནས་བརྟེན། ཚིལ་ཁྲིམས། འགུར་གྲེས། འཇིགས་པོ། སྐོ་ནེ། ཚིལ་པོ། ཆོས་པ། བསོ་ཚེ། རྣམས་ལ་བསྐལ་བ་ཆུ་མོ་སྤྲུལ་གྱི་ལོ་མ་ཚེས་ཀྱི་བར་དུ་ལོ་གཉིས་ལ་སེར་སྒོ་ཡིན། རྣམ་འགྱུར་ལགས་པོ་དང་མ་ཟད་དགེ་བཅུའི་ཁྲིམས་དང་མ་འགལ་ནས། གློ་བུར་དུ་ཤི་ཆད་བྱུང་ཚེ་གལ་སྲིད་སེར་སྒོ་ཕྱེ་དགོས་ན་ཉིན་བདུན་ལ་ལྷ་ཕྱག་ཆ་ལྔ་དང་། ཕྱིན་ཆད་མི་འགལ་བའི་མཚམས་ནས་འགན་ཁུར་གྱི་མི་སོགས་བཤགས་པ་ཚུལ་བཞིན་བྱེད་ན་སེར་སྒོ་ཕྱེ་བ་ཡིན། དེའི་བར་དུ་ཁྱེད་ཕྱོགས་བཅུའི་དགེ་འདུན་པ་རྣམས་ཀྱིས་གསོན་པོ་ལ་སྐྱབས་འཇུག་དང་། གཤིན་པོ་ལ་ལམ་འདྲེན་མི་བྱེད་པར་ཞུ། བཅའ་ཁྲིམས་འདི་ལ་དགོན་པ་སོགས་སུས་འགལ་བ་བྱེད་ན་ཚོ་བ་གཅིག་གི་དགེ་བཅུའི་ཁྲིམས་དེའི་སྟེང་ནས་འཇོག་པ་ཡིན་པས་ཐུགས་ལ་འཇགས་པར་ཞུ། ༢༠༡༡ལོའི་ཟླ་༧ཚེས་༣༠ ཁེས་སྐོར་བླ་དཔོན་སོགས་དགེ་བཅུ་དོ་དམ་ཚོགས་པ་ནས།
ཞེས་འཁོད་འདུག གོང་གསལ་བསྒྲགས་ཡིག་ནང་གི་ལྷ་ཕྱག་ཆ་ལྔ་ནི། ཕྱག་བརྒྱ། མཆོད་མེ་བརྒྱ། སྤོས་ཉིན་ཐུབ། མང་ཇ། སྒོ་ཕྱུགས་ཚེ་ཐར་བཅས་རེད་ཟེར། སེར་སྒོ་བསྒྲོག་ཅེས་པ་ནི་སེར་མོ་བས་ཤི་གསོན་སུ་ལ་སྐྱབས་མཇུག་བསྔོ་སྨོན་མི་བྱེད་པའི་དོན་ཡིན་འདུག
དེ་ཚར་ནས་གཡག་རེ་བཤས་པར་ཉེས་ཆད་ལ་སྒོར་༢༥༠༠་རེད་ཟེར།
ཡིག་ཆ་དེའི་ནང་ཡིག་སྐྱོན་མང་པོ་ཡོད་པ་རང་སོར་བཀོད་ཡོད། ལྷག་པར་བསྐལ་བ་ཆུ་མོ་སྤྲུལ་གྱི་ལོ་ཞེས་བྲིས་འདུག ཆུ་སྤྲུལ་ཟེར་བ་ཞིག་ཡོད་དམ། འོན་ཀྱང་བླ་དཔོན་དབང་ཆེན་ཚོས་བྲིས་པར་བརྟེན། རང་སོར་ལོས་འཇོག
གོང་གསལ་ཁྱབ་བསྒྲགས་ཡིག་ཆ་དེའི་ནང་<>ཞེས་གསེར་རྟའི་ཁེས་སྐོར་བླ་དཔོན་རྣམས་ཀྱི་བསྒྲགས་ཡིག་འདི་མཐོང་ཚེ། བསྒྲགས་ཡིག་འདི་ནི་ཐེག་ཆེན་གྱི་ཆོས་དང་འགལ་འདུག་སྟེ། དེ་ལྟར་ཡིན་ན། ང་ཚོས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་སོགས་ཞོགས་པའི་ཡར་ལངས་ཡོང་དུས་ནས་འདོན་དགོས་པ་བླ་དཔོན་ཟེར་བ་དེ་ཚོས་ཤེས་སམ། ཤེས་ན། སེམས་བསྐྱེད་ཀྱི་ཚིག་དེ་དག་ངག་ནས་འདོན་སྐབས་དགྲ་གཉེན་བར་མའི་སེམས་ཅན་ཡོད་དོ་ཅོག་ལ་དམིགས་དགོས་པ་མིན་ནམ། མཁའ་ཁྱབ་ཀྱི་སེམས་ཅན་གཅིག་ཀྱང་མ་ལུས་པར་མ་དམིགས་ཐབས་ཡིན་མོད། ཡང་ན་སེམས་ཅན་ཐམས་ཅད་ཅེས་པའི་ནང་ལ་གསེར་རྟའི་ཁེས་སྐོར་སྡེ་བའི་ཚེ་རིང་། མགོན་པོ། ཐང་ནག་ སྟོབས་ལྡན། ལྷུ་མགོན། གནས་བརྟེན། ཚིལ་ཁྲིམས། འགུར་གྲེས། འཇིགས་པོ། སྐོ་ནེ། ཚིལ་པོ། ཆོས་པ། བསོ་ཚེ། རྣམས་མ་ཚུད་པ་ཡིན་ནམ། ཡང་ན་ཚུད་མི་ཉན་ཟེར་བ་ཡིན་ནམ། ཡང་ན་ཁེས་སྐོར་བླ་དཔོན་ཟེར་བ་འདི་ཚོས་བཤད་པ་ལྟར་ད་ནས་ང་ཚོས་ཐེག་ཆེན་སེམས་བསྐྱེད་ཀྱི་དམིགས་ཡུལ་ལ་འགྱུར་བ་བཏང་དགོས་པ་རེད་དམ། དེ་ལྟར་ཡིན་ན་བླ་དཔོན་འདི་ཚོར་ཐེག་ཆེན་སེམས་བསྐྱེད་ཀྱི་དམིགས་ཡུལ་ལ་འགྱུར་བ་གཏང་རྒྱུའི་དབང་ཚད་སུས་སྤྲད་པ་ཡིན་ནམ། རྣམ་དཔྱོད་ཅན་ཚོས་བསམ་བློ་ཐོངས་དང་བླ་དཔོན་ཟེར་བའི་ངེད་བོད་པ་ཚང་གི་མིང་ཆེན་ཚོས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་འགལ་བའི་བླུན་རྟགས་འདི་ལས་ལྷག་སྟོན་དགོས་དོན་འདུག་གམ། གོང་གསལ་བླ་དཔོན་ཟེར་བ་དེ་དག་གིས་བསྒྲགས་ཡིག་དེ་ས་བསྒྲགས་གནམ་བསྒྲགས་བྱས་པར་རྨོངས་དད་ཀྱིས་བཟི་བའི་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱས་པར་བརྟེན། ཁེས་སྐོར་གྱི་འབྲོག་ཁྱིམ་དབུལ་པོ་དེ་དག་གིས་སྤྱི་ཚོགས་ཀྱི་གནོན་ཤུགས་མ་བཟོད་པར་བླ་དཔོན་ཚོའི་མདུན་དུ་བཅར་ནས་བཤགས་སྡོམ་ཞུས་རྗེས་བླ་དཔོན་ཚོས་ད་དུང་ཚད་བརྒལ་གྱི་ཉེས་ཆད་བཅད་འདུག དེ་རྗེས་སྙི་སྟོད་རོགས་ཟ་ཚོ་བའི་འབྲོག་ཁྱིམ་དབུལ་བོ་ཁག་གཅིག་གིས་སྒོ་ཕྱུགས་ལྐོག་བཤའ་བྱས་པ་དེ་གའི་བླ་དཔོན་ཚོས་ཤེས་རྟོགས་བྱུང་བར་བརྟེན། ཁེས་སྐོར་དང་གཅིག་མཚུངས་སུ་སྤྱི་ཟླ་༡༠ཚེས་༡༢དང་༡༣གྱི་སྐབས་འདིར་འབྲོག་ཁྱིམ་དེ་དག་ལ་ཚད་བརྒལ་ཉེས་ཆད་གཅོད་དང་གཅོད་བཞིན་ཡོད། །
མཁན་པོ་ཚུལ་བློའི་དགེ་བཅུའི་ཁྲིམས་ཟེར་ན་མ་ཟེར་ན་དོན་དུ་གཤམ་གསལ་གྱི་དེ་རེད་འདུག
༄༅།།གསེར་ལྗོངས་བླ་མ་རུང་གིས་གཏན་ལ་ཕབ་པའི་དགེ་བཅུའི་ལུགས་སྲོལ། །
དང་པོ། བཤས་ཚོང་མི་བྱ་བ། རྟ་ཟོག་ར་ལུག་ཁྱི་སོགས་བཤའ་བའི་ཆེད་དུ་ཉོ་ཚོང་མི་བྱ་བའོ།
གཉིས་པ། རྐུ་ཇག་མི་བྱ་བ། ཕྱི་ནང་སུ་ལའང་འཇབ་བུའི་རྐུ་དང་བཙན་པོའི་ཇག་མི་བྱ་བའོ།
གསུམ་པ། མཚོན་འཛིང་མི་བྱ་བ། གྲི་དང་མེ་མདའ་ལ་བརྟེན་ནས་འཛིང་མོ་མི་བྱ་བའོ།
བཞི་པ། སྨད་ཚོང་ལ་མི་བསྟེན་པ། འདིས་ནད་འཇིགས་སུ་རུང་བ་མང་པོ་བསྐྱེད་ནས་ད་ལྟ་བོད་ཡུལ་ན་ཉེན་ཁ་ཤིན་ཏུ་ཆེ་བས་རྒྱ་རིགས་སོགས་སྨད་འཚོང་མ་བསྟེན་པར་མི་བྱ་བའོ།
ལྔ་པ། བོའུ་དང་ཉལ་ཐའི་ཚོང་མི་བྱ་བ། མེ་མདའ་རིང་ཐུང་མང་པོ་གཞན་གྱི་ས་ནས་ཚུར་ཉོ་ཞིང་བོད་ཀྱི་ནང་དུ་ཕར་འཚོང་བ་དང་།ཉལ་ཐ་ཉོ་ཚོང་མི་བྱ་བའོ།
དྲུག་པ། ཉལ་ཐ་དང་ཐ་མག་མི་འཐེན་པ། ཉལ་དུད་དང་ཐ་མག་གི་རིགས་འཐེན་པར་མི་བྱ་བའོ།
བདུན་པ། ཆང་མི་བཏུང་བ། ཆང་གི་རིགས་གང་ཡང་བཏུང་བར་མི་བྱ་བའོ།
བརྒྱད་པ། ཤོ་རྒྱན་མི་བསྐུག་པ། སྒོར་མོའམ་དངོས་རྫས་མང་པོ་བསྐུག་ཏུ་བཞག་ནས་ཤོ་རྒྱན་གཞག་པར་མི་བྱ་བའོ།
དགུ་པ། རྔོན་མི་བྱ་བ། རི་དྭགས་སམ་གཅན་གཟན་གསོད་ཐབས་སྣ་ཚོགས་ཀྱིས་གསོད་པར་མི་བྱ་བའོ།
བཅུ་པ། གཅན་གཟན་གྱི་པགས་པ་མི་གྱོན་པ། གཟིག་དང་སྲམ་དང་ཝ་སོགས་གཅན་གཟན་གྱི་པགས་པ་གྱོན་པར་མི་བྱ་བའོ།
བཤས་ཚོང་སོགས་བྱ་བ་བཅུ་པོ་འདི་རྣམས་ཀྱིས་རང་རེ་ཚེ་འདི་ཕྱི་གཉིས་ཀར་འཕུང་བར་བྱེད་པ། བཤས་ཚོང་མི་བྱེད་པར་དམ་བཅའ་བ་སོགས་བཅུ་པོ་འདི་རྣམས་ཀྱིས་ཚེ་འདི་ཕྱི་གཉིས་ཀར་ཕན་པ་དང་བདེ་བར་བྱེད་ཅིང་།མི་ཙམ་དུ་མ་ཟད་དུད་འགྲོ་ཡན་ཆད་བདེ་བའི་ངང་དུ་གནས་པར་འགྱུར་བས་དད་ལྡན་སྐྱེ་བོ་རྣམས་ཀྱིས་བླང་དོར་ཚུལ་བཞིན་དུ་བྱེད་པ་ཤིན་ཏུ་གལ་ཆེ་བས་འབད་པ་བྱེད་པར་ཞུ་ཞུ།
གསེར་ལྗོངས་བླ་མ་རུང་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ནས་བོད་རབ་གནས་ས་བྱི་ལོའི་ཆུ་སྟོད་ཟླ་བའི་ཚེས་ཉེར་ལྔ་ལ་སྤྲིངས་པའོ། ། འདི་དྲ་ལམ་ནས་བཤུས་པ་ཡིན།
མཁས་བཙུན་བཟང་གསུམ་ལྡན་པའི་བླ་མ་དང་།།
འཆད་རྩོད་རྩོམ་ལ་མངའ་བརྙེས་མཁས་པ་དང་།།
འདུལ་ཁྲིམས་གཙང་མས་སྐྱོང་བའི་དགེ་སྦྱོང་བ།།
ད་ལྟའི་དུས་ན་མཁན་པོ་བློ་གྲོས་ཉིད།།
དགེ་བཅུའི་ཚུལ་ཁྲིམས་བསྲུངས་ན་ལྷ་མིར་སྐྱེས། །
འདིན་ནི་ནང་པ་སྤྱི་ཡི་དགེ་བཅུ་རེད། །
མཁན་པོ་ཚུལ་བློའི་དགེ་བཅུའི་ཁྲིམས་བསྲུངས་ན། །
བོད་ཀྱི་འབྲོག་ཁྱིམ་མི་ཚེ་དོན་ལྡན་འགྱུར། །
དགེ་བཅུའི་ཁྲིམས་ཀྱིས་ཇག་རྐུན་རྒྱུ་ལམ་གཅོད། །
དགེ་བཅུའི་ཁྲིམས་ཀྱིས་དམེ་ཤིའི་ཁྲག་རྒྱུན་གཅོད། །
དགེ་བཅུའི་ཁྲིམས་ཀྱིས་ལས་ངན་སྡིག་རྒྱུན་གཅོད། །
དེ་ཕྱིར་དགེ་བཅུའི་ཁྲིམས་ནི་མེད་མི་རུང་། །
དགེ་བཅུའི་ཁྲིམས་ཀྱིས་རྫས་ངན་གད་སྙིགས་འཕྱག །
དགེ་བཅུའི་ཁྲིམས་ཀྱིས་འབགས་རྩོག་དྲི་མ་སེལ། །
དགེ་བཅུའི་ཁྲིམས་ཀྱིས་འཁོར་ཡུག་སྲུང་སྐྱོབས་བྱེད། །
དེ་ཕྱིར་དགེ་བཅུའི་ཁྲིམས་ནི་མེད་མི་རུང་། །
དགེ་བཅུའི་ཁྲིམས་ཀྱིས་སྙིང་རྗེའི་མྱུ་གུ་འབུས། །
དགེ་བཅུའི་ཁྲིམས་ཀྱིས་འཚེ་མེད་སྤྱོད་པ་མཛེས། །
དགེ་བཅུའི་ཁྲིམས་ཀྱིས་འདི་ཕྱི་གཉིས་ཀར་འཚེངས། །
དེ་ཕྱིར་དགེ་བཅུའི་ཁྲིམས་ནི་མེད་མི་རུང་། །
དགེ་བཅུའི་ཁྲིམས་ཀྱིས་བླ་མའི་དགོངས་པ་རྫོགས། །
དགེ་བཅུའི་ཁྲིམས་ཀྱིས་ཕ་མའི་དྲིན་ལན་སོད། །
དགེ་བཅུའི་ཁྲིམས་ཀྱིས་ཕུ་ནུའི་ཞེ་བློ་བདེ། །
དེ་ཕྱིར་དགེ་བཅུའི་ཁྲིམས་ནི་མེད་མི་རུང་། །
དགེ་བཅུའི་ཁྲིམས་ཀྱིས་མི་ཡུལ་དག་ཞིང་བསྐྲུན། །
དགེ་བཅུའི་ཁྲིམས་ཀྱིས་ལྷ་ཡུལ་ཐེམ་སྐས་འཛུགས། །
དགེ་བཅུའི་ཁྲིམས་ཀྱིས་ཐར་བའི་ལམ་བཟང་སྟོན། །
དེ་ཕྱིར་དགེ་བཅུའི་ཁྲིམས་ནི་མེད་མི་རུང་། །
དགེ་བཅུའི་ཁྲིམས་ནི་རང་སྲུང་ལྕགས་རི་ཡིན། །
དགེ་བཅུའི་ཁྲིམས་ནི་གཞན་ཕན་བདུད་རྩི་ཡིན། །
དགེ་བཅུའི་ཁྲིམས་ནི་དོན་གཉིས་ནོར་བུ་ཡིན། །
དེ་ཕྱིར་དགེ་བཅུའི་ཁྲིམས་ནི་མེད་མི་རུང་། །
བོད་ཀྱི་དྲ་བ་ལས་བཤུས།
ཁ་ནས་ཚུལ་གསུམ་རིག་པའི་གཞུང་ནས་འཆི་བ་མི་རྟག་སྒྲུབ་པས་མཁས།།
རྒ་དང་ན་བའི་ཟུག་རྔུ་སྦྱིན་བྱེད་རང་གི་ཕུང་པོ་རྟག་པར་འཛིན།།
སྲིད་པའི་ཚོགས་འདིར་དགའ་ཚལ་མཐོང་སྟེ་ཁྱིམ་དང་དགའ་མར་འཁྲེན་པའི་དུས།།
ངན་འགྲོའི་ཆུ་རྒྱུན་གཅོད་པའི་ཚུལ་ཁྲིམས་གསེར་གྱི་འབྲས་བུ་སད་ཀྱིས་བཅོམ།།
ལ་ལས་ངུར་སྨྲིག་གོང་བཟང་གྱོན་ཏེ་ཟ་ཁང་བུ་མོའི་བྱང་བཞིན་གླེང།།
ལ་ལས་ངུར་སྨྲིག་གོང་བཟང་གྱོན་ཏེ་ཨ་རིའི་ལག་འཁྱེར་དངུལ་གྱིས་ཉོས།།
ལ་ལས་ངུར་སྨྲིག་གོང་བཟང་གྱོན་ཏེ་བསྟན་པ་ཟབ་མོར་དབྱེན་དཀྲུགས་བྱས།།
སྟོན་པ་མཉམ་མེད་ཤཱཀྱ་རྒྱལ་པོའི་ཞབས་ལ་ཐག་ཞག་ནག་པོ་བཅིངས།།
འགའ་རེས་ལུས་ལ་ཆོས་གོས་བཞེད་དེ་རྒྱལ་བའི་སྐུ་རྣམ་ནག་འཚོང་བརྒྱབས།།
འགའ་རེས་ལུས་ལ་ཆོས་གོས་བཞེད་ནས་གཟའ་ཚང་ཕན་ཚུན་ཁ་བྲལ་བཏང།།
འགའ་རེས་ལུས་ལ་ཆོས་གོས་བཞེད་དེ་སློབ་ཕྲུག་བུ་མོའི་མདུན་ལམ་གཏོར།།
ཀུན་མཁྱེན་རྒྱལ་བ་བུ་རམ་ཤིང་པ་དག་པ་མཁའ་སྤྱོད་ཞིང་ནས་བཤུམས།།
བླང་འདས་སོ་དྲུག་སད་ཀྱིས་བཅོམ་ཡང་ཁྲེལ་མེད་འགའ་ཡིས་ངུས་སྨྲིག་གྱོན།།
གཟའ་ཟླ་བུ་ཕྲུག་རྗེས་སུ་སྙེགས་ཀྱང་རབ་བྱུང་ན་བཟའ་བྲལ་མེད་བཅངས།།
ང་ཡི་བསྟན་པ་ཟབ་མོས་འདི་ནི་གཞན་གྱིས་འཇིགས་པར་མི་ནུས་ཏེ།།
ང་མིན་ང་འདྲས་བཤིགས་གོ་ཞེས་པའི་ལུང་བསྟན་དུས་ལ་འབབ་འདུག་སྙམ།།
དགེ་སྡིག་སྤང་བླང་རང་གི་སེམས་ལ་ཐུག།
སེམས་ཀྱི་གསང་བ་དམ་པའི་ཆོས་ལ་ཐུག།
དམ་ཆོས་རྩ་བ་སྙིང་རྗེའི་སེམས་ལ་ཐུག།
རང་སེམས་ཤེས་ན་སྐྱེས་བུ་དམ་པ་ཡིན།།
སྐྱེས་ནས་འཆི་བ་འཁོར་བའི་སྐྱོན་ཡིན་མོད།།
འཁོར་བའི་སྐྱོན་ལ་བསམ་གཞིགས་བྱེད་མཁན་ཉུང་།།
ཁེ་དང་གྲགས་པས་སྨྱོས་བ་འདི་སྣང་གིས།།
འཁོར་བར་འཕྱན་པའི་མི་ལ་སྙིང་རེ་རྗེ།།
སེམས་ཅན་ཐམས་ཅད་ཕ་མ་ཡིན་ཟེར་མོད།།
རྒྱུ་འབྲས་སྤང་བླང་མི་འཚམས་འདོད་རྔམ་ཀྱིས།།
ཤ་ཁྲག་ལོངས་སུ་སྤྱོད་པའི་དགེ་སྦྱོང་གཟུགས།།
སྟོན་པ་མཆོག་གིས་གཟིགས་ན་ཐུགས་རེ་སྐྱོ།།
སྐལ་བཟང་ཟེར་བས་རྩོམ་ཡིག་དེ་ཀླུ་སྨྱོན་ལ་ཕུལ་བ་ནོར་འདུག།། ད་ཕལ་ཆེར་ཀླུ་སྨྱོན་གྱིས་ཚུལ་ཁྲིམས་བློ་གྲོས་ལ་དད་ལོག་སྐྱེ་ཤས་ཆེ།
བོད་མི་ཚོས་དེ་ལྟར་མ་བྱེད་ན་རྒྱ་དང་ཁ་ཆེ་གོ་སྐབས་སྤྲད་པ་ཡིན་པས་མི་ཆོག་མང་དྲག་ན་བོད་ཀྱི་འཕེལ་རྒྱས་གནོད་པ་པ་ངེས།
ཨ་བླ་ཀླུ་སྨྱོན་གྱི་ཨ་བླ་མཁན་ཆེན་བློ་གྲོས་ལ་བསྔགས་པའི་ཀ་འཕྲེང་ཁ་གསལ་དོན་ལྡན་མ་སྙན་ཅིང་སྡེབས་པ་དང་། མཁས་པ་མཆན་བུ་པ་རྣམས་ཀྱི་དོན་དང་ལྡན་པའི་མཆན་བུ་ཕལ་ཆེ་བ་བཀླགས། དེ་ཡང་ཨ་ལགས་ལས་ཨ་བླ་ཞེས་རྩོམ་པ་པོ་རང་དང་མི་མཐུན་པར་བྲིས་པའི་རྒྱུ་མཚན་ནི། སྔར་བཀྲ་ཤིས་ལྷུན་པོའི་གདན་སར་ཡོད་དུས་སུ་ལ་དྭགས་པའམ་ཨ་མདོ་པ་དཀའ་ཆེན་ནམ་སྔགས་པའམ་རྩེ་དགོན་ཁང་པ་གང་རུང་ཨ་མདོའི་གྲོང་ཡུལ་དག་ཏུ་བླ་མ་བཅོ་བརྒྱད་ཙམ་ཕེབས་ནས། ལོ་ངོ་ཁ་ཤས་ཡུལ་དེར་བཞུགས་ནས། བསྟན་འགྲོའི་དོན་མཛད། འདའ་ཡང་མང་པོ་བསྡུས། ཨ་མདོའི་བླ་མ་སྟེ། ཨ་བླ་ཆགས་ཏེ། གདན་སའི་དགེ་འདུན་ལ་འདའ་ཡང་གི་འགྱེད་འབུལ་བའི་ལུགས་སྲོལ་ལས་བདག་རང་གིས་ཀྱང་ཨ་བླ་དག་གི་འདའ་ཡང་འགྱེད་བླངས་པའི་དཀོར་མང་བསགས་ཡོད་པ་མཐོལ་ལོ་བཤགས་སོ། །ཨ་མདོ་བླ་མ་མངའ་རིས་པ་ཡིན་པ་ཞིག་༢༠༠༤ལོར་བཀྲ་ཤིས་ལྷུན་པོར་ཐུག་ཕྲད་བྱུང་། གཞོན་པའི་སྐབས་སུ་མཐོང་མྱོང་ཡང་། དེ་དུས་རྒས་ནས་ངོས་འཛིན་པར་དཀའ། ཨ་བླ་དེ་རང་ཡུལ་ལ་ལོག་པར་ས་གནས་ཀྱི་མི་མངས་ཀྱི་བཏང་མ་བྱུང་གསུངས། དེས་ན། ཨ་བླ་ཞེས་སོགས་བཀའ་བསྟན་གསུང་འབུམ་བཅས་ཀྱི་དག་ཆ་ལ་མི་རྩི་བ་དག་ལ་བདག་རང་གི་དག་ཆ་བཤད་ཀྱང་ཅི་ཕན།
གལ་ཏེ་བཅོས་སུ་མེད་ན་ནི།
དེ་ལ་མི་དགའ་བྱས་ཅི་ཕན།
ཞེས་གསུངས་པ་ལྟར་ལགས། ཨ་བླ་མཁན་ཆེན་བློ་གྲོས་། ཨ་བླ་ཀླུ་སྨྱོན་ཧེ་རུ་ཀ མཁས་པ་མཆན་བུ་པ་རྣམས་རྒྱལ་གྱུར་ཅིག
སྒོ་ཕྱུགས་མགོ་སྐེ་ཁ་ཆེ་བཤན་པས་གཏུབ།།
རྒྱུ་སྙིང་ཤ་གསུམ་བོད་མི་ཁ་ཏས་ཟ།།
ཆོས་དང་ཟང་ཟིང་འབྲེལ་བའི་རྒྱུན་ཐག་གཅོད།།
ཉམ་ཆུང་མི་སེར་རྣམས་ནི་ཡིད་རེ་མུག །
རྩོམ་འདི་ལྟར་ན་ཚུལ་བློས་རྩིས་ན་ཚ་གྲང་དམྱལ་བའི་དཀའ་སྡུག་སེལ་ཚུལ་གླེང་ཡང་། དོན་དངོས་ཚ་གྲང་དམྱལ་བའི་དཀའ་སྡུག་ལྟ་ཅི། བོད་ཀྱི་རང་དབང་ཡང་ཁོང་ལ་བརྟེན་ན་སེལ་ཐབས་དཀའ་སྟེ། མི་ཆོད་རྒྱུ་མང་པས་རྒྱ་དང་ཁ་ཆེ་ལ་གོ་སྐབས་སྤྲད་པ་ལྟ་བུ་འདོད། མི་རིགས་ཤིག་ཡིན་ན་བཟང་ངན་གྱི་དབྱེ་བ་མེད་པ་་རིག་གཞུང་ཀུན་མཁོ་བ་འདོད།
འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྡོད་དམ་ཅན་ཆོས་ཀྱི་རྒྱལ་པོ་བསྟོད་པ།
༸རྒྱལ་མཆོག་དགེ་འདུན་གྲུབ་པས་མཛད།༼ཧྰུང་གི་༠ཀླད་ཀོར་སྒང་དུབཀོད་ཐུབ་མ་སོང་དགོངས་དག༽
ཧྰུང་། ཀ་ལ་རྰུ་པན་རབ་བརྗིད་དྲག་པོའིསྐུ། །
ཁ་ནས་ཁྲག་འཛག་མི་མགོའི་ཕྲེང་བ་ཡི། །
ག་ཤ་རབ་འཕྱང་མི་བཟད་བདུད་དཔུང་གི །
ང་རྒྱལ་དྲེགས་པ་འཇོམས་པ་ཁྱོད་ལ་བསྟོད། །
ཅ་ཅོ་ཆེ་ལྡན་རྡོ་རྗེ་གླུ་དབྱངས་དང་། །
ཆ་ཤས་ཡོངས་སུ་རྫོགས་པའི་གཏོར་མ་ནི། །
ཇ་ཆང་ཕུད་དང་དགྲ་བགེགས་བསྒྲལ་བའི་ཤ །
ཉ་ཤ་ཁྲག་ཞག་རྒྱ་མཚོས་བརྒྱན་པ་འབུལ། །
ཏ་ཐྰ་ག་ཏའི་བསྟན་ལ་གནོད་བྱེད་པའི། །
ཐ་ཆད་དགྲ་བགེགས་རྡུལ་དུ་རློག་པ་དང་། །
ད་ནས་བཟུང་སྟེ་རྣལ་འབྱོར་བདག་ཅག་གི །
ན་རྒ་འཆི་བའི་འཇིགས་པ་འཇོམས་ལ་བསྟོད། །
པ་ཝ་སངས་ལྟར་རབ་དཀར་མཆེ་བ་གཙིགས། །
ཕ་རོལ་འཇོམས་པའི་སྤྱན་རྩ་གློག་ལྟར་འཁྱུག །
བ་སྤུ་དུས་མཐའི་མེ་ཆེན་འབར་བ་ཡིས། །
མ་ལུས་བགེགས་དཔུང་སྲེག་པ་ཁྱོད་ལ་བསྟོད། །
ཙ་མུཎཌི་སོགས་མ་མོ་ཀུན་གྱི་བདག །
ཚ་ཟེར་རབ་ཏུ་རྒྱས་པའི་གཟི་བརྗིད་ཅན། །
ཛ་ཞེས་འཕྲིན་ལས་སྒྲུབ་ལ་བོས་པའི་ཚེ། །
ཝ་སྐྱེས་ལྟ་བུའི་བགེགས་འཇོམས་ཁྱོད་ལ་བསྟོད། །
ཞྭ་ལྟར་འབྱུང་པོ་ཀུན་གྱི་སྤྱི་བོས་བསྟེན། །
ཟ་བྱེད་མ་ཧེ་ཁྲོས་པའི་ཞལ་གདངས་ཤིང་། །
འ་འུར་དར་དིར་སྒྲོགས་པས་ས་ཆེན་གཡོ། །
ཡ་ལས་སྐྱེས་པའི་ཐོད་དབྱུག་འཛིན་ལ་བསྟོད། །
རྭ་དང་རྨིག་པ་རྣོ་བའི་མ་ཧེ་དང་། །
ལ་ལ་རླུང་ནག་འཚུབ་མ་ཞོན་པའི་འཁོར། །
ཤ་ཀ་ལི་དང་གཤིན་རྗེ་འབེབས་མ་སོགས། །
ས་གསུམ་འབྱུང་པོའི་འཁོར་གྱིས་བསྐོར་ལ་བསྟོད། །
ཧ་ཧ་དྲག་ཏུ་བཞད་པའི་དཔལ་ཡོན་ཅན། །
ཨརྒྷམ་ལ་སོགས་མཆོད་པ་བཞེས་ནས་ཀྱང་། །
དཔལ་ལྡན་གཤིན་རྗེ་གཤེད་ཀྱི་སྤྱན་མངའ་རུ། །
ཞལ་བཞེས་དམ་བཅའ་གཡེལ་བ་མེད་པར་མཛོད། །
འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྡོད་དམ་ཅན་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་འདི་ནི། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་དཔལ་རི་ཁུད་ཀྱི་གཙུག་ལག་ཁང་དུ་སྦྱར་བའོ། །
ཡང་དག་དགེ་བསྙེན། ཡིག་ནོར།
ཧྰུཾ་ཀཱ་ལ་རཱུ་པ་རབ་བརྗིད་དྲག་པོའི་སྐུ། །
ཁ་ནས་ཁྲག་འཛག་མི་མགོའི་ཕྲེང་བ་ཡི། །
ག་ཤལ་རབ་འཕྱང་མི་བཟད་བདུད་དཔུང་གི །
ང་རྒྱལ་དྲེགས་པ་འཇོམས་པ་ཁྱོད་ལ་བསྟོད། །
གནམ་འཕང་རླབས་ཀྱིས་གཅོད་པ་དེ། །བྱ་རྒྱལ་ཁྱུང་ལས་ཁ་ཏྭས་མིན། །དམ་པའི་རང་བཞིན་བརྗོད་ནུས་པ། །མཁས་པ་ཉིད་ལས་བླུན་པོས་མིན། །ཡོན་ཏན་ནོར་བུས་ལེགས་གཏམས་པའི། །སྐྱེས་མཆོག་རྣམ་ཐར་ཀླུ་སྨྱོན་པས། །ཚངས་སྲས་བུ་མོའི་མགྲིན་པ་ལས། །བརྐུས་པ་བཞིན་དུ་བཀོད་པ་རྨད།།
མིག་བརྒྱད་ལགས་ཀྱིས་ཧྰུང་བཅོས་པར་ཐུགས་རྗེ་ཆེ། ད་དུང་ཙ་མུཎཌི་དང་ཨརྒམ་ནོར་ཡོད།
ལྷ་བབ་ཚེ་བཟང་རྫོགས་ཉེར་འདུག་པས།
ཨོམ་ མུ་ནི་ མུ་ནི་ མཧྰ་ མུ་ན་ཡེ་ སྭ་ཧྰ། །
སྙན་འཇེབས་ངག་གིས་དྲངས་པའི་འགྱུར་ཁུག་ལས།།
བསྔགས་འོས་བསྔགས་པ་མཛད་པའི་གཏམ་གྱི་འཕྲེང་།།
ཇ་ཡི་མལ་ལས་སྒོ་ང་ལེན་མཁས་པའི།།
རྣམ་ཐར་ཅུང་ཟད་སྤེལ་བ་རྨད་དོ་ལོ།།
བསྟོད་པ་དོན་ལ་འབྲེལ་ན་བཟང་མོད། བོད་ནང་གི་མཚོ་སྔོན་པོ་ཟིན་བྲིས་དྲ་ཐོག་ཏུ་འདི་འདྲ་ཞིག་འདུག་པར་དྲ་གྲོགས་ཚོས་གཟིགས་དང་།
དེང་དུས་ཀྱི་དགེ་བཅུའི་ཁྲིམས་གསར་བ་ལས་བྱུང་བའི་བློ་ཕམ་ཆེན་པོ་བཅུ།
2011-11-5 4:28:36
༡ བླ་སྤྲུལ་ཚོས་མང་ཚོགས་ཀྱི་འཚོ་བ་དང་ཕུགས་རྒྱང་ལ་མ་བསམ་པར་དད་ལྡན་མང་ཚོགས་ནང་ཁྲིམས་འདྲ་མིན་བཞག་པར་བརྟེན། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་འབྲོག་པ་རྩ་སྟོང་འགྲོ་ཉེན་འདི་གཅིག་ཡིན།
༢ གལ་ཏེ་ཁོང་ཚོས་འབྲོག་ཕྱོགས་ཡོངས་རྫོགས་རྩ་མེད་བྱེད་མ་ཐུབ་ཀྱང་དགེ་ཁྲིམས་དེའི་ཁྱབ་ཁོངས་སུ་གཏོགས་པའི་མགོ་ལོག་གསེར་རྟ་སོགས་ལྟ་བུའི་འབྲོག་སྡེ་ཆེན་པོ་འདི་རིགས་དེང་སྐབས་རྩ་མེད་འགྲོ་བཞིན་པ་འདི་གཉིས་པ་ཡིན།
༣ འདི་འདྲའི་བོད་ཀྱི་འབྲོག་སྡེ་ཆེན་པོ་ཞིག་བསམ་བཞིན་ཉམས་ཉེས་སུ་བཏང་བར་བརྟེན། མ་འོངས་པར་སླར་གསོ་བྱེད་པའམ། འདི་འདྲའི་འབྲོག་སྡེ་གསར་འཛུགས་བྱེད་ཐབས་མེད་པ་འདི་གསུམ་པ་ཡིན།
༤ ས་ཁུལ་གཅིག་གི་དཔལ་འབྱོར་ཉམས་ཉེས་ཕྱིན་པ་འམ། ཡར་རྒྱས་མ་ཕྱིན་པ་དེ་ཡང་བོད་སྤྱིའི་གྱོང་གུད་ཆེན་པོ་ཡིན་པ་དེ་བཞི་བ་རེད།
༥ འབྲོག་ཡུལ་མང་ཚོགས་ལ་འབྲོག་ལས་མ་གཏོགས་གཞན་པའི་ལག་བྱང་མེད་པར་བརྟེན། དུས་ཡུན་རིང་པོར་ཁོང་ཚོས་དབུལ་པོའི་འཚོ་བ་ངན་ངོན་སྐྱེལ་གཏན་འཁེལ་བ་དེ་ལྔ་པ་ཡིན།
༦ བླ་སྤྲུལ་གྱི་མིང་ཡོད་མཁན་ཕལ་ཆེ་བར་སྤྱི་ཚོགས་ཡར་རྒྱས་དང་། གསར་བཏོད་ཀྱིས་དམངས་སེམས་སྐུལ་སློང་ཡར་སྐྱེད་མེད་པར་རྟག་ཏུ་དམྱལ་ཁམས་བཅོ་བརྒྱད་ཀྱི་སྡུག་བསྔལ་ཁོ་ན་གླེང་སྟེ། མང་ཚོགས་ལ་ཞེད་སྣང་འབའ་ཞིག་སྐུལ་རྒྱུ་དང་། དོན་ལ་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རྟགས་ཡང་དག་ཙམ་ཡང་འགོད་མི་ནུས་པར། རྫུན་གཏན་ཤོད་མཁན་རེའི་ངག་ལ་ཉན། དེ་དཔར་བརྒྱབ་ཏེ། སྐྱེ་བ་སྔ་ཕྱི་ཡོད་པ་འདི་རེད་ཅེས་སོགས་སྒྲོག་པ་འདི་དྲུག་པ་རེད།
༧ མང་ཚོགས་ཀྱིས་རང་གི་འཚོ་བ་ཡར་རྒྱས་གཏང་རྒྱུ་ལས་ཀྱང་། བླ་སྤྲུལ་རེའི་ངག་ལ་ཉན་རྒྱུ་དང་། དེ་ལ་ཡིད་ཆེས་ཁོ་ནས་མི་ཚེ་སྐྱེལ་ཐབས་ཀྱི་གོམས་སྲོལ་ངན་པ་འདི་བདུན་པ་ཡིན།
༨ ང་ཚོའི་འབྲོག་ཕྱོགས་མང་ཚོགས་ཀྱིས་ལོ་ངོ་སྟོང་ཕྲག་རེ་ཟུང་ལ་ཁྱིམ་ཐབས་ཀྱི་འཚོ་བ་བསྐྱལ་ཀྱང་ད་དུང་ཁྱིམ་ཐབས་ལ་ཉམས་མྱོང་མེད་པའི་བླ་རྒན་རེའི་ངག་ལ་ཉན་རྒྱུ་ཙམ་ལས། རང་སྟོབས་ཀྱིས་རང་གི་དཔལ་འབྱོར་གོང་འཕེལ་གཏང་རྒྱུའི་བློ་སྟོབས་མེད་པ་འདི་བརྒྱད་པ་ཡིན།
༩ འབྲོག་མང་གིས་རང་གིས་རང་མ་སྐྱོབས་ན། རང་གི་གྲོད་པ་ལྟོགས་ཉིན་བླ་སྤྲུལ་འདི་རིགས་ཀྱིས་མང་ཚོགས་འབུལ་པོ་མི་སྐྱོབས་པར་ཤེས་མེད་པ་འདི་དགུ་བ་ཡིན།
༡༠ མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་ཀྱི་ལམ་སྟོན་དགེ་བཅུ་དེ་ལག་བསྟར་དགོས་ཞེས་ཁ་ཙམ་གྱིས་ཁྱབ་བསྒྲགས་བྱེད་མཁན་ཉིན་རྒྱུགས་མཚན་རྒྱུགས་ཀྱིས་འབྲོག་དམངས་ཁྲིམས་ཀྱི་བཙོན་རར་བཅུག་མཁན་རྒྱ་བླ་ཁག་གཅིག་གིས་རང་ཉིད་རྒྱ་ཁོག་ཏུ་འབྱོར་སྐབས་རང་རང་གིས་ཤ་ཟ་བར་མ་ཟད། གཞང་ཁང་སོགས་སུ་ཅི་དགར་བསྐྱོད་བཞིན་པ་སོགས་བཅུ་བ་ཡིན། སྤྱི་ལོོ་༢༠༡༡ལོའི་ཟླ་༡༡ཚེས་༥ཉིན་གྱི་ཐོ་རེངས་སྟག་གི་དུས་སུ་ཕ་ཡུལ་མགོ་ལོག་དབལ་ཤུལ་གསེར་རྟ་ནས་ལྷག་བསམ་ཅན་ཞིག་གིས་འདུག་བཟོད་མེད་པར་བསྐུར་ཀྱང། ཆེན་པོའི་རིགས་ཀྱིས་གནོན་ཤུགས་དབང་གིས་དངོས་མིང་འབྲི་མ་ཕོད་པར་དྲ་གྲོགས་ཚོར་དགོངས་སེལ་ཞུ། །
གོང་གསལ་རྩོམ་ཡིག་དང་འབྲེལ་བའི་མཆན་གང་མང་བྲིས་འདུག་པ་ལས་བསོད་དར་ཟེར་བས་འདི་འདྲ་བྲིས་འདུག
RE:དེང་དུས་ཀྱི་དགེ་བཅུའི་ཁྲིམས་གསར་བ་ལས་བྱུང་བའི་བློ་ཕམ་ཆེན་པོ་བཅུ།
2011-11-10 16:53:47
ངོ་མ་བཤད་ན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་བོད་ཀྱི་སྐད་ཡིག་ཆེད་ཕྱག་ལས་གནང་སྟངས་སོགས་ལ་བལྟས་ན་དགའ་དགོས་པ་ཞིག་རེད། བསྔགས་བརྗོད་ཡོད། ཡང་འབྲོག་ཕྱོགས་མང་ཚོགས་ལྐུགས་པ་འདི་ཚོར་ཡས་རེད། མས་རེད། ཅེས་སྒོ་ཕྱུགས་བེད་སྤྱོད་མི་ཆོག་པའི་ཁྲིམས་གཞི་དེའི་རིགས་ཀྱིས་འབྲོག་ཕྱོགས་རེ་ཟུང་རྩ་མེད་འགྲོ་རྐྱེན་ཆགས་བཞིན་པ་དང་། དེ་བཞིན་སྤྱིར་བཏང་ནས་འབྲོག་ཕྱོགས་དབུལ་པོ་ཡིན་པའི་སྒང་ལ་འབྲོག་པ་མང་ཚོགས་ཀྱིས་སྒོ་ཕྱུགས་འཚོ་སྐྱོང་མཚམས་འཇོག་བྱས་ཏེ། གྲོང་མཐར་འབབ་བཞིན་པ་འདི་རིགས་མཐོང་སྐབས་ངུ་ཤོར་དགོས་པ་ཞིག་རེད། དངོས་གནས་ཁོང་ཚོ་དཔལ་འབྱོར་མེད་པའི་སྤྲང་པོ་ཁྱུ་གཅིག་ཆགས་ངེས་རེད། དེ་འབྲེལ་ཁ་ཆག་སྣ་རལ་གང་མང་འབྱུང་ངེས་ཡིན་ཡང་ཀུན་གྱིས་ཤེས་ནུས་པས་གནས་སྐབས་དེ་ཙམ་ཡིན། བསོད་ནམས་དར་རྒྱས་ཀྱིས།
ཏཱ་ལའི་འདབ་འདྲའི་ཆོས་གོས་གསོལ་བའི་མཚན་དཔེ་རྫོགས་པའི་སྐུ་གཟུགས་ཙམ། །ཞེས་བྲིས་འདུག ཆོས་གོས་དེ་ལྷབ་ལྷབ་ཅིག་ཡིན་པས་ཏཱ་ལའི་འདབ་མ་དང་འདྲ་ཟེར་བ་ཡིན་ནམ། མཚན་བཟང་སོ་གཉིས་དང་། དཔེ་བྱད་བརྒྱད་ཅུ་དེ་དག་སངས་རྒྱས་ཁོ་ནའི་ཁྱད་ཆོས་ཡིན་མོད། མཁན་པོ་ཚུལ་ཁྲིམས་བློ་གྲོས་སངས་རྒྱས་ཡིན་པར་ངོས་འཛིན་གནང་པ་ཡིན་ས་རེད། འོན་ཀྱང་ཀླུ་སྨྱོན་གྱིས་མཚན་བཟང་སོ་གཉིས་དང་། དཔེ་བྱད་བརྒྱད་ཅུ་དེ་དག་ངོ་སྤྲོད་ཅིག་གནང་རོགས་ཞུ།
ད་ལྟའི་དུས་འདིར་ཆོས་རྗེ་བླ་མའི་རྒྱལ་ཚབ་ཆེན་པོ་འདི་ཉིད་ལས། །
ན་ནིང་དོ་ཚིགས་འགྲན་ཟླ་བྲལ་བའི་སྐྱེས་བུ་གཞན་ཞིག་ངས་མ་མཐོང་། །
ཞེས་བྲིས་པར་གཞིགས་ན་༧གོང་ས་མཆོག་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་ཡིན་པར་བསྟན་པར་ངེས། ཀ་འཕྲེང་ཁ་གསལ་དོན་ལྡན་མ། ཞེས་བྲིས་འདུག་ཀྱང་དོན་ལ་དེ་ཙམ་ལྡན་འདུག་གམ། ཞིབ་ཏུ་བརྟགས་སྐབས་ཁ་ནང་ལ་ཡོང་ཚོད་ཅིག་བྲིས་འདུག་སྟབས་ཕལ་ཆེར་སྐར་མ་༡༠ཙམ་ལ་གང་བྱུང་བྲིས་པ་བདེན་ས་རེད། ད་དུང་དཔྱད་ན་ཁྱད་མཚར་འབའ་ཞིག་འདུག་ཀྱང་དུས་ཚོད་མི་འདུག
ཆོས་དང་ཆོས་མིན་གནད་ཀྱི་ཤན་འབྱེད་དང་།
རང་དང་གཞན་གྱི་གྲུབ་མཐའི་རྣམ་དབྱེ་དང་།
ལེགས་བཤད་ཉེས་བཤད་མཁྱེན་པའི་རྣམ་དཔྱོད་ནི།
མཁས་ལ་ཡོད་ཀྱི་བླུན་པོའི་ཚོགས་ལ་མིན།
རྭ་ཅོ་མེད་ཀྱང་ཕྱུག་ལས་བླུན་པའི་འབྲོག་རྒན་དག་ནི་སྤྲང་པོ་བཟོས། །
ལ་ལུང་བོང་བུའི་རྨིག་རྗེས་འཚོལ་བའི་རོང་རྒན་ཚོས་ཀྱང་ཨ་ཅང་། །
ཤ་ཟན་མགོ་ནག་བོད་པ་སྤྱི་ཡིས་མི་རིགས་སྐྱོབ་པའི་ཐབས་ལམ་བརླགས། །
ས་སྟེང་འདི་ན་མཁན་ཆེན་ཁྱེད་ལས་སྤྲང་པོ་བཟོ་མཁན་སུ་ཞིག་ཡོད། །
གྲོགས་པོ་ཚོ་འདིའི་མཆན་དེ་གོང་གི་རྩོམ་དང་འབྲེལ་བ་མེད་ཀྱང་འདི་ན་ལྟས་ངན་སྐལ་བཟང་ཟེར་བ་དེའི་དགེ་བཅུའི་ཁྲིམས་གིས་སྤྱི་ཚོགས་ནང་གཏོར་བཤིས་བཏོང་ཚུལ་བཤད་མཁན་དེ་མདོ་སྨད་སྤྱི་མཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ཟེར་བ་དེ་རེད གང་ཡིན་ཟེར་ན་ཁོང་གིས་ཉེ་སྔོན་ཁོང་དང་གློ་བ་ཉེ་བའི་སྐུ་ངོ་ཞིག་ལ་ཁྱེད་རང་གི་ཕ་ཡུལ་ལ་མཁན་པོ་ཚུལ་ཁྲིམས་བློ་གྲོས་གི་དགེ་བཅུའི་ཁྲིམས་བཞག་ནས་བོད་པའི་སྲོལ་རྒྱུན་རིག་གཞུང་དང་འབྲོག་སྡེ་སོགས་ལ་དཀའ་ངལ་སྣ་ཚོགས་འཕྲོད་ཚུལ་སོགས་བཤད་འདུག ད་དུང་ཁྱེད་རང་གི་ཕ་ཡུལ་ལ་ཁ་པར་གཏོང་ནས་དེ་འདྲ་མ་བྱེད་ན་ཡག་པོ་ཡོད་ཚུལ་སོགས་ཞུས་འདུག གྲོགས་པོ་ཚོ་གཟིགས་དང་ མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གིས་དགེ་བཅུའི་ཁྲིམས་འདི་རེད་ ཁྱེད་རྣམས་པའི་གཟིགས་དང་ འདིའི་བོད་པའི་སྲོལ་རྒྱུན་རིག་གཞུང་ལ་གཏོར་བཤིས་གཏོང་ས་རེད་དམ་མ་རེད་གཟིགས་དང་། མདོ་སྨད་སྤྱི་་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ཟེར་བ་འདི་བོད་པའི་སྤྱི་ཚོགས་ནང་དཀྲོགས་གཏམ་སྤེལ་བ་དེའི་རྒྱབ་ལ་ཀུན་སློངས་ག་རེ་ཡོད་གཟིགས་དང་ཤེས་ངེས་རེད།
༄༅།།གསེར་ལྗོངས་བླ་མ་རུང་གིས་གཏན་ལ་ཕབ་པའི་དགེ་བཅུའི་ལུགས་སྲོལ། །
དང་པོ། བཤས་ཚོང་མི་བྱ་བ། རྟ་ཟོག་ར་ལུག་ཁྱི་སོགས་བཤའ་བའི་ཆེད་དུ་ཉོ་ཚོང་མི་བྱ་བའོ།
གཉིས་པ། རྐུ་ཇག་མི་བྱ་བ། ཕྱི་ནང་སུ་ལའང་འཇབ་བུའི་རྐུ་དང་བཙན་པོའི་ཇག་མི་བྱ་བའོ།
གསུམ་པ། མཚོན་འཛིང་མི་བྱ་བ། གྲི་དང་མེ་མདའ་ལ་བརྟེན་ནས་འཛིང་མོ་མི་བྱ་བའོ།
བཞི་པ། སྨད་ཚོང་ལ་མི་བསྟེན་པ། འདིས་ནད་འཇིགས་སུ་རུང་བ་མང་པོ་བསྐྱེད་ནས་ད་ལྟ་བོད་ཡུལ་ན་ཉེན་ཁ་ཤིན་ཏུ་ཆེ་བས་རྒྱ་རིགས་སོགས་སྨད་འཚོང་མ་བསྟེན་པར་མི་བྱ་བའོ།
ལྔ་པ། བོའུ་དང་ཉལ་ཐའི་ཚོང་མི་བྱ་བ། མེ་མདའ་རིང་ཐུང་མང་པོ་གཞན་གྱི་ས་ནས་ཚུར་ཉོ་ཞིང་བོད་ཀྱི་ནང་དུ་ཕར་འཚོང་བ་དང་།ཉལ་ཐ་ཉོ་ཚོང་མི་བྱ་བའོ།
དྲུག་པ། ཉལ་ཐ་དང་ཐ་མག་མི་འཐེན་པ། ཉལ་དུད་དང་ཐ་མག་གི་རིགས་འཐེན་པར་མི་བྱ་བའོ།
བདུན་པ། ཆང་མི་བཏུང་བ། ཆང་གི་རིགས་གང་ཡང་བཏུང་བར་མི་བྱ་བའོ།
བརྒྱད་པ། ཤོ་རྒྱན་མི་བསྐུག་པ། སྒོར་མོའམ་དངོས་རྫས་མང་པོ་བསྐུག་ཏུ་བཞག་ནས་ཤོ་རྒྱན་གཞག་པར་མི་བྱ་བའོ།
དགུ་པ། རྔོན་མི་བྱ་བ། རི་དྭགས་སམ་གཅན་གཟན་གསོད་ཐབས་སྣ་ཚོགས་ཀྱིས་གསོད་པར་མི་བྱ་བའོ།
བཅུ་པ། གཅན་གཟན་གྱི་པགས་པ་མི་གྱོན་པ། གཟིག་དང་སྲམ་དང་ཝ་སོགས་གཅན་གཟན་གྱི་པགས་པ་གྱོན་པར་མི་བྱ་བའོ།
བཤས་ཚོང་སོགས་བྱ་བ་བཅུ་པོ་འདི་རྣམས་ཀྱིས་རང་རེ་ཚེ་འདི་ཕྱི་གཉིས་ཀར་འཕུང་བར་བྱེད་པ། བཤས་ཚོང་མི་བྱེད་པར་དམ་བཅའ་བ་སོགས་བཅུ་པོ་འདི་རྣམས་ཀྱིས་ཚེ་འདི་ཕྱི་གཉིས་ཀར་ཕན་པ་དང་བདེ་བར་བྱེད་ཅིང་།མི་ཙམ་དུ་མ་ཟད་དུད་འགྲོ་ཡན་ཆད་བདེ་བའི་ངང་དུ་གནས་པར་འགྱུར་བས་དད་ལྡན་སྐྱེ་བོ་རྣམས་ཀྱིས་བླང་དོར་ཚུལ་བཞིན་དུ་བྱེད་པ་ཤིན་ཏུ་གལ་ཆེ་བས་འབད་པ་བྱེད་པར་ཞུ་ཞུ།
གསེར་ལྗོངས་བླ་མ་རུང་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ནས་བོད་རབ་གནས་ས་བྱི་ལོའི་ཆུ་སྟོད་ཟླ་བའི་ཚེས་ཉེར་ལྔ་ལ་སྤྲིངས་པའོ། །
གཡང་སྐྱིད་ལགས་༧་གོང་ས་མཆོག་ལས་ལྷག་པའི་མི་ཞིག་འཇིག་རྟེན་འདིའི་སྒང་ཡོད་མི་ཆོག་པ་གང་ཡིན་ནམ།
ངས་ཚུལ་ཁྲིམས་བློ་གྲོས་༧་གོང་ས་མཆོག་ལས་ལྷག་པ་ཞིག་རེད་ཞུ་བ་མིན་ཡང་ཁོང་གི་བློ་ཡུལ་དུ་མི་ཤོང་བའི་དཀལ་ངལ་ཞིག་ཡོད་པ་ལ་བཀའ་འདྲི་ཞིག་ཞུས་པ་ཡིན།།
གཡང་སྐྱིད་ལགས། སྙན་ངག་གི་འུར་བརྗོད་ཙམ་རེད།
ཉིན་དགུང་སྐབས། ཚོགས་འདུས་ཤིག་ཏུ་སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྔོན་ཝའ་་རཱ་ཎ་སཱིར་བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོར་སློབ་སྦྱོང་མཛད་སྐབས་སུ་ཞལ་མཇལ་མྱོང་བར་གསོལ་ཇ་དང་འབྲས་སིལ་ཨ་མདོ་དང་ལ་དྭགས་ཀྱི་གྲོ་མ་སོགས་བསྲེས་པ་ཕུལ་ནས་བྱིན་རླབས་དང་ཨ་མདོའི་གནས་སྟངས་གསུངས་པ་ཞུས། དེ་ནས་དགོངས་མོ། ཡང་དག་དགེ་བསྙེན་ནས་མཆན་བུར་བྲིས་པ་གཤམ་གསལ། མིག་བརྒྱད་ལེགས་ཀྱིས་ལེགས་སྦྱར་དང་མཐུན་པར་བཅོས་པ་བཅས་འབྱོར་པ་ནི་བདག་ལ་སྐྱེས་བཟང་པོ་ཞིག་ལགས། གང་ལས་ཞེ་ན། ང་རང་བཙུན་ཆུང་ཡིན་པའི་སྐབས་སུ། དགེ་བའི་བཤེས་གཉེན་དང་། གྲྭ་པ་ཀུན་གྱིས་བསྐང་གསོལ་དུ་འདོན་པ་ན། བདག་གིས་རྔ་རྡུང་བཞིན་དམ་ཅན་ཆོས་རྒྱལ་གྱི་བསྟོད་པ་འདི་ཐོས།
ཧྰུཾ།
ཀཱ་ལ་རཱུ་པ་རབ་བརྗིད་དྲག་པོའི་སྐུ།
ཁ་ནས་ཁྲག་འཛག་མི་མགོའི་འཕྲེང་བ་ཡི།
ག་ཤལ་རབ་འཕྱང་མི་བཟད་བདུད་དཔུང་གི
ང་རྒྱལ་དྲེགས་པ་འཇོམས་པ་ཁྱོད་ལ་བསྟོད།། ༡ །།
ཚིགས་བཅད་འདི་ཉིད་ཁོ་ན་སྔོན་བློ་ལ་ཡོད་པ་ཡིན། བར་སྐབས་སུ་ལོ་ངོ་དྲུག་ཅུ་རེ་གྲངས་ལྷག་འདི་ལ་སྣང་བ་མ་བྱུང་ཞིང་། འདི་ཉིད་སུས་མཛད་པ་ཙམ་ཡང་མི་ཤེས། ད་ལྟ་སྔོན་གྱི་བྱུང་རབས་དྲན་ཅིང་། ཆོས་རྒྱལ་གྱི་བསྟོད་པ་འདི་ཉིད་༧པཎ་ཆེན་རྗེ་དགེ་འདུན་གྲུབ་པ་དཔལ་བཟང་པོས་མཛད་པ་ཤེས་པའི་དགེ་བས། གངས་ལྗོངས་བོད་ཀྱིས་གཙོས།
འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ།
མི་ནད་ཕྱུགས་ནད་སད་སེར་ཐན་པ་དང་།
དམག་འཁྲུགས་མུ་གེ་རྒུད་པ་བསལ་ཅིང་།
ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག །
ཅེས་པ་སོགས་འདོན་པ་ཚིགས་བཅད་མང་པོ་ཞིག་གྲྭ་པ་རྣམས་ཀྱིས་གདངས་འཐེན་ནས། སྐྱོར་པ་བཙུན་ཆུང་སྐབས་སུ་ཐོས་ནས་རྐང་བཙུགས་ཀྱི་འབད་པ་མ་དགོས་པར་བློ་ལ་ཤར་འདུག་པའི་གནས་ཚུལ་ལགས། ཚིགས་བཅད་ནས་འདོན་པ་བཞིན་གྲུབ་པར་གྱུར་ཅིག ས་མ་ཡ་ཛ་ཛཛ་ཧྰུཾ།
འཕགས་ཡུལ་༧བསྟན་འཛིན་རྒྱ་མཚོ་དང་།
བོད་ན་ཚུལ་ཁྲིམས་བློ་གྲོས་གཉིས།
དགོང་པ་གཅིག་དང་དབྱངས་གཅིག་གིས།
མ་འོང་བོད་ཀྱི་མདུན་ལམ་བསྐྲུན།
ཕྱི་ཡི་རྒྱ་དམར་དགྲ་གཞུང་དང་།
ནང་གི་དོལ་སྲི་ཇག་ཚོགས་གཉིས།
གསང་བའི་དྲ་འབུ་སྐྱག་གཟན་གསུམ།
ཁ་བའི་ཚེ་སྲོག་འཕྲོག་པའི་གཤེད།
སྐྱིད་སྡུག་གཅིག་པའི་རྒང་པ་བོད།
ལས་དབང་གཅིག་པའི་གདོང་དམར་བ།
དམ་ཚིག་གཅིག་པའི་ཆོལ་གསུམ་སྤུན།
ནམ་ཡང་རྡོག་རྩ་གཅིག་བསྒྲིལ་ཡིན།
མཁན་ཆེན་ཚུལ་བློའི་ཆོས་ཁྲིམས་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད།ཆོས་མེད་དམར་ཕྱོགས་པ་ཚོ་ཁྲིམས་དེ་འདྲར་ཁམས་དྭངས་ཀི་མ་རེད་མ་གཏོགས།ནང་ཆོས་ཁས་ལེན་པ་ཅིག་ཡིན་ཚེ་སེམས་ཅན་ཚང་མར་སྲོག་འཚོ་རྒྱུའི་ཐོབ་ཐང་གཅིག་མཚུངས་སུ་ཡོད་ལ།དེ་མིན་གྱི་ཁྲིམས་ཁག་ཀྱང་འབྲོག་ཕྱོགས་སུ་དགོས་ངེས་ཅན་རྐྱང་པ་ཡིན་པར་བརྟེན།རྒྱབ་སྐྱོར་གཙང་མ་ཡོད།འོན་ཀྱང་།དྲ་གྲོགས་ཁ་ཤས་ནས་༧གོང་ས་མཆོག་དང་མཁན་པོ་ཁོང་གཉིས་བསྡུར་པ་གནང་འདུག།དེ་འདྲ་ཧམ་སེམས་དང་སྙིང་ཁམས་ཆེ་དྲག་པ་མིན་འགྲོ།
གང་ཟག་སྒེར་རང་ཉིད་ལ་མཁན་པོ་ཁོང་༧གོང་ས་མཆོག་ལས་ཀྱང་བཀའ་དྲིན་ཆེན་པོ་ཡིན་ས་ཏན་ཏན་ཡོད་ངེས་རེད་མོད།བོད་མི་སྤྱི་དང་འཛམ་གླིང་ཡོངས་ལ་བསམ་བློ་གཏོང་སྐབས་གད་མོ་ཤོར་ཡ་ཉག་གཅིག་རེད།
དེ་འདྲར་སོང་མཚུངས་བསྡུར་དེ་འདྲ་གནང་ནས་ཆགས་སྡང་མ་སྤེལ་ན་ཡག་པོ་རེད།ཀླུ་སྨྱོན་གྱི་ཁ་ལ་ཉན་རྒྱུ་གང་ཡང་མེད།མཚམས་ལན་རེར་མཐོ་རྒྱགས་དམའ་རྒྱགས་ཀི་རྒྱུ་མཚན་ཅན་འདྲ་གསུང་གི་རེད།འོན་ཀྱང་།མང་ཆེ་ཤོས་མཐོ་ས་ཅིག་ལ་སྤྲེལ་ལད་འཁྲབ་བསྡད་ཀི་རེད།ཡིན་པ་ཁེ་བཟང་ཅིག་དགོས་རེད།དེ་ཁོ་རང་གི་སྲིད་དོན་རེད།
དམ་ཅན་ཆོས་རྒྱལ་ཟེར་བ་དེ་ལ་བསྟོད་པ་ཞིག་ཅང་རེད་མི་འདུག འདི་དམ་ཅན་ཆོས་རྒྱལ་ཟེར་བ་དེ་ལ་སྨད་པ་ཡིན་ངེས་རེད། ཤ་ཟས་ལུགས་དང་ཁྲག་འཐུང་ཚུལ་གྱི་བསྟོད་ནས་ཆོས་རྒྱལ་ཡིན་ལུགས་བསྒྲགས་འོས་ན་ལ་ཁ་ཡ་གིའི་སྤྱང་རྒན་དེ་ཚོ་ཡང་ཆོས་རྒྱལ་གྱི་མིང་ཐོག་ནས་བསྟད་ན་ཅིའི་མི་ཆོག འདི་འདྲ་དེ་ཚོ་དྲ་ཐོག་ལ་བཞག་མ་ཡོང་མ་གཏོགས་དངོས་གནས་ལྷ་འདྲེའི་རིགས་ལ་ཞེན་པ་ལོག་འགྲོ་གི་འདུག
སྤྱིར་ན་ཉེ་བའི་ལོ་ཤས་ནང་མཁན་ཆེན་འདི་པའི་སྐུ་ཡོན་དང་བོད་ཀྱི་རིག་གཞུང་ལ་བཞག་པའི་མཛད་རྗེས་ལ་ཡི་རངས་ཞུ་འོས་པ་ཞིག་ཡིན་མོད།མཁན་ཆེན་འདི་པ་དང་༧གོང་ས་༧སྐྱབས་མགོན་ཐམས་ཅད་མཁྱེན་གཉིས་གྲལ་གནས་གཅིག་ཏུ་བཞག་ནས་འབྲི་མཁན་རེ་གཉིས་བྱུང་སོང་བ་དེ་དག་ནི་མཁན་ཆེན་ཁོང་ལ་འུར་བསྟོད་ཆེ་དྲགས་པ་དང་།ཞེན་ཁོག་གི་མ་བཞག་པར་སྙམ།ང་ཚོ་བོད་པའི་སྨྱུག་ཐོག་པ་ལ་ན་ཚ་གཅིག་ཡོད་པ་ནི་བསྟོད་དགོས་ན་བསྟོད་དྲགས་པ་དང་།སྨད་དགོས་ན་སྨད་དྲགས་པའི་ནད་རྙིང་ཞིག་ཡོད་པ་དེ་ད་རེས་འདིར་དེ་ལྟའི་སྣང་ཚུལ་ཐོན་སོང་སྙམ།
མཁན་ཆེན་གྱི་མཛད་འཕྲིན་ནི་ཁམས་ཁུལ་ཙམ་དང་རྒྱ་ནག་ལ་ཁྱབ་པ་ཙམ་རེད།༧གོང་ས་མཆོག་གི་མཛད་འཕྲིན་དེ་བོད་དང་ཧི་མ་ལ་ཡ་ལ་བརྒལ་བ་དང་།གླིང་ཆེན་ཨ་ཤེ་ཡར་མ་གཤོངས་པ།འཛམ་གླིང་ས་ཕྱོགས་གང་སར་མཛད་འཕྲིན་དང་བཀའ་དྲིན་མ་ཁྱབ་པ་མེད་པ་དེ་ཙམ་གྱིས་མཁན་ཆེན་ཁོང་༧གོང་ས་མཆོག་གི་སྐུའི་བ་སྤུ་ཙམ་རེད་སྙམ།
རྗེས་སུ་མུ་མཐུད་མཇལ་ཡོང་།
སྤོབས་མཐའ་ལགས། དགོངས་དག འོན་ཀྱང་། ཤ་ནི་གཏི་མུག་རང་བཞིན་དང་། རུས་པ་ཞེ་སྡང་རང་བཞིན་ཏེ། ཁྲག་ནི་འདོད་ཆགས་རང་བཞིན་ནོ། ཞེས་སོགས་གཞི་དངོས་པོ་དང་། དེང་གི་ཚན་རིག་དང་མཐུན་པའི་གསང་སྔགས་ལ་སྤྱན་ཟུར་ཅུང་ཅུང་ཟད་གཡོ་ན་མ་མཐར་ང་གཉིས་ཀྱི་ལྟ་གྲུབ་ཅུང་མཐུན་དུ་འགྲོ་ངེས་འདུག་ལགས།
འདིར་སྨྲས་པ།
སྔགས་ཀྱི་དམ་ཚིག་གསོ་རུང་ན། །
བྱང་སེམས་སྡོམ་པ་སྨྲོས་ཅི་དགོས། །
སོ་ཐར་སྡོམ་པ་གསོ་རུང་ན། །
སྐྱབས་འགྲོ་སླར་གསོ་དེ་བས་སླ། །
ཡང་འདིར་སྨྲས་པས། ཁ་ཅིག་ལ་སྐྱབས་འགྲོ་དང་། སོར་སྡོམ། བྱང་སྡོམ་དང་སྔགས་སྡོམ་ཉམས་འདུག་ལབ་སོང་ཞེས་ལོག་འགྲེལ་མ་གནོངས་རོགས། ཀུན་གྱི། །།ཚུལ་ཁྲིལ་ཕ་རོལ་ཕྱིན་མཛད་ཤོག །
ཀ་དག་རིག་པ་རང་བྱན་ཆུབ་པས་མདོ་རྒྱུད་རྒྱ་མཚོ་གླུ་རུ་བླངས། །
ཁ་བ་རི་པའི་ལས་དབང་དགོངས་ནས་བརྩོན་པའི་གོ་ཆ་ལྷག་པར་བཞེས། །
ག་ལེར་བཞུགས་པའི་གོ་སྐབས་ཙམ་མེད་བོད་པ་སྤྱི་ཡི་ལས་ལ་བྲེལ། །
ང་ཅག་འདྲེན་པ་ཚུལ་ཁྲིམས་བློ་གྲོས་གངས་ཅན་མགོན་གཅིག་དགྱེས་པའི་བུ། །
ཅ་ཅོའི་གཏམ་གྱི་ལབ་གླེང་མི་མངའ་གནང་དེང་རིག་པའི་ལེགས་བཤད་འཆད། །
ཆ་ལུགས་ངུར་སྨྲིག་རྒྱལ་མཚན་འཆང་བ་མཉམ་མེད་ཤཱཀྱའི་སྲས་གཅིག་པུ། །
ཇ་སོགས་འཚོ་བའི་དངོས་པོ་ཙམ་ལས་འདོད་ཡོན་གནས་ལ་ཞེན་པ་མེད། །
ཉ་ཉུང་ཟས་ཀྱིས་ཀུན་ནས་ཆོག་ཤེས་བཀའ་གདམས་གོང་མའི་རྣམ་ཐར་འཛིན། །
ཏ་ཐཱ་ག་ཏའི་བསྟན་པའི་སྙིང་པོ་ཐབས་དང་ཤེས་རབ་ཡ་མ་བྲལ། །
ཐ་དག་འགྲོ་བའི་མོས་བློ་དང་འཚམས་ཆོས་ཀྱི་སྦྱིན་པ་གྲངས་མེད་བསྩལ། །
ད་དུང་ཐུགས་ལ་བསྙེལ་བ་མི་མངའ་གདུལ་བྱའི་དོན་རབ་མཛད་པ་ནི། །
ན་ཀྲ་གནས་པའི་ཆུ་བོའི་གཏེར་གྱི་རླབས་ཕྲེང་དུས་ལས་ཡོལ་མེད་བཞིན། །
པ་གོར་བཻ་རོ་ཙ་ནའི་མཛད་པ་སླར་ཡང་ཁྱེད་ཀྱི་ཕྲག་ཏུ་བཞེས། །
ཕ་རོལ་མི་བསྲུན་སྐྱེ་བོས་དམོད་སྐུར་ཞི་བའི་ཐུགས་ལ་འཁྲུགས་པ་མེད། །
བ་གླང་ལྟ་བུའི་བླུན་པོའི་ཚོགས་ཀྱིས་འཁྱོག་བཤད་གཏམ་གྱིས་རྒོལ་ན་ཡང་།།
མ་ལྟར་བརྩེ་བའི་རང་བཞིན་མི་དོར་སེམས་དཔའ་ཆེན་པོའི་ཁྱད་ཆོས་ཡིན། །
ཙ་རི་བསྐོར་བའི་ཆོས་པ་དག་ཀྱང་ཁྱེད་མཚན་ཐོས་པས་ཐལ་མོ་སྦྱོར། །
ཚ་གྲང་ཐུབ་པའི་བྱ་བཏང་དག་ཀྱང་ཁྱེད་ཀྱི་མདུན་ནས་གདམས་ངག་གསན། །
ཛ་ལང་སྤྱོད་པའི་དམུ་རྒོད་དག་ཀྱང་ཁྱེད་ཉིད་མཇལ་བས་དད་པ་འཕེལ། །
ཝ་ལེར་བསམ་ན་སྐྱེས་བུ་ཁྱེད་འདྲ་དེང་གི་དུས་སུ་ཉིན་སྐར་ཙམ། །
ཞྭ་མོའི་ཁ་དོག་མི་མཚུངས་ཙམ་ལས་དོན་ལ་བུ་རམ་ཤིང་པའི་བསྟན། །
ཟ་ཆོག་ཙམ་ལས་མི་ཤེས་དག་ལ་གོ་བརྡ་འཕྲོད་པ་དཀའ་མོད་ཀྱང་།།
འ་ཅག་བོད་པའི་བློ་གསལ་དག་ལ་དགོངས་པའི་བབ་སོ་གཅིག་ཏུ་བསྒྲུབས། །
ཡ་མཚན་མཁས་པའི་གཟིགས་མོ་འདི་ཡང་སྲིད་ཞིའི་རྒྱན་དུ་མི་ཆེའམ། །
ར་རིས་གོས་པའི་ཉམ་ཐག་འགྲོ་བ་རྒུད་པའི་གཡང་ས་ཆེན་པོ་ལས། །
ལ་མོར་སྐྱོབ་པའི་ལྷག་བསམ་དཀར་པོ་ཟླ་བའི་འོད་ཀྱིས་མཚོན་ནུས་མིན། །
ཤ་ཟན་བོད་ལ་ལྷག་པར་བརྩེ་བའི་དྲི་མེད་མཛད་བཟང་ལྷུར་བཞེས་པར། །
ས་སྟེང་འདི་ན་མིག་མི་འཛུམ་ལས་གཞན་གྱི་དོ་ཟླ་དམིགས་སུ་མེད། །
ཧ་ཅང་ཡོན་ཏན་བརྗོད་ཀྱིས་མི་ལང་མཁས་པའི་བགོ་སྐལ་ཉིད་དུ་དབང་།།
ཨ་མདོ་ཞི་ལིའི་ངག་ལས་ཐོན་པ་རེ་ཞིག་འདི་ཙམ་ཉིད་དུ་སེམས། །
གོང་ས་མཆོག་དང་མཁན་པོ་ཚུལ་བློ་གཉིས།།
བསྡུར་ན་མཐའ་ཡས་རྒྱ་མཚོ་ཆེན་པོ་དང་།།
ཁྲི་ཤོར་རྒྱལ་མོའི་དཔལ་དང་མཚུངས་སོ་ཞེས།།
ཚད་མས་སྲང་ལ་གཞལ་བའི་གཏན་ཚིགས་མང་།།
རྣམ་འདྲེན་ཀུན་ལས་ཕུལ་བྱུང་སྲས་གཙང་སྲས།།
རྣམ་འདྲེན་ཀུན་དང་མཁྱེན་ཡོན་ཁྱད་མེད་ཀྱང་།།
རྣམ་འདྲེམ་ཀུན་ལས་པད་དཀར་ལྟར་བསྔགས་པ།།
རྣམ་འདྲེན་ཀུན་ལས་སྙིང་རྗེའི་ཐུགས་སྟོབས་འཕགས།།
ཕ་རྒན༸བསྟན་འཛིན་རྒྱ་མཚོར་གུས་ཕྱག་འཚལ། །
ཨ་མ་ཨ་མ་འདི་དྲའི་བླ་མ། །
ཧ་ལས་ཧང་སང་རིས་མེད་མཛད་འཕྲིན། །
ས་སྟེང་གོ་ལ་ཡོངས་ལ་ཁྱབ་སོང་། །
ཤ་རུས་པགས་མདོག་དབྱེ་བ་མེད་པའི། །
ལ་ལུང་ག་ཚད་བརྒལ་དགོས་ཡོད་ཀྱང་། །
ར་ལུག་སེམས་ཅན་གྲོག་འབུ་ཡན་ཆད། །
འ་ཆད་འུ་ཐུག་བོད་མིའི་ཆབ་སྲིད། །
ཡ་མེད་ཁྲེལ་མེད་དམར་པོས་འཇོམས་དུས། །
ཟ་འཐུང་གོས་ཐོག་ཤེས་རིག་སློབ་སྦྱོང་། །
ཞྭ་ལྟར་བཀུར་ནས་དེང་དུས་བོད་རིགས། །
ཝ་ཏི་འཕགས་པའི་གྲོགས་དང་བཅས་པའི། །
ཛ་དྲག་གནས་ལས་གྲོལ་བར་མཛད་པོ། །
ཙཀྲ་ཆོས་འཁོར་བསྐོར་བའི་མཛད་འཕྲིན། །
ཚ་ཇ་མངར་ཆུའི་ཆོག་ཤེས་བསྟེན་ནས། །
མ་མ་ལྟ་བུའི་མི་རིགས་ཡོངས་ལ། །
བ་སྤུ་ཡོངས་མཉམ་སྐུ་གསུང་སྤྲུལ་ལྟར། །
ཕ་མ་མེད་ལ་ཕ་མས་ཚབ་བྱེད། །
པ་ཕ་རྒད་པོ་༸བསྟན་འཛིན་རྒྱ་མཚོ། །
ན་ཚོད་གཞོན་དུས་རང་ཡུལ་བཞག་ནས། །
ད་ལྟ་རྒས་དུས་རང་ཡུལ་མི་གཏོང་། །
ཐ་ཆད་རྒྱ་གཞུང་ངོ་ཚ་ཁྲལ་མེད། །
ཏྰ་ལའི་བླ་མ་ཁྱོད་ཉིད་ཡུན་བརྟན། །
ཉ་ར་བྱས་པའི་བླུན་རྨོངས་ང་ཡང་། །
ཇ་ཡུན་ཙམ་ལ་འདི་འདྲ་འབྲི་སྤོབས། །
ཆ་ལག་ཚང་བའི་གནད་དོན་མེད་ཀྱང་། །
ཅ་ཅོ་སྒྲོགས་བཞིན་བྲིས་ཐལ་ཤོར་སོང་། །
ང་ང་བདག་འཛིན་དམ་པོས་བཅིང་པའི། །
ག་རེ་བསྒོམས་ཀྱང་གཅེས་འཛིན་ཁོ་ན། །
ཁ་འཇམ་གཏིང་རྩུབ་གཅེས་ཕྲུག་ང་ལ། །
ཀ་དག་ཁྲེགས་ཆོད་བདག་ལ་སྩོལད་ཅིག །
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་མཚོན་ན་ད་ལྟ་ས་སྒང་འདིའི་སྟེང་ན་གཏན་གྱི་སྐྱབས་གནས་སུ་བཀུར་རྒྱུ་དེ་༧གོང་ས་ཡིད་བཞིན་ནོར་བུ་ཉག་གཅིག་ཡིན་པར་ཐོས་པས་མཁན་པོའི་སློབ་བརྒྱུད་དག་གིས་ཁོང་གི་མཛད་པ་དང་༧གོང་ས་ཡིད་བཞིན་ནོར་བུའི་མཛད་པ་དང་དབྱེ་བསྡུར་བྱེད་ཁུལ་བྱས་ན་བླ་མའི་ཐུགས་མི་མཉེས་པར་མ་ཟད་ཆགས་སྡང་སློང་བྱེད་དུ་འགྱུར་བས་བག་གཟོན་དགོས་པར་སྣང་ངོ་།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཚང་གིས་གསེར་རྟ་བླ་རུང་སྒར་ནང་ཁྲིམས་གསར་པ་ཞིག་བཟོས་ཡོད་པ་ནི། བོད་དོན་ཆེད་རྒྱའི་བཙོན་ཁང་དུ་ཉིན་གཅིག་སྡོད་མྱོང་པ་ཞིག་ཡིན་ཡང་བླ་རུང་དུ་ཡོང་མི་ཆོག་པ་དང་། བསྡད་མི་ཆོག་པ་དེ་རེད། དེ་ཚོ་ག་འདྲ་ཞིག་ཡིན་ནམ།
ད་ལྟའི་དུས་འདིར་དངོས་ཡོད་གནས་ཚུལ་ཕྱོགས་ནས་ཚིག་རེ་བཤད་ཐུབ་ན་བཟང་པར་མཆིས། དྲ་གྲོགས་ཚོས་འདྲ་མིན་གླེང་དགོས་མ་མཆིས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཚང་གི་དགེ་བཅུའི་ཁྲིམས་དེས་བཀའ་དྲིན་ལ་བརྟེན། རྒྱ་གཞུང་གིས་ལས་སླ་པོས་བོད་ཀྱི་འབྲོག་སྡེ་ཁག་རྩ་མེད་བཟོ་ཐུབ་བཞིན་པ་ནི་རྒྱ་ནག་གི་དྲ་ཐོག་འདི་ལ་http://ti.tibet3.com/news/tibet/sc/2011-10/19/content_399250.htmགཟིགས་དང་། གསལ་པོ་རེད། གནས་ཚུལ་འདི་འདྲ་ཐོན་བཞིན་འདུག
དཀར་མཛེས་ཁུལ་ཡོངས་ཀྱི་འབྲོག་བསྐྱུར་རྩྭ་འདེབས་ལས་ཀར་ཕན་འབྲས་གསུམ་ཐོབ་པ།
ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། 2011-10-19 09:01
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབྲོག་བསྐྱུར་རྩྭ་འདེབས་ཀྱི་ལས་གྲྭ་ལག་བསྟར་བྱས་པ་དང་། ལོ8ལ་འབད་བརྩོན་བྱས་པར་བརྒྱུད་“ཐོན་ལས་འཕེལ་རྒྱས་ཡོང་བར་སྐྱེ་ཁམས་ཅན་དང་སྐྱེ་ཁམས་འཛུགས་སྐྲུན་ལས་ཀ་ཐོན་ལས་ཅན་”དུ་འཛུགས་སྐྲུན་བྱེད་པའི་བསམ་ཕྱོགས་ལ་གཞིགས་ནས། རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཀའི་ཐད་ཧ་ཅང་མངོན་གསལ་གྱི་སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཁེ་ཕན་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་དུ་རང་བྱུང་གི་རྩྭ་ཐང་མུའུ་དུང་ཕྱུར1.42ཡོད་པ་དེ་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔའི་ཡ་གྱལ་དང་སི་ཁྲོན་ནུབ་བྱང་འབྲོག་ཁུལ་གྱི་གྲུབ་ཆ་གཙོ་བོ་ཡིན་ལ། འབྲོག་བསྐྱུར་རྩྭ་འདེབསལས་གྲྭ་ལག་བསྟར་བྱེད་སའི་ས་ཁུལ་གཙོ་གནད་ཞིག་ཀྱང་ཡིན་པ་རེད།
རྣམ་གྲངས་འཛུགས་སྐྲུན་གྱི་སྐྱེ་ཁམས་ཕན་འབྲས་མངོན་གསལ་ཡིན་པ། 2005ལོར་རྒྱལ་ཡོངས་ཀྱི་ཕྱུགས་ནད་སྨན་བཅོས་སྤྱིའི་ས་ཚུགས་ཀྱིས་“3S”ལག་རྩལ་བེད་སྤྱོད་བཏང་ནས་དཀར་མཛེས་དང་གསེར་ཐར་རྫོང་གཉིས་ལ་འབྲོག་བསྐྱུར་རྩྭ་འདེབས་ལས་གྲྭའི་ལྟ་ཞིབ་ཚད་ལེན་བྱས་པ་དང་།དཔེ་འདེམས་ས་ཚུགས་ཀྱི་ལས་གྲྭ་ས་ཁུལ་ཀྱིས་་ལས་གྲྭ་ས་ཁུལ་གཞན་དག་དང་བསྡུར་ན་དཀར་མཛེས་རྫོང་གི་སྔོའི་ཁེབས་ཚད་བརྒྱ་ཆའི་གྲངས་ཀ5འཕར་སྣོན་བྱུང་ཡོད་པ་དང་མཐོ་ཚད་བརྒྱ་ཆ168.9འཕར་བ། སྐྱེ་དངོས་ཐོན་འབོར་བརྒྱ་ཆ62.2འཕར་ཡོད། གསེར་ཐར་རྫོང་གི་སྔོ་ཁེབས་བྱུང་ཚད་བརྒྱ་ཆའི་གྲངས་ཀ25འཕར་སྣོན་བྱུང་ཡོད་པ་དང་མཐོ་ཚད་བརྒྱ་ཆ156འཕར་བ།སྐྱེ་དངོས་ཐོན་འབོར་བརྒྱ་ཆ79.6འཕར་ཡོད། 2009ལོར་《སི་ཁྲོན་ཞིང་ཆེན་གྱི་རྩྭ་ཐང་ཐོན་ཁུངས་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ》ཐོག་ནས་མཚོན་རྒྱུར། དཀར་མཛེས་ཁུལ་གྱི2007ལོའི་འབྲོག་བསྐྱུར་རྩྭ་འདེབས་ཀྱི་ལས་གྲྭ་དང་དེ་ལས་གྲྭ་ས་ཁུལ་གཞན་དང་བསྡུར་ན་སྔོ་ཁེབས་ཚད་ཆ་སྙོམས་བརྒྱ་ཆའི་གྲངས8.7མཐོར་འདེགས་བཏང་ཡོད་པ་དང་མཐོ་ཚད་བརྒྱ་ཆ33.8འཕར་བ། ཐོན་འབོར་བརྒྱ་ཆ30.7མཐོར་འདེགས་བཏང་ཡོད་པ་རེད།
རྣམ་གྲངས་འཛུགས་སྐྲུན་ཐད་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་ཐོབ་པ་ཡོད་སྟེ། གཅིག་ནི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཏང་བ། ཁུལ་ཡོངས་སུ2003ལོ་ནས2009ལོའི་བར་རྩྭ་ཐང་འཛུགས་སྐྲུན་བྱེད་མཁན་གྱི་འབྲོག་པའི་དུད་ཚང་ལ་རིམ་བསགས་ཀྱིས་བརྩིས་ན་གཟན་ཆག་གི་མ་དངུལ་སྒོར་དུང་ཕྱུར3.17ལག་བསྟར་བྱས་པ་དང་མི་རེར་ཆ་སྙོམས་སྒོར583ཐོབ་པ་དེས་འབྲོག་མིའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་བ་དང་འབྲོག་ཁུལ་གྱི་བདེ་འཇགས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་རེད། གཉིས་ནི་ཐོན་སྐྱེད་བྱེད་སྟངས་ཐད་འགྱུར་ལྡོག་ངེས་ཅན་ཞིག་བྱུང་ཡོད། འབྲོག་བསྐྱུར་རྩྭ་འདེབས་ལས་གྲྭའི་་སྲོག་ཤིང་ནི་ཕྱུགས་འཚོ་རྒྱུ་བཀག་བསྡོམས་དང་ཕྱུགས་འཚོ་མཚམས་འཇོག་པའི་ལམ་ལུགས་ཁྱབ་སྤེལ་བཏང་བར་བརྒྱུད།ནོར་ཕྱུགས་དང་གཟན་རྩྭ་ཁོད་སྙོམས་གཏོང་རྒྱུར་སྐུལ་འདེད་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་སྐྱེད་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱས་་པ། གསུམ་ནི་གནོད་འགོག་གནོད་སེལ་གྱི་ནུས་པར་ཤུགས་སྣོན་བརྒྱབ་པ། ལས་གྲྭ་འཛུགས་སྐྲུན་བྱས་པར་བརྒྱུད་འབྲོག་པའི་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་མ་བཏང་བ་དང་། རྩྭ་འདེབས་རྒྱུ་དང་རྩྭ་གསོག་ཉར་བྱ་རྒྱུའི་ལས་ཀར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ས་ཁུལ་གྱི་གཟན་རྩྭ་་གསོག་ཉར་སྙོམས་པོ་བྱས་པའི་དགུན་རྩྭ་སྐམ་པོ་སྤྱི་རྒྱ52ཐོག་སླེབས་པས། འཛུགས་སྐྲུན་སྔོན་ལས་སྤྱི་རྒྱ15མཐོར་འདེགས་བྱུང་ནས་དགུན་དཔྱིད་གཉིས་སུ་ནོར་ཕྱུགས་ཤི་གྲངས་ཉུང་དུ་ཕྱིན་པ་དང་། ནོར་ཕྱུགས་ལ་གནོད་སྐྱོན་ཐེབས་ནས་ཤི་ཉུང་བའི་ལས་གྲྭ་ལག་བསྟར་བྱེད་སའི་ས་ཁུལ་ལས་ཆ་སྙོམས་བརྒྱ་ཆའི་གྲངས་ཀ2མར་ཆག་ནས་ཤ་ཤེད་ཞན་ཚད་ཆ་སྙོམས་བརྒྱ་ཆའི་གྲངས་ཀ5མར་ཆག་པ་རེད།
རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱས་པ། རྣམ་གྲངས་ལག་བསྟར་བྱས་པར་བརྒྱུད་དཀར་མཛེས་ཁུལ་གྱི་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་དང་མི་རིགས་ཁག་གི་མི་དམངས་ཁྲི109ཡི་འཚོ་གནས་བྱེད་སའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ་དང་། ཐོན་སྐྱེད་འཕེལ་རྒྱས། འཚོ་བ་ཕྱུག་པོ། སྐྱེ་ཁམས་བཟང་པོ་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པ་སོགས་ལ་ཧ་ཅང་གལ་ཆེའི་སྐུལ་འདེད་ཀྱི་ནུས་པ་ཐོན་པ། རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་པ་དང་སྦྲགས་རྣམ་གྲངས་དེས་ཐོན་སྐྱེད་བྱས་པའི་སྐྱེ་ཁམས་དང་།དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་སྔར་བས་མངོན་གསལ་ཐོབ་རྒྱུ་རེད། །
དུས་རབས་༢༡པ་འདིར་ཡང་ད་དུང་ང་ཚོས་ང་བཟང་ཁྱོད་ངན་རྐྱང་བརྩད། དངོས་ཡོད་ལ་མིག་མ་བལྟས། རྨོངས་དད་དང་། ཕྱོགས་ཞེན་ཁོ་ནའི་དབང་དུ་ཕྱིན་ཏེ། བླ་མ་རེ་ལ་བསྟོད་ཁུལ་བྱས་བསྡད་ན་ང་ཚོ་གང་དུ་སླེབས་འགྲོ་བ་ཤེས།
སོ་ནམས་པའི་མིང་ཐོག་ནས་ཡོང་བ་དེ་ཡང་ཕྲག་གོང་ལ་སྡུག་གྱོང་འབུར་རུ་བུད་ནས་སྡོད་མི་ཚུགས་པར་ཡོད་པ་ཞིག་རེད་འདུག སྨན་པ་རེ་སྟོན་རྒྱུ་ཨེ་ཡོང་།
མཁན་ཆེན་ཚང་གིས་བཤས་ཚོང་མི་རུང་གསུངས་པ་དང་རྒྱ་གཞུང་གིས་བཤས་ཚོང་འགོག་མི་ཆོག་པའི་བཀའ་བབ་ཀྱིན་ཡོད་པ་གཉིས་འགལ་ལྡོག་ཏུ་སོང་ཡོད་བཞིན་ཨུ་ཚུགས་ཀྱིས་མཁན་པོས་རྒྱ་གཞུང་ལ་རོགས་བྱས་ཡོད་པའི་ཚུལ་དང་།་་་ བོད་དོན་ཆེད་རྒྱའི་བཙོན་ཁང་དུ་ཉིན་གཅིག་སྡོད་མྱོང་པ་ཞིག་ཡིན་ཡང་བླ་རུང་དུ་ཡོང་མི་ཆོག་པ་དང་།་་་སོགས་གཞི་མེད་སྐུར་འདེབས་བྱེད་མཁན་འདི་ཚོ་ནི་བོད་ནང་དབྱེན་དཀྲུག་ཁྲག་སྦྱོར་གྱི་ལས་ངན་བྱེད་པའི་གཏེ་བོ་ཞིག་ཏུ་སྣང་ངོ་། མ་གཞི་འདི་དག་ལ་དམིགས་ཡུལ་ངེས་ཅན་གྱི་རྒྱབ་ལྗོངས་རེ་ཡོད་ཨེ་ཡོང་སྙམ་པའི་དོགས་པ་རེ་མི་སྐྱེ་ཐབས་མེད་བྱུང་།
༩ འབྲོག་མང་གིས་རང་གིས་རང་མ་སྐྱོབས་ན། རང་གི་གྲོད་པ་ལྟོགས་ཉིན་བླ་སྤྲུལ་འདི་རིགས་ཀྱིས་མང་ཚོགས་འབུལ་པོ་མི་སྐྱོབས་པར་ཤེས་མེད་པ་འདི་དགུ་བ་ཡིན།
ཅི་མ་བདེན། མངོན་པར་བསྟོད་དོ་ཞུ་རྒྱུ་ཡིན།
སྐམ་ལུག་བཤས་ཚོང་མ་བྱས་ན་འབྲོག་པའི་ཁ་གསོ་མི་ཐུབ་པ་ལྟ་བུ་གསུངས་འདུག་པ་དེ་གཏན་ནས་བདེན་པ་མ་རེད།ལྷག་པར་འབྲོག་པ་འཇིག་འགྲོ་བ་འདྲ་བོ་བཤད་འདུག་པ་དེ་ཚོ་ཧམ་པ་རང་རེད།
ཚུལ་བློའི་ཆོས་ཁྲིམས་དེ་གསར་པ་གང་ཡང་མ་རེད།དེ་སྔ་ནས་མདོ་སྟོད་ཀྱི་ས་ཁུལ་མང་པོའི་ནང་དུ་སྔ་འགྱུར་རྙིང་མའི་དགོན་སྡེ་ཁག་ཅིག་གི་ལྷ་སྡེ་མི་སྡེ་འབྲོག་ཚོ་མང་པོའི་ནང་འབྲི་གཡག་དང་ར་ལུག་མི་ཚང་གཅིག་རེར་ཚེ་ཐར་བརྒྱ་གཉིས་བརྒྱ་ཡོད་མཁན་དང་།བཤས་ཚོང་གཏན་ནས་མི་བརྒྱབ་མཁན་འབྲོག་ཁྱིམ་མང་པོ་ཡོད་པ་དངོས་མཐོང་མྱོང་མོད།ཁོ་ཚོས་བཤས་ཚོང་མ་བརྒྱབ་པས་ཁ་མི་སོས་རྒྱུ་ལས་ལྡོག་ཏེ་མི་ཚང་ཕྱུག་ཤོས་དེ་འདྲ་རེད་འདུག
ལར་འབྲོག་པ་ཚོར་སྐམ་ལུག་མིན་པའི་སྒོར་མོ་དང་ཟ་མའི་ཡོངས་ཁུངས་མང་པོ་ཡོད་ལ།བཤས་ཚོང་མ་བྱས་པས་དབུལ་པོ་ཆགས་པ་སོགས་ནི་རྐུས་ཤེས་ཀྱང་སྦེད་མ་ཤེས་པ་འབྲོག་པ་ལ་རྒྱུས་མེད་ཀི་གཏམ་རེད།ཇི་ཙམ་ཟོག་ལུག་མང་པོ་འཕེལ་ན་བལ་དང་ཁུ་ལུ་མར་ཕྱུར་དང་ཀོ་བ།འོ་ཞོ་སོགས་ཀྱི་འཐོན་ཁུངས་ཡག་པོ་ཡོད་ཅིང་།
དེང་འབྲོག་ས་ཁག་གི་དཀའ་ངལ་གཙོ་བོ་བཤས་ཚོང་དང་རྐུ་ཇག་ནང་དམེ་དང་རྒྱན་འཛུགས་ཚོད་མེད་བྱས་ཏེ་མཐའ་ན་རང་གི་སྐྱེས་དམན་ཚུན་རྒྱན་རྩེད་ཀྱིས་ཤོར་བཞིན་པ་མང་པོ་ཡོད་ཙང་།མཁན་པོ་ཁོང་གི་ཆོས་ཁྲིམས་དེ་འདྲ་ཁ་ཡོད་ལག་ཡོད་དགོས་མཁོ་ཡོད་པ་དང་བོད་ལ་ཕན་ཐོགས་ཡོད་པ་ཅིག་ཏན་ཏན་རེད།
ང་ཡང་།
དགུ་པ། རྔོན་མི་བྱ་བ། རི་དྭགས་སམ་གཅན་གཟན་གསོད་ཐབས་སྣ་ཚོགས་ཀྱིས་གསོད་པར་མི་བྱ་བའོ།
ཞེས་པ་འདིས་ཐབས་སྣ་ཚོགས་ཀྱིས་གསུངས་པ་དེས་རྔོན་པ་རང་གི་འཚོ་བ་ལ་ཡང་འགན་འཁུར་བའི་ཚད་མའི་སྐྱེས་བུའི་གསུང་ཅིག་ཡིན་པ་ལ་རྗེས་སུ་ཡི་རང་ཡོད་ལགས།
བོད་ཕྱི་ནང་གི་དྲ་ལམ་དག་ཏུ་དཀྲོག་གཏམ་གྱི་ཡིག་ཉོག་དེ་དག་སྤེལ་ཅི་ཐུབ་བྱེད་མཁན་དེ་དོན་དུ་མི་གཅིག་པ་རེད་འདུག གང་ལྟར་བཤད་ཀྱང་དོན་ངོ་མ་དགེ་བཅུའི་ཁྲིམས་ཟེར་བ་དེ་བཤས་རའི་བདག་པོ་འགའ་རེའི་ཟ་ཁ་འགོག་བྱེད་དུ་སོང་ཡོད་པ་དངོས་གནས་རེད། བཤས་ཚོང་བཀག་པར་མོས་འཐད་མེད་ཅིང་འབྲོག་པའི་འཚོ་ཐབས་ལ་གནོད་དོ་ཞེས་དཀྲོག་གཏམ་སྤེལ་མཁན་འདི་ཚོ་དོན་དུ་བཤས་ཁང་ག་གེ་མོའི་མགྲིན་ཚབ་པ་ལྟ་བུར་ཆགས་ཡོད། ད་རུང་རང་རེས་ཤས་བཟོད་དཀའ་བ་ཞིག་རེད། ཅེས་དང་། འབྲོག་ཕྱོགས་ལ་ཉམས་ཉེས་་་་སོགས་ཁག་འཇོག་ས་སྣ་ཚོགས་བཙལ། ད་རུང་ཆོས་གཏམ་འདྲ་རེ་གླེང་ཁུལ་བྱེད་འདུག་སྟེ། དེ་ནི་རྡུང་རྒྱུ་རྔ་རྡུང་རུང་དམིགས་རྒྱུ་འདྲེ་དམིགས་ཟེར་བའི་དཔེ་ལས་མ་འདས།
ཁམས་རྒྱལ་འཕགས་ཟེར་བ་ཞིག་གིས་འདི་ལྟར་བཤད་འདུག ང་ནི་ཁམས་རྟའུ་ནས་ཡིན། ངའི་ཡུལ་ན་འབྲོག་པས་སྒོ་ནོར་མི་བཤའ་བར་མ་ཟད་རོང་པས་ཕག་ཀྱང་བཤའ་གི་མེད། འོན་ཀྱང་འཚོ་བ་ནི་ལོ་རེར་དགུ་འགྱུར་གྱིས་ཇེ་བཟང་རེད། དགེ་བཅུའི་ཁྲིམས་མ་བཞག་སྔོན་བཤས་ཚོང་རྒྱག་མཁན་འགའ་ཡོད་པས་དེ་ཚོ་མ་རྩ་
རྡུབ་ནས་བུ་ལོན་མང་པོར་སོང་། དེང་སང་རླངས་འཁོར་ཆེན་པོ་རེ་ཉོས་འདུག རྟའུ་རབ་སྒང་གི་འབྲོག་པ་ཚོ་ནི་རྟའུ་རྫོང་ནང་གི་དངུལ་མང་ཤོས་ཡིན། རྒྱུ་མཚན་ཁོ་ཚོས་ཆོས་མཐུན་ལུགས་མཐུན་གྱི་ཚོང་ལས་བྱེད་བཞིན་ཡོད། རྒྱ་ནག་ཁྲིན་ཏུའུ་ན་བཟོ་གྲྭ་མང་པོ་ཡོད། མི་རེར་ཀྲུང་གོའི་སྒོར་མོ་ཁྲི་ཚོ་སྟོང་དུ་མ་དང་། ཁྲི་ཚོ་བརྒྱ་ཕྲག་ཁ་ཤས་སོགས་ཡོད་པའང་ཡོད། དེ་ཚོའི་བཟོ་གྲྭའི་ནང་བོད་ཀྱི་ལག་རྩལ་ཐོན་རྫས་ཁོ་ནའོ། ཁམས་རྒྱལ་འཕགས་པས། ཞེས་བྲིས་འདུག དངོས་གནས་དེང་སང་བོད་ཀྱི་འབྲོག་ཕྱོགས་ཀྱི་འཚོ་བ་སྔར་དང་བསྡུར་ན་ཡར་རྒྱས་ཆེན་པོ་སོང་འདུག བཞོན་པ་འཕྲུལ་རྟ་དང་།རུམ་དུ་ལག་འཛིན་ཁ་པར་མེད་ས་ཕལ་ཆེར་མེད། ད་རུང་ཁྱིམ་ཚང་མང་པོར་རླངས་འཁོར་ཡང་འདུག འདི་དག་ནི་ང་རང་ད་ལོ་གཉེན་ཉེ་ལ་འཕྲད་དུ་སོང་སྐབས་དངོས་སུ་མཐོང་བ་ཡིན།
མཆན་༥༢པ་ཤེས་རབ་རྡོ་རྗེ་ལགས་ཀྱི་གསུང་ལ་རྒྱུ་མཚན་འདུག དེང་དུས་ཀྱི་དགེ་བཅུའི་ཁྲིམས་གསར་བ་ལས་བྱུང་བའི་བློ་ཕམ་ཆེན་པོ་བཅུ། ཟེར་བའི་བློ་ཕམ་དེ་བཤས་རའི་བདག་པོ་འགའ་རེའི་ཟ་ཁ་བཀག་པ་ལས་བྱུང་བ་ཡིན་པ་འདྲ། བཤས་བཤའ་རྒྱུ་ལས་འཚོ་ཐབས་མེད་ན་ཁག་མེད་མོད། དེ་ལྟར་མ་ཡིན་པས་ད་བློ་ཕམ་བྱས་པས་ཅི་ཕན། དེ་བས་འཚོ་ཐབས་གཞན་རེ་བཙལ་ན་དགའ་གི་རེད། ལས་ཤིག་ཡོད་ན་ལམ་ཞིག་ཡོད་ལོས་ཡོང་།
འབྲོག་ཕྱོགས་ཉམས་ན་ཉམས། ལོ་ངོ་སྟོང་ཕྲག་རིང་ང་ཚོས་འདི་འདྲ་ཞིག་ལས་མ་འཇོན་ན། ད་དུང་མི་འཇོན་ཐག་ཆོད། ད་ནི་ང་ཚོ་བོད་མི་ཚང་མ་གྲྭ་པ་དང་། ཨ་ནི་ཐེབས་ཆགས་རེ་བྱས་ནས་གསེར་རྟ་བླ་རུང་སྒར་ནང་ཕྱིན་མཁན་ཆེན་ཁོང་གི་ཅི་གསུངས་བཀའ་བསྒྲུབས་ཞུས་ན་ག་འདྲ་ཡག་པོ་ཡོང་ས་རེད། དེ་འདྲ་བྱེད་དགོས་མིན་ནམ།
དཔལ་འབྱོར་སྐྱོ་ན་སྐྱོ། འབྲོག་ཕྱོགས་ཉམས་ན་ཉམས། ཧ་ལས་དགོས་མེད། ལོ་ངོ་སྟོང་ཕྲག་རིང་ང་ཚོས་འདི་ཙམ་ལས་མ་འཇོན་ན་མ་འོངས་པར་མི་འཇོན་ཐག་ཆོད། དེ་ལས་ད་ནི་ང་ཚོ་བོད་མི་ཚང་མ་གྲྭ་པ་དང་། ཨ་ནི་ཐེབས་ཆགས་རེ་བྱས་ཏེ། གསེར་རྟ་སྒར་དུ་སོང་ལ་མཁན་ཆེན་ཁོང་གི་ཅི་གསུངས་བཀའ་བསྒྲུབ་ཞུས་ན་ག་འདྲ་ཡག་པོ་ཡོད་རེད། ད་དེ་ལྟར་བྱེད་དགོས་མིན་ནམ།
༤༥པ་བསོིད་ནམས་ཀྱི་མཆན་ནང་རྒྱ་གཞུང་གིས་དཀར་མཛེས་ཁུལ་གྱི་འབྲོག་བསྐྱུར་རྩྭ་འདེབས་ཀྱི་ལས་ཀར་བརྟེན་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཕྱིན་སྐོར་བཤད་ཡོད་པ་ལྟར། ༥༣པ་བསོད་ནམས་དབང་མོས་ཀྱང་འབྲོག་ཕྱོགས་ཡར་རྒྱས་སོང་རབས་ཤོད་འདུག་པ་འདི་གཉིས་རྒྱ་བོད་གཉིས་ཀའི་མཐོང་ཚུལ་མཐུན་པོ་བྱུང་བའི་ཆ་ཞིག་རེད། དེ་ཡིན་དུས་དངོས་གནས་འབྲོག་ཕྱོགས་ཡར་རྒྱས་ལ་འགྲོ་བཞིན་ཡོད་ས་རེད། འོག་གི་འདི་རིགས་ལ་གཟིགས་དང་། ཤེས་སོང་།
༤༥༽ སོ་ནམས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༨ གི་ཆུ་ཚོད་ ༩ སྐར་མ་ ༣༣
ད་ལྟའི་དུས་འདིར་དངོས་ཡོད་གནས་ཚུལ་ཕྱོགས་ནས་ཚིག་རེ་བཤད་ཐུབ་ན་བཟང་པར་མཆིས། དྲ་གྲོགས་ཚོས་འདྲ་མིན་གླེང་དགོས་མ་མཆིས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཚང་གི་དགེ་བཅུའི་ཁྲིམས་དེས་བཀའ་དྲིན་ལ་བརྟེན། རྒྱ་གཞུང་གིས་ལས་སླ་པོས་བོད་ཀྱི་འབྲོག་སྡེ་ཁག་རྩ་མེད་བཟོ་ཐུབ་བཞིན་པ་ནི་རྒྱ་ནག་གི་དྲ་ཐོག་འདི་ལ་http://ti.tibet3.com/news/tibet/sc/2011-10/19/content_399250.htmགཟིགས་དང་། གསལ་པོ་རེད། གནས་ཚུལ་འདི་འདྲ་ཐོན་བཞིན་འདུག
དཀར་མཛེས་ཁུལ་ཡོངས་ཀྱི་འབྲོག་བསྐྱུར་རྩྭ་འདེབས་ལས་ཀར་ཕན་འབྲས་གསུམ་ཐོབ་པ།
ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། 2011-10-19 09:01
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབྲོག་བསྐྱུར་རྩྭ་འདེབས་ཀྱི་ལས་གྲྭ་ལག་བསྟར་བྱས་པ་དང་། ལོ8ལ་འབད་བརྩོན་བྱས་པར་བརྒྱུད་“ཐོན་ལས་འཕེལ་རྒྱས་ཡོང་བར་སྐྱེ་ཁམས་ཅན་དང་སྐྱེ་ཁམས་འཛུགས་སྐྲུན་ལས་ཀ་ཐོན་ལས་ཅན་”དུ་འཛུགས་སྐྲུན་བྱེད་པའི་བསམ་ཕྱོགས་ལ་གཞིགས་ནས། རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཀའི་ཐད་ཧ་ཅང་མངོན་གསལ་གྱི་སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཁེ་ཕན་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་དུ་རང་བྱུང་གི་རྩྭ་ཐང་མུའུ་དུང་ཕྱུར1.42ཡོད་པ་དེ་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔའི་ཡ་གྱལ་དང་སི་ཁྲོན་ནུབ་བྱང་འབྲོག་ཁུལ་གྱི་གྲུབ་ཆ་གཙོ་བོ་ཡིན་ལ། འབྲོག་བསྐྱུར་རྩྭ་འདེབསལས་གྲྭ་ལག་བསྟར་བྱེད་སའི་ས་ཁུལ་གཙོ་གནད་ཞིག་ཀྱང་ཡིན་པ་རེད།
རྣམ་གྲངས་འཛུགས་སྐྲུན་གྱི་སྐྱེ་ཁམས་ཕན་འབྲས་མངོན་གསལ་ཡིན་པ། 2005ལོར་རྒྱལ་ཡོངས་ཀྱི་ཕྱུགས་ནད་སྨན་བཅོས་སྤྱིའི་ས་ཚུགས་ཀྱིས་“3S”ལག་རྩལ་བེད་སྤྱོད་བཏང་ནས་དཀར་མཛེས་དང་གསེར་ཐར་རྫོང་གཉིས་ལ་འབྲོག་བསྐྱུར་རྩྭ་འདེབས་ལས་གྲྭའི་ལྟ་ཞིབ་ཚད་ལེན་བྱས་པ་དང་།དཔེ་འདེམས་ས་ཚུགས་ཀྱི་ལས་གྲྭ་ས་ཁུལ་ཀྱིས་་ལས་གྲྭ་ས་ཁུལ་གཞན་དག་དང་བསྡུར་ན་དཀར་མཛེས་རྫོང་གི་སྔོའི་ཁེབས་ཚད་བརྒྱ་ཆའི་གྲངས་ཀ5འཕར་སྣོན་བྱུང་ཡོད་པ་དང་མཐོ་ཚད་བརྒྱ་ཆ168.9འཕར་བ། སྐྱེ་དངོས་ཐོན་འབོར་བརྒྱ་ཆ62.2འཕར་ཡོད། གསེར་ཐར་རྫོང་གི་སྔོ་ཁེབས་བྱུང་ཚད་བརྒྱ་ཆའི་གྲངས་ཀ25འཕར་སྣོན་བྱུང་ཡོད་པ་དང་མཐོ་ཚད་བརྒྱ་ཆ156འཕར་བ།སྐྱེ་དངོས་ཐོན་འབོར་བརྒྱ་ཆ79.6འཕར་ཡོད། 2009ལོར་《སི་ཁྲོན་ཞིང་ཆེན་གྱི་རྩྭ་ཐང་ཐོན་ཁུངས་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ》ཐོག་ནས་མཚོན་རྒྱུར། དཀར་མཛེས་ཁུལ་གྱི2007ལོའི་འབྲོག་བསྐྱུར་རྩྭ་འདེབས་ཀྱི་ལས་གྲྭ་དང་དེ་ལས་གྲྭ་ས་ཁུལ་གཞན་དང་བསྡུར་ན་སྔོ་ཁེབས་ཚད་ཆ་སྙོམས་བརྒྱ་ཆའི་གྲངས8.7མཐོར་འདེགས་བཏང་ཡོད་པ་དང་མཐོ་ཚད་བརྒྱ་ཆ33.8འཕར་བ། ཐོན་འབོར་བརྒྱ་ཆ30.7མཐོར་འདེགས་བཏང་ཡོད་པ་རེད།
རྣམ་གྲངས་འཛུགས་སྐྲུན་ཐད་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་ཐོབ་པ་ཡོད་སྟེ། གཅིག་ནི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཏང་བ། ཁུལ་ཡོངས་སུ2003ལོ་ནས2009ལོའི་བར་རྩྭ་ཐང་འཛུགས་སྐྲུན་བྱེད་མཁན་གྱི་འབྲོག་པའི་དུད་ཚང་ལ་རིམ་བསགས་ཀྱིས་བརྩིས་ན་གཟན་ཆག་གི་མ་དངུལ་སྒོར་དུང་ཕྱུར3.17ལག་བསྟར་བྱས་པ་དང་མི་རེར་ཆ་སྙོམས་སྒོར583ཐོབ་པ་དེས་འབྲོག་མིའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་བ་དང་འབྲོག་ཁུལ་གྱི་བདེ་འཇགས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་རེད། གཉིས་ནི་ཐོན་སྐྱེད་བྱེད་སྟངས་ཐད་འགྱུར་ལྡོག་ངེས་ཅན་ཞིག་བྱུང་ཡོད། འབྲོག་བསྐྱུར་རྩྭ་འདེབས་ལས་གྲྭའི་་སྲོག་ཤིང་ནི་ཕྱུགས་འཚོ་རྒྱུ་བཀག་བསྡོམས་དང་ཕྱུགས་འཚོ་མཚམས་འཇོག་པའི་ལམ་ལུགས་ཁྱབ་སྤེལ་བཏང་བར་བརྒྱུད།ནོར་ཕྱུགས་དང་གཟན་རྩྭ་ཁོད་སྙོམས་གཏོང་རྒྱུར་སྐུལ་འདེད་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་སྐྱེད་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱས་་པ། གསུམ་ནི་གནོད་འགོག་གནོད་སེལ་གྱི་ནུས་པར་ཤུགས་སྣོན་བརྒྱབ་པ། ལས་གྲྭ་འཛུགས་སྐྲུན་བྱས་པར་བརྒྱུད་འབྲོག་པའི་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་མ་བཏང་བ་དང་། རྩྭ་འདེབས་རྒྱུ་དང་རྩྭ་གསོག་ཉར་བྱ་རྒྱུའི་ལས་ཀར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ས་ཁུལ་གྱི་གཟན་རྩྭ་་གསོག་ཉར་སྙོམས་པོ་བྱས་པའི་དགུན་རྩྭ་སྐམ་པོ་སྤྱི་རྒྱ52ཐོག་སླེབས་པས། འཛུགས་སྐྲུན་སྔོན་ལས་སྤྱི་རྒྱ15མཐོར་འདེགས་བྱུང་ནས་དགུན་དཔྱིད་གཉིས་སུ་ནོར་ཕྱུགས་ཤི་གྲངས་ཉུང་དུ་ཕྱིན་པ་དང་། ནོར་ཕྱུགས་ལ་གནོད་སྐྱོན་ཐེབས་ནས་ཤི་ཉུང་བའི་ལས་གྲྭ་ལག་བསྟར་བྱེད་སའི་ས་ཁུལ་ལས་ཆ་སྙོམས་བརྒྱ་ཆའི་གྲངས་ཀ2མར་ཆག་ནས་ཤ་ཤེད་ཞན་ཚད་ཆ་སྙོམས་བརྒྱ་ཆའི་གྲངས་ཀ5མར་ཆག་པ་རེད།
རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱས་པ། རྣམ་གྲངས་ལག་བསྟར་བྱས་པར་བརྒྱུད་དཀར་མཛེས་ཁུལ་གྱི་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་དང་མི་རིགས་ཁག་གི་མི་དམངས་ཁྲི109ཡི་འཚོ་གནས་བྱེད་སའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ་དང་། ཐོན་སྐྱེད་འཕེལ་རྒྱས། འཚོ་བ་ཕྱུག་པོ། སྐྱེ་ཁམས་བཟང་པོ་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པ་སོགས་ལ་ཧ་ཅང་གལ་ཆེའི་སྐུལ་འདེད་ཀྱི་ནུས་པ་ཐོན་པ། རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་པ་དང་སྦྲགས་རྣམ་གྲངས་དེས་ཐོན་སྐྱེད་བྱས་པའི་སྐྱེ་ཁམས་དང་།དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་སྔར་བས་མངོན་གསལ་ཐོབ་རྒྱུ་རེད། །
༥༣༽ བསོད་ནམས་དབང་མོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༨ གི་ཆུ་ཚོད་ ༡༣ སྐར་མ་ ༡༦
ཁམས་རྒྱལ་འཕགས་ཟེར་བ་ཞིག་གིས་འདི་ལྟར་བཤད་འདུག ང་ནི་ཁམས་རྟའུ་ནས་ཡིན། ངའི་ཡུལ་ན་འབྲོག་པས་སྒོ་ནོར་མི་བཤའ་བར་མ་ཟད་རོང་པས་ཕག་ཀྱང་བཤའ་གི་མེད། འོན་ཀྱང་འཚོ་བ་ནི་ལོ་རེར་དགུ་འགྱུར་གྱིས་ཇེ་བཟང་རེད། དགེ་བཅུའི་ཁྲིམས་མ་བཞག་སྔོན་བཤས་ཚོང་རྒྱག་མཁན་འགའ་ཡོད་པས་དེ་ཚོ་མ་རྩ་
རྡུབ་ནས་བུ་ལོན་མང་པོར་སོང་། དེང་སང་རླངས་འཁོར་ཆེན་པོ་རེ་ཉོས་འདུག རྟའུ་རབ་སྒང་གི་འབྲོག་པ་ཚོ་ནི་རྟའུ་རྫོང་ནང་གི་དངུལ་མང་ཤོས་ཡིན། རྒྱུ་མཚན་ཁོ་ཚོས་ཆོས་མཐུན་ལུགས་མཐུན་གྱི་ཚོང་ལས་བྱེད་བཞིན་ཡོད། རྒྱ་ནག་ཁྲིན་ཏུའུ་ན་བཟོ་གྲྭ་མང་པོ་ཡོད། མི་རེར་ཀྲུང་གོའི་སྒོར་མོ་ཁྲི་ཚོ་སྟོང་དུ་མ་དང་། ཁྲི་ཚོ་བརྒྱ་ཕྲག་ཁ་ཤས་སོགས་ཡོད་པའང་ཡོད། དེ་ཚོའི་བཟོ་གྲྭའི་ནང་བོད་ཀྱི་ལག་རྩལ་ཐོན་རྫས་ཁོ་ནའོ། ཁམས་རྒྱལ་འཕགས་པས། ཞེས་བྲིས་འདུག དངོས་གནས་དེང་སང་བོད་ཀྱི་འབྲོག་ཕྱོགས་ཀྱི་འཚོ་བ་སྔར་དང་བསྡུར་ན་ཡར་རྒྱས་ཆེན་པོ་སོང་འདུག བཞོན་པ་འཕྲུལ་རྟ་དང་།རུམ་དུ་ལག་འཛིན་ཁ་པར་མེད་ས་ཕལ་ཆེར་མེད། ད་རུང་ཁྱིམ་ཚང་མང་པོར་རླངས་འཁོར་ཡང་འདུག འདི་དག་ནི་ང་རང་ད་ལོ་གཉེན་ཉེ་ལ་འཕྲད་དུ་སོང་སྐབས་དངོས་སུ་མཐོང་བ་ཡིན།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཉག་རུང་གི་དགོན་ཁག་ཡོངས་རྫོགས་ཀྱི་ལྷན་ཚོགས་ཆེན་པོ་ཞིག་གི་དབུ་འཛིན་གྱི་གསུང་བཤད་ལས་གཤས་ཚོང་གི་སྐོར་ལ་ཧ་ཅང་ཞིབ་ཚགས་དང་ནན་ཏན་ཆེ་བའི་བཀའ་མོལ་རྒྱས་པ་ཞིག་འདུག་པ་དྲ་གྲོགས་དག་ལ་འབུལ་གྱི་ཡིན།
མཁན་ཆེན་ཁོང་ལ་དཀྲོག་གཏམ་དང་གཞི་མེད་ཀྱི་སྐུར་ཞུས་བྱེད་མཁན་གྱི་དྲ་འབུ་དག་ལ་ཐད་ཀར་ཡ་བཟུང་ནས་དྲ་འཛིངས་བྱེད་རྒྱུའི་འདོད་པ་མེད་ན་ཡང་། མཁན་ཆེན་མཆོག་གི་གསང་གསུམ་གྱི་མཛད་པ་དང་བཀའ་སློབ་དག་གི་དོན་དངོས་དེ་ར་སྤྲོད་ཕྲན་བུ་རེ་དུས་དང་དུས་སུ་བྱེད་སྲིད་པས་གཟུར་གནས་དག་གིས་གཤམ་གྱི་བཀའ་སློབ་དངོས་ལ་གཟིགས་རོགས།
བཀའ་སློབ་དུམ་བུ་དང་པོ།
ང་ཚོས་མི་མང་ལ་བཤས་ཚོང་མ་རྒྱག་ཅེས་བཤད་པར་རྒྱུ་མཚན་ཡོད། དེ་ཡང་ངས་བསམ་ན། ང་ཚོ་དཔལ་འབྱོར་ཡར་རྒྱས་མེད་པ་དང་དཔལ་འབྱོར་མཐའ་བརྡིབས་ནས་བྱ་ཐབས་མེད་པ་ཆགས་སྤྱད་ཀྱི་འགག་རྩ་ངོ་མ་དེ་བཤས་ཚོང་ལ་འགོ་འཁོར་བཅུག་ནས་རིག་གནས་ལག་རྩལ་སོགས་འཚོ་ཐབས་གཞན་སློབ་པར་སྐུལ་འདེད་མ་བྱས་ཤིང་དེའི་ཕྱོགས་ལ་བསམ་བློ་གཏོང་དུ་མ་བཅུག་པས་རེད། ལས་ཀ་ལས་སྟངས་འདིར་ང་ཚོས་དོགས་པ་སློང་དགོས་ཤིང་། དཔལ་འབྱོར་ཡར་རྒྱས་མི་འགྲོ་བའི་རྩ་བའི་གནད་འགག་གཅིག་འདི་ལ་ཐུག་ཡོད་པ་དེ་ཚང་མས་ཧ་གོ་དགོས། དེ་ངའི་བསམ་བློ་དང་ལྟ་གྲུབ་ཡིན། གལ་ཏེ་གཞན་ལ་དེ་ལྟར་མིན་པའི་རྒྱུ་མཚན་ཞིག་བཤད་རྒྱུ་ཡོད་ན་དེ་རེད། མེད་ན་ཨུ་ཚུགས་བྱ་རྒྱུ་གང་ཡང་ལྷག་མེད།
དེ་ཡང་འབྲོག་པ་ཞིག་ལ་མཚོན་ན་ཕའི་རིང་ལ་བཤས་ཚོང་ལས་ཅི་ཡང་མ་ཤེས། བུའི་རིང་ལ་ཡང་དེ་ལས་མ་ཤེས། བུའི་བུའི་རིང་ལ་ཡང་བཤས་ཚོང་རྒྱག་རྒྱུ་ལས་ཅི་ཡང་མི་ཤེས་པ་ཡིན་ན་སྒོ་རྩ་ན་གཤས་ཚོང་གི་མ་རྩ་ཅི་ཙམ་འདུག འབྲོག་པ་ཧ་ཅང་ཕྱུག་པོའི་གྲས་ཤིག་ཡིན་ན་ཡང་ཟོག་མནག་སུམ་བརྒྱ་ཡར་མར་རེ་ལས་ཨེ་ཡོད་མི་ཤེས། ཟོག་གནག་སུམ་བརྒྱ་ཟེར་ན་དོས་སྐྱེལ་རླངས་འཁོར་བཅུ་ཐམ་པ་རེད། དེ་ཡང་ཟོང་འཁོར་ཆེ་གྲས་ཤིག་ཏུ་ཟོག་སུམ་ཅུ་ཤོང་གི་རེད།
ལོ་གཅིག་གིས་རླངས་འཁོར་བཅུ་པོ་ཡོངས་རྫོགས་བཙོངས་ཟིན་པའམ། དེ་མིན་ཡང་ལོ་གཉིས་ཀྱི་ནང་ལ་ད་ལོ་རླངས་འཁོར་ལྔ་དང་། ལོ་རྗེས་མར་རླངས་འཁོར་ལྔ་བཙོངས་པ་ཡིན་ན་དེ་ནས་རྔ་མ་བུད་ཚར་བ་རེད། ཉག་རོང་ལུང་པའི་ནང་གི་ཤིང་ནགས་གཅིག་པུ་ལ་བསམ་བློ་བཏང་ན་ཡང་ཅི་འདྲའི་གཞི་རྒྱ་ཆེན་པོ་ཡོད་པ་རེད་དེ། རྒྱལ་ཁབ་ཀྱིས་ཡུན་རིང་པོར་བཅད་ནས་མཐར་འབྲི་ཆུའི་སྨད་རྒྱུད་ལ་ཆུ་ལོག་རྒྱུགས་ཏེ་མི་རྣམས་རྩ་བ་ནས་འདུག་མ་བཅུག་པའི་དབང་གིས་ད་ལྟ་སྒེར་གྱི་ཁང་ཤིང་ཙམ་ཡང་གཅོད་མི་ཆོག་པ་བཟོས་ཡོད་པ་ཡང་ཤིང་ནགས་ཟད་སོང་བའི་དབང་གིས་རེད། ཤིང་ནགས་ཀྱང་དེ་ལྟར་ཟད་ནས་འགྲོ་བ་ཡིན་ན་འབྲོག་པའི་སྒོ་རྩ་ན་ཡོད་པའི་ཕྱུགས་ཟོག་ཉུང་ཉུང་དེ་དག་དེ་བས་ཀྱང་ད་ལྟ་ད་ལྟ་ཟད་འགྲོ་གི་རེད།
བཀའ་སློབ་དུམ་བུ་གཉིས་པ།
འོ་ན་ང་ཚོར་འཕེལ་རྒྱས་དགོས་སམ་མི་དགོས་ཟེར་ན། ང་ཚོ་བནྡེ་དག་གིས་ཀྱང་བོད་ཀྱི་ཁྱིམ་ཚང་དག་ལ་དཔལ་འབྱོར་ཡར་རྒྱས་སུ་གཏོང་དགོས་ཟེར་བ་ལས་མི་དགོས་ཟེར་རྒྱུ་མེད། འོན་ཀྱང་ཡར་རྒྱས་གཏོང་སྟངས་དེ་བཤས་ཚོང་གི་འཚོ་ཐབས་མིན་པ་གསལ་པོ་བྱེད་དགོས།
དེང་སང་འཛམ་བུ་གླིང་གིས་རྒྱུན་སྲིང་གི་འཕེལ་རྒྱས་ཟེར་བ་ཞིག་བཤད་ཀྱི་ཡོད་ཅིང་། དེ་ཚོ་ཚང་མས་ཡང་ནས་ཡང་དུ་ཡུན་རིང་པོའི་བར་དུ་རྒྱུན་བསྲིངས་ནས་འཕེལ་རྒྱས་འགྲོ་ཐུབ་པ་དེ་འདྲ་ཞིག་ལ་བསམ་བློ་བཏང་གིན་ཡོད་པ་རེད། འོན་ཀྱང་བཤས་ཚོང་འདི་རིགས་ལ་རྒྱུན་བསྲིང་མི་ཐུབ་པའི་ཕེལ་རྒྱས་ཟེར་བ་རེད། དེས་ན་ད་ནས་རབ་ན་རིག་གནས་སྦྱོང་། དེ་མིན་ན་ལོ་བཞི་བཅུ་མན་ཆད་ཀྱིས་ལག་རྩལ་སྦྱོང་། དེ་ཡང་མ་འཇོན་ན་ངལ་རྩོལ་བྱས་ནས་ཁ་གསོ་བ་འདི་རྒྱུན་བསྲིངས་ཐུབ་པའི་འཕེལ་རྒྱས་རེད། དེས་ན་ཚང་མས་བསམ་ལུགས་དང་བཤད་ལུགས་ལས་ལུགས་ངོ་མ་གང་ཡིན་དེ་གོ་དགོས།
དེ་ཡང་བོད་ཀྱི་མགར་དང་ཚེམས་གྲུབ་ཤིང་བཟོ་སོགས་སྦྱོང་དགོས། ཆུང་ས་ནས་བཤད་ན་ཉག་རོང་ལྟ་བུའི་ཤིང་ཆ་མོད་ས་ཞིག་ལ་མཚོན་ན་ཤིང་གི་རྩ་བ་སྐམ་ཟིན་པའི་གཛེར་ཐོ་འདི་དག་གིས་ཅ་ནེ་འཇོག་ས་དང་དབྱིབས་གཟུགས་འདྲ་མིན་བརྐོ་གཞོག་བྱས་ནས་བཙོང་པ་ཡིན་ན་ཡང་མི་མང་པོ་ཞིག་གི་ཁ་སོས་ཐུབ། རྒྱ་ཡུལ་དུ་མི་མང་པོ་ཞིག་གི་འཚོ་བ་འདི་འདྲ་ལ་བསྟེན་ཡོད་པ་རེད།
མདོར་ན་ད་ནས་ང་ཚོས་ཤེས་རིག་དང་ལག་རྩལ་གྱིས་ཁ་གསོ་བ་ལས་ཞིང་ཁའི་ནང་དུ་ཚེར་མ་བཏབ། སྒོ་ཕྱུགས་ཚང་མ་བཤས་ཚོང་བྱས། རིག་གནས་དང་ལག་རྩལ་གང་ཡང་མ་བསླབས་པ་ཡིན་ན་ནམ་ཞིག་སྒོ་ཕྱུགས་དག་ཟད་པ་དང་མི་གེའི་འཆི་རྒྱུ་མ་གཏོགས་མེད། ཕར་ཐད་ཀར་ལྟས་ན་བཤས་ཚོང་ཞིག་བརྒྱབ་པ་ཡིན་ན་དེ་མ་ཐག་སྒོར་མོ་ཁྲི་ཁ་ཤས་རག་གི་རེད་དེ། ཕུགས་ལ་ལག་རྩལ་སྦྱངས་ནས་ལས་ཀ་ལས་ན་དེ་ཕན་ཐོགས་ཆེ། དེ་ཡང་ང་ཚོ་བོད་པ་ལྟ་བུ་ས་རྒྱ་ཆེན་པོ། མི་ཉུང་ཉུང་། གཏེར་ཁ་དང་ཐོན་ཁུངས་རྒྱ་ཆེན་པོ་ཡོད་པའི་མི་རིགས་ཤིག་གིས་བཤས་ཚོང་ཞིག་རྩ་བ་ནས་རྒྱག་དགོས་དོན་ཡོད་པ་མ་རེད། གོང་དུ་བཤད་པ་ལྟར་ཐ་ན་ཤིང་གི་འཛེར་ཐོ་རྐྱང་པ་བརྐོ་བཞོག་བྱས་བསྡད་ན་ཡང་ཁ་སོས་འགྲོ་གི་རེད།
ལག་རྩལ་གཞན་མ་ཤེས་ཀྱང་རྡོ་རྩིག་རྩིག་རྒྱུ། གྱང་རྡུང་རྒྱུ་སོགས་དང་། དེ་མིན་ལམ་ལས་ས་སོགས་སུ་ཨར་འདམ་གྱི་ལས་ཀ་མང་པོ་ཡོད་རེད་ལ་ཨར་འདམ་གྱི་ལས་ཀ་ལས་རྒྱུ་འདི་དག་ལ་མི་ཤེས་རྒྱུ་ཞིག་རྩ་བ་ནས་མེད་ན་ཡང་། ད་ལྟ་ང་ཚོར་མཚོན་ན་འདི་དག་ཚང་མ་རྒྱ་རིགས་ཀྱིས་ལས་ཀྱིན་ཡོད་པ་རེད། དེ་ཡང་རྒྱ་རིགས་ཤིག་གིས་ལས་ན་ཉིན་གླ་སྒོར་མོ་བརྒྱ་དང་བཞི་བཅུ་ལྔ་བཅུ་དགོས་པ་དང་། བོད་པ་ཞིག་གིས་ལས་ན་སྒོར་མོ་ལྔ་བཅུ་དྲུག་བཅུ་ལས་མི་ལོན་པ་རེད། ལས་ཀ་ལས་དགོས་པ་འདྲ་འདྲ་ཡིན་བཞིན་གོང་ཆེ་ཤོས་ལོན་ན་དེར་མི་དགའ་མཁན་སུ་ཡོད། ཁང་པ་ཞིག་ལས་དགོས་ན་ཡང་ཇུས་འགོད་བྱེད་རྒྱུ་སོགས་ལག་ཤེས་ཅུང་དཀའ་མོའི་རིགས་དེ་དག་ནི་རྒྱ་རིགས་ལས་བཟོ་བ་དེ་དག་གིས་ཀྱང་མང་ཆེ་བས་ཤེས་ཀྱི་མེད་པར་གཞན་ཞིག་གི་ཇུས་འགོད་ཟིན་པའི་རི་མོར་ལྟས་ནས་ལས་གིན་ཡོད་པ་ལས་དེའི་ནང་ན་ཤེས་མཁན་གཅིག་གཉིས་རེ་ལས་ཡོད་པ་མ་རེད།
བཀའ་སློབ་དུམ་བུ་གསུམ་པ།
དེ་བཞིན་གསེར་རྟ་ལྟ་བུར་མཚོན་ན་མཛུབ་མོ་ལ་སྐོན་རྒྱུའི་འཛུབ་དཀྲིས་ཤིག་ཡིན་ན་ཡང་བོད་པ་མགར་མཁན་མེད་པར་ཡུན་ནན་ནས་ཡོང་བའི་རྒྱ་རིགས་རྐྱང་པས་མགར་གྱིན་ཡོད་པ་རེད། ལྷ་སར་མཚོན་ན་ཡང་ཁྲོམ་བར་ན་མགར་བྱེད་གྱིན་ཡོད་པ་ཡོངས་རྫོགས་རྒྱ་ཁོ་ན་རེད། དེ་བཞིན་ཁྲིན་ཏུ་ན་ཡོད་པའི་བོད་ཀྱི་ས་གདན་ལས་སར་མཚོན་ན་ཉི་མ་རེ་རེ་བཞིན་ས་གདན་ཟོང་འཁོར་ཧ་ཅང་མང་པོ་སྐྱེལ་འདྲེན་བྱེད་གྱིན་ཡོད་པར་མ་ཟད། བོད་ཀྱི་ཅ་ལག་ཡིན་པས་དར་རྩེ་མདོ་དང་འབར་ཁམས་ལྟ་བུ་བོད་ཀྱི་ས་གནས་ཞིག་གམ། ཐ་ན་ཉག་རོང་རྫོང་ནས་འཐག་བཞག་ན་ཡང་ཆོག་གི་རེད་དེ། ཚང་མ་རྒྱ་རིགས་ཁོ་ནས་འཐག་གིན་ཡོད་པ་དང་། བོད་ཀྱི་སྤོས་ཀྱང་། དང་པོ་བོད་ཀྱིས་ལས་ཁུལ་བྱས་ན་ཡང་ད་ལྟ་རྒྱ་རིགས་ཁོ་ནས་ལས་ཀྱིན་ཡོད་པ་འདི་རེད། དེས་ན་འདི་རིགས་ཀྱི་ཐོག་ལ་བསམ་བློ་བཏང་ནས་འདི་དག་ལ་སློབ་སྦྱོང་མ་བྱས་ན་དཔལ་འབྱོར་ཡར་རྒྱས་འགྲོ་གི་མ་རེད་མི་ཟེར་བར་ཡིན་གཅིག་མིན་གཉིས་བཤས་མ་བཤས་ན་དཔལ་འབྱོར་ཡར་རྒྱས་འགྲོ་གི་མ་རེད་ཟེར་དགོས་པའི་རྒྱུ་མཚན་ཅི་རེད། ངས་བསམ་ན་སྐད་ཆ་འདི་ནོར་བ་རེད། གལ་ཏེ་དེ་ལྟ་སློབ་མཁན་ཞིག་ཡོད་ན་དེ་བསམ་ནག་གི་བསླབ་བྱ་ཞིག་གམ་བསམ་པ་ཕྱིན་ཅི་ལོག་གི་བསླབ་བྱ་ཞིག་རེད།
དེས་ན་བོད་ཀྱི་འཚོ་བ་སྐྱེལ་སྟངས་ཀྱང་ད་ཕན་ཆོད་བཤས་ཚོང་རྒྱག་རྒྱུ་མིན། དཔལ་འབྱོར་ཡར་རྒྱས་ལ་འགྲོ་རྒྱུ་ཡིན་ཞེས་པའི་སློབ་གསོ་འདི་གཏོང་དགོས། འདི་ཧ་ཅང་གལ་ཆེན་ཡིན།
འོན་ཀྱང་ང་ཚོས་ཁྲིམས་བཞག་ནས་འདི་ཆོག་དང་མི་ཆོག་ཟེར་རྒྱུ་མེད། རྒྱལ་ཁབ་ཀྱིས་ཀྱང་བཤས་ཟོག་མ་བཤའ་ཟེར་ནས་བསླབ་བྱ་རྒྱག་ཆོག་ཀྱང་བཤའ་མི་ཆོག་ཟེར་ནས་ཁྲིམས་འཇོག་མི་ཆོག་ཟེར་གྱི་ཡོད་པ་ཡིན་དུས་སློབ་གསོ་སྤྲོད་རྒྱུ་ཙམ་ང་ཚོའི་འོས་འགན་རེད།
མཆན་༥༦པ་ ཁྱེད་རང་གྲྭ་པ་དང་། ཨ་ནི་ཐེབས་ཆགས་རེ་བྱེད་བསམ་ན་ཁྱོད་རང་གི་རང་དབང་རེད། ང་ཚོ་གངས་ལྗོངས་པའི་ན་གཞོན་གསར་བ་དག་ནི་སློབ་གྲྭ་འགྲིམས་དགོས་ལ་ལུགས་མཐུན་གྱི་ཁེ་ལས་ཀྱང་གཉེར་དགོས། ཕྱི་རྒྱལ་པ་དག་སྔར་ནས་ཟླ་བའི་གོ་ལའི་སྟེང་ལ་ཡང་བསྐྱོད་ཚར་བ་རེད། ང་ཚོས་ད་རུང་མུ་མཐུད་དུ་གཡག་རྒན་ལུག་རྒན་དག་གི་རྨིག་རྗེས་སྙེགས་ནས་མི་ཚེ་གཟད་འདོད་མེད།
གོང་གི་བཀའ་སློབ་དག་བསམ་བཞིན་སྐུར་འདེབས་བྱེད་མཁན་གྱི་དམིགས་ཡུལ་ངེས་ཅན་ཡོད་མཁན་ལས་གཞན་པའི་དྲ་གྲོགས་དག་ལ་ཐུགས་ཕན་ལེགས་པོ་སོས་རྒྱུའི་རེ་བ་ཡོད།
གོང་གི་བཀའ་སློབ་འདི་ཉིས་སྟོང་བཅུའི་ལོའི་བཀའ་སློབ་རེད།
འདི་ཁོང་གི་སྐབས་དེའི་བཀའ་སློབ་ཀྱི་ཟུར་གཅིག་རེད།
ཁོང་གི་བཀའ་སློབ་འདི་ལས་ཁོང་གིས་རྒྱ་ནག་གི་དགོས་འདུན་སྒྲུབ་ཀྱིན་འདུག་གམ་བོད་ཀྱི་དགོས་འདུན་སྒྲུབ་ཀྱིན་འདུག
ཁོང་གིས་ཆོས་དང་དུས་ཀྱི་ལྡོག་ཕྱོགས་སུ་འགྲོ་བ་ཞིག་བཤད་ཀྱིན་འདུག་གམ་དུས་ལས་ཡོལ་བ་མེད་པའི་སྐད་ཆ་ཞིག་བཤད་ཀྱི་འདུག་དྲ་གྲོགས་གཟི་བོར་གནས་པ་དག་གིས་ཞིབ་ཏུ་བརྟག་པར་མཛོད་ཅིག་གུ