ཟིན་བྲིས་པ། ཁྲོཾ་ནོར་བཟང་།
མ་གཞི་སྤྲུལ་སྐུ་ཟེར་བ་འདིའི་ནང་དུ་ལོ་རྒྱུས་ཀྱི་སྟེང་དུ་ཡིན་ན་འདྲ། མ་ཟད་དེང་སྐབས་སྙིགས་མའི་དུས་ཡིན་རུང་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་པས་ཚང་མ་སྡུག་པོ་མ་རེད། ང་སྒེར་ལ་མཚོན་ནའང་དད་པ་ཡོད། དེར་བརྟེན་ངས་སྤྲུལ་སྐུ་ཡོད་ཚད་པོ་སྡུག་པོ་རེད་ཟེར་བ་མིན། འོན་ཀྱང་ལམ་ལུགས་འདིས་ང་ཚོ་ཆེན་པོ་ཞིག་བརྫད་འདུག མ་ཟད་རྣམ་པ་ཚོས་གཟིགས་དང་མ་འོངས་པ་ནའང་ལམ་ལུགས་འདིས་དེ་ལས་ཀྱང་རྙོག་དྲ་མང་པོ་ཕུད་ངེས་པ་ཡིན། དེ་ཡང་དེང་སང་གི་དགོན་པ་དག་གི་ནང་དུ་མི་གཞན་ལ་བཤད་ནའང་ཁ་ལེན་དང་ཚིག་བརྩི་ཡོད་པ། རང་གི་ངོས་ནས་ཀྱང་མི་ཞིག་ལ་བཤད་ན་ལོས་བཤད་བསམ་རྒྱུའི་མི་དེའི་རིགས་ཇེ་བས་ཇེ་དཀོན་རེད། དེ་བས་འདིའི་རིགས་ལ་ཅུང་ཙམ་བཤད་དགོས་ནའང་དཀའ་མོ་ཡིན་པ་རེད། ཁྱད་པར་དུ་འདིའི་རིགས་ལ་ཅུང་ཙམ་བཤད་ན་ཡང་ཁ་ཟེར་བ་སོགས་འབྱུང་ངེས་ཤིང་། འདྲ་མིན་མང་པོ་བྱེད་འོང་བས་ལུས་སྲོག་ལ་བསྡོས་ཏེ་བསྟན་པར་གཅེས་ནས་སྨྲ་ཐུབ་མཁན་ཡང་དཀོན་མོ་རེད།
དེ་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་མི་བདེན་ཞིང་། དམ་པའི་ཆོས་མི་བདེན་ཞེས་བཤད་ན་རང་ལ་ཅུང་ཙམ་འོང་བསམ་སྟེ་སྨྲ་མཁན་མང་ཙམ་འདུག་ཀྱང་དངོས་གནས་བསྟན་པའི་དོན་འདི་འདྲའི་རིགས་ལ་རང་རང་གི་གནད་དོན་དང་འཕྲད་འོང་སྐབས་ཟེར་ཐུབ་མཁན་ཡང་དཀོན་མོ་རེད། གལ་ཏེ་ཕྲན་བུ་རེ་བཤད་ཀྱང་དེ་ཡང་ཨེན་ཙམ་སྐྱོན་ས་མ་རེད་བསམ་པའི་སྐབས་མ་གཏོགས་དངོས་གནས་གནད་ལ་ཐུག་དུས་རྒྱང་བཀྱེད་དེ། འཇམ་འགྲོ་བ་དེ་འདྲ་ལས་ཅི་ཡང་མི་འདུག དེའི་རྐྱེན་གྱིས་ཁ་སང་དེ་རིང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་དྲྭ་སྟེང་དུ་ཆོས་ལོག་པ་ཟེར་ནས་གྲངས་ཀ་ཞིག་བརྩིས་འདུག དེ་ཡང་ཕྱིན་ཅི་ལོག་པའི་ཆོས་སྤེལ་མཁན་གྱི་རིགས་ལ་ཟེར་བ་རེད། གྲངས་ཀ་དེའི་ནང་ནས་གཅིག་ནས་འགོ་བཟུང་སྟེ་མར་བརྩིས་ན་ཉི་ཤུ་སུམ་ཅུ་ཡས་མས་ཤིག་ཅིག་ཅིག་རིན་པོ་ཆེ། ཉིས་ཉིས་རིན་པོ་ཆེ། དེ་བཞིན་ཅིག་ཅིག་ཆོས་རྗེ་སོགས་བོད་ཀྱི་མིང་བཏགས་ཡོད་པ་རྒྱས་མཚོན་མི་རིགས་གཞན་པ་རྐྱང་བ་ལས་བོད་གཅིག་ཀྱང་མི་འདུག
དེ་ཡང་གཞན་པ་དག་གིས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་བེད་སྤྱོད་བཏང་སྟེ་བྱ་བ་འདྲ་མིན་བསྒྲུབ་འོང་གིན་འདུག འོན་ཀྱང་མཐའ་གཞུག་ཁོང་ཚོའི་ལས་ཀ་འདྲ་མིན་བྱས་པའི་མཇུག་འབྲས་ཡོད་དོ་ཅོག་བོད་ཀྱི་ཆོས་ལུགས་ཏེ། བསྟན་པ་དངོས་མ་འདིའི་སྟེང་དུ་ལྷུང་འོང་གིན་འདུག་ལ། འདིའི་མགོ་རུ་བརྩིས་བརྡ་བྱེད་འོང་གིན་འདུག དེ་ཡང་ཁོང་ཚོས་བྱ་བ་དེ་ལྟར་བྱེད་རྒྱུའི་ཕུགས་སྤྲུལ་སྐུའི་ལམ་ལུགས་འདི་ལ་ཐུག་འདུག གལ་ཏེ་ང་ཚོས་རིན་པོ་ཆེ་དང་སྤྲུལ་སྐུའི་མིང་མ་བཏགས་པར་རང་བཞིན་གྱི་རྒྱ་རྒན་ཞིག་མར་སོང་ནས་ཁོ་རང་ཅིག་ཡིན་སྨྲས་ནའང་སུ་ཡང་ཡིད་ཆེས་བ་མ་རེད།
གཅིག དངོས་གནས་དྲང་གནས་ཡང་ན་སྤྲུལ་སྐུའི་ལམ་ལུགས་འདི་རྩ་བ་ནས་མེད་པར་བྱས་ན་དགའ་ས་འདུག དེའང་ལམ་ལུགས་ཡོད་རུང་མེད་རུང་སངས་རྒྱས་བྱང་སེམས་ཀྱིས་འགྲོ་དོན་མཛད་འོང་བ་རེད། བོད་ལའང་ཀརྨ་པ་སྐུ་ཕྲེང་དང་པོ་ཚུན་ཆད་མ་གཏོགས་དེའི་གོང་དུ་སྤྲུལ་སྐུའི་ལམ་ལུགས་མེད་ཀྱང་བསྟན་པ་ཧ་ཅང་དར་འདུག་པ་ལྟ་བུ་རེད། དེར་བརྟེན་འདི་ངེས་པར་དུ་ཡོད་དགོས་པ་ཞིག་མ་རེད།
གཉིས། ཡང་ན་འདི་སྒྲ་དག་སྒྲོས་གཙང་། ཚད་དང་ལྡན་པ་ཞིག་བྱེད་རྒྱུས་དགའ་འདུག་མ་གཏོགས་འདི་ཡོད་ཅིང་། གཙང་མ་ཞིག་མ་འོང་ན་གནོད་པ་ཧ་ཅང་ཆེན་པོ་རེད། འདི་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་འདིའི་མགོ་རྩ་བ་ནས་འདེགས་ཐབས་མེད་པར་བྱེད་འགྲོ་བར་འདུག དེ་བཞིན་ཁྱེད་རྣམ་པས་ཡར་མར་ལ་ལྟོས་དང་ང་ཚོའི་དགོན་པ་དག་གིས་ཇི་ལྟར་བྱེད་ཀྱིན་འདུག་གམ། དཔེར་ན་ཕ་རྒན་ཤི་སོང་ན་དེའི་བུའི་བུ་ཕ་ཡི་སྤྲུལ་སྐུ་ཡིན་ཟེར་བ་དང་། འཇོན་ཐང་ཏིལ་གྱི་འབྲུ་མ་ཙམ་མེད་ཀྱང་རང་གི་བུ་རྒྱུད་དང་ཚ་བུ་ཚ་མོ་སོགས་ལམ་སེང་སྤྲུལ་སྐུ་ཡིན་ཟེར་འོང་བཞིན་འདུག་ཨ། མ་ཟད་བླ་རྒན་དག་མ་ཤི་གོང་ནས་ཉེ་རྩའི་ངོར་བལྟས་ཏེ་གན་སྤྲུལ་སྐུ་ཡིན། འདི་སྤྲུལ་སྐུ་ཡིན་ཟེར་འོང་གིན་འདུག་ཨ། འདི་དག་ཡང་སྙིང་དཔལ་འབྱོར་གྱི་ཁེ་ཕན་ལ་ཐུག་ནས་ཡོད་པས་གཏམ་དཔེར་“གཏོར་མ་རང་ཁྱིའི་སྔོན་”ཟེར་བ་ལྟར་སྤྲུལ་སྐུའི་མིང་འདི་གཞན་ཞིག་ལ་འདོགས་ངེས་ཅན་ཡིན་པས་དེ་བས་ངེད་ཚང་གི་མི་ཞིག་ལ་བཏགས་བཞག་ན་རྗེས་སུ་སྒོར་མོ་འགའ་རེའི་འོང་འབབ་ཡོད་པ་རེད་བསམ་པས་མིན་ན་ཅི་ཞིག་རེད་དམ། དོན་འདི་ནི་ཅི་འདྲའི་མི་གླེན་པ་བླུན་པོ་ཞིག་གིས་བསམ་བློ་བཏང་ནའང་དེ་འདྲ་རེད་ཨ། དེས་ན་ལམ་ལུགས་འདིས་འུ་ཚོའི་ནང་ནས་ཀྱང་ཕམ་ཁ་ཁུར་འོང་བཞིན་ཡོད་པ་རེད། མ་ཟད་གཞན་པ་དག་གིས་ཀྱང་བེད་སྤྱད་དེ་ཁ་སང་དེ་རིང་འཛམ་གླིང་ན་མིའི་མགོ་སྐོར་མཁན་ཨང་དང་པོ་དེ་ཚོ་བོད་ཀྱི་སྤྲུལ་སྐུའི་མིང་ཐོག་ནས་མགོ་སྐོར་བྱེད་ཀྱིན་ཡོད་མཁན་དེ་དག་རེད། གལ་ཏེ་ཁྱེད་ཅག་གིས་བདེན་ལ་མི་འཛིན་ན་ཡར་མར་བལྟས་ཏེ་ཉན་ཙམ་གྱིས་དང་གོ་འོང་བ་རེད།
གོང་དུ་བཤད་པ་ལྟར་ཚང་མའི་མིང་གི་མཇུག་ཏུ་རིན་པོ་ཆེ་དང་ཆོས་རྗེ་ཟེར་རྒྱུ་མེད་ས་གཅིག་ཀྱང་མི་འདུག ད་ཅིའི་ཆོས་ལོག་ཡིན་ཟེར་ནས་བགྲང་ཡོད་པ་དེ་དག་གི་འགོ་ནས་ཉི་ཤུ་སུམ་ཅུ་ཞིག་མེད་རུང་བཅུ་བཞི་བཅོ་ལྔ་ཙམ་ཡོད་སེམས་ཐག་རེད། དེ་དག་གི་ནང་དུ་བོད་གཅིག་ཀྱང་མེད་ཅིང་། བོད་ཀྱི་མིང་བཏགས་ཏེ་བོད་ཀྱི་སྤྲུལ་སྐུ་ཡིན་ཁུལ་བྱེད་ཀྱིན་ཡོད་པ་དེ་འདྲ་རེད། དེ་དག་ཀྱང་འགའ་རེ་བོད་ལ་འབྲེལ་བ་གཏན་ནས་མེད་ཀྱང་རང་གིས་དེ་ལྟར་བཟོས་འོང་བ་ཡིན་ཞིང་། ལ་ལས་བོད་ཀྱི་བླ་རྒན་དག་གི་ལག་ནང་དུ་སྒོར་འགའ་རེ་བཞག་པས་སྤྲུལ་སྐུའི་མིང་བཏགས་བཞག་པ་དེ་འདྲ་རེད་འདུག་ཨ། དེང་སང་ཁྱེད་རྣམ་པས་ཀྱང་ཡར་མར་ཀུན་ལ་དགག་པ་རྒྱག་ཁུལ་བྱེད་ཀྱང་། ངོ་མ་དགག་པ་བཏང་ན་འདི་འདྲ་ལ་གཏོང་དགོས་པ་ལས་སངས་རྒྱས་ཤཱཀྱ་ཐུབ་པ་དང་། དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱིས་མཚོནརྒྱན་དྲུག་མཆོག་གཉིས་སོགས་ཀྱི་ཤེས་རབ་འབུམ་དུ་གཏུབ་པའི་ཆ་གཅིག་ཀྱང་མེད་པས་དེ་དག་ལ་དགག་པ་གཏོང་རྒྱུ་ཡིན་ཟེར་ན་ངོ་ཚ་བྱེད་ལས་ཅི་ཡང་མི་འདུག དེས་ན་འདི་དག་ལ་འདང་བརྒྱབ་སྟེ་གཟབ་གཟབ་བྱེད་དགོས་པ་རེད་མ་གཏོགས་བསྟན་པ་འདི་ལྟར་བྱས་ནས་མེད་པར་འགྱུར་འགྲོ་བ་རེད།ངས་ཡིན་གཅིག་མིན་གཅིག་གིས་རྩ་མེད་དུ་གཏོང་དགོས་ཟེར་བཞིན་མེད། ད་ལྟ་བཤད་པ་ལྟར་ཡང་མིན་ན་འདི་ཚད་དང་ལྡན་པ་ཞིག་བྱེད་དགོས་ཀྱིན་འདུག ཡང་མིན་ན་གཞི་ནས་མེད་པར་བྱེད་དགོས་པར་འདུག་ཟེར་བ་ཡིན། དེ་གཉིས་གང་རུང་མིན་ན་ཕྱི་ནང་གི་བསྟན་པ་མཐའ་དག་འདིས་བཤིག་པར་མ་ཟད་མ་འོངས་པ་ན་རྙོག་དྲ་དེ་བས་ཆེ་བ་ཞིག་བསླང་འོང་ས་རེད།
གསུམ། གལ་ཏེ་ལམ་ལུགས་འདི་མེད་པ་བྱེད་རྒྱུ་མིན་ལ། ཚད་ལྡན་ཡང་བྱེད་རྒྱུ་མིན་ཞིང་། མུ་མཐུད་ནས་འདི་ལྟར་འཇོག་རྒྱུ་ཡིན་ཟེར་ན་དེས་ན་ཁྱེད་ཅག་གིས་མིང་ཅི་འདྲ་ཞིག་འདོགས་འདོད་རུང་ཐོགས། ཡིན་ཡང་ང་ཚོ་བོད་མི་དམངས་དང་རྒྱ་ཆེའི་དགེ་འདུན་པའི་སྡེས་འདི་ལ་ཡིད་ཆེས་དང་དད་པ་མི་བྱེད་ཟེར་བ་ཡིན། ལམ་ཁ་འདི་གསུམ་པོ་གང་རུང་ཞིག་ཏུ་འགྲོ་དགོས་ཀྱིན་འདུག་མ་གཏོགས་འདིས་ང་ཚོ་ལ་རྙོག་དྲ་མང་པོ་ཕུད་འོང་། མདོར་ན་ཁྱེད་ཅག་གིས་ཡང་མིན་ན་འདི་རྩ་བ་ནས་མེད་པར་བྱོས་ཤོག ཡང་མིན་ན་གནའ་སྔ་མོ་སྟེ། སྤྱི་ཚོགས་རྙིང་བའི་དུས་སྐབས་ལྟར་ཡག་པོ་ཞིག་བྱོས་ཤོག གལ་ཏེ་ལམ་ཁ་གཉིས་པོ་གང་གི་ནང་དུའང་གཏན་ནས་མི་འགྲོ་ཟེར་ན། དེས་ན་ཁྱོད་ཀྱིས་མིང་ཅི་འདྲ་ཞིག་འདོགས་བསམ་རུང་ཐོགས། ང་ཚོས་རྩ་བ་ནས་ཡིད་ཆེས་མི་བྱེད་ཟེར་བཞིན་ཡོད། ང་ཚོ་ཡིད་ཆེས་དང་མི་ཆེས་ང་ཚོ་རང་གི་གནད་དོན་ཡིན་ཕྱིན་སུ་གཅིག་ལའང་ཐེ་གཏོགས་མི་བྱེད་ཅེས་བཤད་ན་དེས་དགའ་བར་འདུག་དྲན་གྱིན་ཡོད། འོན་ཏེ་གོང་དུ་བཤད་པ་ལྟར་ངས་གཙོ་བོ་འདིའི་ལམ་ལུགས་དེ་ལ་ཟེར་བཞིན་ཡོད་པ་ལས་སྤྲུལ་སྐུའི་མིང་ཡོད་མེད་མི་གང་གི་ནང་དུ་ཡིན་ཡང་གང་ཟག་བསམ་གྱིས་མི་ཁྱབ་པ་ཡོད་པས་གང་ཟག་གི་ཚོད་བཟུང་སྟེ། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་སྐུ་ཞིག་མི་འདུག་ཟེར་བཞིན་མེད་ཅིང་། དེར་མ་ཟད་སྦྱོར་ལམ་བཟོད་པ་ཡན་ཆད་ལ་གནས་པའི་གང་ཟག་ཅིག་ཡིན་རུང་སྐྱེ་བ་ཕྱི་མར་གཞན་དང་མི་འདྲ་བ་ཞིག་ཡོད་པ་རེད། དེ་ཙམ་ཞིག་ངས་ཧ་གོ་གིན་ཡོད་ཟེར་བ་ཡིན། འོན་ཏེ་ལམ་ཁ་དེ་གསུམ་གྱི་ནང་དུ་མ་སོང་ན་ཅུང་ཙམ་འགྲིག་གིན་མི་འདུག་གོ།
དེ་ཡང་བྱང་ཆུབ་ཀྱི་སེམས་སོགས་རྒྱུད་ལ་ཡོད་ན་སྤྲུལ་སྐུ་ཡིན་ཞེས་ཟེར་དགོས་པ་མ་རེད་ལ། དཔོན་པོ་ཡིན་ཡང་ཟེར་དགོས་པ་མ་རེད།མ་ཟད་མཁན་པོ་ཡིན་སོགས་ཅི་ཡང་ཟེར་དགོས་པ་མ་རེད། དེས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པ་རེད། དེ་མིན་ད་ཅིའི་བཤད་སྟངས་བྱས་པ་ཡིན་ན་བོད་ཀྱི་བསྟན་པ་ཅི་ཡང་མེད་རྒྱུར་འགྱུར་འགྲོ་བ་རེད། གསང་སྔགས་བླ་མེད་ཀྱི་ཆོས་འདི་ང་ཚོ་བོད་བརྒྱུད་ནང་བསྟན་ལ་མ་གཏོགས་འཛམ་གླིང་གི་ནང་བསྟན་གང་གི་ནང་དུའང་ཡོད་པ་མ་རེད། དེ་ཡང་འདིའི་ནང་དུ་སྦྱོར་བ་དང་སྒྲོལ་བ། དེ་བཞིན་ལྟ་བ་ཟབ་མོ། སྤྱོད་པ་བརླིང་པོ་ཡོད་པ་ལ་ཕྱོགས་གཅིག་ནས་གཞན་གྱིས་གོ་བ་ཡག་པོ་ཞིག་ལེན་མི་ཐུབ། ཕྱོགས་གཞན་ཞིག་ནས་གཞན་གྱིས་རང་གི་འདོད་ཆགས་ཞེ་སྡང་གཏི་མུག་གི་བྱ་བ་སྒྲུབ་བྱེད་བྱས་ཏེ་བེད་སྤྱོད་ཕྱིན་ཅི་ལོག་པ་བྱས་པས་འཛམ་གླིང་གི་དངོས་གཙོ་དང་ལྷ་མེད་སྨྲ་བ་དག་ལྟ་ཅི་ཐ་ན་ནང་བསྟན་ལ་དད་པ་བྱེད་མཁན་མང་པོ་ཞིག་གིས་བོད་ཀྱི་ཆོས་ལུགས་དེ་ཆོས་ལོག་རེད་སེམས་ཀྱིན་ཡོད་པ་རེད། དེ་ཡང་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་མ་ཡིན་པར་སེམས་གཏིང་ནས་དེ་ལྟར་དྲན་གྱིན་ཡོད་པའོ།།
གསལ་བཤད། རྒྱུགས་སྤྲོད་ལ་ཁེལ་ནས་དུས་ཚོད་ཀྱི་ཁོམ་ལོང་མེད་ཀྱང་དོན་ཆེན་དུ་མཐོང་སྟེ་དྲྭ་ལམ་གྱི་སྒྲ་ཚན་ཐུང་ངུ་ཞིག་ལས་འགྲོས་མྱུར་གྱི་ངང་ཟིན་བྲིས་སུ་ཕབ་པས་ནོར་འཁྲུལ་ཡོད་ཚེ་དགོངས་ཡངས་གནང་བར་ཞུ། མ་ཟད་ཚིག་གོང་འོག་ཅུང་ཙམ་རེ་དཀྲུག་ནས་ཡོད་ཕྱིན་དོན་རྟོགས་མི་ཐུབ་པ་དེ་འདྲ་ཡོད་ཚེ་ཐད་ཀར་མཁན་ཆེན་གྱི་གསུང་ལ་གསན་པར་ཞུའོ།
ཁྲོཾ་ནོར་བཟང་གིས་༢༠༡༦/༡༢/༡༩ ཉིན།
རྗེས་སུ་ཡིད་རངས་ངོ་ཐུགས་རྗེ་ཆེ་བཀྲིན་ཆེ་།
ཁྲོྃ་ནོར་བཟང་ལགས། ཐུགས་རྗེ་ཤིན་ཏུ་ནས་ཆེ། དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ། ཞེས་པ་ལྟར། མཁན་པོ་མཆོག་ཐུགས་འཚབ་གནང་བ་བཞིན་ནང་བསྟན་ལ་གོ་བ་ཡོད་མཁན་ཚང་མར་སེམས་འཚབ་དེ་འདྲ་བ་ཞིག་བྱེད་དགོས་པའི་དུས་ལ་སླེབས་འདུག ལམ་སྲོལ་དེ་སྤྱི་ཚོགས་ནང་གོམས་གཤིས་སུ་འཇགས་ཡོད་པར་བརྟེན་མེད་པ་བཟོ་རྒྱུ་དཀའ་མོ་ཞིག་ཡིན། འོན་ཀྱང་སྤྱི་ཚོགས་ནང་ནང་བསྟན་གྱི་ཆོས་པ་ངོ་མའི་བསམ་སྤྱོད་ཇི་ལྟར་དགོས་པ་དེ་ཡང་ནས་ཡང་དུ་ངོ་སྤྲོད་གསལ་པོ་ཞིག་གནང་ཐབས་བྱུང་ན་རྫུན་མ་ཐམས་ཅད་སྡོད་ཐབས་མེད་ཅིག་ཡོང་སྲིད། དེས་ནང་བསྟན་གྱི་དོན་ངོ་མ་ཞིག་སྤེལ་ཐབས་ཆེ་བ་བསམ། བཀྲིས་བདེ་ལེགས།
་་་་་་་་་་་ལུས་སྲོག་ལ་བསྡོས་ཏེ་བསྟན་པར་གཅེས་ནས་སྨྲ་ཐུབ་མཁན་ཡང་དཀོན་མོ་རེད། ་་་་་་་་་་
དང་པོ
རྒྱ་ཡི་ཆོས་ལུགས་མཐུན་ཚོགས་དྲྭ་ཐོག་ཡོད་པས་ཡང་དག་པར་ཞིག་ཡིན་དགོས་པའི་མཚན་ཉིད་དང་མཚན་གཞི་ཡོད་དམ
གཉིས་པ །
ཚུལ་བློ་བཤད་པ་ཙམ་གྱི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཡིན་ནམ་མིན་ནང་བསྟན་རིག་པ་བས་སུ་ཀྱང་རྗེས་དཔག་གམ ?
གསུམ་པ །
ཁྲོམ་མིང་ཅན་དེའི་དུས་ཚོད་མེད་བཞིན་དུ་སངས་རྒྱས་པའི་བསྟན་པ་དར་ནས་ལོ ༢༥༦༠ དེ་གང་ཟག་གང་རུང་དང་བོད་སྤྲུལ་ཆེད་དེ་ལས་ཀྱང་མ་ཡིན་ནོ །།
མཁན་ཆེན་ཚུལ་བློའི་གསུང་དེ་བདེན་མོད། ལུས་སྲོག་ལ་བསྡོས་ཏེ་བསྟན་པ་གཅེས་ནས་སྨྲ་ཐུབ་མཁན་ཞིག་ཡིན་ན་དེ་འདྲའི་ཆོས་ལོག་སྤེལ་མཁན་བོད་རིགས་སུ་ཡིན་དང་། བོད་རིགས་མིན་ནའང་དེ་དག་ལ་སྒོར་གྱི་ཆེད་སྤྲུལ་སྐུའི་མིང་འབྱིན་མཁན་གྱི་བོད་རིགས་སུ་ཡིན་དེ་དག་གི་མིང་དང་བཅས་ཐེར་འདོན་གནོངས་དང་ཁ་བཤད་དོན་ལ་གནས་པར་སེམས། དེ་མིན་མུན་ནག་མདའ་འཕེན་བྱེད་པས་ཕན་ལས་གནོད་ཆེ།
བླ་རུང་སྒར་གྱི་མཁན་ཆེན་ཞིང་གཤེགས་འཇིགས་མེད་ཕུན་ཚོགས་མཆོག་གི་སློབ་མ་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་སོགས་བསྟན་པ་ལ་བྱ་བ་བྱེད་པ་མང་པོ་འདུག་པས་རྗེས་སུ་ཡི་རངས་ཡོད།
༅༅། སྤྲུལ་སྐུ་ཞེས་པ་དེས་་་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་དང། འགྲོ་བ་སེམས་ཅན་ཀུན་ལ་
ཡང་དག་པའི་ཕན་ཐོགས་ཡོང་གི་ཡོད་དང་མེད་འདི་རེད། དེ་མ་ཡིན་པ་མདོ་སྔགས་ཀྱི་གཞུང་ལུགས་
ཅི་ཡང་མ་རྟོགས་པར་གཞན་ལ་ཇི་ལྟར་བཤད་ཐུབ།
ད་བར་མང་པོ་ཞིག་ནི་་དབང་སྣོན་ཆོས་ཀྱི་རྗེས་འབྲངས་མིན་པ།
དབང་སྣོན་་དད་པའི་རྗེས་སུ་འབྲངས་པ་ཤ་སྟག་རེད་སྙམ།
རྒྱ་ཁྱི་ཚུལ་བློས་བཤད་པར་ཡིད་ཆེས་གཏན་ནས་མེད། མི་ངན་དེའི་ཁ་ནས་དེ་འདྲ་བཤད་ཀྱང་། དེའི་རྒྱབ་ལོགས་ན་ཁོ་ལ་དམིགས་ཡུལ་གཞན་པ་ཡོད་ངེས་ཡིན། དེ་ང་ཚོས་ཤེས་ཟིན་པ་རེད།