༼སྔ་འགྱུར་རྙིང་མའི་བཤད་གྲྭ་ཁག་གི་བསླབས་གནས་ལམ་ལུགས་ལེགས་བཅོས་དང་འབྲེལ་བའི་བསམ་ཚུལ༽
རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ། །
ས་གཞི་འདི་དང་སྤྱི་ཚོགས་ཧྲིལ་པོ་འདི་ཧ་ཅང་མྱུར་བའི་སྒུལ་ཤུགས་ཀྱི་འཕོ་བསྐྱོད་དང་བསྡོངས་ནས་འགྱུར་གྱིན་ཡོད་པའི་དུས་ཚོད་འདིར་སུ་ཡང་དེའི་ཤུགས་རྐྱེན་ལས་གཡོལ་མི་ཐུབ་པ་ཡིན། འགྱུར་བ་འདི་དག་གིས་ང་ཚོ་ལ་དཀའ་ངལ་འཕར་མ་ཧ་ཅང་མང་པོ་ཞིག་སྤྲོད་རྒྱུ་གཏན་ཁེལ་ན་ཡང་། ཕྱོགས་གཞན་ཞིག་ནས་གོ་སྐབས་ཀྱང་མང་པོ་ཞིག་སྤྲོད་ཀྱིན་ཡོད། དེ་ནི་དཔེར་ན། བརྡ་འཕྲིན་བསྡུ་ལེན་དང་འགྲུམ་འགྲུལ་འགྲོ་འོང་། རིག་གནས་དང་བསམ་བློ་ནང་འདྲེན་གྱི་མཐུན་སྦྱོར་ལྟ་བུ་ཡིན། སྣང་ཚུལ་འདི་རིགས་ཀྱིས་ང་ཚོའི་བློ་སྒོ་འབྱེད་པར་བྱེད་ཅིང་། དེ་ཉིད་རང་གི་རིག་གནས་སྲུང་འཛིན་གྱི་སྒུལ་ཤུགས་སུའང་འགྱུར། མིག་དཔེ་གཞན་ལ་བརྟེན་ནས་རང་ཉིད་ཀྱི་རིག་གཞུང་གི་གནས་སྟངས་ལ་ལེགས་པའི་བཅུད་འཁོ་འདོན་བྱས་ཏེ། རྒྱུན་མི་འཆད་པར་གསོན་ཤུགས་སྦྱིན་པར་བྱས་ཐོག་རིག་གནས་གཞན་དག་གི་འཕེལ་རྒྱས་ཀྱི་འགྲོ་སྟངས་དང་དཔུང་པ་མཉམ་གཤིབས་བྱེད་དགོས། དེ་ནི་གནད་འགག་ཡིན། ངས་ལྟ་སྟངས་འདིའི་ཐོག་ནས་ང་ཚོ་སྔ་འགྱུར་རྙིང་མའི་བཤད་གྲྭ་ཁག་གི་བསླབས་གནས་ཀྱི་རིམ་པ་དབྱེ་སྟངས་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་གཅིག་གཉིས་ཤིག་གི་ཐོག་ལ་བསམ་ཚུལ་ཞིག་འདོན་རྒྱུ་ཡིན།
ང་ཚོས་མིག་སྔའི་སློབ་གཉེར་ལམ་ལུགས་ལེགས་བཅོས་ཁྲོད་ཀྱི་ཐུགས་སྣང་དགོས་ངེས་ཀྱི་གནད་དོན་ཞིག་ནི་བཤད་གྲྭ་ཁག་གི་བསླབས་གནས་ཀྱི་རིམ་པ་དབྱེ་ལུགས་དང་། མཚན་གནས་སྤྲོད་ཕྱོགས་སོགས་ཀྱི་སྐོར་ཡིན། འདི་ང་ཚོས་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་སྔར་ལས་ལྷག་པའི་ཤུགས་བསྣན་ཏེ། མཐུས་སྒོ་ཚང་བའི་ཕྱོགས་སུ་ལེགས་བཅོས་བྱེད་དགོས། འོན་ཀྱང་དེ་ནི་གང་ཟག་གཅིག་གཉིས་ཤིག་དང་དགོན་པ་གཅིག་དང་གཉིས་ཤིག་གིས་སྒྲུབ་ཐུབ་པ་ཞིག་མ་རེད། ད་ལྟའི་གནས་བབ་ཀྱི་དབང་དུ་བཏང་ན་གྲུབ་མཐའ་ཁག་ཚང་མས་གཅིག་གྱུར་ཀྱི་གཏན་འབེབས་ཤིག་ཡོང་རྒྱུར་དེ་བས་ཀྱང་བར་ཐག་ངེས་ཅན་འདུག
བོད་ཀྱི་ཆོས་བརྒྱུད་ཁག་གི་ནང་ནས་རི་བོ་དགེ་ལུགས་པ་ཁོ་ནར་འདིའི་ཐད་སྤྱིའི་ཆ་ནས་ང་ཚོའི་མིག་དཔེར་འོས་པའི་སློབ་གཉེར་དང་། བསླབས་གནས་རིམ་འཕར་དང་དཔང་འཁྱེར་གྱི་ལམ་ལུགས་ཡག་པོ་ཡོད།
སྔ་འགྱུར་གྱི་ཕྱོགས་འདིར་མཚོན་ན། ད་ཡོད་བསླབས་གནས་ཀྱི་ལམ་ལུགས་ལེགས་བཅོས་དང་ཁ་སྣོན་གྱི་ལམ་ནས་གཅིག་གྱུར་རང་བཞིན་དང་། ཚད་འཛིན་རང་བཞིན་ཆེས་ཆེར་ལྡན་པའི་ལམ་ཕྱོགས་འཐུས་སྒོ་ཚང་བ་ཞིག་ངེས་པར་གཏན་གཏན་འབེབས་ཐུབ་དགོས་ཤིང་། དེ་ནི་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཁོ་ནས་རང་ཉིད་ཀྱི་དངོས་ཡོད་ཀྱི་ནུས་པ་དང་ཆེ་མཐོང་ལ་བརྟེན་ནས་གནང་ཐུབ་པ་ཞིག་རེད། དེས་ན་སྒར་དེ་ཉིད་ཀྱི་ཆེས་མཐོའི་སློབ་སྟོན་ཁང་གིས་གཙོ་འགན་འཁུར་བའི་ཁར། བོད་ཕྱི་ནང་དང་ཧི་མ་ལ་ཡའི་ལྗོངས་ཀྱི་འབྲུག་དང་བལ་པོ་བཅས་ཚུད་པའི་སྔ་འགྱུར་གྱི་བཤད་སྒྲུབ་ཀྱི་བསྟི་གནས་ཁག་ཆེན་པོ་དག་གི་སྐུ་ཚབ་ཀྱི་གྲུབ་ཆ་ལྡན་པའི་ཆེས་མཐོའི་སློབ་གཉེར་ལྷན་ཚོགས་ཀྱིས་འདིའི་ཐད། ཉམས་ཞིབ། བགྲོ་གླེང་། གོ་བསྡུར་བཅས་བརྒྱུད་ནས་གཏན་འབེབས་ལས་དོན་གྱི་རྐང་འགན་འཁུར་འོས།
དུས་མཚུངས་གཏན་འབེབས་ཀྱི་གྲུབ་དོན་ཁག་སྔ་འགྱུར་གྱི་བཤད་གྲྭ་ཡོངས་ཀྱིས་གཅིག་གྱུར་གྱིས་དང་ལེན་གནང་རྒྱུ་དེ་བསྟན་པ་སྤྱི་ལ་གལ་ཆེ་བ་ཡིན་པས་བཤད་གྲྭ་སོ་སོའི་ངོས་ནས་ཀྱང་ཨ་བྲའི་ཁྱག་ཚད་ཀྱི་འཇག་མའི་དཔེ་ལྟར་གནང་དགོས། དེ་གྲོས་ཆོད་ལག་ལེན་དུ་བསྟར་བའི་གོམ་པ་དངོས་རེད།
ལོ་སྔ་མར་རྒྱལ་བསྟན་དར་སྤེལ་ཚོགས་པས་གོ་སྒྲིག་འོག་མདོ་ཁམས་ཨ་རིག་ཆོས་སྒར་དུ་རྫ་ཆུ་ཁའི་རྙིང་དགོན་ཡོངས་རྫོགས་མཉམ་ཞུགས་ཀྱིས་རྒྱུགས་སྤྲོད་ཚོགས་ཆེན་ཚུགས་ཡོད་པ་དང་། དེ་ཡང་གཟུ་དཔང་སོགས་བླ་རུང་ནས་གནང་བའི་ཁར། དགོན་ཁག་སོ་སོས་དགེ་མཚན་ལྡན་པའི་ཆ་ཤས་བླངས་པ་གོ་ཐོས་བྱུང་། དེ་རིགས་ནི་མ་འོངས་སྔ་འགྱུར་གྱི་སློབ་གཉེར་ལམ་སྲོལ་གཅིག་གྱུར་ཅན་ཏུ་འགྱུར་རྒྱུའི་སྔོན་ལྟས་བཟང་པོ་ཞིག་རེད་བསམ་ཡོད། འོན་ཀྱང་། ད་བར་སྔ་འགྱུར་གྱི་ཕྱོགས་འདིར་མཚོན་ན་མཁན་པོ་སོགས་ཀྱི་མཚན་གནས་འདོག་སྟངས་ཐད་མཐུས་སྒོ་ཚང་བའི་ལམ་སྲོལ་ཞིག་ཚུགས་མེད་ལ། གཅིག་གྱུར་གྱི་འགྲོ་སྟངས་ཟེར་བ་ཞིག་ནི་དེ་བས་ཀྱང་བཤད་དུ་མེད་པ་ཞིག་རེད། དེས་ན་ད་ནས་མཁན་པོ་སོགས་ཀྱི་མཚན་གནས་འདོགས་རྒྱུ་དེ་ཡང་ངེས་པར་སྒོ་དམ་དུ་གཏོང་དགོས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་མཚོན་ན་སྔ་མོ་ནས་དུས་ཐུང་སློབ་གཉེར་གྱི་དུས་རིམ་ནང་མཁན་པོའི་མཚན་གནས་གནང་རྒྱུར་མོས་མཐུན་མི་གནང་མཁན་གྱི་གྲས་ཡིན་པར་ཐོས་ཤིང་། དུས་ཕྱིས་བླ་རུང་སྒར་གྱི་སློབ་སྟོན་ཁང་གི་ངོས་ནས་ཀྱང་མཁན་པོའི་མཚན་གནས་འབུལ་ཕྱོགས་ལ་འགྱུར་བ་བཏང་དང་གཏོང་བཞིན་ཡོད་ལུགས་གོ་བས་དེ་དག་གི་དགོངས་གཞི་ནི་ང་ཚོའི་ལེགས་བཅོས་ཀྱི་རྨང་གཞི་ཞིག་རེད།
རི་བོ་དགེ་ལུགས་པར་མཚོན་ན། དགེ་ལུགས་རྒྱུག་སྤྲོད་ཆེན་མོ་བརྒྱུད་ནས་ལྷ་རམས་པའི་ཕྱག་འཁྱེར་བཞེས་རྒྱུར་ངེས་པར་མི་ལོ་ཉི་ཤུ་ལྷག་གི་སྦྱོང་བརྡར་བརྒྱུད་དགོས་པ་དང་། ཁོང་དག་གི་ལམ་སྲོལ་ལ་ཡང་ཕྱི་ཕྱོགས་ཀྱི་གདན་ས་གསུམ་ལ་མཚོན་ན་དགོས་ངེས་ཀྱི་ལེགས་བཅོས་མང་པོ་གནང་དང་གནང་བཞིན་ཡོད་པར་མ་ཟད། ད་ལྟའི་ཆར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་བརྒྱུད་རིམ་དང་འགྲོ་སྟངས་ནི་ཧ་ཅང་ཡར་ཐོན་ཅན་དུ་གྱུར་ཟིན།
དེ་བཞིན་སྤྱི་ཚོགས་ཐོག་གི་སྤྱིར་བཏང་གི་སློབ་གྲྭ་ཁག་གིས་ཀྱང་རང་ཉིད་ཀྱིས་སློབ་ཆུང་ནས་དམའ་འབྲིང་། མཐོ་འབྲིང་། མཐོ་སློབ། ཞིབ་འཇུག་སློབ་སློབ་གླིང་བཅས་ཀྱི་སློབ་གཉེར་གྱི་ལམ་བུ་བརྒྱུད་ནས་ཆེས་མཐོའི་འབུམ་རམས་པ་ཞིག་ཐོན་པར་མི་ཚེ་ཕྱེད་ཀའི་དུས་ཡུན་ཕལ་ཆེར་གཏོང་གིན་འདུག
འོན་ཀྱང་ང་ཚོ་རྙིང་མ་དང་བཀའ་བརྒྱུད་ཕྱོགས་ཀྱི་མཁན་པོ་དེ་དག་གི་བསླབ་འཕངས་ཀྱི་འགྲོ་སྟངས་དེ་ལ་གཏན་ཁེལ་བ་དང་བློ་ཡིད་ཚིམས་པའི་ས་མཚམས་ཞིག་མེད། དེ་ནི་དངོས་ཡོད་རེད།
ཕྱོགས་གཅིག་ནས། མཁན་པོ་ནི་བཤད་གྲྭ་ཁག་གི་སློབ་གཉེར་རྩེར་སོན་གྱི་བསླབས་གནས་ཀྱི་མིང་རེད། དེ་ལྟར་ན་མཁན་པོ་ནི་ནང་བསྟན་རིག་གནས་ཀྱི་འབུམ་རམས་པ་རེད། དེའི་ཕྱིར། ཕྱི་མི་མང་པོ་ཞིག་གིས་ཁྱེད་རྣམ་པ་ན་གཞོན་གྱི་དུས་འདི་འདྲ་ཞིག་ནས་མཁན་པོའི་མཚན་གནས་བཞེས་པ་ནི་རྣམ་དཔྱོད་ཀྱི་ཀློང་བརྡོལ་བ་ཁོ་ན་ཡིན་ས་རེད་ཟེར་ནས་ཧ་ལས།
ཡང་མང་པོ་ཞིག་གིས་རང་ཉིད་མཁན་པོ་ཡིན་པ་དང་། དེ་ནི་བོད་བརྒྱུད་ནང་བསྟན་གྱི་འབུམ་རམས་པའི་གོ་གནས་རེད་ཅེས་ཁས་འཆེས་པར་མ་ཟད། རང་ཉིད་ཀྱི་བྱང་བུའི་ཐོག་གི་མཁན་པོ་ཞེས་པའི་མིང་གི་མཐའི་གུག་རྟགས་ཀྱི་ཁུངས་སུ་ཡང་ནང་བསྟན་རིག་པའི་འབུམ་རམས་པ་ཞེས་པའི་གསལ་བཤད་ཀྱི་ཡི་གེ་བྲིས་པ་མཐོང་རྒྱུ་ཡོད།
འོན་ཀྱང་ང་ཚོ་རང་ཉིད་ཐེ་བའི་མཁན་པོའི་མཚན་འཛིན་པ་མང་པོ་ཞིག་ད་སྔའི་སློབ་གཉེར་གྱི་བརྒྱུད་རིམ་བམ། སྦྱངས་རབས་དེ་བློ་བདེ་བ་ཞིག་བྱུང་མེད། འཛམ་བུ་གླིང་འདིར་ཞིབ་འཇུག་གི་དཔྱད་རྩོམ་དང་། ཐ་ན་སློབ་ཆེན་གྱི་རྒྱུག་སྤྲོད་ཀྱི་འགྲོས་ཀྱི་འགྲོ་སྟངས་ཙམ་ཡང་མ་བརྒྱུད་པའི་འབུམ་རམས་པ་ཞིག་ཇི་ལྟར་བྱས་ནས་འཁྲུངས་པ་རེད། འགྲོ་སྟངས་འདི་བྱས་ན་ང་ཚོ་མང་པོ་ཞིག་ནི་འཛམ་བུ་གླིང་གི་ལོ་ན་ཆུང་ཤོས་ཀྱི་འབུམ་རམས་པར་ངོས་འཛིན་བྱེད་འོས། མ་གཞི་ང་ཚོའི་སློབ་གཉེར་གྱི་གནས་རིམ་སོ་སོའི་དབྱེ་མཚམས་གསལ་བའི་བསླབ་གནས་ཀྱི་མིང་ཚིག་ལ་ཡང་ཁ་གསལ་དེ་ཙམ་མེད། འདི་ནི་མི་སྒེར་གྱི་ནོར་འཁྲུལ་ཙམ་མིན་པར་སློབ་གཉེར་གྱི་ལམ་ལུགས་ཀྱི་ཞན་ཆ་ཡང་ངེས་པར་དུ་ཚུད་ཡོད།
སྤྱིར་ཚང་མ་སྐྱེས་ཙམ་ཉིད་ནས་མཁན་པོ་ཆགས་སོང་ན་ཡང་དགའ་བ་ལས་ཅི་ཡོད་དེ། དོན་དངོས་ནི་དེ་འདྲ་ཞིག་མ་རེད། ཆུང་དུས་ནས་མཁན་པོ་སོགས་ཀྱི་མིང་ཙམ་ཞིག་བཏགས་པ་ཡིན་ན་ཕྱོགས་གཅིག་ནས་སྤྱོད་ལམ་དང་སློབ་སྦྱོང་སོགས་ཀྱི་ཐད་འགན་འཁྲིིའི་འདུ་ཤེས་ཅུང་ཟད་ཅིག་བསླེབས་པར་འགྱུར་ཞིང་། མཚན་གནས་རྗེས་འབྲེལ་གྱི་ཕྱག་ལས་ཀྱང་གང་འཚམས་གནང་ཐུབ་པའི་དགེ་མཚན་ཡོད་ངེས་རེད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་མུ་མཐུད་ཐོས་བརྩོན་འཚོལ་སྙེགས་ཀྱི་དམིགས་འབེན་ལ་བསླེབས་ཟིན་པ་ལྟར་གྱུར་ཏེ། མི་ཚེའི་ཆེད་སྦྱོང་སློབ་གཉེར་གྱི་ལོ་ཟླ་མཇུག་སྒྲིལ་དུ་འཇུག་གིན་ཡོད། སྒེར་ངོས་ནས་ཁོར་ཡུག་འདིའི་འཚོ་བར་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་ཆ་ནས་སྐད་ཆ་འདི་ནི་ཧོབ་བཤད་རང་མིན། འདིས་གང་ཟག་བྱེ་བྲག་པའི་མུ་མཐུད་ཟབ་སྦྱོང་གི་ལམ་ནས་ཤེས་བྱ་ཁ་སབ་རྒྱུན་མི་འཆད་པར་བསྡུ་ལེན་བྱེད་པའི་ཐད་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་སྤྲོད་ཀྱིན་ཡོད།
དེང་སང་གི་དུས་ཀྱི་རྒྱལ་སྤྱིའི་སློབ་གཉེར་ལམ་ལུགས་ལ་མཚོན་ན། ཐེག་པ་རིམ་འཛེགས་ཀྱི་འགྲོ་སྟངས་ཡོད་པར་མ་ཟད། ཐོབ་ཐང་དང་རིམ་པ་མི་འདྲ་བའི་བསླབས་གནས་དང་བསླབས་གནས་དཔང་ཡིག་གི་ཚད་གཞི་ཡོད། དེ་བཞིན། མིང་གནས་རྗེས་འབྲེལ་གྱི་མཐོང་དང་ཆ་འཇོག་སློབ་ཚན་སོགས་ཧ་ཅང་ཁ་གསལ་ཡིན། དེ་དང་མཚུངས་པའི་གཞི་བྱེ་བྲག་པའི་ཐོག་ལ་ཞིབ་འཇུག་བྱས་པའི་རིག་གཅིག་རྐང་འཛིན་པ་ཞེས་པའི་ཆེད་ལས་ཀྱི་སློབ་ཐོན་པ་ཡང་ཡོད།
ཆེད་ལས་པའམ་ཁྱད་ལས་པ་དང་། རིག་གཅིག་རྐང་འཛིན་ཟེར་བ་འདི་རིགས་ལ་སྒྲ་ཡངས་དོག་གི་མཇུག་ཚུལ་དང་མཚན་ཉིད་མི་འདྲ་བ་ཡོད་འདུག་ན་ཡང་། ང་ཚོས་ཀྱང་འགྲོ་སྟངས་འདིའི་ཐོག་ནས་རིག་གནས་བཅུ་ལ་སློབ་སྦྱོང་བྱ་འོས་པ་དང་ཐུབ་པ་ཞིག་ཡིན་པར་མཁས་པ་ཚོས་དགོངས་ཚུལ་བཏོན་གནང་མྱོང་།
སྟབས་ལེགས་པ་ཞིག་ལ་ད་སྔོན་ཧ་ཅང་ཕུལ་དུ་བྱུང་བའི་མཁན་པོ་ཁྱད་པར་བ་ཁ་ཤས་ཀྱི་མཚན་གྱི་འོད་ཟེར་གྱི་འོག་ནས་ང་ཚོས་ཀྱང་ཆེ་མཐོང་ཡག་པོ་ཞིག་རག་ཡོད། འོན་ཀྱང་མུ་མཐུད་དེ་ལྟར་བསྡད་ན་མི་འགྲིགས། ང་ཚོ་དུས་དང་བསྟུན་ནས་འགྲོ་རྒྱུ་ནི་གཡོལ་དུ་མི་རུང་བ་ཞིག་རེད།
ཡང་བླ་མ་གོང་མ་རྣམ་པས་མཁན་པོ་སོགས་ཀྱི་མཚན་གནས་ལ་ཅུང་གུ་ཡངས་གནང་བ་ནི་སྐབས་དེའི་བསྟན་པའི་གནས་བབ་དང་འབྲེལ་བ་ཡོད། དཔེར་ན། བོད་ནང་གི་བཅོས་སྒྱུར་སྒོ་འབྱེད་ཟེར་བའི་ཐོག་མའི་དུས་རིམ་ལ་མཚོན་ན། སྤྱོད་འཇུག་དང་སྡོམ་གསུམ་ཚིག་འགྲེལ་ཤེས་པ་ཞིག་ཀྱང་ཧ་ཅང་རྙེད་དཀའ་བའི་དུས་ཚོད་ཡིན་པས་ད་ལྟ་དང་མི་འདྲ། དེ་ནི་དཔེར་ན། རྒྱལ་ཁབ་ཞིག་ཐོག་མར་འཛུགས་སྐབས་གཞི་རིམ་གྱི་ཤེས་ཡོན་ཙམ་ཡོད་པས་ཀྱང་གོ་གནས་དང་ལས་ཀ་མཐོན་པོ་བྱེད་ཐུབ་ལ། ཤེས་ཡོན་ལམ་ལུགས་མཐུས་སྒོ་ཚང་དུ་ཕྱིན་ཅིང་། མི་རྣམས་ཀྱི་འཚོ་བ་དང་རིག་གནས་ཀྱི་ཆུ་ཚོད་གོང་མཐོར་ཕྱིན་པའི་དུས་མཚུངས་སུ་འབུམ་རམས་པས་ཀྱང་ཡིག་སྐྱེལ་བ་བྱེད་སྲིད་པ་ཡིན། དེ་ནི་བསམ་ཤེས་ཐུབ་པ་ཞིག་རེད།
འདས་པ་ནི་དེ་ལྟར་ཡིན་དུ་ཆུག་ཀྱང་། དུས་ཚོད་རིམ་གྱིས་འགྱུར་བ་དང་བསྟུན་ནས་ང་ཚོས་ཀྱང་བྱེད་ཕྱོགས་མང་པོ་ཞིག་གཞན་གྱི་རྗེས་ཆོད་ངེས་ཀྱི་ལེགས་བཅོས་བྱེད་དགོས།
གང་ལྟར། ད་ནས་ང་ཚོས་བླ་རུང་ལྟ་བུའི་ཕུན་སུམ་ཚོགས་པའི་ཆོས་ཀྱི་བསྟི་གནས་ཀྱི་ཕྱག་བཞེས་ཚད་དུ་བཞག་ནས་སློབ་གཉེར་ལམ་ལུགས་ཀྱི་འགྲོ་སྟངས་མང་པོ་ཞིག་ངེས་པར་དུ་ལེགས་བཅོས་དང་གཅིག་གྱུར་བྱེད་དགོས།
ཁ་གསང་པོ་བྱས་ནས་བཤད་ན། དགོན་པ་རེ་རེ་བཞིན་གྱི་བཤད་གྲྭའི་སློབ་ཐོན་པར་མཁན་པོའི་མིང་འདོགས་པ་འདི་ཚད་ངེས་ཅན་ཞིག་གི་ཐོག་ནས་ཚོད་འཛིན་དང་རྩིས་མེད་བྱེད་དགོས། དགེ་ལུགས་ལ་མཚོན་ན། གདན་ས་གསུམ་ལས་གཞན་པར་དགེ་བཤེས་ཀྱི་མཚན་གནས་འདོགས་པའི་ཐོབ་ཐང་ཡོད་པའི་མཚན་ཉིད་ཀྱི་གྲྭ་ས་ཧ་ཅང་ཉུང་ཉུང་ཞིག་ལས་མེད།
དེས་ན། དགོན་པ་སོ་སོས་རང་ཉིད་ཀྱི་བཤད་གྲྭའི་སློབ་གཉེར་བ་དག་གི་སློབ་གཉེར་ཚད་ངེས་ཅན་ཞིག་ལ་སླེབས་སྐབས་དྲག་འདེམས་ཀྱིས་སྤྱི་མོས་ཀྱི་ཚད་འཛིན་ཡོད་པའི་བཤད་གྲྭ་ཆེན་པོ་ཁག་ཅིག་ཏུ་གཏོང་། དེ་ནས་རིམ་པ་ངེས་ཅན་ཞིག་ལ་སླེབས་མཚམས་བླ་རུང་སྒར་དུ་གཏོང་བའམ། ཡང་ན་ཐད་ཀར་བླ་རུང་དུ་བཏང་སྟེ། དེ་ནས་ཟབ་སྦྱོང་རང་བཞིན་གྱི་སློབ་སྦྱོང་ཐོབ་པ་བྱས་ཏེ། ནང་བསྟན་གྱི་ཆེས་མཐོའི་བསླབས་གནས་དཔང་འཁྱེར་བཞེས་དགོས་ཤིང་། དེ་ནི་སྔ་འགྱུར་རྙིང་མའི་རིམ་པ་མཐོ་ཤོས་ཀྱི་བསླབས་གནས་སུ་ཆ་འཇོག་དང་ངོས་འཛིན་ཞུ་དགོས།
དེའི་མིང་ལ་མཁན་པོ་འདོགས་རྒྱུ་ཡིན་ནམ་མཁན་པོ་ནི་བསླབས་གནས་ཀྱི་རིམ་པ་བར་མ་ཞིག་ཏུ་གཏན་འབེབས་བྱ་རྒྱུ་ཡིན་སོགས་ནི་གོང་ཞུས་ལྟར་ཆེས་མཐོའི་སློབ་གཉེར་ལྷན་ཚོགས་ཀྱིས་གཏན་ལ་འབེབས་དགོས། རྒྱ་གར་རྣམ་གྲོལ་གླིང་བཤད་གྲྭར་མཚོན་ན་མཁན་པོ་མ་ཐོན་པའི་གོང་དེར་སློབ་དཔོན་ཞེས་པའི་གནས་རིམ་ཞིག་ཡོད་ཅིང་། ཝ་ར་ན་སི་སོགས་སུ་བསྟན་བཅོས་དང་། སློབ་དཔོན། གཙུག་ལག་རབ་འབྱམས་པ། རིག་མཚོ་སོགས་རིམ་པ་མི་འདྲ་བའི་བརྒྱུད་རིམ་གྱི་རྣམ་གྲངས་ཡོད་པ་དག་དང་། སྔོན་གྱི་ས་སྐྱའི་ཕྱོགས་དང་སྨིན་གླིང་སོགས་སུ་གྲགས་པའི་བཀའ་བཞི་དང་། བཀའ་བཅུ། འབུམ་རམས་པ། སྔགས་རམས་པ། རབ་འབྱམས་པ་ལྟ་བུ་བོད་རང་གི་ལོ་རྒྱུས་ཐོག་བྱུང་ཟིན་པའི་བསླབས་གནས་ཀྱི་ཐ་སྙད་ཁག་ཀྱང་དཔྱད་གཞིར་འཛིན་འོས།
རྒྱལ་ཁབ་དག་གིས་ཀྱང་རང་ཁོངས་ཀྱི་སློབ་གྲྭ་ཆེན་མོའི་སློབ་མ་བཟང་ཤོས་དག་དྲག་འདེམས་ཀྱིས་རྒྱལ་སྤྱིའི་གཙུག་ལག་སློབ་གྲྭ་ཁག་གི་ནང་གཏོང་ཞིང་། སློབ་མཐར་ཕྱིན་རྗེས་སླར་ཡང་ཕྱིར་ལོག་ནས་རྒྱལ་ཁབ་ཀྱི་ཆེད་དུ་ཞབས་ཏོག་ཞུ་རྒྱུའི་གན་རྒྱ་འཇོག་པ་སོགས་བྱེད་ཀྱིན་ཡོད་མ་རེད་དམ།
སློབ་གཉེར་གྱི་ནང་དོན་མི་འདྲ་ཡང་། སློབ་གཉེར་བྱེད་སྟངས་ཀྱི་ཆ་ནས་རྒྱལ་སྤྱིའི་འགྲོ་སྟངས་ཁག་ལ་མིག་དཔེ་ལྟ་རྒྱུ་ནི་གལ་ཆེན་རེད། དེས་ན་དགོན་པ་སོ་སོས་ཀྱང་ཤེས་རབ་ཅན་སྒྲོག་ཏུ་མི་བཙུད་ནས་མི་འཇོག་པར་གྲྭ་སའི་རྒྱ་མཚོ་ཆེན་པོར་རྣམ་དཔྱོད་ཀྱི་སྐྱལ་རྩལ་སྦྱོང་དུ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན། འོན་ཀྱང་། བཤད་གྲྭའི་གྲྭ ་པ་ཚང་མ་གང་འདོད་དུ་འགྲོ་བཅུག་ན་བཤད་གྲྭ་དེའི་ངོས་ནས་དཀའ་ངལ་འཕྲད་མི་སྲིད་པ་མིན་པས། གོང་བཤད་ལྟར་རྒྱུགས་འབྲས་སོགས་སློབ་སྦྱོང་གི་གནས་རིམ་ལེགས་ཤོས་ཀྱི་ཁྲོད་ནས་རྩེ་བཏོག་གིས་དགོས་ངེས་ཀྱི་ཆ་རྐྱེན་ཚང་བའི་རིགས་རེས་མོས་ཀྱིས་དུས་ཚོད་ངེས་ཅན་གྱི་ནང་མངགས་གཏོང་བྱེད་པ་ལྟ་བུའི་ལམ་ལུགས་ཚད་ལྡན་ཞིག་བཟོ་ཐུབ་དགོས། དེ་འདྲ་བྱུང་བ་ཡིན་ན་དེ་ནས་ཕལ་ཆེར་དཀའ་ངལ་འཕྲད་ཀྱི་མ་རེད།
ལམ་ལུགས་ནི་ཞིང་ཆུ་འདྲེན་སའི་ཡུར་བ་ལྟར་གལ་ཆེ་ན་ཡང་། ལམ་ལུགས་དེ་རྒྱུ་མཚན་ལྡན་པ། ཚད་ལྡན་ཅན། ཀུན་གྱིས་ཁས་ལེན་དུ་གཏུབ་པ་ཞིག་གཏན་འབེབས་ཐུབ་རྒྱུ་ནི་ལས་དོན་འགྲུབ་དང་མི་འགྲུབ་ཀྱི་གནད་འགག་རེད། དེས་ན་དེ་ལ་ཡང་བསམ་བློ་ཐོངས་དགོས།
སྤྱི་ལོ་༢༠༡༢ལོའི་ཟླ་༤ ཚེས་༡༣ལ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཐའེ་ཝན་དགེ་འོས་སློབ་གྲྭ་ཆེན་མོའི་སྐད་ཡིག་སྟི་གནས་ཀྱི་དཔེ་ཀློག་ཁང་དུ་རྫོགས་པར་བྲིས།
དངོས་གནས་དོན་དང་ལྡན་པའི་རྩོམ་ཡིག་དུས་ལ་བབ་པ་ཞིག་བྲིས་འདུག་པས་དགའ་ཡོད། ན་ནིང་ཞིག་ལ། ཁོ་བོས་མཁན་པོ་ཚུལ་བློ་ཚང་ལ་སྐྱེ་བ་སྔ་ཕྱིའི་སྐོར་གྱི་བསམ་ཚུལ་ཞིག་བརྗོད་པ་ལ། ཁྱེད་དང་ཀླུ་སྨྱོན་སོགས་ཀྱིས་ལྟ་ཚུལ་ཁག་ཅིག་བརྗོད་བྱུང་། སྐབས་དེར་ངས་ཁྱེད་ལ་མཁན་པོ་ཞེས་གོ་བ་གཞན་ཞིག་བླངས་ཏེ་བྲིས་པར། ཉིད་ཀྱིས་གསལ་བཤད་གནང་བ་དེ་རིང་ངའི་སེམས་སུ་རྩོམ་ཡིག་འདི་བཀླགས་རྗེས་ལྷང་ངེར་དྲན། རྙིང་མའི་མཁན་པོ་དང་སློབ་དཔོན་ཟེར་བ་གཅིག་མཚུངས་སུ་ལྟ་གི་ཡོད་པ་འདྲ། གདན་ས་ནས་མཁན་པོ་ལབ་ན་ཧ་ཅང་གི་ཚད་མཐོ་པོ་ཞིག་ལ་བསླེབས་དགོས། ནང་རྟོགས་པའི་ཡོན་ཏན་ཟེར་གི་མེད། མགོ་བསྡུས་གྲྭ་ནས་མཐར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་པ། དེ་ནས་ཀྱང་སྒུག་ཐོ་ལྟར་ལེགས་གྲས་ཤིག་འཇོག་ངེས་རེད། གོ་བ་དེ་གཞི་ལ་བཅོལ་ཏེ་ན་ནིང་ཉིད་ལ་མཁན་པོ་ཞེས་པའི་མིང་དང་འཆུག་པའི་ལྟ་ཚུལ་ཁག་ཅིག་བརྗོད་ཟིན་པ་དེ་རེད།
མདོར་ན་དངོས་གནས་མཁན་པོའམ་དཔོན་སློབ་ཟེར་བ་འདི་ལ་བརྒྱུད་རིམ་ངེས་ཅན་ཞིག་དགོས་པ་ཉིད་ཀྱིས་གསུངས་པ་དེ་དེ་བཞིན་ནོ། ། དགེ་ལུགས་རྒྱུགས་སྤྲོད་ཇེ་ལེགས་སུ་ཏོག་ཙམ་སོང་ཡོད་མོད། ད་དུང་སྐྱོན་ཆ་ཧ་ཅང་མང་། དེའི་སྐོར་དུས་ཚོད་ཡོད་སྐབས་ཤིག་ལ་ཕྲན་གྱིས་གླེང་ཆོག དེ་འདྲ་བྱས་ན་སྔ་འགྱུར་རྙིང་མ་བ་དང་དགེ་ལུགས་པའི་འགྲོ་སྟངས་སོགས་གཤིབ་བྱས་ཏེ་སྐྱོན་དང་ལེགས་ཆ་སོགས་འདོར་ལེན་བྱ་རྒྱུ་ལ་ཕན་ངེས་རེད་བསམ།
མཁན་པོའི་མཚན་གནས་དེ་ཆོས་རྒྱུད་ཁག་མི་འདྲ་བ་འདུག རྙིང་མ་དང་བཀའ་རྒྱུད་སོགས་ཀྱི་བསླབ་མཐར་སོན་ན་མཁན་པོའི་གོ་གནས་དང་དགེ་ལུགས་པ་ལ་མཚོན་དགེ་བཤེས་ཀྱི་གོ་གནས་ཡིན་ཚོད་རེད། ད་དུང་མཁན་པོའི་མཚན་དོན་ལ་དཔྱད་རྒྱུ་ཅང་གི་མང་མོད་འདི་ཟུར་ཙམ་མོ།
དགེ་ལུགས་པ་ལ་མཚོན་ན་དགེ་བཤེས་ཀྱི་གོ་གནས་ཡིན་ཚོད་འདུག་ཅེས་པ་འདི་ནོར་པ་རེད། དེ་ལྟར་ན་དགེ་ལུགས་པ་ལ་དུས་རབས་འདི་ལ་མཁན་པོ་སྟོང་ཕྲག་གམ་གྲངས་ཀྱིས་མི་ཟིན་པ་ཞིག་དང་། ལྷག་པར་གདན་ས་གསུམ་ལ་མཁན་པོ་སྟོང་ཕྲག་ཁས་ལེན་དགོས་པས་གད་མོའི་རྒྱུ་ལས་མ་འདས་སོ།།
དཔྱད་རྩོམ་ཤོག་ལྷེ་གཅིག་འབྲི་བར་ཡང་དཔྲལ་བ་ནས་རྔུལ་ནག་འཐོན་པའི་བོད་ཀྱི་མཁན་མིང་ཚོར་དེང་དུས་དང་མཐུན་པའི་འབུམ་རམས་པའི་ཐོབ་ཐང་སྟེར་མི་འོས་ལ་འབུམ་རམས་པའི་མིང་གིས་ཀྱང་འབོད་མི་འོས་པར་སྙམ། ངས་སྔོན་མར་འདིའི་སྐོར་ཕྲན་བུ་འབྲི་མྱོང་བ་བཞིན། ང་ཚོའི་དགོན་སྡེ་ཁག་ལ་ཡང་འབུམ་རམས་ཤེས་ཡོན་གྱི་ཐོབ་ཐང་སྤྲོད་པར་ངེས་པར་དུ་རང་རང་གི་ཆེད་སྦྱོང་དེའི་ཐད་ནས་དཔྱད་རྩོམ་མཁས་པའི་གདེང་འཇོག་དང་ངོས་ལེན་ཐོབ་པ་དེ་འདྲ་འབྲི་དགོས་པར་འདོད། དེ་མིན་དགེ་བཤེས་མིང་ཡིག་འབྲི་མི་ཤེས་པ་དང་འབུམ་རམས་པ་དཔྱད་རྩོམ་འབྲི་མི་ཤེས་པ་དང་ཐ་ན་དཔྱད་རྩོམ་ཀློག་ཀྱང་མི་ཤེས་པ་འདྲ་མང་པོར་ཐུག་རྒྱུ་འདུག
ཨ་དགེ་ལགས། ཁྱེད་ཀྱི་གསུང་པ་བདེན། ངས་རྙིང་མ་དང་བཀའ་རྒྱུད་སོགས་ཀྱི་མཁན་པོའི་གོ་མིང་ལ་བཤད་པ་ཙམ་ལས་དགེ་ལུགས་པའི་མཁན་པོའི་གོ་མིང་དེ་ལྟར་མ་ཡིན་པ་ནི་ཚང་མས་ཤེས་གསལ་རེད།
མཁན་པོ་དང་སློབ་དཔོན་གཅིག་རེད་ཟེར་ན་རྙིང་མ་ལ་མི་ཤེས་མ་གཏོགས་གཞན་ལ་རེད་མི་འདུག སྔོན་ལ་སློབ་དཔོན། དེ་ནས་སྐྱོར་དཔོན དེ་ནས་མཁན་པོ་ཆགས་པའི་གོ་རིམ་ཞིག་འདུག
གནལ་འབྱོར་གྱི་དབང་ཆུབ་ཆེན་པོ་རེ་འགའ་མ་ཏོགས་ མཁན་སླབ་སོགས་ལ་གོ་རིམ་ངེས་ཅན་ཞིག་དགོས་པ་ནི་ཛ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གསུངས་ལ་མངོན་པར་སྟོད་དོ།
རྙིང་མ་ཚང་ལ་མཚོན་ན་བསླབ་པ་མཐར་སོན་ན་སློབ་དཔོན་ཟེར་བ་ལས་མཁན་པོ་ཅེས་བརྗོད་ཀྱི་མེད། མཁན་པོ་ནི་སློབ་དཔོན་རྣམས་པའི་ཤེས་ཡོན་དང་། སྤྱོད་ལམ། ལོ་མང་གི་ཕྱག་ལས་གནང་ཕྱོགས་སོགས་ལ་ཞིབ་དཔྱོད་ཐོག གཞི་ནས་མཁན་པོའི་མཚན་གནས་འབུལ་གྱི་ཡོད། དེས་ན་དགེ་ལྡན་པའི་དགེ་བཤེས་དང་རྙིང་མའི་མཁན་པོ་གཉིས་འདྲ་བ་མིན། དགེ་བཤེས་དང་རྙིང་མའི་སློབ་དཔོན་གཉིས་ཆ་འདྲ་བ་རེད། ཡིན་ནའང་རྙིང་མའི་དགོན་པ་རྣམས་ལ་གཅིག་གྱུར་གྱི་སྟངས་འཛིན་མེད་པས་རྙིང་མའི་མཁན་པོའི་མཚན་གནས་ཡོད་ཚད་མཁས་བཙུན་བཟང་གསུམ་ལྡན་པའི་ངེས་པ་མེད། ཡང་མཁན་པོ་བཀོད་ཕྱོགས་ཐད་ཤེས་ཡོན་དང་བསླབ་སྡོམ་སོགས་ལ་ཞིབ་འཇུག་ནན་པོ་དགོས་པ་བདེན་མོད། ཡིན་ནའང་དུས་ཚོད་ལོ་ཡུན་ཧ་ཅང་མང་ན་དུས་བབ་དང་ཞིག་མ་རེད། དེ་སང་མང་ཆེ་བ་རྗེ་བཙུན་མི་ལ་འདྲ་བ་ཡོང་ཐབས་མེད་པས་ལོ་གཞོན་དུས་མིང་གཅིག་འཁུར་ནས་ལས་ཀ་བྱེད་རྒྱུའི་གོ་སྐབས་དགོས་པ་རེད། དེ་མིན་ཤི་རན་པ་དང་མིང་རག་པ་དུས་མཉམ་ཆགས་ན་ལག་འཁྱེར་དང་མིང་སུ་ལ་བསྟན་དགོས་རེད།
རྙིང་མ་ཚང་ལ་མཚོན་ན་བསླབ་པ་མཐར་སོན་ན་སློབ་དཔོན་ཟེར་བ་ལས་མཁན་པོ་ཅེས་བརྗོད་ཀྱི་མེད། མཁན་པོ་ནི་སློབ་དཔོན་རྣམས་པའི་ཤེས་ཡོན་དང་། སྤྱོད་ལམ། ལོ་མང་གི་ཕྱག་ལས་གནང་ཕྱོགས་སོགས་ལ་ཞིབ་དཔྱོད་ཐོག གཞི་ནས་མཁན་པོའི་མཚན་གནས་འབུལ་གྱི་ཡོད། དེས་ན་དགེ་ལྡན་པའི་དགེ་བཤེས་དང་རྙིང་མའི་མཁན་པོ་གཉིས་འདྲ་བ་མིན། དགེ་བཤེས་དང་རྙིང་མའི་སློབ་དཔོན་གཉིས་ཆ་འདྲ་བ་རེད། ཡིན་ནའང་རྙིང་མའི་དགོན་པ་རྣམས་ལ་གཅིག་གྱུར་གྱི་སྟངས་འཛིན་མེད་པས་རྙིང་མའི་མཁན་པོའི་མཚན་གནས་ཡོད་ཚད་མཁས་བཙུན་བཟང་གསུམ་ལྡན་པའི་ངེས་པ་མེད། ཡང་མཁན་པོ་བཀོད་ཕྱོགས་ཐད་ཤེས་ཡོན་དང་བསླབ་སྡོམ་སོགས་ལ་ཞིབ་འཇུག་ནན་པོ་དགོས་པ་བདེན་མོད། ཡིན་ནའང་དུས་ཚོད་ལོ་ཡུན་ཧ་ཅང་མང་ན་དུས་བབ་དང་ཞིག་མ་རེད། དེ་སང་མང་ཆེ་བ་རྗེ་བཙུན་མི་ལ་འདྲ་བ་ཡོང་ཐབས་མེད་པས་ལོ་གཞོན་དུས་མིང་གཅིག་འཁུར་ནས་ལས་ཀ་བྱེད་རྒྱུའི་གོ་སྐབས་དགོས་པ་རེད། དེ་མིན་ཤི་རན་པ་དང་མིང་རག་པ་དུས་མཉམ་ཆགས་ན་ལག་འཁྱེར་དང་མིང་སུ་ལ་བསྟན་དགོས་རེད། དེས་ན་དུས་ལ་བསྟུན་དགོས།
དགོངས་ཚུལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། ད་ལྟའི་བོད་ཀྱི་གདན་ས་ཆེ་ཁག་གི་སློབ་གཉེར་ལམ་སྲོལ་ཙམ་མིན་པར་བསླབ་གཞིའི་ཐད་ལ་ཡང་འགྱུར་བ་ངེས་ཅན་ཞིག་འགྲོ་དགོས་པ་ཤིན་ཏུ་གལ་ཆེན་དུ་མཐོང་བཞིན་ཡོད།
༡༽ ཐག་རིང་ཐག་རིང་ཞིག་ནས་བསྡད་དེ། དགོན་པའི་ནང་ལ་འཁོར་ནས་དུང་ཆེན་སྤུར་བ་འདི་དག་ལ་ཅང་ཡོད་མེད་མི་ཤེས་མོད། ངོ་ནས་ཚོགས་བརྡ་རྒྱག་གི་ཡོད་ན། ཚོགས་ཆེན་འདུ་ཁང་གི་ཡང་སྟེང་ལ་བུད་ནས་མཁར་རྔ་རྡུང་དགོས་པར་འདོད།
༢༽ ཨེ་ཀྲ་ལེའི་རོམ་དགོན་པས་རྒྱལ་ཁབ་གཞན་མང་པོ་ཞིག་ལ་ཕོབ་གཏོང་གི་ཡོད་པར་གོ དེ་དག་ཀྱང་དུས་ཚོད་དང་བསྟུན་ནས་འགྱུར་བ་གཏོང་གི་མེད་ཚོད། སྔ་ལམ་བཞིན་སློབ་གཉེར་མཐར་ཕྱིན་རྗེས་ཕོབ་གཏོང་གི་ཡོད་ཚོད།
༣༽ ང་ཚོའི་ཆོས་ཀྱི་སློབ་སྦྱོང་འདི་ཡི་གེའི་སློབ་སྦྱོང་མིན་ས་རེད། འདི་ནང་གི་ཉམས་ལེན་གྱི་སློབ་སྦྱོང་ཞིག་ཡིན་ས་རེད། གོ་གནས་སོགས་སྟོང་ཕྲག་བརྒལ་བའི་སློབ་གཉེར་བ་རྣམས་ཀྱིས་བསྐོ་བཞག་དང་ངེས་ལེན་བྱེད་ཐུབ་སར། འབྲེལ་བ་མེད་པར་རྒྱང་བལྟ་བྱེད་མཁན་དག་གིས་ངོས་ལེན་བྱེད་མ་ཐུབ་ན་ཡང་བྱས་ཡ་གང་ཡོང་།
དགོས་དབང་གིས་འདི་འདྲ་ཞིག་ཀྱང་ཤོད་པར་ཐལ། བསམ་པ་ཙམ་ཡག་པོ་མ་རེད་ཟེར་མི་ཐུབ།
དཔེ་ཆ་བློ་ལ་བཟུང་། དཔེ་ཁྲིད་ལ་སོང་། རྒྱ་འགྲེལ་བོད་འགྲེལ་མང་པོར་མིག་དང་མགོ་དམར་པོར་མ་སོང་བར་དུ་བལྟས། ད་དུང་ཡིག་ཐོག་གི་སློབ་སྦྱོང་མིན་ཟེར་ན་ད་གད་མོ་ཞིག་བགད་ནས་འདུག་གི་ཡིན།
ད་ལྟའི་ས་དགེ་བཀའ་རྙིང་གི་མཁན་པོ་མཁན་ཆེན་དག་དང་། བླ་མ་དགེ་བཤེས་དག་གི་ཐུགས་ལ་མ་དྲན་པ་ཞིག ས་མཐའ་ཉུལ་བའི་འཁྱམ་པོ་དག་གིས་དྲན་ཡོང་པ་འདི་ཡང་ཅི་ཡིན་མི་ཤེས། མི་ཚེ་དགོན་པར་བསྡད་ན་ཐོས་བསམ་སློབ་གཉེར་དང་། སྒོམ་སྒྲུབ་ཉམས་བཞེས་གནང་མཁན་དག་གི་ཐུགས་བརྒྱུད་ལ་མ་འཁྲུངས་པ་ཞིག གྲོང་མཐར་ཉུལ་བའི་གྲོང་ཆོག་པ་ང་འདྲ་བ་དག་གི་སེམས་ལ་ཤར་ཡོང་པ་འདི་ཡང་ཐན་གཏེ་ཞིག་མིན་ན་གང་ཡིན།
ལྷག་པར་དུ་ཆོས་བརྒྱུད་སོ་སོས་སློབ་གཉེར་བྱེད་སྟངས་དང་། མཚན་གནས་གནང་སྟངས་ལ་རང་རང་སོ་སོའི་ཁྱད་ཆོས་ཡོད་པ་ལས། ཐམས་ཅད་འུབ་ཀྱིས་ཁུག་མ་གཅིག་གི་ནང་དུ་བསྡུ་ཐབས་བྱེད་པ་ཡང་དགེ་མཚན་ཡོད་མེད་མི་ཤེས་མོད། འོན་ཀྱང་བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་བ་ཙམ་ལོས་ཡིན་འདོད། ང་ཚོའི་རང་རང་གི་གནས་སྟངས་ལ་བསམ་བློ་བཏང་ནས། བུ་ཡིས་ཕ་ལ་བྱིས་པ་བཟོ་སྟངས་ཀྱི་བསླབ་བྱ་འོས་མི་འོས་ལ་ཐུགས་བསམ་བཞེས་དགོས་པ་འདྲ།
ངས་བལྟས་ན། བཤད་གྲྭའི་གོ་གནས་དང་མིང་ལ་འགྱུར་བ་གཏོང་བ་ལས། ནང་གི་བཤད་གྲྭའི་སློབ་སྦྱོང་གི་ནང་དོན་ལ་འགྱུར་བ་གཏོང་དགོས་པ་འདི་གལ་ཆེ། སྡུས་གྲྭ་དང་བློ་རིགས། རྟགས་རིགས་ཟེར་བ་འདི་ཚོ་ད་ལྟའི་མིའི་བསམ་བློ་དང་གཤིས་ཀ། སྤྱི་ཚོགས་ཀྱི་དགོས་མཁོ་དང་ལྟོ་དགོས་ཀྱི་རྒྱབ་གཉེར་ལ་ཕན་གྱི་ཨེ་འདུག་གམ། དབུ་མ་དང་གཞན་སྟོང་དང་རྫོགས་ཆེན་ཟེར་བའི་སློབ་ཁྲིད་འདི་ཚོས་གྲྭ་རྐྱང་ཚོ་སྤྱི་ཚོགས་ལ་འགྲོ་སྐབས་གང་ཕན་གྱི་རས། ལྟོས་དང་ཁ་བརྡའི་དྲ་ཐོག་ལ་ཡོང་ནས་ཁྱོད་ཀྱི་ཁ་དང་ངའི་སྣ་ཟེར་མཁན་མང་ཆེ་ཤོས་འདི་ཚོ་བཤད་གྲྭ་འགྲིམས་པ་ཤ་སྟག་རེད། ཁོང་ཚོ་མི་དཀྱུས་མ་དང་མི་འདྲ་བའི་ཡོན་ཏན་གང་འདུག བུ་མོ་མཐོང་ན་རྒྱོ་དགོས་མཁན་གཅིག་པ་རེད། སྒོར་མོ་མཐོང་ན་བརྩོད་པ་རྒྱག་མཁན་གཅིག་པ་རེད། ཁོང་ཚོ་ལ་མེད་པ་དེ་དེང་དུས་འགྲོ་བ་མི་གཅིག་མཚུངས་ཀྱི་ཀུན་སྤྱོད་དང་སྤྱི་ཚོགས་ཀྱི་འགན་འཁུར་དང་ཀུན་སྤྱོད་དང་འབྲེལ་བའི་སློབ་སྦྱོང་དེ་ཚོ་མེད་པ་དེ་རེད།
དེ་བཞིན་རྒྱ་གར་གྱི་སློབ་དཔོན་མིང་འཛིན་པ་འགའ་ཤས་ཀྱིས་ལོ་ངོ་སྟོང་ཕྲག་གམ་བརྒྱ་ཕྲག་འགའ་ཤས་ཀྱི་སྔོན་ལ་རྟོགས་ཚོད་དང་དཔྱད་ཚོད་ཀྱིས་བྲིས་པའི་དེབ་རྙིང་པ་དེ་ཚོ་བོད་ཡིག་ཐོག་ལ་བསྒྱུར། དེ་ལ་བོད་པའི་ཤེས་ཡོན་པར་ངོམས་པའི་རྒྱ་གར་སྤྱི་ཚོགས་ལ་འགྲོ་མ་མྱོང་ལ་རྒྱ་གར་ཡི་གེ་ན་གཅིག་མ་ཤེས་མཁན་བླ་རྒན་འགས་འགྲེལ་བ་ཞིག་བརྒྱབ། དེ་ལ་བླ་རྒན་གཞན་ཞིག་གིས་འགག་ཡིག་གཅིག་བྲིས། ནང་དོན་ཡང་། འབའ་ཆེ་བ་ནི། ཁྱོད་རས་ཟེར་བའི་སྟོང་པ་འདི་སྟོང་པ་མ་རེད། ཆད་པ་རེད། ངའི་བླ་མས་བྲིས་པའི་སྟོང་པའི་ནང་དོན་འདི་སྟོང་པ་ངོ་མ་དེ་རེད། དེ་ཡིན་པའི་དཔང་རྟགས་ནི་བླ་མ་ག་གེ་མོ་ཞིག་གི་གསུང་ནང་ལ་འདི་བྱུང་ཟེར། དེར་བརྟེན་ཁྱོད་ར་ནོར་བ་རེད། ང་འགྲིགས་པ་རེད་ཟེར་བ་ལྟ་བུ་ཤ་སྟག་རེད། ད་འདིས་སུ་ལ་ཕན་གྱི་འདུག
དེ་ལ་བོད་པའི་ན་གཞོན་རྣམས་རྒྱུག་པ་དང་ལྕག་ཚན། འཇིགས་སྐུལ་དང་དམའ་འབེབས་བཅས་ཀྱིས་བཙན་སྦྱོང་བཏང་། རྗེས་མ་དགེ་བཤེས་སམ། མཁན་པོའམ། སློབ་དཔོན་ཟེར་བའི་མིང་ཞིག་བཏགས། ཁོང་ཚོ་དགོན་པ་ནས་ཐོན་རྗེས། ལོ་བཅུ་གྲངས་ནང་ལ་སྦྱངས་པའི་གོང་གི་རྒྱ་གར་མགོ་མཁྲེགས་པོ་འདི་ཚོས་བྲིས་པའི་དེབ་འདི་ཕན་ཐོག་མེད་པ་ཤེས། མང་ཆེ་བས། མོ་འདྲ་བཏབ། འགེག་གཏོར་འདྲ་གཏང་། བླུད་འདྲ་གཡུགས། དབང་འདྲ་བསྐུར་ནས་འཚོ་བ་རོལ་བ་འདི་བཤད་གྲྭའི་ནང་དོན་གྱིས་བསླུས་པ་རེད་སྙམས།
ད་བློ་ནང་ལ་འཚུར་གཅུད་ནས། ད་ཕྱིན་ཇི་ལྟར་བོད་པ་ཞིག་དང་མི་ཞིག་ཡིན་པའི་ཐོག་ནས་ཇི་ལྟར་སློབ་མ་འདི་ཚོར་ཕུགས་ལ་ཕན་པའི་ཤེས་ཡོན་དང་། ལག་ཤེས་ཤིག་སྤྲོད་ན་ལེགས་ཚུལ་བསམ་ནས་སློབ་སྦྱོང་གི་ནང་དོན་འགྱུར་བ་གཏོང་ན་མི་དམངས་ལ་ཕན་པ་མི་ཆེའམ།
འདི་བསམ་ཚུལ་ཡིན།
གཞོན་ནུ་ཟླ་མེད་ཀྱི་མཆན་༡༣་ལ་མངོན་པར་སྟོད་དོ།
འདིའི་གོང་གི་ཨ་ཁུ་ཟླ་མེད་ཀྱི་མཆན་ཨང་བཅུ་གཅིག་པའི་ནང་གི་་་་ཨང་གསུམ་པ་འདི་ལ་འདང་རྒྱག་དགོས་ས་ཞིག་འདུག
ཆོས་ལ་ཡང་སྐྱ་ཆོས་དང་གྲྭ་ཆོས་ཟེར་ནས་ཤོད་སྟངས་ཤིག་སླེབས་ཡོང་གི་འདུག་ག་་་་་སློབ་དཔོན་ཐོན་མས་གཙུག་ལག་གཉིས་ཀྱི་སྲོལ་མཛད་ཅེས་པར་བལྟས་ན་ཡི་གེ་ལ་ཡང་རིགས་གཉིས་ཕྱེས་ན་མི་འགྲིག་རྒྱུ་ཅང་ཨེ་ཡོད་ཀི །
༄།སྔ་འགྱུར་རྙིང་མའི་བསླབ་པ་སློབ་གཉེར་སྐོར་གྱི་བསམ་ཚུལ་རགས་ཙམ་བརྗོད་པར་སྙིང་ཐག་པ་ནས་དགའ་འོས་པ་ཞིག་རེད། སྤྱིར་སྔ་མོ་ལུགས་དང་ད་ལྟའི་སྐབས་ཀྱི་སློབ་གཉེར་གནང་སྟངས་ལ་དམིགས་ཡུལ་དང་དགེ་མཚན་གྱི་ཁྱད་པར་ཤིན་ཏུ་ཆེ། སྔ་མོར་ཡིན་ན་འཁོར་བར་ངེས་འབྱུང་དང་ཐར་བའི་ཕན་ཡོན་ལ་གཞི་བྱས་ནས་ཐོས་བསམ་སྒོམ་གསུམ་ལ་ཧུར་བརྩོན་བྱེད་ཅིང་། མིང་དང་ཐོབ་ལ་རེ་བའི་སློབ་གཉེར་པ་ཧ་ཅང་གི་ཉུང་། དེང་སང་དེ་ལས་ལྡོག་ཏེ་མིང་ཞིག་འདོད་པ་ནི་དམིགས་ཡུལ་ལྟ་བུ་ཆགས་པ་མང་ཤོས་ཡིན་པས། ས་དགེ་བཀའ་རྙིང་ཀུན་ལ་རིས་མེད་དུ་དར་སྲོལ་ཆེ། ངོ་སོ་དང་རྒྱུ་ལས་ཤེས་ཡོན་ལ་ལྟ་མཁན་ཡང་ཉུང་དུ་ཕྱིན་ཡོད་པས། དགེ་བཤེས་དང་མཁན་པོ། ཡང་ན་སློབ་དཔོན་དང་སྒོམ་ཆེན་ལ་སོགས་པའི་མིང་རྫིག་རྫིག་གི་ལག་འཁྱེར་ནི། ཐོས་བསམ་སྒོམ་གསུམ་ལ་རྣལ་མར་བྱེད་པ་དག་ལས་རང་དོན་རིལ་ལུ་མ་སྒྲུབ་པའི་ཁ་བདེ་མགོ་བདེ་དག་ལ་གཅིག་ལས་མི་ཚད་གཉིས་ཀྱང་ཡོད། རང་ཉིད་ཀྱི་རིན་ཐང་ཤེས་ཡོན་གྱི་མིང་བྱང་ལ་བཅོལ་ནས་འཚོ་བ་རོལ་བའི་དེང་གི་དུས་སྐབས་འདིར། སྦྱངས་འབྲས་ཀྱི་ཤེས་ཡོན་མེད་ཀྱང་སྦྱངས་ཁུལ་གྱི་མིང་ཙམ་ངེས་པར་དུ་མཁོ་བས། བསླབ་པ་མཐར་ཕྱིན་གྱི་ཚུལ་འཆོས་མཁན་མང་དུ་འགྲོ་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར། ཚུལ་མཐུན་གྱི་ལག་འཁྱེར་སྤྲོད་རྒྱུ་འདི་ཆོས་བརྒྱུད་བཞི་བོར་དོན་ཆེན་དུ་མཐོང་། སྔ་འགྱུར་པར་མཚོན་ན། བསླབ་བྱའི་གཞིར་མདོ་ཕྱོགས་སུ་གཞུང་ཆེན་བཅུ་གསུམ། སྔགས་ཕྱོགས་ལ་མདོ་སྒྱུ་སེམས་གསུམ། མདོ་དགོངས་པ་འདུསཔ། སྒྱུ་འཕྲུལ་གསང་བ་སྙིང་པོ། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་ལ་སོགས་ཐེག་པ་རིམ་པ་དགུའི་སྤྱི་རྒྱ་རླབས་ཀྱིས་ཆོད་པའི་ཐོས་བསམ་གྱི་རིམ་པ་བྲ་མ་ཉམས་པར་ཡོད། འདི་ལྟར་མདོ་རྒྱུད་གཉིས་ཀྱི་གཞུང་ལ་བཤད་གྲྭའི་བསྒྲིགས་གཞི་ལྟར་ཐོས་བསམ་མཐར་འཁྱོལ་ན། མཁན་སློབ་གང་རུང་གི་མཚན་ཐོབ་ལ། བཤད་གྲྭར་མ་སོང་བར་་རང་སྒེར་གྱིས་སྦྱངས་མཐར་བྱས་ན་མཁན་སློབ་ཀྱི་མཚན་མི་ཐོབ། དེ་ནི་མིང་ཙམ་ལས་སྦྱངས་བའི་ཡོན་ཏན་ལ་ཁྱད་པར་འབྱེད་པ་ཆེས་མེད། མཁན་པོ་ནི་གོང་གི་ཐོས་བསམ་མཐར་ཕྱིན་པ་འདིས་སྟེང་དུ་སྡོམ་པ་རང་རྒྱུད་ལ་ལྡན་པ་སྣ་གཅིག་ཁོ་ན་ལས་ཐོས་བརྩོན་པ་གང་ཡིན་ལ་མི་རུང་། བུད་མེད་བསྟེན་པའི་མཁན་པོ་སྔ་མོར་ཡོད་སྲོལ་མི་འདུག རྣམ་ཐར་དང་རྙིང་མའི་ཆོས་འབྱུང་གང་ནས་ཡང་བདག་གིས་མ་ཤེས་པ་མིན་ན་མཐོང་མ་སོང་། སློབ་དཔོན་ཡང་དེའི་སྟེང་དུ་སྔགས་ཕྱི་ནང་གི་ཆོ་ག་ཕྱག་ལེན། དཀྱིལ་འཁོར་འབྲི་ལུགས། གནན་སྲེགས་འཕང་གསུམ་ལ་སོགས་པ་ཀུན་ལག་ལེན་ཏུ་འཁེལ་དགོས། མཁན་པོ་ཡིན་ན་མཁས་ཚུལ་མདོ་ལ་ཆེ། སློབ་དཔོན་ཡིན་ན་མཁས་ཚུལ་སྔགས་ལ་ཆེ་ཟེར་བ་ལྟར་གོ་དགོས། ཡིན་ནའང་དེང་གི་དུས་འདིར་ང་ཚོས་གཟབ་ནན་བྱེད་རྒྱུ་ནི་མེད་དུ་མི་རུང་བས་འོས་འགན་རེད། ཐ་ན་ཕྱི་རྒྱལ་གྱི་གཙུག་ལག་སློབ་ཆེན་དག་ན་ཡང་མདོ་སྔགས་ལ་ཐོས་བསམ་གྱི་བྱང་ཆ་མ་ཐོན་པའི་བོད་པའི་སློབ་སྟོན་པས་བཀང་འདུག འདི་ལྟར་སོང་ཚེ་བོད་པའི་རིག་གཞུང་དང་བོད་མིའི་ཤེས་ཡོན་གྱི་རིན་ཐང་ནི་ཚེར་མ་གོས་བཏུམས་དང་སྡེར་མོ་སྤུ་བཏུམས་ཀྱི་དཔེ་ལྟར་སྐྱོན་ཆ་ཉག་གཅིག་གི་ཚལ་དུ་འགྲོ་བར་ཉེན་ཁ་ཤིན་ཏུ་ཆེ་བས། ཀུན་གྱིས་ཐུགས་འཇགས་འཚལ་བར་ཞུ།
མཁན་པོ་རྫ་ཚེས་དགོངས་ཚུལ་ཡག་པོ་གསུངས་འདུག །མཁན་སློབ་ཆོས་གསུམ་གདན་འཛོམས་པའི་སྐབས། སློབ་དཔོན་པདྨས་གཙོ་བོར་གསང་སྔགས་དར་ཞིང་རྒྱས་བར་མཛད་དེ་སྔགས་པ་ལྕང་ལོ་ཅན་གྱི་སྡེ་བཙུགས། །མཁན་ཆེན་ཞི་བ་འཚོས་སད་མི་མི་བདུན་རབ་ཏུ་བྱུང་ནས་རབ་བྱུང་གི་སྡེ་བཙུགས། ཆོས་རྒྱལ་ཁྲི་སྲོང་གིས་མཁན་སློབ་གཉིས་ཀྱི་དགོངས་ཚུལ་གཞིར་བཟུང་ནས་དེང་ཕྱིན་བོད་ལ་ལྟ་བ་དབུ་མ་དང་སྤྱོད་པ་ཡོད་སྨྲའི་སྡེ་གཙོ་བོར་འཛིན་དགོས་བར་བཀའ་ཡིག་བསྒྲགས། དེ་ལྟར་ན་རྙིང་མའི་མཁན་པོ་ཞིག་ཡིན་ན་མཁན་ཆེན་ཞི་བ་འཚོའི་མཛད་སྤྱོད་དང་མཐུན་པར་རབ་བྱུང་བ་ཞིག་མ་མཐའ་ཡིན་དགོས་ལ། དགེ་ལུགས་པའི་མཁན་པོ་ཡང་དེ་དང་གཅིག་མཚུངས་ཀྱིས་རབ་བྱུང་བ་ཁོ་ན་ཡིན་དགོས། མཁན་ཆེན་ཞི་བ་འཚོའི་དུས་སྐབས་ནས་བཟུང་ཐུན་མོང་ཡོངས་གྲགས་སུ་ནང་བསྟན་སློབ་གཉེར་གྱི་གཞི་འཛིན་མཁན་གཙོ་བོ་མཁན་པོ་ཆགས་དགོས་ལ། དེས་ན་མཁན་པོ་ནི་སློབ་སྦྱོང་གི་རྐང་འཛིན་མཁན་དང་བསླབས་པ་མཐར་སོན་པ། ཉམས་མྱོང་ཡོད་མཁན་ཞིག་ལ་བརྐོ་བཞག་བྱེད་དགོས་པ་རེད། དེ་མིན་གསར་བུ་ལ་མཁན་པོའི་མིང་བཏགས་ན་འོས་འཚམས་ཡིན་མིན་རྙིང་མ་བ་དག་གིས་དགོངས་པ་བཞེས་རོགས། སློབ་དཔོན་རིན་པོ་ཆེས་གསང་སྔགས་ནི་སྐལ་ལྡན་ལས་འཕྲོ་ཅན་འགའ་རེ་ལ་མ་གཏོགས་ཐུན་མོང་ཡོངས་གྲགས་སུ་སྦས་ནས་བསྟན་པ་རྣམ་ཐར་ལོ་རྒྱུས་ན་གསལ་བ་ལྟར་རེད། དེང་སང་དགེ་ལུགས་པའི་མཁན་པོ་བརྐོ་བཞག་བྱེད་སྟངས་དེ་ཆོས་རྒྱལ་ཁྲི་སྲོང་གི་དགོངས་གཞི་དང་མཐུན་པ་རེད་ལ། སྤྱིར་ན་གནའ་ནས་ད་བར་རྒྱུད་གྲྭ་སྟོད་སྨད་དང་གདན་སའི་མཁན་པོ་ཡིན་ན་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་ཚད་ལྡན་ཞིག་ལ་མ་གཏོགས་མཁན་པོའི་མིང་འཐོབ་མི་སྲིད་པ་ཡིན། ཨ་མའི་བུ་ལ་ཡོན་ཏན་ཡོད་ན།།དགའ་ལྡན་ཁྲི་ལ་བདག་པོ་མེད།།ཞེས་པའི་ཁ་དཔེ་ལྟར་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་དང་དགའ་ལྡན་ཁྲི་བའི་མཚན་གནས་དེ་ཡང་དབུལ་ཕྱུག་དང་རིགས་རུས་ལ་དབྱེ་བ་མེད་པར་མདོ་སྔགས་ཀྱི་བསླབ་པ་མཐར་སོན་པ་དང་མཁན་བཙུན་བཟང་གསུམ་ལྡན་པའི་སྐྱེས་བུ་ཞིག་ལ་འཐོབ་དགོས་པ་རེད་མ་གཏོགས། རྒྱལ་བ་རིན་པོ་ཆེས་གཅིག་བུས་མིང་བཏགས་མཛད་པ་ཞིག་གང་ནས་ཡིན།
དེ་རིང་ཡིན་ན་གོང་གི་རྩོམ་ཡིག་དེ་དང་མཆན་པུ་གཉིས་ཀ་ལས་ཤེས་དགོས་པ་མང་བོ་ཞིག་ཤེས་སོང་་་་ཁྱོད་ཚོར་བཀའ་དྲིན་ཆེ་ཞུ། རང་གི་བསམ་ཚུལ་དྲང་བོར་ཞུས་ན་སུ་ལ་ཡང་ཕན་གྱིན་ལས་གནོད་པར་མཐོང་གིན་མེད། གྲྭ་ལོག་ཡིན་ཡང་རུང་མི་སྐྱ་ཡིན་ན་ཡང་དགོན་སྡེ་ཁག་གི་ལུགས་སྲོལ་བསྒྱུར་བཅོས་འོས་རིགས་ལ་ལྷག་བསམ་རྣམ་དག་གིས་ཤོད་ན་བསྟན་ལ་ཞབས་ཞུར་སོང་བ་ལས་གནོད་པར་འགྲོ་སྲིད་ཀྱི་མ་རེད། ང་འདྲ་བའི་དགོན་སྡེ་ཁག་གི་འགྲོ་སྟངས་མི་ཤེས་པ་དག་ལ་སྐབས་རེར་དགོན་སྡེ་ཁག་གི་ཆོས་ཕྱོགས་ཀྱི་འགྲོ་སྟངས་དང་བརྒྱུད་རིམ་སོགས་ངོ་སྤྲོད་རེ་སུས་གནང་ཡང་དགའ་བསུ་དང་བཀུར་བཞིན་ཡོད།
ངོ་མ་འདྲེ་རྐང་ཐོས་བརྗོད་པ་ནང་བཞིན་ཐོས་པ་བསགས་པའི་ཆ་རྐྱེན་རྨད་དུ་བྱུང་བ་ཞིག་འདུག་་་རྗེས་ཕྱོགས་ཀྱང་འདི་དང་འདི་འདྲ་བའི་བསླབ་པ་སློབ་གཉེར་གནང་སའི་བཤད་གྲྭ་ཁག་གི་བསླབ་པ་སློབ་གཉེར་གནང་སྟངས་གནང་ལུགས་སོགས་ཀྱི་སྐོར་ནས་འགྲེལ་བརྗོད་དམ་བསམ་ཚུལ་ལྷུག་པོར་གནང་ན་ང་ལྟ་བུའི་མི་མང་པོ་ཞིག་ལ་ཐོས་པ་བསགས་པའི་ཆ་རྐྱེན་རྨ་མེད་ཅིག་ཏུ་འཁུམས།་་་་གོང་གི་བསམ་ཚུལ་འབྲི་མཁན་རྫ་བཀྲིས་ཚེ་རིང་གཙོས་འོག་ཏུ་མཆན་འགོད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
ད་སྐུ་མཁྱེན། གླེན་བཤད་རྒྱག་མ་འདུག་རོགས། ཁྱོད་ཚོ་མཚམས་མཚམས་ལ་ནི་མཁས་པ་ཆེན་པོ་རེ་ཡིན་པ་འདྲ་བོ། མཚམས་མཚམས་ལ་ནི་ཟོག་འཚོ་སའི་གཟས་སྣེ་ནས་ད་ལྟ་རང་མར་ཁྲིད་ཡོང་བ་འདྲ་བོ་རྐྱང་རྐྱང་འདུག མཁན་པོ་ལ་དགེ་ལུགས་པའི་མཁན་པོ་དང་རྙིང་མའི་མཁན་པོ་ཟེར་བ་ཞིག་ག་ལ་ཡོད། མཁན་པོའི་ཐ་སྙད་ཀྱི་ཐོག་མའི་འབྱུང་ཁུངས་ཆོས་འདུལ་བ་རེད། འདུལ་བའི་ནང་དུ། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས༎ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་༎ཆོས་དང་ཟིང་ཟིང་ཕན་འདོགས་ཀྱིས་བརྩོན་པ༎ཞེས་མཁན་པོའི་མཚན་ཉིད་ཅིག་གསུངས་བཞག་ཡོད་པ་རེད། འདི་ལ་ཁྱོད་ཚོས་བཤད་བཞིན་པའི་རིགས་ལམ་སྦྱངས་མ་སྦྱངས་དང་། ལས་སྣེ་འདྲ་མིན་བརྒྱུད་མ་བརྒྱུད། རྩོམ་ཡིག་འབྲིི་ཤེས་མིན་ལ་འབྲེལ་བ་གང་ཡང་མི་འདུག་ག མཁན་པོ་ལ་མཁས་པ་ཆེན་པོ་འཆད་རྩོད་རྩོམ་གསུམ་ལ་ཆག་ཐོགས་མེད་པ་ཡོད་ཆོག་གི་རེད་ལ་དབྱར་གནས་རེའི་མགོ་བསྡུ་ཐུབ་ཙམ་གྱི་དབྱར་གནས་མཁན་པོ་ཡང་ཡོད་ཆོག་གི་རེད། གོ་གནས་མཐོན་པོ་དགེ་ལྡན་པའི་གདན་ས་ཆེན་པོའི་གྲྭ་ས་ཁག་གི་མཁན་པོ་ཡང་ཡོད་ཆོག་གི་རེད་ལ་དགོན་ཆུང་རེའི་དབྱར་གནས་ཀྱི་མགོ་བསྡུ་ཐུབ་ཙམ་གྱི་མཁན་པོ་ཡང་ཡོད་ཆོག་གི་རེད། འབུམ་རམ་པ་དང་མཚུངས་མི་མཚུངས་སོགས་ར་མགོ་ལུག་སྦྱར་བྱེད་དགོས་དོན་འདྲ་མི་འདུག
དགེ་ཚུལ་སློང་གི་སྡོམ་པ་གང་རུང་ལྡན་པ། འདུལ་བའི་གཞི་བཅུ་བདུན་པོར་གོ་བ་ཕྲ་རགས་གང་རུང་ཡོད་པ། ཆོས་དང་ཟིང་ཟིང་གི་ཕན་འདོགས་པར་རྩོན་མཁན་ཞིག་ཡིན་ཕྱིན་མཁན་པོའི་མིང་འདོགས་མི་ཆོག་པའི་རྒྱུ་མཚན་ཞིག་མི་འདུག
བླ་རྒན་ཞིག་གིས་གྲྭ་ཆུང་ཞིག་ལ་འདུལ་ཁྲིམས་རྩ་བ་བཞི་ཞིག་ངོ་སྤྲོད་བྱས་ཀྱང་བླ་རྒན་དེ་མཁན་པོ་མ་རེད་ཟེར་ནས་བརྗོད་ཐུབ་གི་མ་རེད།
མཁན་པོའི་མཚན་གནས་དེ་མཐའ་གཅིག་ཏུ་འབུམ་རམས་པ་རེད་ལབ་ཐུབ་ཀྱི་མི་འདུག སྤོབས་པ་མཐའ་ཡས་ཀྱིས་གསུང་བ་ལྟར་རེད། བོད་ཀྱི་ཆོས་བརྒྱུད་རེ་རེའི་སྟེང་ན། མཁན་པོའི་རིན་ཐང་དང་ཆེ་མཐོང་རེ་ཡོད་དུས། ལྟོས་འཇོག་གིས་བཤད་དགོས་ཀྱི་འདུག དགེ་ལུགས་པའི་དགེ་བཤེས་ལྷ་རམས་པ་ལྟ་བུ་ཡིན་ན། ད་གཟོད་དེང་དུས་ཀྱི་ (PHD) ཤེས་ཚད་དང་མཉམ་པ་རེད། མིང་དེ་ཞེ་དྲག་སྙན་པོ་འདུག
མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་བསོད་རྒྱལ་རིན་པོ་གཙོས་མཁན་བླ་ཁག་ཅིག་ལ་རྙིང་མའི་མཁན་པོའི་འབུམ་རམས་པའི་ལག་འཁྱེར་ཐོབ་འོས་པ་རེད།
རྫ་ཚེ་བཀྲ་ནས་དཀོན་མོའི་དུས་ཚོད་མང་པོ་འདི་ཕྱོགས་སུ་བཏང་བའི་བསམ་ཚུལ་ལ་ཅུང་ཙམ་བལྟས་རྗེས་བསམ་ཚུལ་མི་མཐུན་པ་མང་པོ་འདུག དེ་ཡང་ཁོ་བོས་བཤད་ན་རྩ་བའི་དགེ་ལུགས་དང་རྙིང་མའི་མཁན་པོའི་བར་ཁྱད་དང་། ཁྱད་པར་མཁན་པོ་དང་འབུམ་རམ་པའི་བར་ཁྱད་སོགས་རེད། དེ་བཞིན་རྙིང་མའི་ལེགས་བཅོས་དགོས་ཚུལ་སོགས་རེད། ཡིན་ན་ཡང་ལེགས་བཅོས་དགོས་ཚུལ་སྐོར་ནི་གཅིག་ན་ཁྱེད་རང་གི་ཐོབ་ཐང་དང་དེའི་སྤྲད་པའི་གོ་གནས་ལ་རིན་ཐང་མེད་སོང་བ་གང་ལྟར། སྒྱུར་བཅོས་གནས་ལུགས་དང་བསྟུན་དགོས་པ་ལས་རང་དགར་བྱ་ཐབས་བྲལ། གནས་ལུགས་ཡོད་མེད་བསམ་ཚེ་སྔ་འགྱུར་བའི་ག་གེ་མོ་ཞིག་གི་མཁན་པོས་མ་འཇོན་པའི་དགེ་ལུགས་མཁན་པོ་འབུམ་རམ་པས་འཇོན་ཚུལ་ཀྱང་བཤད་དུ་མེད་པ་དངོས་པོའི་གནས་ལུགས་སུ་གྲུབ། ཕྱོགས་གཞན་ནས་སྐུ་ཉིད་ཀྱི་གཟིགས་ཚུལ་ནོར་བ་མིན་འགྲོ། སྔ་འགྱུར་ཚང་གི་མཁན་པོས་ལག་ཁྱེར་གནང་བའི་གོ་རིམ་ནི་སློབ་སྦྱོང་གི་གོ་རིམ་རྫོགས་རྗེས་སློབ་དཔོན་སམ་ཡང་སློབ་ཐོན་པའི་ཕྱག་འཁྱེར་གནང་རྒྱུ་ཡོད། དེ་ནས་རང་ལུགས་སྲོལ་རྒྱུན་དང་མཐུན་པའི་མཁས་བཙུན་བཟང་གསུམ་གྱི་ཚད་གཞི་ཡོད་མེད་ལེགས་པར་དཔྱད་རྗེས་མཁན་པོའི་ཕྱག་ཁྱེར་གནང་གི་ཡོད་པ་ལས། སྐུ་ཉིད་ཀྱིས་གནས་ལུགས་དེ་ག་མ་གཟིགས་པར་རང་དགར་སྔ་འགྱུར་བའི་མཁན་པོ་རྣམས་ཀྱི་ཚད་འཛིན་བྱེད་པ་ནི་ཇི་འདྲའི་སྤོབས་སེམས་མཐོ་བ་ཞིག་རེད། ཁྱེད་དང་ཁྱེད་ཀྱི་མཁན་པོའི་ཕྱག་འཁྱེར་སྤྲོད་ཕྱོགས་གཅིག་པུ་ལ་གཟིགས་ནས་སྔ་འགྱུར་བ་སྤྱིའི་དར་ཆ་ལ་ཚད་འཛིན་ཀྱང་བྱེད་ག་ལ་ཐུབ། འདི་རིགས་ལེགས་བཅོས་གནས་ལུགས་དང་སྲོལ་རྒྱུན་གྱི་ཚད་གཞི་མེད་པར་གང་བསམ་བསམ་གྱིས་ལེགས་བཅོས་ཞིག་ཀྱང་ག་ལ་ནུས། སྤྱིར་སྔ་འགྱུར་ཚང་གཅིག་གྱུར་ཟེར་བ་དེ་ཡང་ཁག་པོ་མིན་འགྲོ། སྔ་འགྱུར་བའི་གདན་ས་དྲུག་པོ་ལ་དམིགས་བསལ་གོང་རིམ་དམ་པ་གོང་མའི་རྒྱུད་རིམ་རེ་རེ་ཡོད་པའང་སྨྲོས་མེད་རེད། སྔ་འགྱུར་གཅིག་གྱུར་གྱིས་བླ་རུང་ལ་ཕེབས་དགོས་ཚུལ་གསུང་བ་དེ་བསམ་བློ་ཅུང་ཟད་བཟང་ཡང་དེ་ཡང་ཡུལ་དུས་ཀྱི་རྐྱེན་པས་འབྱུང་མི་སྲིད་པ་ཞིག་རེད། ད་འདི་ལྟ་བུའི་བསམ་ཚུལ་དང་ལེགས་བཅོས་བྱེད་མཁན་ཞིག་ལ་བསམ་ལ་མཁས་དབང་ཚུལ་ཁྲིམས་བློ་གྲོས་ལྟ་བུ་ཆོས་སྒར་ཞིག་ན་ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་ལུང་སྣེ་སྣོད་གསུམ་ལ་འཆད་ཉན་བྱེད་ཀྱི་གང་ཟག་ཞིག་གིས་གསུང་ལམ་ལས་གྲགས་ཡོང་བ་ཞིག་ལས་རྒྱ་ལམ་སྲང་ནས་གྲགས་རྒྱུ་ཞིག་ཀྱང་མིན་ཚོད་འདུག གང་ལྟར་བཅོས་བསྒྱུར་བྱེད་པ་ལ་ལམ་ལུགས་སྲོལ་ལུགས་སྲོལ་རེ་ལོས་དགོས་སྙམ། མདོར་ན་ངས་བཤད་རྒྱུ་ནི་ལམ་དང་ལུགས་སྲོལ་ལ་འགྲོ་རྒྱུ་གལ་ཆེན་དང་། གཞན་དག་ལ་ལྟོས་ནས་རྙིང་མའི་མཁན་པོ་སོགས་ཀྱིས་མ་འཇོན་པ་ཞིག་མེད་པའི་དྲན་གསོས་སུ་སྨྲས་པ་ལས་དགག་བཞག་གི་བསམ་བློ་དང་འཐེན་འཁྱེར་གང་ཡང་མེད་ཅེས་སྤོབས་སེམས་ཆེན་པོས་སོ།
ཨ་རིག་དགེ་མཐོང་དང་་་་རྫ་ཚེ་བཀྲ་གཉིས་འདི་ལྟར་གཅིག་ཏུ་གྱུར་་་་་་ཧ་ཧ་ཧ་
འབུམ་རམས་པ་ཟེར་ན་མིང་བརྡ་གསར་བ་ཞིག་རེད་སྙམ།
དགེ་ལུགས་པ་ལ་མིང་འདི་འདྲ་འདོག་སྲོལ་མེད་ལ་
ཆོས་བརྒྱུད་གཞན་རྣམས་ལའང་ཕལ་ཆེར་མེད།
དེང་སང་དབྱིན་སྐད་དུ༼GP༽དང་རྒྱ་སྐད་ལ་༼པོ་ཧྲི༽བོད་སྐད་ལ་༼འབུམ་རམས་པ༽ཞེས
མིང་འདི་འདོག་གི་ཡོད་སྙམ།།
དགེ་ལྡན་པའི་དགེ་བཤེས་ལ་བཟང་ངན་སྣ་ཚོགས་ཡོད་བཤད་མ་དགོས་པ་ཞིག་རེད། དགེ་ལྡན་པའི་ནང་དུ་དགེ་བཤེས་ཐོན་རྒྱུར་ལོ་ཉི་ཤུ་འགོར་དགོས་པ་བཞིན་རྙིང་མའི་ཕྱོགས་ལའང་སློབ་དཔོན་འཐོན་རྒྱུར་དེ་མཚུངས་ཡིན། མཐོ་སློབ་གཅིག་པུར་ཡང་ཉུང་མཐར་ལོ་དགུ་སྡོད་དགོས་པ་ཡིན། ཕྱི་རྒྱལ་(PHD)ཟེར་བའི་ཕྱག་ཁྱེར་གྱི་དུས་ཡུན་ནི་དགེ་བཤེས་དང་སློབ་དཔོན་གཉིས་ཀར་ཚང་མོད། འཐུས་སྒོ་དེ་ལྟ་བུ་ནི་སློབ་དཔོན་དང་དགེ་བཤེས་གཉིས་ཀར་གཅིག་གྱུར་བྱུང་མེད། མཁན་པོ་ནི་དེ་གཉིས་ལས་གོང་དུ་འཕགས་པ་ཞིག་ལ་སྤྲོད་གནང་དགོས་ངེས་རེད། འོན་ཀྱང་དཀའ་ངལ་ཆེ་ཤོས་དེ་ནི་དེང་དུས་མཁན་པོ་མང་པོར་ཤེས་ཡོན་མེད་པ་དེ་རེད། དགེ་བའི་བཤེས་གཉེན་ཞེས་པའང་། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ། །ཡོན་ཏན་བརྩོན་བྱས་ལྷག་པར་ལུང་གིས་ཕྱུག སོགས་དོན་ཐམས་ཅད་ལྡན་པ་ཞིག་བཙལ་དགོས་ན་སྙིགས་མའི་དུས་འདིར་རྙེད་ཐབས་བྲལ་བ་རེད།
དཔྱད་རྩོམ་དང་མཆན་བུ་བཀོད་པ་ཚང་མ་ཨུ་ཚུགས་རྒྱབ་ནས་ཐེངས་གཅིག་བཀླགས་པ་ཡིན། གོ་རྒྱུ་མང་པོ་འདུག ཐུགས་རྗེ་ཆེ།
ཁྱོད་ཚོའ་རྙིང་མའི་མཁན་པོ་ཚར་མང་པོ་གླེང་སོང་། ས་སྐྱའི་རྫོང་གསར་བཤད་གྲྭ་སྦི་རི་ན་ཡོད་པ་དེ་ནས་མཁན་པོའི་མིང་ཅན་མང་པོ་ཞིག་ཐོན་དང་འཐོན་བཞིན་པ་འདི་ཡང་གླེང་དགོས་པ་ཞིག་རེད།
འདུལ་བའི་ནང་དགེ་ཚུལ་སློང་གི་སྡོམ་པ་གནང་མཁན་ལ་མཁན་པོ་དང་། དེ་བཞིན་དབྱར་གནས་མཁན་པོ་ཡང་ཡོད་རེད། དེ་ཚོ་གཞུང་ལུགས་དཔེ་ཆ་ཤེས་མ་ཤེསཀྱི་སྐད་ཆ་ཡོད་མ་རེད། བཀའ་བརྒྱུད་དང་རྙིང་མའི་མཁན་པོ་ཞེས་འབོད་ཚུལ་ནི་སློབ་སྦྱོང་ཐོན་པའི་ཚད་deegree ལྟ་བུ་རེད། དེ་ནི་དགེ་ལྡན་པ་ལྟར་ན་དགེ་བཤེས་ལྟ་བུ་རེད། ཡིན་ནའང་དགེ་ལྡན་པའི་ལོ་ངོ་མང་བ་སློབ་གཉེར་བྱེད་ཀྱི་ཡོད་རེད། ཡང་དགེ་ལྡན་པའི་གདན་ས་གསུམ་དུ་མཁན་པོ་འབོད་ཚུལ་ནི་འཛིན་སྐྱོང་བྱེད་མཁན་ལ་ཟེར། ་དེ་ནི་deegree དང་འབྲེལ་བ་ཡོད་མ་རེད། ཡིན་ནའང་མཁན་པོ་དེ་དག་དགེ་བཤེས་མཐོན་པའི་རྗེས་སུ་བཀོད་བཞག་གནང་གི་རེད། དེས་ན་མཁན་པོ་ཐ་སྙད་དེ་ལ་གོ་བ་མི་འདྲ་བ་གསུམ་ཙམ་འདུག
ཨོ་འདི་ན་མཁན་པོ་དང་འབུམ་རམས་པ་སློབ་དཔོན་དང་དཔོན་སློབ་སོགས་ལ་ཞུ་དག་བྱེད་ཀྱིན་འདུག
མཛངས་མ་དང་སྐྱ་ཡ། གྲྭ་བ་དང་ཨ་ནེ། བླ་མ་དང་སྤྲུལ་སྐུ། བཀའ་ཡི་བློན་པོ་དང། སྤྱི་འཐུས་སོགས་ཚང་མར་ཞིབ་འཇུག་བྱས་ཚར་པ་ཡིན་ས་རེད། ཇུས་གཏོགས་ཚོགས་པ་འདི་ཡིས་དེ་སྔར་གྲོས་གཞི་རྐྱང་བཏོན་པ་མ་གཏོགས། གྲོས་ཆོད་བཞག་པ་གཅིག་ཀྱང་ཡོད་ནི་མ་རེད།
ད་དེ་ཚོར་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་གནང་རོགས།
ཟུང་ཉན་པས།
མཁན་པོ་ནི། ཐར་པའི་ལམ་སྣེ་འཁྲིད་པའི་མཁན་པོ་སྟེ། དཔེར་ན་ལམ་སྣེ་འཁྲིད་པའི་ལམ་མཁན་ལྟ་བུ་དང། སློབ་དཔོན་ནི། འཁོར་བ་དང་མྱང་འདས་། ལས་རྒྱུ་འབྲས། ཚེ་སྔ་ཕྱི་ལས་སོགས་ཀྱི་སྤང་བླང་མ་ནོར་བར་བློ་རབ་འབྲིང་ཐ་གསུམ་ལ་གང་ལ་གང་འདུལ་གྱིས་ཐབས་ལམ་སློབ་པའི་དཔོན་གསས་བླ་མ་ཡིན་པས་ན་སློབ་དཔོན་དང།
དཔོན་སློབ་ནི། གོང་དང་མཚུངས་པར། འགྲོ་བ་མ་སྨིན་པ་སྨིན། སྨིན་པ་རྣམས་གྲོལ། གྲོལ་བ་རྣམས་མཐར་ཕྱིན་ས་ལ་འགོད་པའི་དཔོན་དང་མགོན་དུ་གྱུར་བའི་དཔོན་གསས་སློབ་དཔོིན་ཡིན་པས་ནའོ།
ང་ཡི་བསམ་འཆར་འདི་ལ་མོས་མཐུན་ཡོད་ན་ཡོད་དང། མེད་ན་མེད། གང་ལྟར་ད་ལན་ཁྱེད་ཇུས་གཏོགས་ཚོགས་པས་གྲོས་ཆོད་ཅིག་ངེས་པར་དུ་བཞག་ཐུབ་པ་གནང་རོགས།
༡༽མཁན་པོ་དང་སློབ་དཔོན་གཉིས་ལ་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་གི་ཁྱད་པར་བཞི་པོ་གང་ཡོད་དམ།?
༢༽སློབ་དཔོན་དང་དཔོན་སློབ་གཉིས་ལ་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་གི་ཁྱད་པར་བཞི་པོ་གང་ཡོད་དམ།?
སྐུ་ཞབས་ཀླུ་སྨྱོན་ལགས། མ་གཞི་གོང་གི་མཆན་དེ་ཁྱོད་ཀྱི་ཡིན་མིན་མི་ཤེས། གལ་ཏེ་ཡིན་ན་ཁྱེད་རྫོང་སར་བཤད་གྲྭ་སྤྱི་དང་བྱེ་བྲག་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་དང་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གིས་ཐུགས་དཔྱད་ཟབ་མོས་མཁན་པོའི་མཚན་གནས་གནང་བ་རྣམས་ལ་ཕྲ་དོག་སྐྱེ་ཡི་འདུག་ན། ཁྱོད་ངོ་མ་རྫོང་སར་བཤད་གྲྭར་ཕེབས་ནས་བརྒལ་བརྟགས་གནང་ན་དགའ་བསུ་ཡོད་ལ། མ་ཟད་ཁྱོད་རྟ་བོང་ག་རེ་ཡིན་མིན་ཡང་བལྟ་ཆོག དེ་ནམ་ཡང་ཁྱོད་ཀྱིས་ཁས་བླངས་མ་ནུས་ན་ཁྱོད་འཁྱམ་སའི་རྫོབ་དོང་ནང་རྫོང་སར་བཤད་གྲྭའི་མཚན་མ་འགོད་ན་ལེགས། ཁྱོད་ལ་ཕན་རྒྱུ་མེད་པར་བཤད་གྲྭའི་མཚན་སྙན་ལ་གནོད་སྲིད། ངེས་པར་ཐུགས་འཇག་འཚལ།།
ཡ་ཡ་་་་་་ད་ཁྱོད་རྣམས་ཀྱིས་གླེང་མོལ་མང་པོ་གནང་སོང་ཡང་གནད་འགག་ངོ་མ་ཇི་ལྟར་ཡིན་མིན་མི་ཤེས་པ་འདྲ་བས་གུས་པས་གསལ་བཤད་མདོར་བསྡུས་ཞིག་ཞུ་རྒྱུ་ཡིན། ང་རང་ཡང་རྙིང་མའི་ཆོས་བརྒྱུད་ཀྱི་གྲས་སུ་ཞུགས་ནས་འཛིན་རིམ་བདུན་པར་གནས་ཡོད། སྤྱིར་རྫ་ཚེ་རིང་བཀྲ་ཤིས་ཀྱིས་གསུངས་པ་ལ་རྒྱབ་སྐྱོར་ཡོད། ཡར་རྒྱས་ལ་མཐའ་མེད་པས་ཇི་ཙམ་ལེགས་སུ་ཕྱིན་ན་དེ་ཙམ་ལོས་དགའ། འོན་ཀྱང་ངེད་ཅག་རྙིང་མ་བས་སློབ་གཉེར་གནང་སྟངས་དང་མཚན་གནས་འབུལ་ཚུལ་གྱི་སྐོར་མདོ་ཙམ་ཞུ་ན། ཐོག་མ་ཆོས་གྲལ་དུ་ཞུགས་ནས་འབྲི་ཀློག་མཐར་ཕྱིན་མཚམས་གཞི་རིམ་འཛིན་གྲྭར་དང་པོར་ཞུག་ཆོག་གི་ཡོད། དེར་ཞུགས་སྐབས་དང་པོ་བྱིས་པ་དག་ཡིག་ནས་བཟུང་རིམ་བཞིན་ཐུན་མོང་རིག་གནས་ཀྱི་སྐོར་དང་སྔ་འགྱུར་རང་ལུགས་ཀྱི་ཕྱག་ལེན་བཅའ་རྡུང་འབུད་དཀྲོལ་སོགས་ལ་བསླབས་ཏེ་གཞི་རིམ་འཛིན་གྲྭ་གསུམ་པ་བཞི་པ་པར་བསྐྱོད་དགོས། དེ་ནས་ཐུན་མིན་ནང་དོན་རིག་པའི་སྐོར་ལས་ཐོག་མར་རྒྱལ་སྲས་ལག་ལེན་དང་བཤེས་སྤྲིངས་ནས་བཟུང་རིམ་བཞིན་སྤྱོད་འཇུག་དང་སྡོམ་གསུམ་སོགས་ཀྱི་བར་རིམ་བསྐྱོད་དང་ཞོར་དུ་རིག་གནས་སུམ་རྟགས་སྙན་ངག་རྩིས་རིགས་འདྲ་མིན་བཅས་ལ་བསླབ་ཏེ་འཛིན་རིམ་བརྒྻད་པ་བར་སོན་ཐུབ་དགོས། མདོར་མ་གཞི་རིམ་འཛིན་གྲྭ་ཁོ་ན་ལ་ཡང་མ་མཐའ་ལོ་བཅུ་གཉིས་ཙམ་འགོར་ངེས་ཡིན། དེ་རྗེས་སྔོན་འགྲོ་བསགས་སྦྱངས་ལ་འབད་དེ་ལོ་འཁོར་གཅིག་རིང་མཚམས་ཁང་དུ་བཞུགས་ཏེ་སྔོན་འགྲོ་འབུམ་ལྔ་ངེས་ཅན་དུ་འགྲོ་ཐུབ་པ་གནང་མཚམས་གཞི་རིམ་གྱི་གྲལ་ནས་ཐོན་པ་ཡིན། དེ་རྗེས་བཤད་གྲྭར་ཞུགས་འདོད་ཡོད་ན་ཐོག་མར་དགེ་ཚུལ་སློང་གི་སྡོམ་པ་ཡོད་པ་སྨོས་མེད་ཐོག་གཞི་རིམ་འཛིན་གྲྭའི་ལག་ཁྱེར་དང་སྔོན་འགྲོ་བསགས་ཟིན་པའི་ངོས་སྦྱོར་དང་བཅས་ཏེ་བཤད་གྲྭར་འཛིན་རིམ་དང་པོར་ཞུགས་ཆོག དེ་ནས་འཛིན་རིམ་བདུན་པར་སླེབས་སྐབས་སྐྱོར་དཔོན་གྱི་མཚན་གནས་ཡོད་ཀྱང་། དེ་འང་འཛིན་རིམ་བདུན་པ་ཡིན་ཚད་ལ་ཐོབ་ཐང་མེད་པས་ཐོག་མར་བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་དགོས་པ་དང་། བར་དུ་སློབ་ཕྲུག་བརྒྱ་ཆ་དྲུག་ཅུའི་རྒྱབ་སྤྱོར་ཐོབ་དགོས་པ། དེ་རྗེས་འཛིན་རིམ་བདུན་པ་བར་ལན་དྲུག་རིང་ཡིག་རྒྱུགས་ཨང་དང་པོའི་སྡེ་ཚན་ལོན་པའི་རིགས་ལ་རྒྱུན་ལས་ནས་འོས་བབས་ཡོད་མེད་གཟིགས་ཏེ་སྐྱོར་དཔོན་གྱི་མཚན་གནས་འབུལ་གི་ཡོད། དེ་ནས་ལོ་རིམ་དགུ་པ་ཐོན་མཚམས་སུ་ཡིན་རུང་སློབ་དཔོན་གྱི་མཚན་གནས་ཡོད་ཀྱང་དཔེ་ཁྲིད་གནང་ཐུབ་མིན་ལ་ཆ་རྐྱེན་དུ་མ་དང་ལྡན་དགོས་ཀྱང་སྐྱོར་དཔོན་གྱི་མཚན་གནས་བཞེས་ཟིན་པ་ལ་དེ་ཙམ་གྱི་རྙོག་གྲ་མེད། སྡར་སྐྱོར་དཔོན་མ་གནང་བ་རྣམས་དཔེ་ཁྲིད་གཏན་ནས་གནང་མི་ཆོག འོན་ཀྱང་སློབ་དཔོན་གྱི་མཚན་ཐོག་ནས་དགོན་པའི་ལས་འགན་འདྲ་མིན་བཞེས་དགོས། མཁན་པོའི་མཚན་གནས་འབུལ་ཕྱོགས་ཀྱི་སྐོར་ལ་གཙོ་བོ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་པའི་ཐོག་ཉུང་མཐར་ལོ་གསུམ་གྱི་རིང་ཐུན་མོང་དང་ཐུན་མིན་གྱི་རིགས་གནས་ཡོངས་ལ་དཔེ་ཁྲིད་ཀྱི་ཉམས་མྱོང་དང་ལྡན་པའི་ཐོག་བསླབ་པ་དག་ཅིང་བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་པ། སྨིན་གྲོལ་གྱི་དབང་ཁྲིད་རྣམས་མི་དམན་པ་ཐོབ་ཅིང་ཉམས་ལེན་ལ་བརྩོན་པ། རྣམ་ཀུན་སྤྱོད་ལམ་ཞི་དུལ་དང་ལྡན་ཅིང་རྒྱལ་བསྟན་སྤྱིར་ལྷག་བསམ་དང་ལྡན་པ་བཅས་ཀྱི་མཚན་ཉིད་ཚང་ན་སྐྱབས་རྗེ་རིན་པོ་ཚེ་མཆོག་ནས་བརྟག་པ་གནང་སྟེ་འོས་བབས་ཡོད་མེད་གཟིགས་སྟེ་མཁན་པོའི་མཚན་གསོལ་གནང་རྒྱུ་བཅས་དང་། མདོར་ན་མ་མཐའ་ཡང་འབྲི་ཀློག་དུས་ཡུན་མ་རྩིས་པར་ལོ་གྲངས་བཅུ་བདུན་ལ་སློབ་གཉེར་དང་། ལོ་གསུམ་གྱི་དགེ་རྒན་དང་བཅས་ལོ་གྲངས་ཉི་ཤུའི་རིེང་ལ་ཐོས་བསམ་གནང་མཐར་མཁན་པོ་ཞེས་འདོགས་པ་ལས་ཁྱེད་རྣམས་པས་གསུངས་པ་ལྟར་ལས་སླ་བོའི་ཐོག་ནས་མཁན་པོ་ཐོབ་ཐབས་བྲལ་བ་ཡིན་ནོ། །
རེད་ཡ་སྤྱིར་སྔ་མོ་ཡིན་ན་མཁན་པོ་ཞེས་པ་རང་ཉིད་ཚུལ་ཁྲིམས་ལ་གནས་པ་གང་ཞིག་གཞན་ལ་ཡང་དགེ་ཚུལ་སློང་གི་སླབ་བྱ་ངོ་སྤྲོད་ཐུབ་མཁན་ཤིག་ལ་བརྗོད་པར་འདོད་མོད་འོན་ཀྱང་དེང་སྐབས་སྔ་འགྱུར་རྙིང་མ་བའི་མཁན་པོ་ཞེས་པ་གཞི་རིམ་སློབ་གྲ་ལོ་བརྒྱད་མཐར་ཕྱིན་པའམ་ཡང་ན་དེ་དང་ཤེས་ཚད་འདྲ་བ་ཡིན་མིན་བྲིས་ངག་གཉིས་ནས་རྒྱུགས་བླངས་ཏེ་འཕྲོད་ན་བཤད་གྲར་འཛུལ་ནས་འཛིན་རིམ་དགུ་བ
བར་རྒྱུགས་སྤྲོད་ཨང་ལོངས་དགོས་པ་མ་ཟད་བཤད་རྒྱུགས་སོགས་ལཡང་བརྒྱ་ཆ་ཚང་དགོས་དེ་དག་མཐའ་གྲུབ་ནས་ཡང་བསྐྱར་མ་མཐའ་ལ་ལོ་བཞིར་དགོན་པའི་ངག་བཀོད་ལྟར་ཞབས་ཞུ་ཞུས་གྲུབ་ན་ད་བཟོད་གཙོ་བོ་ཚུལ་ཁྲིམས་ལ་སྐྱོན་མེད་པ་སོགས་ཆ་རྐྱེན་ཚང་ན་སྐབས་དང་བསྟུན་མཁན་པོའི་མཚན་ཕུལ་གྱི་ཡོད།ངེས་བསམ་ན་དགེ་ལུགས་དགེ་བཤེས་དང་རྙིང་མའི་མཁན་པོ་འདྲ་བོ་རེད་སྙམ།འོན་ཀྱང་དགེ་ལྡན་པའི་དགེ་བཤེས་ལ་ལྷ་རིམས་མ་གཏོགས་དགོན་པར་ཞབས་ཞུ་ཞུས་ཏེ་འཛིན་གྲར་ཐོན་ན་
དགེ་བཤེས་ཐོབ་ཀྱི་ཡོད་ཡོད་མོད་མཁན་པོ་དེ་ལྟར་མེད་ཤེས་ཡོན་ཡོད་མེད་ཅི་རིགས་ཡིན་ཏེ་ལྷ་རིམས་པ་བཞིན་ནོ།། ཡང་དགོན་སྡེ་ཁག་ལ་འབུམ་རིམས་མཚན་ཉིད་པ་ཤིག་གི་ཤེས་ཡོན་དགོས་ཀྱང་འབུམ་རིམས་པ་ཞེས་མཚན་མེེད་པར་ཆོག་སྙམ་མོ།།
༄༅།། དངོས་གནས་བསམ་ཚུལ་ཡག་པོ་འདུག །ང་རང་ཡང་དེ་སྔོན་ནས་མཁན་པོའི་མཚན་གནས་བསྐོར་ལ་
བསམ་བློ་འཁོར་མྱོང་། དགེ་ལུགས་ཀྱི་ལུགས་སྲོལ་ལྟར་རྒྱུགས་སྤྲོད་ཆེན་མོའི་སྲོལ་གཏོད་དགོས་པ་མ་ཟད་དེ་ཡང་ལོ་ཚད་དང་སློབ་མཚན་གཏན་འབེབས་བྱས་ཏེ་ལག་ལེན་བསྟར་དགོས་པ་ཡིན། དེའི་འགན་རྙིང་མའི་དབུ་བླ་དང་དེ་བཞིན་མཚན་གནས་ཆེ་བའི་བླ་ཆེན་ཁག་ནས་འགན་བཞེས་དགོས་པ་ཡིན། ད་ལྟའི་དུས་འདི་མུ་མཐུད་གནས་ན་རང་རེ་རྙིང་མའི་བསྟན་པ་འདི་ཉམས་གུད་དུ་འགྲོ་རྒྱུ་གདོན་མི་ཟ་བས་རྙིང་མའི་མ་དགོན་ཆེན་མོ་དྲུག་གིས་གཙོས་པའི་ཚོགས་ཆེན་བསྡུ་བསྐོང་གིས་ལས་གཞི་གཏན་ལ་འབེབས་དགོས་པ་ཡིན།།
རྙིང་མའི་མཁན་པོ་དང་དགེ་ལུགས་ཀྱི་དགེ་བཤེས་གཉིས་ཀྱི་སྐོར་རྣམ་པ་ཚོས་ཞིབ་འཇུག་གནང་བ་ལས་དོན་གཞན་ལ་ཞིབ་འཇུག་གཏན་ནས་གནང་གི་མི་འདུག། ག་རེ་ཟེར་ན་དེངས་སོང་རིས་མེད་དགེ་བཤེས་ཟེར་བ་ཞིག་ཐོན་གྱི་ཡོད་པ་དེའི་སྐོར་ཉེ་སྔོན་ཆོས་རྒྱུད་བླ་ཆེན་རྣམ་པས་ཀྱང་དགོངས་འཆར་མང་པོ་གསུངས་ཀྱང་དེ་ཙམ་གྱི་ནུས་པ་མ་ཐོན་། དེ་ཡང་དཔེར་ན་རེས་མེད་དགེ་བཤེས་ཐོན་པ་ལ་སྤྱིར་གཙོ་ཆེ་བ་དགེ་ལྡན་པའི་གཞུང་ལ་སློབ་གཉེར་གནང་སྟེ་དེའི་ཞོར་ལ་ཟླ་བ་གསུམ་རེ་ཆོས་རྒྱུད་གཞན་དག་གི་གཞུང་ཡན་གར་བ་རེ་ལ་ཁྲིད་ལུང་ཙམ་ཞུས་ཏེ་མཐར་རིས་མེད་ཀྱི་དགེ་བཤེས་ཐོན་པ་ཡིན་ཞེས་གནམ་ས་གཉིས་འུར་གྱིས་དཀྲོག་ནས་ཡོད་ཀྱང་། གཞུང་ལུགས་ཡན་གར་བ་ཞིག་ཟླ་གསུམ་རིང་ཁྲིད་ལུང་ཙམ་ཞུས་ཏེ་དེའི་དགེ་བཤེས་ཆག་གི་ཡོད་ན་དགེ་བཤེས་ལས་སླ་བ་ཞིག་མི་འདུག་པས་དེ་དག་ལ་སྣང་མེད་བཞག་མི་རུང་བས་དྲྭ་ཐོག་ཏུ་ཕེབས་པའི་མཁས་དབང་ཚོས་དགོངས་འཆར་ལྷུག་པོར་གནང་ན་མི་ལེགས་སམ།
གོང་གི་བསམ་ཚུལ་ལ་བལྟས་ན་རང་གི་མཁན་པོ་དང་དགོན་པའི་མཁན་པོ་གཉིས་བརྗོད་གཞི་གཙོ་བོ་ཆགས་འདུག ། འདུལ་བ་ནས་བཤད་པ་དེ་རང་གི་མཁན་པོ་རེད་ལ་ཐམས་ཅད་ཀྱི་མཁན་པོ་ཡིན་པའི་ངེས་བ་མེད། དགོན་པ་ཆུང་ཆུང་ཚོ་ལའང་མཁན་པོའི་མིང་བཏགས་རེ་ཡོད་ཤས་ཆེ་ཡང་གདན་སའི་མཁན་པོ་དང་བསྡུར་ས་འགྲོ་ནི་མ་རེད། གདན་སའི་མཁན་པོ་ནི་ངེས་བར་དགེ་བཤེས་ཐོན་ཟིན་པ་ཞིག་དགོས་པ་རེད། རྫོང་གསར་བཤད་གྲྭའི་ནང་ལ་དོན་དམ་ལ་དཔྱོད་པའི་སྐབས་སུ་ཀུན་རྫོབ་མེད་ཅེས་གསུང་གི་འདུག །བཤད་གྲྭའི་ཡིག་ཆའི་གཙོ་བོ་གཞུང་ཆེན་ཁག་ནི་ཀུན་མཁྱེན་གོ་བོ་རབ་འབྱམས་པའི་ཡིག་ཆ་དག་རེད། མཁན་པོ་ཀུན་དགའ་དབང་ཕྱུག་ཚང་ངེས་བར་དོན་གྱིས་མཁས་པ་ཆེན་པོ་ཡིན་པར་མ་ཟད། ཆོས་འདུལ་བ་བཞིན་ཉམས་ལེན་གནང་མཁན་ཞིག་རེད། གཞུང་ཆེན་བཅོ་བརྒྱད་ཡོད་རབས་བཤད་ཅིང་བཀའ་པོད་ལྔ་ལས་སྔོན་ལ་འདུལ་མཛོད་དང་དེ་ནས་དབུ་ཕར་ལ་ལྟ་བ་སོགས་གདན་ས་དང་མི་འདྲ་བ་མ་གཏོགས་གཞན་མནབ་བཟའ་གྱོན་ལུགས། བྱེད་ལུགས་བྱེད་སྟངས་དང་། རྟགས་གསལ་འཕེན་སྟངས་སོགས་གདན་ས་དང་འདྲ་བ་རེད། སྔ་འགྱུར་བ་ལྟར་སློབ་གཉེར་ཐོན་ཟིན་པ་ལ་མཁན་པོའི་མིང་བཏགས་སྤྲོད་པ་མ་གཏོགས་དགེ་བཤེས་ཀྱི་མཚན་གནས་སྤྲོད་ཀྱི་མེད་པ་འདྲ།
གོང་དུ་མཆན་༤༠པས་རྙིང་མ་བས་སློབ་གཉེར་ཐོན་ཟིན་ན་མཁན་པོ་ཡིན་པ་ལྟ་བུ་གསུངས་འདུག་ཀྱང་དེ་མིན་པ་མཆན་༤༦ནང་བྲིས་པ་ལྟར་མཁྱེན་པར་གནང་རོག་ཞུ་རྒྱུ་ཡིན
ཟིན་བྲིས་པ་ཚོས་དགོངས་ཚུལ་ཡག་པོ་གསུངས་འདུག
སྙིང་མ་བ་སོགས་ཆོས་རྒྱུད་མང་པོས་བསླབ་པ་མཐར་སོན་པའི་ཚད་འཛིན་སའི་མིང་ལ་མཁན་པོ་ཞེས་བཏགས་པ་དེ་ནི་ཁོང་ཚོར་སྔོན་ནས་སློབ་གཉེར་དང་དེའི་མཚན་གནས་ཀྱི་ལམ་ལུགས་ཤིག་མེད་ནས་དགེ་ལུགས་པ་སོགས་ལ་འགྲན་རྩོད་ཀྱིས་གསར་བཏགས་བྱེད་དགོས་དུས་དགེ་ལྡན་པའི་ནང་དགེ་བཤེས་ལས་མཁན་པོ་མིང་ཆེ་བ་ཡོད་པས་སློབ་སྦྱོང་གི་ཐད་ནས་དགེ་བཤེས་ཀྱི་ཚད་ལ་སླེབས་ཡོད་མིན་ལ་མ་ལྟོས་པ་མིང་དེ་མཁན་པོ་ཞེས་ཆེ་ས་ནས་ཐད་བཏགས་བྱས་པ་ཞིག་རེད། དེ་ནི་དགོད་བྲོ་བའི་བྱུང་བ་ཞིག་སྟེ། མཁན་པོ་དང་སློབ་དཔོན་ཟེར་བ་ནི་སྔོན་རྒྱ་གར་ནང་དགེ་འདུན་གྱི་སྡེར་བསླབ་ཁྲིམས་འབོག་སྐབས་ཀྱི་འདུལ་བའི་ལས་བྱེད་པའི་གང་ཟག་གི་མིང་ཡིན་གྱི་ཤེས་ཡོན་ཚད་འཛིན་བྱེད་སའི་མིང་ཞིག་གཏན་ནས་མིན། དེ་ལས་ཆོས་རྒྱད་སོ་སོའི་ནང་གང་ཟག་དེའི་ཤེས་ཡོན་ཆུད་ཚད་མཚོན་ཐཱུབ་པའི་མཚན་གནས་གཞན་ཞིག་འཚོལ་ན་ལེགས། དེ་ལྟར་མ་བྱུང་ན་སྨོན་ཆེན་མོ་བཞིན་དགེ་ལྡན་པའི་དགེ་བཤེས་ཀྱི་མིང་དེ་ཚང་མས་བོད་སྤྱོད་བྱེད་ན་ཡག་ཤོས་རེད།
མཆན་༤༡་པ་ལགས། སྔ་འགྱུར་ཚང་གི་དཔེ་འཇོག་ས་གསེར་རྟ་བླ་རུང་སྒར་རེད། རྣམ་གྲོལ་གླིང་དུའང་སྐྱབས་རྗེ་པད་ནོར་རིན་པོ་ཆེ་མཆོག་གིས་ནང་བསྟན་སློབ་གཉེར་གྱི་རྐང་བཙུགས་ཡོད་པ་མ་བརྗེད། མཁན་པོའི་མིང་བཏགས་དེ་མཁས་བཙུན་བཟང་གསུམ་དང་ལྡན་པ་ཞིག་ལ་འབུལ་དགོས་པ་ཚང་མས་ཁས་ལེན་རེད། སློབ་གཉེར་མ་ཐོན་པ་ལ་མཁན་པོའི་མིང་འདོགས་བྱས་ན་ནང་འགལ་རེད་ཟེར་གི་ཡོད། མ་བསླབས་པའི་མཁས་པ་དང་གསར་བུ་དེ་ཚོ་ལ་མཁན་པོའི་མིང་འདོགས་བྱས་ན་འགྲིག་གི་མི་འདུག་ཟེར་གི་ཡོད་པ་རེད། ཆོས་རྒྱལ་ཁྲི་སྲོང་གི་དགོངས་གཞི་དང་མཐུན་གྱི་ཡོད་པ་མ་རེད།
མ་འོངས་པར་བསྟན་པའི་རྒྱུན་སྐྱོང་ཐུབ་མིན་ལ་ཉེན་ཁ་ཡང་ཕྱོགས་གང་ས་ནས་མཐོང་གི་འདུག །
ངས་མཆན་ཚང་མ་བཀླགས་ཟིན། ཚང་མ་ལ་ཐུགས་རྗེ་ཆེ་ཟེར་གྱི་ཡོད། གང་རེད་ཟེར་ན་ངས་ནི་རང་ཉིད་ཀྱི་རྩོམ་ཡིག་ལ་མི་གཞན་གྱི་ཚུར་སྣང་གི་ལན་ཆ་ག་འདྲ་འབྱུང་མིན་ལ་རེ་དོགས་ཡོད། དེ་ནི་ཁས་མ་བླངས་ཐབས་མེད་རེད། ཡིན་ན་ཡང་ཡག་གི་ཟེར་བ་ཙམ་གྱིས་དགའ་བ་དང་། མི་འགྲིག་གི་ཟེར་བ་ཙམ་གྱིས་མི་དགའ་བའི་རྣམ་འགྱུར་ནི་མི་འཛིན། དགོངས་ཚུལ་ཁ་ཤས་ལ་ཕྱོགས་བསྡུས་ཀྱི་བཀའ་ལན་ཞིག་འབུལ་རྒྱུ་ཡིན། དེ་ནི་ངའི་དགའ་ཕྱོགས་ཡིན་ལ། གུས་ཞབས་ཀྱང་ཡིན།
མཁན་པོ་ཚེ་བཀྲས་གསུངས་པའི་མཁན་པོའི་མཚན་གནས་འཐོབ་པར་ནང་བསྟན་སློབ་སྦྱོང་གི་བརྒྱུད་རིམ་ངེས་ཅན་ཞིག་དགོས་ཞེས་བྲིས་པར་རྒྱབ་སྐྱོར་ཡོད། མ་ཟད་ནང་བསྟན་སློབ་ཆེན་ནས་འབུམ་རམས་པའི་ཕྱག་ཁྱེར་ཐོབ་རུང་ཕྱག་འཁྱེར་དེའི་མཁན་པོའི་མཚན་གནས་ཀྱི་ཚབ་བྱེད་ཐུབ་མིན་ནི་ད་དུང་དཔྱད་གཞི་ཞིག་ཡིན། དཔེ་མཚོན་ཞིག་ཞུས་ན་གསེར་ལྗོངས་བླ་རུང་ཆོས་སྒར་གྱིས་སྡོམ་རྩོན་སྡེ་སྣོད་འཛིན་པ་མཁན་པོའི་མཚན་གནས་གནང་པ་ལ་ཆ་རྐྱེན་ནི། མཁས། བཙུན། བཟང་། གསུམ་པོ་འཛོམས་དགོས། དེས་ན་མཁས་པའི་ཆ་ནས་འབུམ་རམ་པའི་ཡོན་ཚད་ལྡན་པ་ཞིག་དང་། ད་དུང་བཙུན་པའི་ཚུགས་དང་བཟང་པོའི་ཡོན་ཏན་ལ་ཡང་ཚད་ངེས་ཅན་ཞིག་ངེས་པར་དུ་ལྡན་དགོས་སྙམ། ནང་བསྟན་འབུམ་རམས་པའི་ཕྱག་འཁྱེར་དེ་ཇི་སྲིད་མཚོའི་མཐའ་ཅན་ཞིག་ཡིན་པས་གལ་སྲིད་མཁན་པོ་ཁྱིམ་སར་བབས་པ་སོགས་ཚུལ་མིན་གྱི་ལས་ཚབ་ཆེན་བྱས་ན་ད་དུང་མཁན་པོའི་གོ་གནས་འཛིན་མི་རུང་པའི་མ་ཚད་དགེ་ལུགས་པའི་མཁན་པོ་ནི་དེ་བས་དུས་ཡུན་ཐུང་ངུའི་མཐའ་ཅིག་རེད།
སྤྱིར་བཏང་བྱས་ན་དོན་གནད་གང་འདྲ་ཡིན་རུང་རིན་ཐང་གི་ལྟ་ཚུལ་མི་མཚུངས་པ་ཡོད་ཆོག་པའི་མི་ཚད་ཡོད་དགོས་པ་ཞིག་ཀྱང་རེད་མོད་འོན་ཅང་མཆན་བུ་འདེབས་མཁན་ཁ་ཤས་ཀྱིས་རྩོམ་ཡིག་འབྲི་བ་པོ་དགོན་པ་ཁ་ཐག་རིང་པ་དང་དེ་བཞིན་ད་ལྟ་རྒྱ་གྲོང་དུ་སྡད་ཡོད་པ་སོགས་རྒྱུ་མཚན་དུ་བྱས་ནས་མི་འཐད་པའི་བསམ་ཚུལ་བཏོན་འདུག དེ་བཞིན་དུ་སྔོན་མ་དཔྱད་རྩོམ་ཞིག་ཏུ་ཡོད་སྨྲའི་ལུགས་སུ་དགེ་སློང་ཕ་ཚོགས་ཁོ་ན་ལས་དགེ་སློང་མ་སྙེན་པར་རྫོགས་ཆོག་མིན་གྱི་ལུང་རིགས་རྗོད་སྐབས་སུ་འདི་ལྟར་དེ་ནི་གདན་སའི་ལྷ་རམས་པ་དག་གི་ལས་སྐལ་ཡིན་པ་ལས་རིན་ཆེན་དངོས་གྲུབ་ཁྱོད་ཀྱིས་ཇུས་གཏོག་བྱེད་མི་འོས་པ་ཡིན་ཞེས་བྲིས་འདུག འདི་རིགས་ལ་རྒྱུ་མཚན་ལྟར་ཟེར་བ་རེད།
ཀིཿལུང་ལགས་ཕེབས་པར་འཚམས་འདྲི་ཡོད།
ས་དགེ་བཀའ་རྙིང་ལ་མཁན་པོ་མང་པོ་འདུག་།ཡིན་ན་ད་ལྟར་དུ་སྐབས་འདུ་ལ་སེམས་ཅན་ཕན་ཐོག་ཆེ་ཤོས་དེ་།མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་དང་བསོད་དར་རྒྱས་རྣམ་གཉིས་རེད་འདུག་།
ས་དགེ་བཀའ་རྙིང་ལ་མཁན་པོ་མང་པོ་འདུག་།ཡིན་ན་ད་ལྟར་དུས་སྐབས་འདུ་ལ་སེམས་ཅན་ཕན་ཐོག་ཆེ་ཤོས་དེ་།མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་དང་བསོད་དར་རྒྱས་རྣམ་གཉིས་རེད་འདུག་།
༡༽གྲོགས་པོ་དགེ་མཐོང་དང་ཀླུ་སོགས་ལ་འཚམས་འདྲི་ཞུ།
དགེ་མཐོང་གིས་གསུངས་པ་ལྟར་ང་ཡང་དགེ་བཤེས་ཡིན་ལ་ཤེས་ཡོན་སོགས་ཀྱིས་བསམ་པ་ལྟར་མེད་པ་མི་སྒེར་བ་ནི་གང་མང་ལ་ཐུག་མྱོང་མོད། སྤྱིའི་ལམ་ལུགས་ཀྱི་ཆ་ནས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ནི་འཐུས་ཚང་དང་ཁྱད་པར་ཚད་མཐོའི་གཅིག་གྱུར་ཡོད་པ་ནི་དགའ་འོས་པ་ཞིག་རེད།
ཡིན་ན་ཡང་རྙིང་མའི་མཁན་པོའི་ཕྱོགས་མང་པོ་ཞིག་ལ་འཐུས་ཚང་དང་གཅིག་གྱུར་འཐོར་འདེགས་བཅས་དགོས་མིན་ལ་མ་ལྟོས་པར་རྩ་བའི་ཆ་ནས་དགེ་བཤེས་ཀྱི་དོད་ཡིན་པས་དེ་གཉིས་གཉིས་གཅིག་ཡིན་མིན་ཟེར་བ་ནི། མིང་འདོགས་སྟངས་ཀྱི་སོ་སོས་ཞེ་འདོད་གོ་རྒྱུ་གལ་ཆེ། གདན་ས་གསུམ་ལ་མཁན་པོ་སྟོང་ཕྲག་ཁས་ལེན་མི་ལེན་ཟེར་བ་དེ་ནི་དགེ་ལུགས་པས་མིང་འདོགས་སྟངས་ཀྱི་མཁན་པོ་སྟོང་ཕྲག་ཁས་ལེན་གྱི་མེད་པས་དེ་གཉིས་མི་འདྲ།
༢༽ཨ་ར་དཀར་པོས་བཤད་པ་བདེན། རྙིང་མའི་ལུགས་ལ་ཡང་སློབ་དཔོན་དང་མཁན་པོ་སྤྱིར་མི་གཅིག་ན་ཡང་། ངའི་སྐད་ཆའི་དཀྱིལ་སྙིང་ནི་སློབ་དཔོན་ཐོན་རྗེས་ཀྱི་མཁན་པོ་དེ་ཉིད་ཀྱི་སློབ་ཚན་དང་སྤུས་ཚད་མཐོར་འདེགས་བྱེད་རྒྱུའམ། ཆེས་མཐོའི་བསླབས་གནས་ཀྱི་མིང་དོན་གསར་གཏོད་སོགས་ལ་བསམ་ཚུལ་འདོན་གྱིན་ཡོད།
ཁྱད་པར་དུ་གསེར་རྟ་དང་རྣམ་གྲོལ་གླིང་སོགས་ལ་སོ་སོ་ལ་སྤྱིར་བཏང་རྩ་བའི་འགྲོ་སྟངས་གང་འཚམས་ཡོད་ན་ཡང་། རྙིང་མ་སྤྱི་ལ་ཁྱབ་པའི་གཅིག་གྱུར་མེད་པ་དང་དངོས་ཡོད་ཀྱི་མཁན་པོའི་གནས་སྟངས་ལ་གཙོ་བོ་བསམ་བློ་གཏོང་གིན་ཡོད།
༣༽བོད་ཞེན་ནས།
ལོ་གཞོན་དུས་མིང་དགོས་གསུངས་པ་བདེན་ན་ཡང་། མིང་དོན་མཚུངས་དགོས་པ་ནི་དེ་བས་ཀྱང་གལ་ཆེ། ཡང་ཁོང་གིས་བསླབས་པ་མཐར་སོན་ལ་སློབ་དཔོན་ཟེར་བ་ལས་མཁན་པོ་ཟེར་གྱི་མེད་ཟེར་བ་ནི་ཁས་ལེན་ཞུ་ཐབས་བྲལ།
ཁྱད་པར་སློབ་དཔོན་དང་དགེ་བཤེས་འདྲ་ན་མཁན་པོ་དང་ལྷ་རམས་པ་འདྲ་དགོས་པས་དེ་ལྟར་ན་བསླབས་པ་མཐར་སོན་མེད་པའི་རྟགས་རེད།
མ་གཞི་མིག་སྔའི་རྒྱ་གར་སོགས་ཀྱི་སློབ་དཔོན་གྱི་མཚན་གནས་ཡོད་ཙམ་གྱིས་བསླབས་པ་མཐར་སོན་ཟེར་ན་དེ་ནི་ངས་རྩོམ་ཡིག་གི་དཀྱུས་སུ་བཤད་པ་ལྟར་མུ་མཐུད་ཤེས་བྱ་སྦྱོང་བརྡར་གྱི་ལམ་བུ་འགོག་པའི་ཉེན་ཁ་ཅན་གྱི་འགྲོ་སྟངས་ཤིག་རེད།
དེ་བཞིན་དེང་སང་ཡང་མང་པོ་ཞིག་གིས་ལོ་བཞི་བཅུ་ཡས་མས་ནས་འབུམ་རམས་ཐོན་པ་དང་གཞི་ནས་འདོན་པ་སོགས་རྒྱུན་ལྡན་ཡིན་ཡང་དེ་ཚང་མ་ལག་འཁྱེར་རག་པ་དང་ཤི་བ་དུས་མཉམ་མེད།
དགེ་བཤེས་ལྷ་རམས་པ་ཡང་གཅིག་པ་རེད། ངས་ངོ་ཤེས་ཚང་མ་ནི་ཕལ་མོ་ཆེ་བཞི་བཅུའི་སྣེ་ཟིན་ལ་ཐོན་འདུག
གོང་དུ་དྲ་གྲོགས་མང་པོ་ཞིག་གིས་བསམ་ཚུལ་སྣ་ཚོགས་པ་ཞིག་བཤད་འདུག ཡིན་ཡང་ཆོས་ལུགས་གི་རྣམ་བཞག་དེ་ཆབ་སྲིད་ལྟ་བུའི་གཅིག་འགྱུར་གི་བསམ་བློ་དེ་དགོས་མེད་ཞིག་རེད། ཡང་དང་སྔ་འགྱུར་རྙིང་མ་ལྟ་བུ་འདྲ་ཡིན་ན་དགེ་ལུགས་ལ་དཔེ་མ་བླང་ན་ཡག དགེ་ལུགས་ལ་དཔེ་བླང་ན་ཆོས་མིན་ཆབ་སྲིད་གི་ལས་ཁོ་ན་དོན་དུ་གཉེར་ནས་མི་ཆོས་རྒྱ་ལག་ཏུ་འཇོག་པའི་ལོ་རྒྱུས་དེ་ལ་གཟིགས་དང་ས་རིས་ཐང་གསལ་རེད།
ཀརྨའི་སྐུ་སྲུང་པ་ལགས། ངས་རྫ་ཚེ་བཀྲའི་རྩོམ་ཡིག་འདིའི་བབས་ལ་བརྟག་ནས་ཁྱེད་ལྟ་བུའི་སྐྱག་ཁ་ནང་ནས་དགེ་ལུགས་ལ་དམའ་འབེབས་བྱེད་ཀྱི་ཡིན་པ་ཁ་སང་ནས་ཤེས། དེ་བས་ཁ་སང་ནས་ཁ་སྔ་བ་བྱས་ནས་ལན་བཏབ་ཡོད། རྩོམ་ཡིག་འདི་ཆོས་བརྒྱུད་དཀྲུགས་པའི་ཕྱོགས་ལ་མ་ཁྲིད་ན་བཟང་ག ཕན་ཚུན་དམོད་མོ་བགྲང་གི་མེད་དུས་ནས་ཁྱེད་ཀྱི་དམོད་མོའི་མགོ་མ་བཙུགས་ན་མི་བཟང་ངམ།
༥༽གཞོན་ནུ་ཟླ་མེད་ལགས།
སློབ་སྦྱོང་ལ་ལག་ལེན་དང་གཞུང་ལུགས་ཀྱི་ཆ་གཉིས་སུ་ལ་ཡང་ཡོད། ང་དགོན་པར་མེད་ཀྱང་བསམ་ཚུལ་འདོན་པའི་ཐོབ་ཐང་ནི་ངེས་པར་མུ་མཐུད་ཉར་རྩིས་ཡོད་ཞུ། ས་མཐའི་འཁྱམས་པོ་ཟེར་ནས་བཀའ་བཀྱོན་པ་ནི་ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པར་སྣང་། བཻ་རོ་ཙ་ནས། བདེན་ཞིང་འཐད་པར་འདུག་ན་བྱིས་པའི་ཚིག་ཀྱང་ལོངས། གསུངས་པ་ཡང་དྲན་པར་རིགས། དེ་བཞིན་ཆོས་བརྒྱུད་ཚང་མ་འུབ་ཀྱིས་ཁུག་མ་གཅིག་ཏུ་བསྡུ་དགོས་ཞེས་པའི་དོན་མིན་པར། སོ་སོ་ལ་སོ་སོའི་དོད་ཐུབ་ཀྱི་འགྲོ་སྟངས་ཚད་ལྡན་དགོས་ཟེར་བ་ཡིན་ཞུ།
༦༽རླངས་སྔགས་ཀྱིས་སྤྱིར་ཡག་པོ་གསུང་འདུག་སྟེ། ༼མདོ་རྒྱུད་གཉིས་ཀྱི་གཞུང་ལ་བཤད་གྲྭའི་བསྒྲིགས་གཞི་ལྟར་ཐོས་བསམ་མཐར་འཁྱོལ་ན། མཁན་སློབ་གང་རུང་གི་མཚན་ཐོབ་ལ།༽ཟེར་བ་འདི་བམ་བཤད་རེད། དོན་ལ་མཐོར་ན་རྩ་འཛིན་གྱི་ནུས་པ་དང་ཁ་གསལ་གང་ཡང་མེད་པར་མ་ཟད། གཅིག་གྱུར་ནི་དེ་བས་ཀྱང་མེད་པ་རེད། དེས་ན་ངས་ནན་བཤད་བྱེད་བཞིན་པ་ནི་ང་ཚོ་གཅིག་གྱུར་གྱི་འགྲོ་སྟངས་ཀུན་གྱིས་ཁས་ལེན་དུ་གཏུབས་པ་ཞིག་ལག་ལེན་དུ་འདེབས་དགོས་ཀྱི་འདུག་ཟེར་གྱིན་ཡོད་ལགས།
མི་ཉག་པ་སྤོབས་པས་གསོན་ཅིག
རང་གིས་ད་རེས་དངོས་གནས་འཁྱོག་བཤད་གནང་གིན་འདུག མཁན་པོའི་ཐ་སྙད་ཀྱི་ཐོག་མའི་འབྱུང་ཁུངས་ལ་ཡང་གཅིག་གྱུར་ཅིག་མེད། མཁན་པོ་འདི་སྔ་མོ་སྔགས་པ་དང་སྤྱིར་བཏང་གི་ཤེས་ཡོན་པ་སོགས་ལ་སྤྱད་ཡོད་པ་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དང་མཁན་པོ་ཐོན་མི་སོགས་ཀྱིས་ཤེས། འོན་ཀྱང་འདུལ་བ་ལྟར་ན་མཁན་པོ་ནི་བཙུན་པ་བརྟན་པའི་ཡོན་ཏན་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་དང་མཁས་པའི་ཡོན་ཏན་ལྔ་ཕྲུག་ཉེར་གཅིག་ག་རུང་གི་ཚན་པ་དང་ལྡན་པ་རེད། ཁྱེད་ཀྱིས་སུམ་བརྒྱ་པའི་ལུང་དྲངས་པ་དེ་ནི་གནས་ཀྱི་བླ་མའི་མཚན་ཉིད་རེད། དམིགས་བསལ་མཁན་པོའི་མཚན་ཉིད་མ་རེད། འོག་ཏུ་དུས་སུ་འདོམས་པ་དེ་དག་བླ་མར་བསྔགས་གསུངས་པ་ལས་མཁན་པོར་བསྔགས་གསུང་མེད་པ་རེད། དེ་མ་མཁྱེན་པ་ག་ལ་ཡིན་ཏེ། ཅུང་སྙོན་ཐབས་གནང་བ་ཙམ་རེད། ད་དུང་ཐ་སྙད་ཀྱི་འབྱུང་ཁུངས་དེ་རེད་ཟེར་བ་ནི་ཡ་མཚན། ལར་འདུལ་བ་ལས་མཁན་པོ་དང་སློབ་དཔོན་ལོགས་སུ་ཕྱེ་བ་དང་། སློབ་དཔོན་ལ་ནང་གསེས་ལྔ་ཡོད་དྲན་སོང་། ལར་མཁན་པོའི་ཐ་སྙད་འདུལ་བ་ལས་བྱུང་བའི་སྐོར་འདིར་རབ་དབྱེ་ལས་ཀྱང་དེའི་སྐོར་ཏོག་ཙམ་བཤད་ཡོད་རེད།
དེ་ཚོ་ཤེས་དང་ཤེས། ཡིན་ན་ཡང་ད་ལྟ་དངོས་ཡོད་ལ་མཁན་པོ་ནི་གཙོ་བོ་བསླབས་གནས་ཀྱི་མཚན་དུ་ཆགས་ཚར་བ་རེད། ད་དུང་རྙིང་མའི་མཁན་པོ་རྩོད་མེད་ཡིན་པ་ལ་རྟེན་དགེ་ཚུལ་ཡིན་པ་དཔལ་སྤྲུལ་དང་མཁན་པོ་ཆོས་ཁྱབ་སོགས་ཡོད་རེད། དེས་ན་དེ་དག་ལ་འདུལ་བའི་དངོས་བསྟན་གྱི་བསྙེན་པར་རྫོགས་པ་ཞེས་པའི་ཟུར་མེད་ན་ཡང་མཁན་པོ་མ་རེད་སུས་ཟེར། མཁས་པ་ཆེན་པོ་མཁན་པོ་ཡོད་པ་དང་། དབྱར་གནས་ཀྱི་མགོ་བཅིངས་མཁན་གྱི་མཁན་པོ་ཡོད་ཆོག་པ་དངོས་ཡོད་རེད་དེ། ངའི་བསམ་ཚུལ་གྱི་སྙིང་དོན་ནི་དེ་རིགས་མོག་མོག་ཅིག་ཏུ་མ་གྱུར་བར། བསླབས་གནས་ཀྱི་དབྱེ་མཚམས་སོགས་ཡག་པོ་ཞིག་ཡོད་ན་བསམ་པ་ཙམ་ཡིན། ཡང་ན་ང་དབྱར་གནས་ཙམ་གྱི་མཁན་པོ་དེ་ཡིན། སློབ་སྦྱོང་ཐོན་པའི་མཁན་པོ་དེ་མིན་ཟེར་ན་ཨེ་འགྲིག དགེ་ལུགས་པས་རྒན་དང་དགེ་བཤེས་ལ་ཁྱད་པར་ཡོད་ཀྱང་། ངས་ཁྱེད་ལ་གཅིག་འདྲི། སྤྱི་ཚོགས་ཀྱི་བསླབས་གནས་ལ་མཚོན་ན་སློབ་ཆུང་གི་དགེ་རྒན་ཡིན་པའི་རབས་འབྱམས་པ་དང་། འབུམ་རམས་པའི་སློབ་སྟོན་དགེ་རྒན་ཡིན་པའི་རབས་འབྱམས་པ་ཡང་ཡོད་ཆོག་པས་ཚང་མ་རབ་འབྱམས་པ་རེད་ཟེར་ན་དེ་བས་གད་མོ་ཤོར་བ་གང་ཡོད། དེ་བཞིན། ཚང་མ་གཅིག་པ་བཟོ་རྒྱུ་མེད། དེ་གནད་འགག་རེད། ང་ཚོས་དུས་དང་བསྟུན་ནས་གཏིང་ཚུགས་པའི་སློབ་གཉེར་ལམ་ལུགས་དང་ཐ་སྙད་སོགས་བཟོ་དགོས་ཀྱི་འདུག
དེ་ལ་གཅིག་གྱུར་གྱི་ཚད་གཞི་དང་རིམ་པའི་དབྱེ་འཚམས་བཟོ་དགོས། ལོ་བཅུ་ལ་སློབ་སྦྱོང་བྱས་པ་དང་ལྔ་ལ་བྱས་པ་ཉི་ཤུར་བྱས་པ་གཅིག་ལས་མ་བྱས་པ་ཚང་མ་བསླབས་གནས་གཅིག་གི་མིང་གིས་བསྙད་ན་དེ་ལས་འཚང་ཆེ་བ་མེད་པ་རེད། ལར་འདུལ་བའི་སྐབས་ཀྱི་མཁན་པོ་ནི་གཞན་ལ་སྡོམ་པ་གནང་ཆོག་མིན་གྱི་མཚམས་བྱེ་བྲག་པ་ཞིག་གིས་བཞག་ཡོད་པས་ཚུལ་ཁྲིམས་དང་ལྡན་པ་ཙམ་གྱིས་མི་ཆོག་ལ་དགེ་སློང་ཡིན་པ་ཙམ་གྱིས་ཀྱང་མི་ཆོག་པར་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་ཞིག་དགོས། དེ་ཚོ་གཅིག་པ་མ་རེད། སྡོམ་པ་གནང་བའི་འོས་བབ་ཡོད་པའི་མཁན་པོ་ལེགས་ཤོས་ཡིན་ན་ཡང་ནང་བསྟན་གྱི་གནས་རིམས་མཐོ་ཤོས་ཀྱི་ཤེས་ཡོན་ཡོད་པར་མ་ངེས་པས་ངས་ཟེར་བ་དེ་རྡོག་རྡོག་བྱས་ན་ང་ཚོ་རྙིང་མ་ལ་ནང་བསྟན་གྱི་ཤེས་ཡོན་སྦྱོང་བརྡར་གྱི་ཚད་གཞི་མཐོ་ཤོས་མཚོན་པའི་ཐ་སྙད་ཅིག་དགོས་ཀྱི་འདུག་ཟེར་གྱི་ཡོད། དེ་ལ་མཁན་པོ་འདོགས་ཟེར་ན་མི་འགྲིག་མེད་ཀྱང་གལ་ཏེ་འདོགས་ཕྱིན་མིག་སྔའི་བརྒྱུད་རིམ་འདི་ཙམ་ཞིག་གིས་མི་འགྲིག་པ་ནི་མཁན་པོ་ང་ཚོ་ལ་དྲིས་དང་ཤེས་གི་རེད་་་་ཧཧཧཧ
1. ༼འདུལ་བའི་གཞི་བཅུ་བདུན་པོར་གོ་བ་ཕྲ་རགས་གང་རུང་ཡོད་པ།༽ ལར་རང་གིས་འདུལ་བ་བརྗེད་བཞག བཞི་བཅུ་བདུན་འདུལ་བའི་བརྗོད་བྱའི་བསྡུ་བྱེད་གཏན་ནས་མ་རེད། འདུལ་བ་ལ་དགག་སྒྲུབ་གཉིས་ཡོད་པ་ལས་དགག་པའི་བསླབ་བྱ་ལྟུང་བ་སྡེ་ལྔ་སོགས་གཙོ་བོ་ཤེས་དགོས་རེད། འདུལ་བའི་མཁན་པོའི་ཐ་སྙད་གཙིགས་སུ་འཛིན་བཞིན་སྒྲུབ་པའི་བསླབ་བྱ་ཙམ་དང་དགེ་ཚུལ་སློང་གང་རུང་གི་སྡོམ་པ་ལྡན་པ་ཙམ་གྱིས་མཁན་པོར་རུང་ཟེར་བ་ནི་ཧ་ཅང་ཐལ་ཆེས། ད་དུང་ཅི་ཞིག་དྲན་བཞག་པ་ལྟར་་༼་བླ་རྒན་ཞིག་གིས་གྲྭ་ཆུང་ཞིག་ལ་འདུལ་ཁྲིམས་རྩ་བ་བཞི་ཞིག་ངོ་སྤྲོད་བྱས་ཀྱང་བླ་རྒན་དེ་མཁན་པོ་མ་རེད་ཟེར་ནས་བརྗོད་ཐུབ་གི་མ་རེད།༽ཟེར། ངོ་མ་སྤོབས་པ་མཐའ་ཡས་རང་རེད། རང་བཞིན་གྱི་ཤེས་ཡོན་པ་ཚིག་གི་ལམ་གྱི་ཆོས་ཉིད་ཀྱི་སྒྲིག་གཞི་ལ་ཞེད་མཁན་དག་གིས་འདི་ལྟར་སྨྲ་ཕོད་མི་སྲིད།
2.
གཞོན་ཟླ་ལའོ།
ཀརྨའི་སྐུ་སྲུང་ལགས། ངས་རང་ལ་གསང་གཏམ་ཞིག་ཞུ། གལ་ཏེ་རང་དགེ་ལུགས་ལ་ཐུགས་མཉེས་པོ་རང་མེད་ན་ངའི་ཁ་ལ་ཉོན་ལ་དགེ་ལུགས་པ་ནང་བཞིན་སློབ་གཉེར་ལམ་ལུགས་མཐུས་སྒོ་ཚང་བ་ཞིག་ཡོད་པ་གྱིས། བཤད་གྲྭ་དང་ཆོས་ཚོགས་སྐུའི་ཡོངས་འཛིན་ཚུན་ཆད་དགེ་བཤེས་ཚོ་ལ་རེ་མི་དགོས་པའི་ཤེས་ཡོན་པ་བཟང་ལ་མང་བ་དགེ་བཤེས་ལྷ་རམས་པའི་ཚད་དང་མཉམ་པ་མང་པོ་བསྐྱེད་སྲིང་བྱོས། དེ་ཐབས་ཇུས་ཡག་ཤོས་རེད།
ངས་ཁྱོད་ལ་ད་རེས་ཡོངས་བསྒྲགས་ཀྱི་གསང་གཏམ་འདི་སྐྱེས་སུ་ཕུལ་བ་ཡིན།
ངས་གཅིག་གྱུར་དགོས་ཟེར་བ་དེ་ཡང་། རྙིང་མ་རང་ནང་ཁུལ་གཅིག་གྱུར་གྱི་འགྲོ་སྟངས་བཟོས་ཟེར་བ་ཙམ་ཡིན། དགེ་ལུགས་པར་དཔེ་བཞག་པ་ཡང་། དགེ་ལུགས་པའི་ལྷ་རམས་ཀྱི་དེང་སང་གི་འགྲོ་སྟངས་དཔེར་བརྗོད་དུ་དྲངས་པ་ཙམ་ལས་ང་ཚོས་ཀྱང་མིང་ལྷ་རམས་འདོགས་དགོས་ཟེར་བ་མིན་ལ་སློབ་ཚན་དགེ་ལུགས་པ་དང་གཅིག་པ་དགོས་ཟེར་བ་དེ་བས་ཀྱང་མིན། འོན་ཀྱང་ཚད་གཞི་འདྲ་མཉམ་དགོས་ཟེར་གྱི་ཡོད།
ངས་ལྟས་ན་སློབ་སྦྱོང་དགེ་ལུགས་ལ་དཔེ་བླངས། མཉམ་ལེན་བཀའ་བརྒྱུད་ལ་དཔེ་བླངས།མཐུན་སྒྲིལ་ས་སྐྱ་ལ་དཔེ་བླངས་ན་རྙིང་མས་གཞི་ནས་ཅིག་འཇོན་གི་རེད་བསམ་གི
རྫ་བཀྲིས་ཚེ་རིང་འདི་སྤྱི་སེམས་ཡོད་མཁན་ཞིག་དང་། བསམ་ལོ་རྒྱ་ཆེན་པོ། ཕུགས་རིང་པོ་གཏོང་ཐུབ་མཁན་གྱི་མི་ཞིག་རེད་འདུག
ངས་བལྟས་ན། ང་ཚོ་དེང་དུས་ཀྱི་ནུབ་ཕྱོགས་པའི་སློབ་གསོ་རིག་པའི་འགྲོ་སྟངས་ལ་འཇུག་ནས། འདི་ཕྱི་གཉིས་ཀར་ཕན་པའི་ཤེས་ཡོན་སྤྲོད་དགོས་ཀྱི་འདུག། དགོན་པའི་ནང་གི་སློབ་གསོ་དེ་ཚོས་ངོ་མ་སྤྱི་ཚོགས་དང་སློབ་མ་རྣམས་ལ་ག་རེ་ཕན་གྱི་རས། བསམ་བློ་ཐོངས་དང་། དཔེར་ན། ཕྱི་རྒྱལ་ལ་དགོན་པ་ལོ་བཅུ་གྲངས་འགྲིམས་ནས་ད་ལྟ་འདི་ཕྱི་གཉིས་ཀ། ཆོས་སྲིད་གཉིས་ཀ། སྤྱི་སྒེར་གཉིས་ཀ། རང་གཞན་གཉིས་ཀར་ཕན་པ་གྲུབ་མ་ཐུབ་པར། ཉིན་མ་གང་ཁྱོལ། དུས་ཚོད་ཡོད་ཚད་ཟ་ཐུང་དང་། ཁ་པར། གློག་བརྙན་དང་ཁ་བྲལ་མ་ཐུབ་པར་སྡོད་མཁན་གྱི་གྲྭ་ལོག་ག་ཚོད་འདུག
ཁོང་ཚོ་ལོ་བཅུའི་རིང་འཇིག་རྟེན་པའི་ཤེས་བྱ་ག་གེ་མོ་ཞིག་ལ་སྦྱངས་ཡོད་ཚེ། སྤྱི་སྒེར་གཉིས་ཀར་ཕན་གྱི་རེད། ཁྱོད་ལོ་བཅུའི་རིང་ཚན་རིག་སྣེ་གཅིག་ལ་སློབ་སྦྱོང་བྱས་ཡོད་ན་ག་ཚོད་ཕན་གྱི་མ་རེད་དམ།
བཤད་གྲྭའི་ཤེས་བྱའི་ནང་དོན་ཡང་། ཚད་མ་རིག་པ་ཟེར་བ། མཛོད་ཟེར་བ། དབུ་མ་ཟེར་བ་འདི་ཚོ་ད་ག་པར་ཕན་གྱི་རས། ཚན་རིག་ནན་མོ་ཞིག་ལ་གཏུགས་ཡོང་དུས་གོང་གི་ཤེས་བྱ་དེ་ཚོ་རྫོབ་རྡོལ་ལ་འགྲོ་གི་འདུག་ག
མཛོད་ནང་ལ་བཤད་པའི་འཇིག་རྟེན་ཆགས་ཚུལ་དེ་བརྫུན་མ་རེད། རྒྱལ་བ་རིན་པོ་ཆེ་ཁས་ལེན་མ་སོང་ངམ། སྐུ་མདུན་གྱི་རི་རབ་དང་གླིང་བཞི་བཅས་མིན་འདུག་གསུངས་སོང་།
ད་སྐུ་མཁྱེན་དགོངས་པ་བཞེས་རོགས། ཚད་མ་རིག་པའི་ཚབ་ལ་ཚན་རིག་སློབ་སྦྱོང་བྱས་ན་ག་ཚོད་ནུས་པ་ཆེ་བ་ཡོང་མི་ཐུབ་བམ།
ངས་འདི་ཚོ་མིག་རྒྱང་རིང་པོའི་ཐོག་བོད་ཀྱི་མ་འོངས་པའི་ཕྲུ་གུ་རྣམས་ལ་ཕན་ཆེད་བཤད་ཀྱི་ཡོད། ད་དུང་རྫོར་པོ་ག་རེ་འདུག་ཟེར་ན། སྙིང་མའི་ནང་ལ་བླ་མ་ཟླ་བོ་དང་ཕྲུ་གུ་ཡོད་པ་དེ་ཚོ། རང་གི་ཕྲུ་གུ་བླ་མ་བཟོ་ཐུབ་ན་བཟོས། དེ་མིན་ན་ཕྱི་རྒྱལ་ལ་སློབ་གྲྭར་གཏོང་གི་འདུག་མ་གཏོགས་ཨུ་ཚུགས་བྱས་ནས་དགོན་པར་འཇོག་གི་མིན་འདུག་ག། ཁོང་ཚོས་བཤད་གྲྭའི་ནང་གི་སློབ་སྦྱོང་དེ་ཚོ་རང་གི་ཕྲུ་གུ་ལ་ཕན་ཐོགས་མེད་པ་ཤེས་ཀྱི་འདུག། སྤྱིའི་ཕྱིར་སྤྱི་ཚོགས་ནང་ལ་དེ་ཚོ་བཤད་ཀྱི་མེད་པ་རེད་དམ།
ཁ་བརྡ་ལགས། འདི་མ་བསུབ་རོགས་གནང་། སྤྱི་ཚོགས་ལ་ཕན་པའི་བསམ་པ་གཏིང་ཟབ་པོས་བྲིས་པ་ཡིན། གང་ཟག་ལ་གནོད་པའི་སྐད་ཆ་གཅིག་ཀྱང་མེད། མགོ་ནག་བོད་པ་ངེད་ཚོའི་མ་འོངས་ལ་བསམ་ནས་ཉིན་ལྟར་དེ་ཚོར་བསམ་བློ་གཏོང་གི་ཡོད།
ད་དུང་རྒྱ་གར་གྱི་ན་ལེན་དྲའི་རིང་ལུགས་འཛིན་པ་དེ་ཚོས་བྲིས་པའི་ཡིག་ཆ་དེ་དག་ལ་རྒྱ་གར་མི་དམངས་ཀྱིས་བདག་པོ་རྒྱག་གི་མིན་འདུག། ཁོང་ཚོས་དེང་དུས་ཀྱི་ཚན་རིག་ལ་བརྟེན་ནས་སྤྱི་ཚོགས་ཡར་རྒྱས་གཏོང་གི་འདུག
ང་ཚོ་སྤྱིའི་ཕྱིར་ཤེས་བྱ་རྙིང་པ་དེ་ཚོར་ཤི་ཐམ་རོ་ཐམ་བྱས་ནས་འདུག་དགོས་རས།
འོ་ལེགས་སོ། རྫ་ཚེ་རིང་བཀྲ་ཤིས་ནས། འདིའི་སྐོར་གྱི་ཐོབ་ཐང་ལེན་གི་ཡིན་གསུངས་འདུག ཐོབ་ཐང་ལེན་གི་ཡིན་ཟེར་དུས་དེ་དང་མཉམ་པོར་འགན་ཁུར་ཡོད་ཡོད་པ་རེད། ངས་ཁྱོད་ཀྱི་མིག་དཔེ་བལྟ་སའི་དགེ་ལུགས་པའི་དགེ་ལུགས་རྒྱུགས་སྤྲོད་སྐོར་གྱི་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ན། ཐོབ་ཐང་མཉམ་པོར་འགན་ཁུར་གང་ཞིག་རང་ལ་འོས་བབས་ཆེ་ཚུལ་ཧ་གོ་རྒྱུ་རེད།
༡༽ དགེ་ལུགས་རྒྱུགས་སྤྲོད་འདི་ཐོག་མར་གདན་ས་གསུམ་རྒྱ་གར་ལ་སྐྱབས་བཅོལ་ལ་མ་འོངས་སྔོན་དུ་འདི་ལྟ་བུ་ཞིག་ཡོད་ཚོད་མི་འདུག འོན་ཀྱང་འདི་ལྟ་བུ་ཞིག་བཟོས་པའི་རྒྱུ་རིམ་ཁྲོད་དུ། དགེ་ལྡན་པའི་ཆེ་ཆེ་དྲག་དྲག་ཚོགས་ནས། ལེགས་བཅོས་བཏང་ཡོད་ལ། དེ་ཡང་བོད་གཞུང་ཆོས་དོན་ལས་ཁུངས་ནས་ཆོག་མཆན་བླངས་ནས། སྔ་མའི་ལུགས་སྲོལ་གྱི་ལྷ་རམས་འཕར་མ་ཡང་རིམ་གྱིས་མེད་པར་བཏང་ཡོད།
༢༽ དགེ་ལུགས་རྒྱུགས་སྤྲོད་ཀྱི་འཛིན་རིམ་ཁྲོད་དུ། བཀའ་རམས་ལོ་རིམ་གཉིས། སློབ་དཔོན་ལོ་རིམ་གཉིས། ལྷ་རམས་ལོ་རིམ་གཉིས་བཅས། བསྡོམས་པས་ལོ་དྲུག་ལ་དགེ་ལུགས་སྤྱིའི་རྒྱུགས་སྤྲོད་ལ་ཕེབས་དགོས་པ་རེད། དེ་ནས་ལྷ་རམས་པའི་མཚན་ཐོབ་ཀྱི་རེད། འོན་ཀྱང་མཁན་པོའི་མིང་ཐོབ་མི་ཐུབ།
༣༽ དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་མི་ཡིན་ན། གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་བཅས་ནས་སློབ་གཉེར་ཆ་ཚང་མཐར་ཕྱིན་པ་ཡིན་དགོས།
༤༽ དགེ་ལུགས་རྒྱུགས་སྤྲོད་ཀྱི་རྒྱུགས་བཞེས་པ་ཡིན་ན་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་བཅས་ཀྱི་དགེ་བཤེས་དྲག་གྲས་དེ་ཚོ་ཡིན་དགོས།
༥༽ དགེ་ལུགས་རྒྱུགས་སྤྲོད་ཀྱི་སློབ་གཉེར་བ་ཡིན་ཚེ། རྒྱུགས་སྤྲོད་ལ་མ་ཞུགས་སྔོན་ནས་རང་རང་གི་གྲྭ་ཚང་ནས་འཛིན་གྲྭ་གཅིག་གི་རྒྱུགས་ཞུགས་པ་རྣམས་ཕྱོགས་གཅིག་ཏུ་འཛོམས་ནས་ལོ་དེའི་རྒྱུགས་སྤྲོད་དངོས་གཞི་བར་དུ་བགྲོ་གླེང་བྱས་ནས་རྒྱུགས་གཞི་བློ་ཐོག་ནས་བྱང་ཆུབ་པར་བྱ་དགོས།
༦༽ དགེ་ལུགས་རྒྱུགས་སྤྲོད་དངོས་གཞི་སྐབས་སུ་རྒྱུགས་བཞེས་པ་དང་རྒྱུགས་སྤྲོད་པ་ཡོངས་སུ་རྫོགས་པ་ཞལ་གྲངས་བཞི་བརྒྱ་ཙམ་ཡོད་ན། དེའི་བཞེས་ལག་འགྲོ་སོང་དེ་རྒྱུགས་སྤྲོད་ཚོགས་ཆུང་ངོས་ནས་གཏོང་དགོས།
༧༽ ལམ་གྲོན་དང་འགྲོ་སོང་གཞན་དག་ནི་གྲྭ་ཚང་སོ་སོའི་རྒྱུགས་སྤྲོད་ཚོགས་པའི་ངོས་ནས་གཏོང་པ་འམ། ཡང་ན་གྲྭ་ཚང་སོ་སོའི་དགེ་ལུགས་རྒྱུགས་སྤྲོད་ཚོགས་ཆུང་ཟུར་འཛུགས་ཀྱིས་འགྲོ་གྲོན་གཏོང་དགོས།
༨༽ དགེ་ལུགས་རྒྱུགས་སྤྲོད་རིང་གི་བཞུགས་ས་དེ་ལོ་དེར་རེས་མོས་ཀྱིས་གང་དུ་འཁེལ་ན་དེ་ནས་གོ་བསྒྲིགས་བྱེད་དགོས།
གོང་གསལ་འདི་དག་ནི་དགེ་ལུགས་རྒྱུགས་སྤྲོད་ཀྱི་ཕྱོགས་ཀྱི་གལ་གནད་ཆེ་བ་སྐོར་ཞིག་ཡིན། འདི་ལ་དཔག་ནས་གྲྭ་སྒྲིག་བྱེད་དགོས་པ་རེད། འདི་ལ་དཔག་ནས་ཐོབ་ཐང་དང་མཉམ་པོར་འགན་ལེན་དགོས་པ་རེད། འགན་ཁུར་མེད་པའི་ཐོབ་ཐང་དེ་ཚོ་དོན་སྙིང་མེད་ཀ
ཀརྨའི་སྐུ་སྲུང་བ་ཞེས་པའི་མིང་ཅན་གྱིས། དགེ་ལུགས་ལ་དཔེ་བླང་ན་ཆོས་མིན་ཆབ་སྲིད་གི་ལས་ཁོ་ན་དོན་དུ་གཉེར་ནས་མི་ཆོས་རྒྱ་ལག་ཏུ་འཇོག་པའི་ལོ་རྒྱུས་དེ་ལ་གཟིགས་དང་ས་རིས་ཐང་གསལ་རེད། ཟེར། སྐད་ཆ་འདི་རྒྱུས་མེད་ཀྱི་རྒྱུས་གཏམ་རང་རེད། བློ་གཟུ་བོར་གནས་པ་ཞིག་གིས་དཔྱད་ན་དེ་འདྲ་ཞིག་གང་ནས་ཡིན། གཞན་གྱིས་བཙན་འཛུལ་ཟེར་བ་ཞིག་རྣ་བས་མ་གོ་བ་ཡིན་ས་རེད། གལ་ཏེ་གོ་ན་བོད་ཁ་བ་གངས་ཅན་གྱི་ལྗོངས་འདིར་གནའ་སྔ་མོ་ནས་བཟུང་རང་དབང་གི་འཚོ་བ་ལོངས་སུ་སྤྱོད་ནས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པ་རྒྱ་འདྲེ་དེ་ཚོས་ལོས་ཤེས། དམག་འཁྲུག་མེད་ལ་ཞི་བདེའི་བག་ཕེབས་ངང་གནས་པ་དེར་གོ་སྐབས་བཟུང་ནས་ཐོག་མར་འཇམ་པོའི་སྒོ་ནས་འཛུལ་བ་དང་མཐའ་མར་བཙན་འཛུལ་བྱས་པ་རེད། དགེ་ལུགས་པས་བོད་རྒྱ་ལག་ཏུ་བཞག་པའི་ལོ་རྒྱུས་ཤིག་སྟོན་དང་། མིང་རྫུན་འོག་ནང་ཁུལ་དཀྲུག་ཤིང་གི་ལས་ཁོ་ནར་བརྩོན་པའི་བསམ་ངན་འཆང་ན་ཐ་མར་རང་ཉིད་བརླག་པ་ལས་གཞན་ཅི། མ་གཞི་ནས་བོད་ཤོར་བའི་གནད་དོན་ཆོས་ལུགས་ཀྱི་སྒང་ལ་གཡུག་རྐྱང་བྱེད་པ་དེ་ཚོས་ཕྱོགས་གཅིག་གི་གནས་ཚུལ་མ་གཏོགས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་ཐུབ་ཡོད་པ་མ་རེད། བོད་བཅིངས་གྲོལ་ཟེར་བའི་ཐ་སྙད་འདི་གཅིག་བུ་ཁྱོད་ཀྱིས་རྣ་བས་གོ་ཡོད་ན། དགེ་ལུགས་པས་བོད་རྒྱ་ལག་ཏུ་བཞག་པ་དང་རྒྱ་མིས་བོད་བཅིངས་གྲོལ་བཏང་བ་གཉིས་འགལ་བ་མ་རེད་དམ།
གཞོན་ནུ་ཟླ་མེད་ལགས་ཁྱེད་རང་ལ་དྲི་བ་ཁ་ཤས་ཤིག་འདོན་ན་བསམ་བྱུང།
དགོངས་ཀྱི་ཡོད་ན་གཅིག་གསུང་གནང་རོགས།
བཀའ་ཆེན་དང་བཀའ་ཆུང། ལྷ་རམས་དང་རྡོ་རམས། དགེ་བཤེས་དང་རབ་འབྱམས་པ།
ཡང་འགའ་ཞིག་ཏུ་་་་དཀའ་ཆེན་དང་དཀའ་ཆུང་ཞེས་བྲིས་པ་སོགས་འདུག་པས་དེས་ན། ཁྱེད་ནས་དེ་ཡི་སྐོར་མཁྱེན་གྱི་ཡོད་ན་གཅིག་གསུང་རོགས་གནང་དང་ངས་ཤེས་འདོད་ཆེ།
སྤྱིར་སྟངས་བཀྲ་ཤིས་ལྷུན་པོ་སོགས་སུ་དཀའ་ཆེན་དང་དཀའ་ཆུང་ལས་སོགས་ཤོད་སྲོལ་འདུག་པས་དེ་འདྲའི་མཚན་གནས་ཐོག་མར་གང་ནས་དར་བ་དང། དུས་རབས་གང་གི་སྐབས་སུ་དར་བ་སོགས་ཁ་གསལ་ཡོད་ན་གསུང་རོགས་ཞུ།
བོད་ཤོར་བའི་གནད་དོན་གཞན་ཞིག་ནི་ཆེས་གདུག་རྩུབ་ཆེ་བའི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་འཁེལ་བ་དང་གཅིག །རྒྱ་ནག་ཏུ་དམར་ཕྱོགས་པ་མེཁེ་སི་དང་ལེ་ཉིན་རིང་ལུགས་ཀྱི་རྦ་རླབས་འཕྱུར་བ་དང་གཉིས། དེའི་སློབ་གསོའི་ལམ་ལུགས་ཀྱིས་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་བྱས་འདོད་པ་དང་གསུམ། བོད་ཀྱི་ནང་བསྟན་ཆོས་ལུགས་ནི་ཐ་ཤལ་རྗེས་ལུས་སུ་ལྟ་བ་དང་བཞི། བོད་ལ་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་རྩ་མེད་གཏོང་བའི་ཐབས་ཇུས་དང་ལྔ། བོད་ཀྱི་སྐུ་དྲག་རྣམས་ནི་མི་དམངས་ཀྱི་བཤུ་གཞོག་དང་གཉའ་གནོན་མཁན་དུ་ངོས་འཛིན་པ་དང་དྲུག །བོད་ཡུལ་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པར་ཧམ་སྲེད་སྐྱེས་པ་དང་བདུན་པོ་འདི་དག་ནི་བོད་རྒྱ་ལག་ཏུ་ཤོར་བའི་རྒྱུ་རྐྱེན་གཙོ་བོ་དག་གྱུར་ཡོད།
མིག་བརྒྱད་པ་ལགས།
དོན་ཚན་གཅིག་ཚང་ན་དོན་ཚན་བརྒྱད་ཏག་ཏག་ཡོང་ས་རེད། དེས་ན་ངས་དོན་ཚན་དང་པོ་དེ་ཁ་སྣོན་བྱེད།
བོད་རང་གི་བོན་ལུགས་ལ་མཐོང་ཆུང་ཚད་མེད་བཏང་བས་སེམས་ཀྱི་རང་བཙན་ཤོར་བ་དང་གཅིག།
དགོངས་དག་འདི་ནི་དངོས་ཡོད་གནས་ཚུལ་ཡིན། །
ཡ་རྣམ་པ་ཚོ་ངར་ངར་འགྲོ་གི་འདུག འོན་ཀྱང་རྫ་ཚེ་རིང་བཀྲ་ཤིས་ནས་བསམ་འཆར་བཏོན་གནང་མཛད་པ་ལ་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན། ཁོང་ཆོས་རྒྱུད་རྙིང་མ་ཡིན་པ་མཁན་པོའི་མཚན་གནས་ཡོད་པའི་ཐོག་ནས་འདི་ལྟར་གསུངས་པ་རླབས་ཆེན་རེད། ཡིན་ན་ཡང་དེངས་སང་ཕན་ཚུན་ཆོས་ལུགས་ཀྱི་འཐེན་ཁྱེར་གནང་སྟེ་དྲྭ་གྲོགས་ཚོའི་མང་པོ་གླེང་ན་ཡག་པོ་མི་འདུག ངེད་ཅག་ནང་པ་སངས་རྒྱས་པ་ཡིན་གཅིག་པ་རེད་དེ་ལ་བཟང་ངན་དང་ཁྱད་པར་ཡོད་མི་སྲིད་པ་ཞིག་རེད། ཆོས་བརྒྱུད་འཛིན་པའི་གང་ཟག་གི་སྐྱོན་ལ་བལྟས་ནས་ཆོས་ལ་སྐྱོན་དུ་འཛིན་པ་ནི་ཤིན་ཏུ་མ་འོས་པ་ཞིག་རེད གང་ཟག་ལ་སྐྱོན་ཡོད་ན་དེའི་སྐྱོན་ཐེར་འདོན་གནང་ན་ཡག་གི་རེད། དཔེར་ན་གནའ་སྔ་མོ་རྙིང་མ་སྨིན་གྲོལ་གླིང་དང་རྡོ་རྗེ་བྲག་སོགས་ལ་དགེ་ལུགས་པས་ཇི་ལྟར་ཕམ་ཉེས་བཏང་བ་རེད། ཡིན་ན་ཡང་དེ་དག་གང་ཟག་གི་སྐྱོན་མ་གཏོག་ཆོས་ཀྱི་སྐྱོན་མ་རེད་པ། དེས་ན་ཆོས་ལུགས་ཕན་ཚུན་ཆགས་སྡང་དེ་ངེས་པར་དུ་བྲིས་མི་ཉན་པར་ལདུག་པས་དེ་དོན་དགོངས་འཇག་ཞུ་ཞུ།།
དགེ་ལུགས་པའི་གདན་ས་གསུམ་དང་་་་རྙིང་མའི་གདན་ས་དྲུག་སོགས་སོ་སོའི་སྲོལ་རྒྱུན་དང་མི་འགལ་བར་་་གདུལ་གཞུང་དང་མཐུན་པའི་ལམ་ལུགས་རེ་ཡོད་པའང་ཤེས་དགོས་་
༥༩ རྫ་ཚེ་རིང་བཀྲ་ཤིས་ལགས། ཁྱེད་མཁན་པོ་ཡིན་ཞིང་རྙིང་མ་བ་ཞིག་རེད་འདུག རྙིང་མའི་ངོས་ནས་མཁན་པོའི་སྐོར་ལ་ཚད་དང་མཚན་ཉིད་དགོས་རབས་གསུངས་སོང་། དེའི་མཐུན་དཔེར་དགེ་ལུགས་བཞག་འདུག དེ་ལ་འགྲིག་དང་མ་འགྲིག་ཟེར་བ་དེ་གང་ཟག་ཟག་སོ་སོའི་བསམ་བློ་སྐོར་ཕྱོགས་ཞིག་རེད། ངའི་ངོས་ནས་བསམ་ན་ཆོས་བརྒྱུད་ཚང་མར་བཟང་ངན་གྱི་ཆ་གཉིས་རེ་ཡོད་ངེས་རེད། ངའི་བསམ་བློར་རྙིང་མའི་ཕྱོགས་ཀྱི་མཁན་པོ་དང་སློབ་དཔོན། བླ་མ། སྐྱོར་དཔོན། སྒྲུབ་དཔོན། སོགས་གང་འདྲ་དགོས་མིན་མཁན་སློབ ཆོས་གསུམ་རྒྱལ་ས་ལྷ་སར་འཛོམས་ནས་རང་བཞིན་གྱིས་དབུ་བརྙེས་པ་རེད། མཁན་པོ་ཟེར་བ་དེ་འབུམ་རམས་པ་ཡིན་ཅིག་གི དོད་རེད་ཟེར་གི་འདུག་སྟེ་འབུམ་རམས་པ་ཟེར་ན་གང་ཡིན་ངས་ཤེས་མ་སོང་དགོངས་དག དགེ་ལུགས་པའི་ནང་ལ་མཁན་པོ་ཟེར་དུས་གཅིག་ལས་ཡོད་མི་ཆོག་པ་དགེ་ལུགས་པའི་འགྲོ་སྟངས་རེད། རྙིང མའི ནང་ལ་མཁན་པོ་མང་པོ་ཡོད་ཆོག་པ་དེ་རྙིང་མའི་ལུགས་སྲོལ་རེད། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཟེར་བ་ལྟར་དགེ་ལུགས་པ་ལ་དགེ་ལུགས་པའི་ལམ་ལུགས་འཕྲོད། རྙིང མ་བ་ལ་རྙིང་མ་བའི་སྲོལ་འཕྲོད་གི་རེད། ཚང་མ་གཅིག་པ་དགོས་ཟེར་བ་ཡོངས་ཐབས་མེད་པའི་ལས་ལ་རེད། མའོས་ཀྱང་ཚང་མ་གཅིག་པ་བཟོ་ཐབས་བྱས་སོང་། ཆིག་སྒྲིལ་ཚོགས་པས་ཀྱང་ཚང་མ་གཅིག་པ་དགོས་རེད་བསྒྲགས་སོང་། ད་དུང་དེང་དུས་ཀྱི་རིས་མེད་ཚོགས་པས་ཚང་མ་གཅིག་པ་རེད་ཟེར་ན་ཡོངས་རྫོགས་གཅིག་ནང་ཟླ་འགྲིལ་རྒྱུའི་ལས་འཆར་སྤེལ་གི་འདུག་པའ་ཟབ་དགོས་རེད་དྲན།
དྲི་བ་གཅིག་རང་ཡོད་པ་ནི། ཁྱེད་མཁན་པོ་ཡིན་པ་དེ། འདུལ་བའི་ལུགས་ཀྱིའམ། ཤེས་ཡོན་གྱིའམ། དེ་ལས་གཞན་གྱིའམ་ཁ་གསལ་ཞིག་གསུངས་མཛོད།
༨༽མཆན་ཉེར་བཞི་བས་བཤད་པ་དེ་མིག་སྔའི་དབང་དུ་བྱས་ན་དེ་ལྟར་ཆགས་ཡོད་པ་དེ་ངའི་རྩ་བའི་དམ་བཅའ་རེད། དེས་ན་ང་ཚོས་འབུམ་རམས་པའི་དོད་ཐུབ་པའི་ཆེས་མཐོའི་ཤེས་ཡོན་གྱི་གོ་གནས་དང་སློབ་ཚན་སོགས་ཀྱི་རིམ་པ་གཏན་ཁེལ་དགོས་ཀྱི་འདུག་ཟེར་གྱི་ཡོད། ང་མཐོ་ཤོས་ཡིན་ཟེར་བས་མི་ཆོག་པར་ཡིན་སྟངས་ཤིག་ཡོད་པ་བྱེད་དགོས། ཡིན་དང་ཡིན། སློབ་ཚན་དང་སྦྱོང་བརྡར་སྤྲོད་སྟངས་སོགས་གང་ཅིའི་ཐད། འདི་ལ་ད་ལྟ་རང་གཞོན་ནུ་ཟླ་མེད་ཀྱིས་འཆན་གསར་པ་ཞིག་བཏབ་སྟེ། དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ངོ་སྤྲོད་གནང་འདུག་པ་ནི་ངོ་མ་བཀའ་དྲིན་ཆེ། ངས་ཀྱི་འདིའི་བྲོ་བ་ཏོག་ཙམ་མྱང་ནས་བསམ་ཚུལ་འདི་འདོན་གྱིན་ཡོད།
འོན་ཀྱང་འགའ་ཤས་ཀྱིས་གཅིག་གྱུར་བཟོ་དགོས་ཟེར་བ་ལྟ་བུར་གོ་བ་བླངས་པ་ནི་ངས་གང་བཤད་པ་ལ་གཏན་ནས་མ་གཟིགས་པའི་སྐད་ཆ རེད།
༩༽སྤྲེལ་ཚས་ངའི་སྐད་ཆ་ལ་ཐུགས་བསམ་བཞེས་ནས་རྩ་བ་ནས་གསུང་གིན་མི་འདུག ཕོ་ཤེད་ཁུར་ནས་བློ་ཁོག་བསྡུར་གྱིན་འདུག ང་ཚོས་མ་འཇོན་པ་ཞིག་དགེ་བཤེས་ལྷ་རམས་པས་ག་རེ་འཇོན་པ་རེད་ཟེར་བ་འདྲ་བོའི་བཀའ་མོལ་གནང་གིན་འདུག ངས་སྔ་འགྱུར་གྱིས་ཕྱག་འཁྱེར་སྤྲོད་ཕྱོགས་མ་ཤེས་པ་མིན་པར་མ་ཟད་དེ་ལས་ལྡོག་སྟེ། མང་པོ་ཞིག་ཤེས་པའི་ཐོག་ནས་གཅིག་གྱུར་མེད་པ་དང་། གང་ཟག་སྒེར་གྱི་ངོས་ནས་རྙིང་མ་ལ་ཕུལ་བྱུང་གི་ལྷ་རམས་པ་ལ་ཡང་ངོ་གནོང་མི་དགོས་པའི་མཁན་པོ་ཡོད་ན་ཡང་སྤྱིའི་མཁན་པོ་ཐོན་པའི་ཚད་གཞིའི་སློབ་གཉེར་རང་གི་སྟེང་ནས་ངེས་པར་མི་འདང་བ་ཡིན། གཟིགས་དང་། དགེ་ལུགས་རྒྱུགས་སྤྲོད་ལ་དགེ་བཤེས་ཐོན་རྗེས་གཞི་ནས་རྒྱུགས་སྤྲོད་ཁོ་རང་ལོ་ལྔ་ལ་འགྲོ་དགོས་ཀྱི་ཡོད་པ་དེ་རེད། ད་དུང་དེར་སྔགས་ཀྱི་སློབ་གཉེར་ཚུད་མེད།
གནས་ལུགས་ཀྱི་སྲོལ་རྒྱུན་གྱི་ཚད་གཞི་ཡོད་ཆོག་ནང་ན་ཡང་སྲོལ་རྒྱུན་ཙམ་གྱི་ཚད་བཀག་ནི་ནམ་ཡང་ཡོད་མི་རུང་། ང་ལ་ཁྱོད་འདྲ་ཞིག་གི་ཁ་ནས་ཡོང་རྒྱུ་ཞིག་མ་རེད་གསུངས་པ་དེར་ལན་འབུལ་ཐབས་ཆེར་མི་འདུག་སྟེ། བསམ་ཚུལ་འདོན་རྒྱུའི་ཐོབ་ཐང་ནི་ང་སྔ་འགྱུར་གྱི་རྗེས་སུ་སྐྱེ་ས་པ་ཞིག་ལ་དེ་བས་ཀྱང་ལོས་ཡོད་སྙམ། སྤྱིར་བཏང་བྱས་ན་ཡོད་དགོས་པ་ཞིག་རེད། སྐབས་རེར། ངན་པ་ཁ མང་ནས་བཟང་པོ་ལ་བློ་གསལ་ཕུད་ཐུབ་པ་ཡང་ཡོང་གི་རེད།
༡༠༽དབང་འདུས་ཀྱིས་དགེ་བཤེས་ཐོན་པར་ལོ་ཉི་ཤུ་དགོས་པ་བཞིན་མཁན་པོ་སློབ་དཔོན་ཐོན་པར་དེ་དགོས་ཟེར་བ་འདི་གདན་ས་གང་ན་ཕྱག་ལེན་གནང་གིན་ཡོད་བཤད་གྲྭ་ཞིག་ལ་ཞུགས་ནས་སྔོན་འགྲོ་འཛིན་གྲྭ་ནས་སློབ་དཔོན་ལོ་རིམ་བར་ལོ་ཉི་ཤུ་ཡོད་པའི་འགྲོ་སྟངས་ཤིག་རྙིང་མའི་དགོན་པ་གང་ལ་འདུག་ཅིག་གསུང་རོགས།
ཡོད་ན་ང་ཚོས་དེ་ལ་མིག་དཔེ་ལྟ་ངེས་ཡིན། ལར་རྩ་བའི་ཆ་ནས་ང་ཚོ་ལ་གྲུབ་དབང་རིན་པོ་ཆེས་དེང་དུས་དང་མཐུན་པའི་རྨང་གཞིའི་ལམ་སྲོལ་རྒྱ་ཆེ་ལ་བསྲ་བརྟན་ལྡན་པ་ཞིག་བཙུགས་ཡོད་པ་དེ་ངེས་པར་དྲན་དགོས་གསུངས་པ་དེ་དེ་བཞིན་རེད། དེ་ཡང་། ཁ་ཅིག་གིས་གོང་དུ་བཤད་པ་ལྟར་གླད་རྙིང་འཁྲེག་འཛིན་མ་གནང་བར་ལེགས་བཅོས་དང་གསར་གཏོད་གནང་བ་ཞིག་ཡིན་པ་མཁྱེན་དགོས། འོན་ཀྱང་དེ་ལྟ་ན་ཡང་རྒྱ་བོད་ཀུན་དུ་ཡང་བཤད་གྲྭ ་སོ་སོས་ཐད་ཀར་མཁན་པོའི་མཚན་གནས་གནང་གིན་ཡོད་པ་ནི་མ་འགྲིག་པ་ཡིན་ཏེ། བཤད་གྲྭ་ཡིན་ན་མཁན་པོ་བསྐྱེད་སྲིང་བྱ་བའི་ཁོར་ཡུག་ཡོད་པས་ཁྱབ་པ་མེད། དཔེར་ན་མཐོ་སློབ་ཕལ་མོ་ཆེར་འབུམ་རམས་པའི་འཛིན་གྲྭ ་མེད་པ་དང་གཅིག་པ་རེད། རྒྱུ་མཚན་ནི་དེ་ལ་དེ་མཚུངས་ཀྱི་སློབ་སྦྱོང་གི་མཐུན་རྐྱེན་དགོས་པས་སོ། །
༡༡༽
ཨམ་མདོ་བག་ལེབ་ཀྱིས་རྣམ་གྲོལ་གླིང་གི་སློབ་གཉེར་འགྲོ་སྟངས་ཞིབ་ཏུ་གསུངས་པར་ཐུགས་རྗེ་ཆེ། དེ་བཞིན་རིས་མེད་དགེ་བཤེས་གང་ལྟར་ཡང་རིས་མེད་རང་ཞིག་མ་རེད། ག་རེ་བྱས་ནས་རྩ་བའི་ཡིག་ཆ་ཡིན་ཅིག་མིན་ཅིག་བསོད་གྲགས་ཡིག་ཆ་ཡིན་དགོས་པ་རེད། ག་རེ་བྱས་ནས་ནས་རིས་མེད་དགེ་བཤེས་ལབ་པ་ལས་རིས་མེད་མཁན་པོ་ལབ་སྟངས་མེད་པ་རེད། ཡིན་ན་ཡང་། མ་གཞི་དགེ་ལུགས་རང་ཞིག་གིས་བཏབ་པའི་མཚན་ཉིད་ཀྱི་གྲྭ ་ཚང་ཞིག་ཡིན་ཙང་། ཚད་གཞི་ཅི་འདྲ་ཞིག་བྱེད། རྦད་དེ་དགེ་ལུགས་བྱེད་སོགས་རྩ་བའི་ཆ་ནས་རང་དབང་རེད། ཞུ་ཡ་གང་ཡོད་མ་རེད། ཡིན་ན་ཡང་མིང་དོན་མཚུངས་པའི་རིས་མེད་མཚན་ཉིད་པར་ནི་འགྱུར་ཐུབ་ཁག་པོ་རེད།
རྡ་ས་མཚན་ཉིད་གྲྭ་ཚང་གིས་རིས་མེད་དགེ་བཤེས་ཀྱི་ལག་ཁྱེར་སྤྲོད་རྒྱུའི་གཏན་འབེབས་བྱས་འདུག་ཅེས་སྐད་ཆ་ཞིག་གོ་མྱོང་ལ་བདེན་མིན་མི་ཤེས། དབྱིན་ཇིའི་ཨ་ནེ་ཞིག་ལ་སྤྲད་པ་རེད་ཟེར་མཁན་ཡང་འདུག
Bonpo་ལགས། རང་རེའི་ཡང་མེས་ཀྱི་བོན་ཆོས་ལ་མཐོང་ཆུང་བྱེད་མཁན་སུ་རེད་ལགས། དེའི་དབང་གིས་བོད་རང་བཙན་ཇི་ལྟར་ཤོར་ཚུལ་གསུངས་དང་།
༡༠༽དབང་འདུས་ཀྱིས་དགེ་བཤེས་ཐོན་པར་ལོ་ཉི་ཤུ་དགོས་པ་བཞིན་མཁན་པོ་སློབ་དཔོན་ཐོན་པར་དེ་དགོས་ཟེར་བ་འདི་གདན་ས་གང་ན་ཕྱག་ལེན་གནང་གིན་ཡོད་བཤད་གྲྭ་ཞིག་ལ་ཞུགས་ནས་སྔོན་འགྲོ་འཛིན་གྲྭ་ནས་སློབ་དཔོན་ལོ་རིམ་བར་ལོ་ཉི་ཤུ་ཡོད་པའི་འགྲོ་སྟངས་ཤིག་རྙིང་མའི་དགོན་པ་གང་ལ་འདུག་ཅིག་གསུང་རོགས།
ལན། གདན་ས་ཆེན་མོ་རྣམ་གྲོལ་གླིང་ལ་མཚོན་ན། གཞི་རིམ་འཛིན་གྲྭ་དང་པོ་ནས་བརྒྱད་པའི་བར་ལོ་བརྒྱད། དེ་རྗེས་ཕྱག་ལེན་འབྲེལ་བའི་སློབ་སྦྱོང་ལོ་གཅིག དེ་རྗེས་ཉམས་ལེན་དང་འབྲེལ་བའི་སློབ་སྦྱོང་ལོ་གཅིག དེ་རྗེས་རྒྱལ་བའི་བཀའ་དང་། འཕགས་བོད་མཁས་གྲུབ་ཀྱིས་མཛད་པའི་བསྟན་བཅོས་སོགས་མདོ་སྔགས་ཀྱི་གཞུང་ལུགས་སློབ་ཚན་མི་འདྲ་བ་ལྔ་བཅུ་ལྷག་ལ་ལོ་དགུ་རིང་། རྒྱུགས་ཆེན་པོ་ཚར་ ༤༥ དང་རྒྱུགས་ཆུང་དྲུག་བཏང་བའི་སྒོ་ནས་སློབ་དཔོན་དུ་སླེབས། དེ་རྗེས་ཉུང་མཐར་འཆད་ཁྲིད་དང་འབྲེལ་བའི་རང་སྦྱོང་གནང་སྟེ་སྐབས་ཐོབ་ཀྱི་ཚད་དང་མཚན་ཉིད་ལྡན་ན་མཁན་པོར་ཕེབས་པ་སྟེ། ༨། ༡། ༡། ༩། ༤། ལོ་༢༢ རྗེས་མཁན་པོའི་མིང་ཐོབ་སྟངས་འདི་འདྲ་རེད། ད་དུང་རྣམ་གྲོལ་གླིང་ལ་རྒྱུས་ཡོད་མཁན་ཡོད་ན་གསལ་བཤད་གནང་རོགས།
དེ་རྗེས་ཉུང་མཐར་༼ལོ་བཞི༽འཆད་ཁྲིད་དང་འབྲེལ་བའི་རང་སྦྱོང་གནང་སྟེ་སྐབས་ཐོབ་ཀྱི་ཚད་དང་མཚན་ཉིད་ལྡན་ན་མཁན་པོར་ཕེབས་པ་སྟེ། ཞེས་སུ་བཅོས།
མིག་བརྒྱད་པ་ལགས། ཤོད་རྒྱུ་མེད་པ་མ་ཡིན་ཀྱང་དྲྭ་གྲོགས་ཚོའི་བགྲོ་གླེང་ལ་བར་ཆད་མི་བྱེད། ལྷན་རྒྱས་རྣམས་ཀྱིས་་་མཁན་པོ་་་་སློབ་དཔོན་་་་དཔང་པོ་་་་་དགེ་བཤེས་སོགས་ལ་བགྲོ་གླེང་ཡག་པོ་གནང་ཤོག་ཨ་ང་ཚོའི་བོད་ཀྱི་རིག་གནས་ལ་ཕན་ངེས། ངས་གོང་དུ་བྲིས་པའི་་་་་བོད་རང་གི་བོན་ལུགས་ལ་མཐོང་ཆུང་ཚད་མེད་བཏང་བས་སེམས་ཀྱི་རང་བཙན་ཤོར་བ་དང་གཅིག་་་་་ཅེས་པའི་ཚིག་འདི་ལ་བསམ་བློ་ཡང་ཡང་ཐོང་གཏན་གཏན་ངེས་པ་རྙེད་ཐུབ། དགའ་འོས་པ་ཞིག་ནི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་ཁྲི་པའི་ལས་འགན་བཞེས་ནས་ཟླ་དགུའི་ནང་ཚུན་ལ་ཁོང་བོན་གཞིས་ཐོབ་རྒྱལ་གསར་པར་གཞུང་འབྲེལ་གཟིགས་སྐོར་ལ་ཕེབས་གནང་འདུག། དེ་ནི་བཀའ་བློན་གཞན་རྣམས་དང་མི་འདྲ་བར་མི་རབས་གསར་པའི་་གུ་ཡངས་ཀྱི་བསམ་བློ་ཡོད་པ་མཚོན་པས་སེམས་ལ་དགའ་ཚོར་ཚད་མེད་བྱུང་། ཟམ་གདོང་བླ་མ་བཀའ་བློན་གྱི་དུས་ཡུན་རྫོགས་རན་ཁ་དེར་ཁྲལ་གསོ་བྱེད་འདྲ་པོ་ཁྱུག་ཙམ་ཞིག་ཕེབས་པ་རེད། གཞན་མི་ལོ་༥༠་ནང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟེར་བ་དེ་ཚོས་བོན་གཞིས་ཐོབ་རྒྱལ་གསར་པའི་མིང་ཅན་གྱི་བོད་མིའི་གཞིས་ཆགས་ཆུང་ཆུང་འདི་བསམ་བློའི་ནང་དུ་འཁོར་གྱི་ཡོད་ནའང་དྲ་མ་ཡིན། འདིར་གོ་རྒྱུ་ཡོད་པ་ཞིག་བྲིས་ཡོད་པས་ཁྱེད་རིག་པ་སྨྲ་བས་བསམ་བློ་ཐོང་། །
མཁན་པོ་ཞུ་བ་ཆེད་ལས་པ་ལ་གོ་ན་ཆོག འབུམ་རམས་པ་ནི་བོད་སྐད་ལྟར་ན་གཞུང་ལུགས་སྣ་མང་གི་ཤེས་ཡོན་དང་ལྡན་པ་ཞིག་ཡིན་དགོས། ཚིག་ཐ་དད་ལ་དོན་དུ་འདྲ་ས་མང་། ༡༽འབུམ་རམས་པའི་མཚན་ཐོག་མར་འཁོད་པའི་ཡིག་ཆ་ནི་གཡུ་ཐོག་པའི་རྣམ་ཐར་ཨེ་ཡིན་སྙམ།དེ་དག་གི་སློན་སྦྱོང་གི་ཚད་ནི། ༡ སྨན་པ་འབུམ་རམ་པའི་གཞུང་ཚད་ནི། རྒྱུད་བཞི་རྩ་འགྲེལ་ཁ་སྐོང་མདོ་བྱང་། ཕྱོགས་རིགས་སྨན་པ་དགུའི་གསོ་དཔྱད་ཀྱི་གཞུང་། བོད་ཀྱི་མཁས་པ་མི་དགུས་མཛད་པའི་གཞུང་། སོ་མ་རཱ་ཛ། བདུད་རྩིའི་བུམ་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དྲང་སྲོང་སྙན་བརྒྱུད། ཚིག་དོན་ཟླ་ཟེར་སོགས་ཀྱི་རྩ་འགྲེལ་ཁ་སྐོང་ཆ་ལག་རྣམས་བློ་ལ་ཐོན་ཞིང་། དེ་དོན་ལག་ལེན་དུ་སྒྲིལ་ཤེས་པ་ལ་བྱ། ༢ སྨན་རམས་པའི་གཞུང་ཚད་ནི། རྒྱུད་བཞི་རྩ་འགྲེལ་ཁ་སྐོང་མདོ་བྱང་། ཕྱོགས་རིགས་སྨན་པ་དགུའི་གསོ་དཔྱད་ཀྱི་གཞུང་། བོད་ཀྱི་མཁས་པ་མི་དགུས་མཛད་པའི་གཞུང་། སོ་མ་རཱ་ཛ། བདུད་རྩིའི་བུམ་པ་རྩ་འགྲེལ་ཆ་ལག་དང་བཅས་པའོ།། ༣་སྨན་པ་དཀའ་བཅུ་པའི་གཞུང་ཚད་ནི། རྒྱུད་བཞི་རྩ་འགྲེལ་ཁ་སྐོང་མདོ་བྱང་དང་བཅས་པའོ། །་༤་སྨན་པ་བསྡུས་ར་པའི་གཞུང་ཚད་ནི། རྩ་བཤད་ཕྱི་གསུམ་རྩ་འགྲེལ་ཆ་ལག་དང་བཅས་པའོ། ། ༢༽འབུམ་རམས་པ་ནི་སྣ་མང་གི་ཤེས་ཡོན་འཛོམ་པ་ལ་ཟེར་བ་ཡོན་ན། མཁན་པོ་ཡིན་ན་འབུམ་རམ་པ་ཡིན་དགོས། དཔེར་ན་འདུལ་བ་འབུམ་སྡེའི་་མངའ་བདག་མཚོ་སྣ་པ་་ལྟ་བུ་རེད། འདུལ་བའི་མཁན་པོ་ཡིན་ན་དེ་རང་ལ་བྱང་ཆུབ་ན་འགྲིགས། དེང་དུས་ནུབ་ཕྱོགས་པའི་ལམ་ལུགས་ཀྱི་ཆེས་མཐོའི་འབུམ་རམས་པལའང་རིགས་གཅིག་རྐང་འཛིན་ཡོད་པ་བཞིན་ནོ། །༣༽མཁན་པོའི་རྣམ་གྲངས་ནི། རྙིང་མ་པ་མཚོན་ན། ཕུར་བ་མཁན་པོ་ལང་ལབ། གཤིན་རྗེ་མཁན་པོ་ཞིང་ཁྲོམ། རྩིས་ཀྱི་མཁན་པོ་ར་ཤག སྨན་གྱི་མཁན་པོ་གྲྭ་མངོན་སོགས་ཆེད་ལས་པ་ཁོ་ན་ལ་བཀོལ་བ་མང་། རབ་བྱུང་གི་མཁན་པོ་ཡིན་ན་རབ་བྱུང་ངེས་པར་ཡིན་དགོས་ལ། །སྔགས་པའི་མཁན་པོ་འམ་སློབ་དཔོན་ཡིན་ན་བསྙེན་སོང་ཁྱིམ་སྔགས་ཡིན་ཀྱང་ཆོག་པ་སི་ཏུའི་བཅའ་ཁྲིམས་སུ་གསལ། ༤༽བསྟན་པ་སྤྱི་དང་། བོད་ཀྱི་རིག་གཞུང་སྤྱི་ལ་བསམ་པ་ཡིན་ན་གཅིག་འགྱུར་ཞིག་ཡོད་ན་ལེགས་མོད། ལེགས་པར་དཔྱད་ན་འགལ་བ་ཆེན་པོ་རང་མི་འདུག དཔེར་ན་དགེ་ལྡན་པའི་མཁན་པོ་ཡིན་ན་འདུལ་བ་གྲྭ་ཚང་གི་མཁན་པོ་ཡིན་པས་རབ་བྱུང་ཡིན་ཐག་ཆོད་པ་བཞིན། རྙིང་མའི་རབ་བྱུང་གི་དགོན་སྡེའི་མཁན་པོ་ཡིན་ཀྱང་རྟེན་རབ་བྱུང་ངེས་པར་དགོས། དགེ་ལུགས་པའི་ཕར་ཕྱིན་རབ་འབྱམས་པ་ལྟ་བུ་རྙིང་མའི་ཕར་ཕྱིན་མཁན་པོ་ཞེས་བཏགས་ན་མིང་ཙམ་ལས་དོན་དུ་གཅིག མདོར་ན་ཡར་རྒྱས་གཏོང་ཕྱོགས་ལ་དགོངས་འཆར་དང་མཚན་གྱི་རྣམ་གྲངས་གཅིག་འགྱུར་སོགས་ཡོང་ན་དགེ་མཚན་ཆེ།
ལོ་རྒྱུས་ལ་དཔྱད་ཞིབ་བྱས་པ་ཡིན་ན་དགེ་བཤེས་ཞེས་པ་དེ་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཐར་སོན་པའི་གོ་མིང་ཞིག་མ་ཡིན། གཞུང་ཆེན་བཀའ་པོད་ལྔ་མཐར་སོན་པ་རྣམས་ལ་ཡང་གོ་མིང་མི་འདྲ་བ་མང་པོ་འདོགས་སྲོལ་ཡོད་པ་ནི་ཆོས་རྒྱུད་སོ་སོའི་ལོ་རྒྱུས་དང་དགོན་པ་གྲྭ་ཚང་སོ་སོའི་ལོ་རྒྱུས་ལས་མངོན་ཐུབ་པ་ཡིན། གཙང་གི་གདན་ས་ཆེན་པོ་བཀྲིས་ལྷུན་པོར་ཆ་མཚོན་ན་བཤད་གྲྭ་ནང་འཛུལ་ཕྱིན་ཆད་ཚང་མར་དགེ་བཤེས་ཟེར་དེ་ཡང་། གདན་ས་ཆེན་པོ་བཀྲས་ལྷུན་ནང་ཐོག་མར་འཛུལ་ཞུགས་བྱས་ནས་སློབ་ཕྲུག་པ་ཞེས་འབྲི་ཀློག་ནས་བཟུང་བརྡ་དག་སུམ་རྟགས་དང་ཆོས་སྤྱོད་རབ་གསལ་སོགས་རྒྱུགས་སྤྲོད་གནང་དགོས་ཤིང་། རྒྱུགས་སྤྲོད་ཨང་རིམ་དང་པོ་རྣམས་དགེ་བཤེས་ཏེ་བཤད་གྲྭ་བའི་ཁོང་དང་། ཨང་རིམ་གཉིས་པ་རྣམས་བསྔགས་པ། ཨང་རིམ་གསུམ་པ་རྣམས་དགོན་པའི་དཀོར་གཉེར་སོགས་ལག་ཤེས་སློབ་ཕྲུག་ཁོངས་སུ་འགྲོ་དགོས་པ་ཡིན། འོན་ཀྱང་གཞུང་ཆེན་བཀའ་པོད་ལྔ་མཐར་སོན་པ་རྣམས་ལ་བཀའ་ཆེན་གྱི་མཚན་གནས་འབུལ་སྲོལ་ཡོད། དགོན་པ་འདིར་ནང་གཞུང་ཆེན་སློབ་གཉེར་གནང་མཁན་ཚང་མར་དགེ་བཤེས་ཞེས་འབོད་སྲོལ་ཡོད་པ་ཡིན།
ཡ་་་་་་་་་་་་ད་བོན་པོ་ནང་པའི་གྲལ་དུ་འཇོག་གམ་མི་འཇོག་དྲི་བ་འདི་ལན་གསལ་པོར་གནང་རོག་ཞུ་རྒྱུ་ཡིན། ་རང་ངོས་ནས་བོན་པོ་ནང་པ་ཡིན་པ་ཁས་ལེན་དཀའ་གང་ཡིན་ཟེར་ན་འཇའ་ལུས་པ་གྲུབ་ཆེན་པདྨ་བདུད་འདུལ་ནས་བསང་ཡིག་ཞིག་གི་ནང་གསུངས་པ་ལྟར་ན།་ནང་པ་སངས་རྒྱས་བོན་ལ་སོགས། །མཆོད་འོས་གྱུར་པ་ཐམས་ཅད་བསང་།། ་ཞེས་སོགས་གསུངས་པ་དང་། གཞན་ཡང་རྒྱལ་དབང་མཆོག་གིས་ཝ་ར་ཎ་སོར་བོན་གྱི་དགེ་བཤེས་ཞིག་ལ་བཀའ་འདྲི་དང་བཅས་ཆོས་ཚོགས་ཚོགས་འདུར་གསུངས་པ་ལ་གཟིགས་མེད་ན་དེར་གཟིགས་དང་མཁྱེན་ངེས་རེད།
དྲ་གྲོགས་ཚོ་དགེ་ལུགས་ཀྱི་གདན་ས་གསུམ་ཟེར་བ་ནི་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དགོས་མཁོའི་མིང་ཚིག་རེད།
སྤྱིར་དགེ་ལུགས་པར་གདན་ས་མང་དུ་མཆིས་ཀྱང་། ཡོངས་གྲགས་སུ་དགེ་ལུགས་པའི་གདན་ས་དྲུག་ཟེར་སྲོལ་ཡོད་པ་ནི། རྗེ་སྐུ་འབུམ་དང་། བླ་བྲང་བཀྲ་ཤིས་འཁྱིལ། བཀྲ་ཤིས་ལྷུན་པོ། སེར་འབྲས་དགའ་གསུམ་བཅས་དྲུག་ཡིན།
དེ་མིན་སྔར་གྱི་རྒྱལ་བ་ཡབ་སྲས་གཉིས་དང་། ཕུར་ལྕོག་བྱམས་མགོན་རིན་པོ་ཆེ་སོགས་དགེ་ལུགས་པའི་བླ་ཆེ་ཁག་གི་མཛད་རྣམ་ནང་དུ་གསལ་བ་ལྟར་བྱས་ན། དབུས་གཙང་གི་དགེ་ལུགས་པའི་གདན་ས་ཆེན་པོ་བཞི་ནི། དགའ་ལྡན་དང་། འབྲས་སྤུངས། སེ་ར་བཅས་དབུས་ཀྱི་གདན་ས་གསུམ་དང་། བཀྲ་ཤིས་ལྷུན་པོ་ནི་གཙང་གི་གདན་ས་གཅིག་བཅས་བཞི་ཡིན།
དགའ་ལྡན་ཕོ་བྲང་ལ་སྲིད་དབང་ཐོབ་པ་ནས། དགའ་ལྡན་ཕོ་བྲང་གི་སྲིད་ཀྱི་ཚོགས་འདུ་ཆེ་ཁག་ཐག་གཅོད་སྐབས་ཉེ་འཁོར་གྱི་གདན་ས་སེ་འབྲས་དགའ་གསུམ་གྱི་མཁན་པོས་ཐེ་ཇུས་བྱས་པས། དེ་ནས་ཡུལ་དབུས་གཅིག་པོར་གདན་ས་གསུམ་ཟེར་སྲོལ་ཆགས། ད་དུང་ཆབ་སྲིད་ཀྱི་ལས་དོན་སྤྱི་ཡོངས་ལ་འབྲས་སྤུངས་དང་སེ་རའི་ལག་པ་མང་བས་སེ་འབྲས་གཉིས་ཟེར་སྔ་མོ་ལྷ་སའི་ནང་དུ་གྲགས།
འོན་ཀྱང་ད་ཆ་ཆོས་ཕྱོགས་སྐོར་རམ་ཡོངས་གྲགས་བརྗོད་སྐབས། དགེ་ལུགས་པའི་གདན་ས་དྲུག་བརྗོད་ན་བདེ་བར་མཐོང་།
དགེ་བཤེས་ཡིན་ནའང་འདྲ། འབུམ་རམས་པ་ཡིན་ནའང་འདྲ། མཁན་པོ་ཡིན་ནའང་འདྲ།
གང་ལྟར་འཛམ་གླིང་སྤྱི་ཡི་འགྲོ་ལུགས་དང་བསྟུན་ན་དེ་དག་གི་མིང་འདོགས་པར། ངེས་པར་དུ་དཔྱད་ཡིག་དེབ་རྩོམ་དགོས་པ་རེད། དེ་མིན་དེང་སང་དེ་འདྲའི་མིང་རྫིག་ཐག་ཆོད་ཅིག་ཁྱེར་ཏེ་ས་ཡིག་ཀྱང་རྒྱབ་ཤེས་ལ་མི་ཤེས་ལ་ཡོད་པ་དེ་ཚོར་བགོད་བྲོ་བའི་གཏམ་རེད།
དགོས་པའི་དེབ་ཅིག་ཀྱང་མི་འབྲི་བར་མི་དགོས་པའི་ཆོས་ལུགས་ཆགས་སྡང་གི་གཏམ་རྐྱང་བཤད་དེ་མི་ཚེ་བསྐྱལ་ན་ཡ་མཚན་རེད། ཡིན་ནའང་དེ་འདྲའི་མིང་དང་མཐུན་པའི་ཤེས་བྱ་ཡོན་ཏན་གྱིས་ཕྱུག་པ་དེ་ཚོར་ཞུ་གི་མེད་དོ།
གཙན་ནག་པ་ལེགས།
གདན་ས་བཀྲ་ཤིས་ལྷུན་པོའི་ནང་སྔར་སྲོལ་ལ་སློབ་ཕྲུག་རྣམས་ཆོས་སྤྱོད་རབ་གསལ་སྟོད་ཆ་རྒྱུགས་འབུལ་ཟིན་མཚམས། གྲྭ་ཚང་མཁན་པོ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བླངས་ཏེ་གྲྭ་སར་ཚུད། དེ་ནས་བསྡུས་ར་ནས་བྱས་གཞུང་ཆེན་ལ་ཚང་མས་སློབ་དགོས་ཤིང་། དེར་དཔེ་ཆ་བ་ཟེར་སྲོལ་ཞིག་འདུག
དེའི་ནང་ནས་འཛིན་གྲྭ་རིམ་འཕར་ཐོག་དམིགས་བསལ་གྱིས་གཞུང་ཆེན་སློབ་སྦྱོང་མུ་འཐུད་གནང་མཁན་ཚོར་དགེ་བཤེས་ཟེར་འབོད་སྲོལ་ཀྱང་འདུག གཞུང་ཆེན་ལ་ལོ་མང་སློབ་སྦྱོང་བགྱིས་པའི་འབྲས་རྟགས་ཐོན་རིགས་ལ་གྲྭ་ཚང་སོ་སོའི་མཁན་པོས་ལོ་རེར་དགེ་བཤེས་བཀའ་བཅུ་རབ་འབྱམས་པའི་ཐོབ་ཐང་གནང་སྲོལ་ཡོད། དེར་དཀའ་ཆེན་ཟེར། དེ་ཡང་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་སྦྱོང་གནང་རིང་ཚད་མ་རྣམ་འགྲེལ་དེ་དམིགས་བསལ་གྱིས་སློབ་ཡུན་མ་ཐོན་བར་མུ་འཐུད་གཟིགས་དགོས་པ་དང་། རྩོད་རྒྱུགས་སུའང་རྣམ་འགྲེལ་གཙོ་བོར་བྱས་པས། དཀའ་ཆེན་རྣམས་ལ། རྣམ་འགྲེལ་དཀའ་ཆེན་དང་། དཀའ་ཆེན་ཆེ་མོ་བ་ཟེར་དམིགས་བསལ་འབོད་སྲོལ་ཡང་འདུག དཀའ་ཆེན་འདི་དག་གང་ཙམ་ནས་གསང་སྔགས་རྒྱུད་པ་གྲྭ་ཚང་དུ་བཞུགས་ནས་རྒྱུད་སྡེ་བཞིའི་བསྐྱེད་རྫོགས་ལ་གསན་བསམ་གནང་དགོས། གྲྭ་ཚང་སོ་སོའི་མཁན་པོ་ཡང་དཀའ་ཆེན་གྲུབ་པ་ཞིག་ངེས་པར་དུ་དགོས་ཀྱི་འདུག
འོན་ཀྱང་། དཔེ་ཆ་ཇི་བཞིན་མ་གཟིགས་པར་ལོ་རིམ་གྱིས་དཀའ་ཆེན་མིང་རྟགས་ལེན་མཁན་ཚོར། དཀའ་ཆེན་དཀྱུས་མ་ཟེར། ཁོ་ཚོར་ཆེ་ཐོངས་ཡང་དེ་ཙམ་མེད།
ཕྱིས་སུ། ལོ་རབས་བརྒྱད་ཅུའི་ནང་པཎ་ཆེན་རིན་པོ་ཆེས་གྲྭ་སར་ཚུད་ཟིན་རྣམས་ཀྱང་ལམ་སེང་ལས་བགོས་མ་ཆོག་པར། ཐོག་མར་ལོ་གཅིག་གི་རིང་སུམ་རྟགས་དང་། ལམ་རིམ་བདེ་མྱུར་གཉིས། དགེ་ཚུལ་གྱི་བླང་འདས་སོ་དྲུག་བཅས་སྦྱངས་ཏེ་རྒྱུགས་སྤྲོད་ཟིན་པ་དང་། རྒྱུགས་འཕྲོད་པ་རྣམས་དེ་སྔ་ཁྱེད་ཀྱིས་གསུངས་པ་ལྟར། ཨང་རིམ་དང་གཉིས་སུ་ཕྱེ་ཡང་། ལོ་རབས་དགུ་བཅུའི་ལོ་འགོ་ནས་རྒྱུགས་འཕྲོད་པ་རྣམས་སྤེལ་མར། དགེ་བཤེས་དང་། སྔགས་གྲྭ་བ། རྩེ་མགོན་ཁང་བཅས་གསུམ་ལ་བགོ་འགྲེམས་སྐྱོན་གྱི་འདུག དེ་ཡང་དཔེར་ན། ཨང་དང་པོ། དགེ་བཤེས། གཉིས་པ་སྔགས་པ། གསུམ་པ་རྩེ་མགོན། ཡང་བཞི་པ་དགེ་བཤེས་ནས་བྱས་རིམ་པར་བཏང་སྲོལ་ཞིག་འདུག དེ་འཕྲོས་རྒྱུགས་མ་འཕྲོད་མ་རྣམས་དགོན་པའི་ནང་མཆོད་ཁང་དང་ལྷ་ཁང་མང་པོ་ཡོད་པས། དེ་དག་གི་སྐུ་གཉེར་དང་། དེ་མིན་ལག་ཤེས་ཀྱི་སྡེ་ཚན་ཁག་ཏུ་ལས་བགོས་སྐྱོན་སྲོལ་འདུག དེ་དག་ཀྱང་ལོ་ལྟར་སུམ་རྟགས་དང་། ལམ་རིམ་སོགས་ཞར་དུ་སྦྱངས་པ་གནང་སྟེ་རྒྱུགས་སྤྲོད་གནང་དགོས་འདུག
མཚན་ཉིད་ཀྱི་གྲྭ་ཚང་གསུམ་དུ་དམིགས་བསལ་སློབ་སྦྱོང་མཛད་མཁན་ཚང་མར་ཡོངས་གྲགས་དགེ་བཤེས་ཟེར་འབོད་སྲོལ་ཞིག་ཀྱང་འདུག་གོ
རྒྱུགས་མ་འཕྲོད་མཁན་རྣམས།
རེད་ཡ་སྔ་འགྱུར་བའི་གདན་ས་ཆེན་པོ་རྣམ་གྲོལ་གླིང་གི་མཁན་པོའི་ཕྱག་ཁྱེར་ཐོབ་པའི་དུས་ཡུན་ན་བསམ་ན་སློབ་གྲར་ལོ་བརྒྱད་དེ་ནས་གྲ་ཚང་འདོན་རྟ་དབྱངས་གསུམ་དང་འབུད་རྡུང་དཀྲོལ་གསུམ་སོཌ་སྦྱང་ཞོར་དགོན་པར་ཞབས་ཞུ་ལོ་གཉིས་གསུམ་རེ་བྱེད་དགོས་དེ་ནས་ལོ་གཅིག་འབུམ་ལྔ་གསོག་དེ་ནས་བཤད་གྲར་འཛུལ་ཏེ་རྒྱ་བོད་མཁས་པའི་གཞུང་ལུགས་དག་ལ་ལོ་དགུར་སློབ་སྦྱོང་བྱས་རྗེས་མ་མཐའ་ལའང་ལོ་བཞིར་ཉམས་མྱོང་དང་འབྲེལ་དགོན་པར་ཞབས་ཞུས་གྲུབ་ན་ད་བཟོད་ཆ་རྐྱེན་ཚང་ན་མཁན་པོཡི་མཚན་ཕུལ་གྱི་ཡོད་པས་མ་མཐའ་ལ་ལོ་ཉི་ཤུ་རྩ་གསུམ་འགོར་གྱི་ཡོད།
སྤྱིར་དགེ་ལུགས་པའི་གདན་ས་གསུམ་བཞིན་བཀའ་རིམས་ལོ་གཉིས་སློབ་དཔོན་ལོ་གཉིས་ལྷ་རིམས་ལོ་གཉིས་ཏེ་ལོ་དྲུག་ལ་རྒྱུགས་སྤྲོད་མཐའ་གྲུབ་རྗེས་ལྷ་རིམས་པའི་མཚན་གནང་བ་ལྟར་རྙིང་མ་པ་ལའང་བཤད་གྲ་ཁག་ནས་སློབ་མཐར་ཕྱིན་རྗེས་རྒྱུགས་སྤྲོད་དོ་དམ་པ་གཅི་ག་གི་འོག་ཕར་ཕྱིན་ལོ་གཅིག་དབུ་མ་ལོ་གཅིག་སྔགས་ལོ་གཅིག་རྒྱུགས་སྤྲོད་གནང་སྟེ་རྒྱ་ཆ་ཚང་ན་མཁན་པོའི་མཚན་གསོལ་ན་ཡག་མོད་འོན་ཀྱང་ད་ལྟའི་བར་བཤད་གྲ་སྒེར་སོ་སོའི་བསྒྲིག་གཞིའམ་ཆ་རྐྱེན་ཚང་ནསོ་སོའི་ས་ནས་མཁན་པོའི་མཚན་གནང་བ་མ་གཏོགས་མེད།
ཕྲན་གྱིས་ཡི་གེ་སྐུད་མེད་ཁ་པར་ནང་བྲིས་པ་ཡིན་པས་ཡིག་ནོར་མང་པོ་འདུག་དགོང་པ་འཚོམས།
རྒན་དཔལ་སྟུག་ལགས། དགོངས་པ་འཚོམ་ཨེ། དེང་སང་མང་མང་ལ་རླུང་ནད་ཡོད་བཞིན་དུ་ལྷག་ཏུ་རླུང་ལང་བཅུག་ནས་གང་བྱེད། ཨ་ལ་་ཀུ་རེ་ཡིན།
ལ་སྟོད་པའི་དྲི་བ། ༼བཀའ་ཆེན་དང་བཀའ་ཆུང། ལྷ་རམས་དང་རྡོ་རམས། དགེ་བཤེས་དང་རབ་འབྱམས་པ། ཡང་འགའ་ཞིག་ཏུ་་་་དཀའ་ཆེན་དང་དཀའ་ཆུང་ཞེས་བྲིས་པ་སོགས་འདུག་པས་དེས་ན། ཁྱེད་ནས་དེ་ཡི་སྐོར་མཁྱེན་གྱི་ཡོད་ན་གཅིག་གསུང་རོགས་གནང་དང་ངས་ཤེས་འདོད་ཆེ།༽
ལན། ༡༽ བཀའ་ཆེན་ཟེར་ན་ཡོངས་གྲགས་བཀའ་པོད་བཅུ་ལ་སྦྱངས་ནས་དམ་བཅའ་བཞག་པ་ཞིག་གི་མིང་། བཀྲ་ཤིས་ལྷུན་པོ་ནས་བཀའ་ཆེན་ཟེར་ནས་འབོད་ལ། གདན་ས་གཞན་དག་ནས་བཀའ་བཅུ་བ་ཟེར་ནས་འབོད།
༢༽ བཀའ་ཆུང་ཟེར་བ་འདི་བཀའ་པོད་བཞི་ལ་སྦྱང་པར་བཀའ་བཞི་པ་ཟེར་སྲོལ་ཞིག་བྱུང་འདུག དེ་ཡིན་ནམ་སྙམ།
༣༽ ལྷ་རམས་པ། འདི་ནི་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་བཀའ་པོད་ལྔ་ལ་དམ་བཅའ་བཞག་པ་ཞིག་གི་མིང་།
༤༽ རྡོ་རམས་པ་ཟེར་ན་གདན་ས་སོ་སོའི་ཆོས་གྲྭའི་རྡོ་བཅལ་སྟེང་དུ་དམ་བཅའ་བཞག་པ་ཞིག འདིར་གདན་ས་ཞེས་པ་ནི་སྤྱི་མིང་ཞིག་ཡིན། དཔེར་ན་འབྲས་སྤུངས་ལ་མཚོན་ན་གྲྭ་ཚང་བདུན་ཡོད་ན་ཡང་། དེའི་སྤྱི་མིང་ལ་གདན་ས་འབྲས་སྤུངས་ཟེར་ནས་འབོད། རྡོ་རམས་དམ་བཅའ་འདི་གྲྭ་ཚང་སོ་སོའི་དགེ་བཤེས་རྣམས་ཚོགས་ཆེན་གྱི་ཆོས་གྲྭ་ནས་དམ་བཅའ་འཇོག་དགོས།
༥༽ གླིང་བསྲེས་ཟེར་ན་དགའ་ལྡན་དགོན་པར་ཤར་རྩེ་དང་བྱང་རྩེ་སོགས་གྲྭ་ཚང་སོ་སོ་གླིང་ཕན་ཚུན་ལ་ཕེབས་རེས་བྱས་ནས་གཞུང་བཀའ་པོད་བརྒྱད་ལ་དམ་བཅའ་བཞག་ནས་རྟེན་འབྲེལ་བྱས་པ་ཞིག་གི་མིང་། འདི་ནི་རྗེ་རིན་པོ་ཆེ་བཞུགས་པའི་སྐབས་སུ་བཙུགས་པ་ཞིག་ཡིན་ལ། དགེ་བཤེས་ལྷ་རམས་པ་ཡིན་ན་ཡང། གླིང་བསྲེས་དམ་བཅའ་འཇོག་མཁན་ཡོད། གོང་གསལ་འདི་དག་ནི་གནའ་སྔ་མོའི་ལུགས་སྲོལ་ལ་གང་ཡོད་པ་དེ་བྲིས་པ་ཡིན།
དགེ་ལུགས་པའི་ནང་ལ་གོ་ཐོབ་ཀྱི་ཐ་སྙད་འདི་དག་ཡོང་སྟངས་སྐོར་ལ། དགེ་བཤེས་ཞེས་པའི་མིང་འདི་བཀའ་གདམས་པ་ལས་བརྒྱུད་ནས་འོང་། མཁན་པོ་ཞེས་པའི་མིང་འདི་རྙིང་མ་བ་ལས་བརྒྱུད་དེ་འོང་། བཀའ་ཆེན་དང་བཀའ་བཞི་སོགས་ནི་ས་སྐྱའི་བཀའ་བཅུའི་དགེ་བཤེས་ཟེར་བ་ལས་འོང་པར་སྙམ།
རབ་འབྱམས་པ་ཟེར་བ་ནི་གོ་གནས་གང་ཡང་དམིགས་བསལ་མེད་པར། གང་ལ་ཡང་སྦྱར་ཆོག་པའི་མིང་ངམ་ཁྱད་ཚིག་ཞིག་ཡིན་ནམ་སྙམ། ལྷ་ལྡན་རབ་འབྱམས་པ་ཟེར་ན་ལྷ་རམས་པ། བཀའ་བཅུའི་རབ་འབྱམས་པ་ཟེར་ན་བཀའ་རམས་པ། རྡོ་བཅལ་རབ་འབྱམས་པ་ཟེར་ན་རྡོ་རམས་པ། མདོར་བསྡུས་ནས་བཤད་ན་རབ་འབྱམས་པ་ཞེས་པའི་བསྡུ་ཚིག་འབྲི་ན་རམས་པ་ཟེར་ནས་བྲིས་པ་རེད།
དཔལ་སྟུག་གི་དགེ་རྒན་གྱིས་ཤད་ཀྱི་སྐོར་བསླབ་ཡོད་ས་མ་རེད་པ། སྦྱོང་ན་ཡག་པོ་ཡོད་རེད་ད།
རབ་ཏུ་འབྱམས་པ། མཐའ་སླས་པ། རྒྱ་ཆེ་བ། མདོར་ན་མ་ཤེས་པ་མེད་པ་ཞིག་ལ་གོ་བ་རེད། དགེ་ལུགས་པར་མཁས་པའི་ཆ་ནས་རབ་འབྱམས་པ། བཟང་བའི་ཆ་ནས་དགེ་བཤེས་སམ་དགེ་བའི་བཤེས་གཉེན། བཙུན་པའི་ཆ་ནས་མཁན་པོ་ཞེས་འཇོག་པ་འདྲ།
གཞོན་ནུ་ཟླ་མེད་ལགས་ལན་རྒྱས་ཤིང་རྒྱས་པར་གནང་བར་ཐུགས་རྗེ་ཆེ།
དཀའ་ཆེན་དང་་་་་་བཀའ་ཆེན་་་་་ཅེས་འབྲི་སྲོལ་གཉིས་འདུག་པས་དེ་ཡི་ནང་ནས་གང་ཞིག་འཐད་པར་འོས་སམ།
གོང་དུ་ཞོལ་ཕྲུག་ལགས་ཀྱིས་བཀའ་དང་་་་་དཀའ་གཉིས་ཀ་བྲིས་འདུག་པས་དེ་གཉིས་ཀྱི་ནང་ནས་གང་ཞིག་འཐད་པར་འོས་སམ།
རེད་ཡ། དགེ་བཤེས་དང། བཀའ་ཆེན་བཀའ་ཆུང་ལས་སོགས་དང་པོ་ས་སྐྱ་ནས་བྱུང་བ་མིན་འགྲོ།
འོན་ཀྱང་བཀའ་ཆེན་བཀའ་ཆུང་ཟེར་བ་འདི་བཀྲ་ཤིས་ལྷུན་པོར་དམིགས་བསལ་གྱི་མཚན་གནས་བེད་སྤྱོད་བྱེད་སྡད་པ་ཞིག་མཐོང་བྱུང།
བོན་གྱི་ལུགས་ལའང་བཀའ་རབ་འབྱམས་པ་དང་དགེ་བཤེས། བཀའ་ཆེན་དང་བཀའ་ཆུང་གི་ཐ་སྙད་ཀྱང་ཡོད་མུས་རེད། དུས་རབས་བཅུ་པ་དང་དགུ་པ་སོགས་ཀྱི་ཡར་སྔོན་དུ་བོན་གྱི་གཞུང་ལུགས་ལ་མཁས་ཤིང་བཙུན་པ་དེ་རིགས་ལ་ ༼སྟོན་པ༽་ཞེས་མཚན་གནས་ཕུལ་སྲོལ་ཞིག་དར་འདུག འོན་ཀྱང་རྗེས་སུ་དགེ་བཤེས་ཞེས་པའི་མཚན་གནས་དེ་ཤུགས་ཆེ་རུ་ཕྱིན་ཏེ་སྟོན་པ་ཞེས་པའི་མཚན་གནས་དེ་ཕལ་ཆེར་མི་མངོན་པར་བྱུང་འདུག
ཚང་མས་བགྲོ་གླེང་ལྷུག་པོར་གནང་བར་ཐུགས་རྗེ་ཆེ།
མི་ལའི་རྣམ་ཐར་ནང་བོན་སྟོན་ནམ་སྟོན་པ་ཞེས་པའི་ཐ་སྙད་འདི་གོ་རྒྱུ་འདུག ལ་སྟོད་བུ་བདེན།
བོན་གྱི་ལུགས་ལ་མཁན་པོ་ཞེས་པ་ནི་གཙོ་བོ་འདུལ་བའི་སྡོམ་པ་འབོག་མཁན་ཞིག་དང་ལྷག་པར་དུ་ཚུལ་དང་ཁྲིམས་གཉིས་ལས་ཁྲིམས་འབོག་མཁན་ལ་བརྗོད་ཅིང། འོན་ཀྱང་ཡོངས་གྲགས་སུ་དགོན་པའི་དབུ་འཛིན་དེ་ལ་བརྗོད་སྲོལ་ཡོད་འདུག ཕལ་ཆེར་དགེ་ལུགས་པའི་འགྲོ་སྟངས་དང་གཅིག་པ་རེད་འདུག དགེ་བཤེས་ལ་མཁན་པོ་ཤོད་སྲོལ་མེད་ཅིང། འདུལ་བའི་སྡོམ་པ་འབོག་དུས་མཁན་པོ་དང་སློབ་དཔོན དཔང་པོ་དང་ལོ་ཚཱ་བཅས་བཞི་ངེས་པར་འཛོམས་དགོས་པས་ད་ལྟའང་དེ་ལྟར་གནང་བཞིན་མཆིས།
གྲོགས་གླེང་འདི་དག་གལ་ཆེན་པོ་ཡིན་ཅིང་ང་ཚོས་ངེས་པར་དུ་བན་བོན་གཉིས་ཀའི་གཞུང་ལུགས་དང་ལོ་རྒྱུས་སྲོལ་རྒྱུན་གྱི་ངག་ལམ་སོགས་གང་དུ་ཡོད་པ་ཐམས་ཅད་ལ་ཞིབའཇུག་དང་དཔྱད་པ་བྱེད་ན་དེ་ནི་བསྟན་པ་དང་རིག་གཞུང་གང་ལའང་ཞབས་ཕྱིར་འགྲོ་བས་གྲོགས་གླེང་ལྷུག་པོར་གནང་རོགས།
འོན་ཀྱང་མང་པོ་གཅིག་གིས་ང་ཡི་དེ་བདེན་པ་དང་གཞན་གྱི་ལུགས་སྲོལ་དེ་དག་མི་བདེན་ཅིང་དམོད་རྐྱང་བྱེད་ན་ཞིབ་འཇུག་དང་དཔྱད་པ་ཡང་དག་ཅིག་ནམ་ཡང་ཡོང་མི་སྲིད།
ལྷག་པར་དུ་དགེ་བཤེས་དང་རབ་འབྱམས་པ། བཀའ་ཆེན་བཀའ་ཆུང་། མཁན་པོ་དང་སློབ་དཔོན། འབུམ་རམས་པ་དང་བཀའ་རམས་པ་ལས་སོགས་དུས་རབས་གང་གི་སྐབས་སུ་བྱུང་མིན་སོགས་རང་གཞན་གྱི་ལོ་རྒྱུས་དང་བསྟན་བྱུང་སོགས་ཕྱོགས་གང་ནས་དཔྱད་པ་བྱེད་ན་དེ་ནི་ཞིབ་འཇུག་ཡང་དག་པ་ཞིག་ཏུ་ངོས་འཛིན་རུང་པར་མཐོང་ངོ།
འོན་ཀྱང་གོང་དུ་མཆན་ཨང་༨༠་པ་འབྲི་མཁན་ཨ་མདོ་བག་ལེབ་ཟེར་བའི་སྐད་ཆ་དེ་ཚོར་སྙིང་པོ་གང་ཡང་མ་མཐོང་ངོ།
དཀའ་ཆེན་དང་དཀའ་ཆུང་ཟེར་ནས་འབྲི་སྐབས། ད་སྔོན་འཇུག་ཡོད་པ་བྲིས་ན་དག་པར་སེམས། འོན་ཀྱང་གྲངས་དང་འབྲེལ་ནས་བྲིས་ན་བཀའ་བཅུ་དང་བཀའ་བཞི་ཟེར་ནས་བྲིས་ན་དག་པར་སེམས།
ེམེ་ཏོག་དཀར་པོ་ལགས་བདེན་པ་རེད། ང་དགེ་རྒན་སྔོན་མ་ནས་མེད།
གཞོན་ནུ་ཟླ་མེད་ལགས་བཀའ་དྲིན་ཆེ།
བོན་གྱི་ལུགས་ལའང་དེ་ལྟའི་ཐ་སྙད་ཅིག་ཡོད་འདུག་འོན་ཀྱང་དེ་འདྲའི་ཐ་སྙད་དེ་ཕལ་ཆེར་གཙང་བཀྲ་ཤིས་ལྷུན་པོའི་ཕྱོགས་ནས་མཆེད་པ་མིན་ནམ་སྙམ། གང་ཡིན་ཟེར་ན་བོན་གྱི་གདན་སའི་གཙོ་བོ་གཙང་བཀྲ་ཤིས་སྨན་རི་གླིང་ནི་གཙང་དུ་ཆགས་ཤིང་གཙང་བཀྲ་ཤིས་ལྷུན་པ་དང་ཕལ་ཆེར་ཉེ་བར་གནས་པའི་ཆ་ནས་མིན་འགྲོ།
འོན་ཀྱང་ལོ་རྒྱུས་ཁུངས་ལ་དཔྱད་དགོས་ཤིང་ཐག་ཆོད་རྒྱུ་དཀའ།
དཔལ་སྟུག་ལགས། བཀའ་རིམས་མ་རེད་བཀའ་རམས་རེད།
ཡུལ་སྐད་དེ་ཚོ་ཉུང་དུ་བཏང་ན་ཡག་པོ་ཡོད་རེད།
གང་ཡིན་ཟེར་ན་ཁྱེད་ཀྱིས་་་་་དགོངས་པ་འཚོམས་་་་་ཟེར་འདུག་ད་དྲ་གྲོགས་དེ་ཚོ་དགོངས་པ་འཚོམས་ས་རེད།
མཁན་པོ་ཞེས་པ་ཡོང་གྲགས་སུ་སོ་ཐར་གྱི་བསླབ་པ་སྦྱིན་མཁན་དང་ ཆོས་སྡེའི་དབུ་འཛིན་གཞི་མཐུན་པ་སྟེ་། སྔོན་ན་ལན་ཌ་སོགས་སུ་མཁན་པོ་རྒྱལ་འབྱུང་ཞེས་པ་ལྟ་བུ་ཆོས་སྡེ་རེ་ན་མཁན་པོ་རེ་ལས་མེད་། པོད་དུ་འང་དུས་ཕྱིས་བར་ལུགས་དེ་ལེགས་པར་གནས་ཡོད་། ཞི་བ་མཚོ་ནི་བོད་དུ་མཁན་པོའི་ཐོག་མ་ཡིན་།
བཀྲ་ཤིས་ལྷུན་པོའི་ཡིག་ཆ་ཕལ་ཆེ་བའི་ནང་དཀའ་ཆེན་འཁོད་འདུག འོན་ཀྱང་ཡིག་ཆ་ཁ་ཤས་ནང་བཀའ་བཅུ་རབ་འབྱམས་སྨྲ་བ་ཡང་འཁོད་འདུག
མདོ་དོན། སྤྱིར་གཞུང་ཆེན་བཀའ་པོད་ལྔ་དང་དེའི་འགྲེལ་པ་ལྔ་བཅས་བཅུ་ལ་སྦྱང་པ་མཐར་སོན་པས་ན། བཀའ་བཅུ་རབ་འབྱམས་སམ། བཀའ་ཆེན་ཞེས་བརྗོད།
བཀྲ་ཤིས་ལྷུན་པོའི་ནང་དམིགས་བསལ་དཀའ་ཆེན་འབྲི་སྲོལ་ཡོད་པ་ནི། གཞུང་ཆེན་དཀའ་བའི་གནད་བཅུ་ལ་སྦྱང་པ་མཐར་སོན་པས་ན། དཀའ་ཆེན་ཟེར།
དགེ་བཤེས་ལྷ་རམས་པ་ནི། སྤྱི་ལོ་ ༡༦༡༣ ལོ་ནས་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུ་ལོ་དྲུག་རིང་བསྟུད་མར་གནང་རིང་། ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་གཞུང་ཆེན་བཀའ་པོད་ལྔ་ལ་དམ་བཅའ་འཇོག་མཁན་གྱི་རབ་འབྱམས་པ་ཚོར། དགེ་བཤེས་ལྷ་རམས་པ། ཟེར་བའི་མཚན་གནས་བསྩལ་བའི་ལུགས་སྲོལ་ཐོག་མར་གཏོད།
བཀྲ་ཤིས་ལྷུན་པོའི་དགོན་པར།
སློབ་པ་མཐར་སོན་པའི་དགེ་བཤེས་ཚོར་མིང་རྟགས་ལེན་སྐབས། དྲུང་རབ་འབྱམས་པ་དང་། (དྲུང་རམས་པ།)
དཀའ་བཅུ་རབ་འབྱམས་སྨྲ་བ་ཆེན་མོ། (དཀའ་ཆེན།) ཚོགས་རབ་འབྱམས་པ། (ཚོགས་བསགས་པ།) བཅས་གསུམ་འདུག
དེ་མིན་བཀའ་ཆུང་ཟེར་བའི་མཚན་གནས་དེ་འདྲ་རྩ་བ་ནས་འབོད་སྲོལ་མི་འདུག
མཁན་་པོ་ཞེས་པ་་ནི་ཆོས་སྡེའི་དབུ་འཛིན་དང་སོ་ཐ་ར་གྱི་བསླབ་པ་སྦྱིན་མཁན་གཞི་གཅིག་པ་སྟེ་ སྔོན་ན་ལེན་ཌ་སོགས་སུ་མཁན་པོ་རྒྱལ་འབྱུང་ཞེས་པ་ལྟ་བུ་ ཆོས་སྡེ་རེ་ན་མཁན་པོ་རེ་རེ་ལས་མེད་།
ཡང་བཀྲ་ཤིས་ལྷུན་པོའི་དགོན་པར་མཁན་པོ་ནི། གྲྭ་ཚང་སོ་སོའི་ནང་དགེ་བཤེས་དཀའ་ཆེན་ཐོན་ནས། རྒྱུད་གྲྭར་ཕེབས་ཏེ་མདོ་སྔགས་གཉིས་ཀར་སློབ་པ་མཐར་སོན་པ་གང་ཞིག་ལ། དགེ་སློང་ཁྲིམས་ལྡན་རྣམ་དག་ཞིག་ངེས་པར་དགོས་ཤིང་། དེ་དག་ནི་མཁན་པོར་འོས་པའི་ཆ་རྐྱེན་ཉག་ཅིག་ཡིན། མཁན་པོ་མང་ཆེ་བ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་ཕྱག་རྟགས་ཕེབས་ཀྱི་ཡོད། སྐབས་རེ་དེ་ལྟར་ཆ་རྐྱེན་ཚང་མ་དུས་གཅིག་ཏུ་མི་ཐུབ་པའང་བྱུང་འདུག
དཀྱིལ་ཁང་ལེགས་བཤད་གླིང་གྲྭ་ཚང་དང་། ཤར་རྩེ་བསམ་གཏན་གླིང་གྲྭ་ཚང་། ཐོས་བསམ་ནོར་གླིང་གྲྭ་ཚང་བཅས་གྲྭ་ཚང་གསུམ་ལ་མཁན་པོ་གསུམ་དང་། གསང་སྔགས་རྒྱུད་པ་གྲྭ་ཚང་ལ་སྔགས་ཆེན་གཅིག་བཅས་ལ་ཟུར་བཞི་བླ་ཁག་ཟེར། དེ་དག་ནི་གདན་ས་བཀྲ་ཤིས་ལྷུན་པོའི་ནང་ཆོས་ཀྱི་གོ་གནས་མཐོ་ཤོས་ལྡན་པའི་བླ་ཆེན་བཞི་ཡིན།
མཁན་པོ་རྣམས་ནི་དགེ་ལུགས་པའི་གདན་ས་གཞན་ཁག་དང་འདྲ་བར། གཞི་གསུམ་གྱི་ཆོ་གའི་དབུ་སྐྱོང་དང་། གྲྭ་ཚང་ནང་དགེ་ཚུལ་སློང་གི་སྡོམ་པ་གནང་མཁན། གྲྭ་ཚང་གི་གནད་དོན་ཆེ་ཁག་ཐག་གཅོད་གནང་རྒྱུ་བཅས་ཀྱི་ཐུགས་འགན་བཞེས་དགོས།
བོད་དུ་བཀའ་གདམ་སྙིང་མ་བའི་བར་མཁན་པོ་ལུགས་སྲོལ་དེ་ལེགས་པར་གནས་ཤིང་། བཀའ་གདམ་གསར་མར་གྲགས་པ་དགེ་ལྡན་པས་ཀྱང་ལུགས་སྲོལ་དེ་རྒྱུན་འཛིན་ལེགས་པོ་གནང་རུང་རྨ་མེད་པ་ཞིག་བྱུང་ཐུབ་མེད་།
དེང་སང་བོད་ཀྱི་བསླབ་པ་སློབ་གཉེར་བཟང་དྲག་ནས་ལ་ལུང་མཁན་པོས་གང་ཤིང་། བླ་སྤྲུལ་ཁག་གི་མདུན་གཡོག་དག་ཀྱང་མཁན་ཆེན་ཤ་སྟག་ཡིན་པ་དཔེར་ན་ དཔེར་ན་རྒྱལ་བ་ཀརྨ་པའི་མདུན་གཡོག་ མཁན་པོ་དགའ་དབང་དང་ མཁན་པོ་བསྟན་ནམ་ལྟ་བུ་།
ད་གང་ཡིན་ཀྱང་དགེ་ལྡན་པའི་མཁན་པོ་དང་རྙིང་མ་པའི་མཁན་ཆེན་གཉིས་གཅིག་པ་དང་། ཡང་དགེ་ལུགས་པའི་ལྷ་རམས་དང་རྙང་མའི་་མཁན་པོ་གཉིས་གཅིག་པ། དགེ་ལུགས་པའི་ལྷ་རམས་མ་ཡིན་པའི་དགེ་བཤེས་དང་རྙིང་མའི་སློབ་དཔོན་རྣམས་གཅིག་པ་རེད་བསམ་གྱི་འདུག་གོ།།
མཁན་པོ་དང་དགེ་བཤེས་སློབ་དཔོན་སོགས་ཆོས་ལུགས་སོ་སོའི་སློབ་སྦྱོང་ཐད་ནས་ཐོབ་ཐང་དཔགས་ནས་མཚན་གསོལ་སྟངས་མི་འདྲ་བ་ཞིག་ཡིན་པ་ལ། གཅིག་པ་ཡིན་དགོས་པའི་ངེས་པ་མེད། རྒྱུ་མཚན་ཡང་མེད་སྙོམ།
དཔལ་སྟུག་ཁོ་རེ། རྙང་མ་ཟེར་དུས་དྲི་ཆེན་སླ་མོ་དེ་ལ་ཟེར་གི་ཡོད་རེད་ད། ད་ཁྱོད་ལ་དགེ་རྒན་དགོས་རང་དགོས་འདུག་གོ
མཆན་ ༣༩ ནང་
དེངས་སོང་རིས་མེད་དགེ་བཤེས་ཟེར་བ་ཞིག་ཐོན་གྱི་ཡོད་པ་དེའི་སྐོར་ཉེ་སྔོན་ཆོས་རྒྱུད་བླ་ཆེན་རྣམ་པས་ཀྱང་དགོངས་འཆར་མང་པོ་གསུངས་ཀྱང་དེ་ཙམ་གྱི་ནུས་པ་མ་ཐོན་། དེ་ཡང་དཔེར་ན་རེས་མེད་དགེ་བཤེས་ཐོན་པ་ལ་སྤྱིར་གཙོ་ཆེ་བ་དགེ་ལྡན་པའི་གཞུང་ལ་སློབ་གཉེར་གནང་སྟེ་དེའི་ཞོར་ལ་ཟླ་བ་གསུམ་རེ་ཆོས་རྒྱུད་གཞན་དག་གི་གཞུང་ཡན་གར་བ་རེ་ལ་ཁྲིད་ལུང་ཙམ་ཞུས་ཏེ་མཐར་རིས་མེད་ཀྱི་དགེ་བཤེས་ཐོན་པ་ཡིན་ཞེས་ཨ་མདོ་བག་ལེབ་ཀྱི་བཤད་པ་ལྟར་བདེན་ན་གཏོང་སྒོ་དང་པོ་རྙང་མ་ཞིག་འབུལ་རྒྱུ་ཡིན།
པཎ་ཆེན་རིན་པོ་ཆེས་ཆོས་བརྒྱུད་ནང་ཕན་ཚུན་མཐུན་ལམ་དང་། རིས་མེད་ཆོས་བརྒྱུད་ཁག་དབར་དད་པ་དག་སྣང་སྦྱངས་དགོས་ཟེར་བ་དེ། ཚང་མ་མཉམ་དུ་བསྲེས་དགོས་ཟེར་གྱི་མེད་གསུངས་པ་དེ་རྩ་ཆེན་པོ་རེད།
དེང་སང་བཙན་བྱོལ་ནང་ཆོས་ཀྱང་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱད་ནས་གཅིག་གིས་གཅིག་ལ་བརྩི་བཀུར་ཡིན་མདོག་མདོག་བྱས་ཏེ། ཆོས་བརྒྱུད་ཚང་མ་འདོད་པ་མེད་བཞིན་དུ་བཙན་བཀའ་བཏང་ནས་ཉ་ཉུང་མཉམ་བསྲེས་བྱེད་བཅུག་པ་དེ་ནི་ཆེད་ཐ་ཤལ་གྱི་བྱ་སྤྱོད་ལས་མ་འདས།
ཡང་ས་གནས་ཁག་ཅིག་དུ་ཤེས་ཡོན་དབུལ་བས་མཁན་པོ་དང་མཁས་པ་གཅིག་ཏུ་ནོར་ཏེ་ འཆད་ཁྲིད་ཅུང་ཟད་ཤེས་པའི་སེར་མོ་བ་ཞིག་མཐོང་ན་ཡང་མཁན་པོ་ཞེས་གསོལ་ཀྱང་བྱེད་ དེ་ཡང་མཁན་པོ་ཞེས་པ་ནི་དཔེ་ཆ་བཤད་ཤེས་མཁན་ཞིག་ལ་གོ་ཡོད་། དེ་ཡང་འཆད་པ་བཟང་ངན་ལ་མི་དཔྱོད་པར་་ བཤད་པའི་རྣམ་པ་གཟུང་བ་ཙམ་གྱིས་འཐུས་པར་བྱེད་།
གཡོ་འཕྲུལ་ཅན་ཁག་ཅིག་གིས་ དེ་འདྲའི་གོ་སྐབས་བེད་སྤྱད་དེ་ རང་ཉིད་ལོ་གཅིགི་དཔེ་ཆ་ཡང་བལྟ་མི་ནུས་བཞིན་ རང་གར་མཁན་པོའི་མིང་ཁྱེར་ནས་ ཅི་ཡང་མི་ཤེས་པའི་དབུས་སུ་ཆོས་འཆད་ཁུལ་བྱེད་ཅིང་ རྒྱུས་མེད་གྱི་སར་མཁན་པོའི་མིང་ཁྱབ་བསྒྲགས་བྱེད་པ་ངོ་ཚ་ ཙམ་ཡང་མི་ཤེས་།
དེ་བཞིན་མུན་སྤྲུལཁག་་ཅིག་ཕྱི་རྒྱལ་དུ་སླེབ་ཚེ་ རང་གི་ཞབས་ཞུ་བ་ཅིག་ལ་ ངེས་པར་མཁན་པོ་ཞེས་མིང་འདོགས་ཤིང་། དེ་ནི་རང་ཉིང་ཀྱི་གོ་ས་འདེགས་པའམ་ མཁན་པོ་དངོས་མ་ཚོའི་མིང་མཐོང་བཅགས་པའི་ཆེད་དུ་རེད་ཟེར་། ཨ་ཁ་ཁ་། བསྟན་བཤིག་ཚ་བ་།
དེ་ལས་ཀྱང་ངོ་མཚར་བ་ཞིག་ནི་དེང་སང་བོད་ཀྱི་བླ་ཆེན་ཡིན་ཟེར་མཁན་ཁག་ཅིག་གིས་ མཁན་པོའི་མིང་བྱང་རང་གར་སྤྲད་བཞིན་པ་འདི་མིན་ནམ་ ཁོང་ཚོས་མིང་བྱང་སྤྲད་ཡུལ་གྱི་བསླབ་ཡུན་ སློབ་གཉེར་མི་བལྟ་བར་ མཚན་གནས་ཞུ་མཁན་ཚོའི་ངོ་ལ་བལྟ་བཞིས་ཡོད་། ཁོང་ཚོས་རང་རང་ཉིད་ནི་ཅི་བྱས་ཆོག་པའི་ཆོས་ཕྱོགས་ཀྱི་བྱེད་པ་པོ་ཤིག་དུ་མཐོང་བ་རེད་།
ཡང་དུ་བཤད་ན་བཀའ་རྙིང་གཉིས་ལ་ྨཁན་སློབ་ཀྱི་དབྱེ་མཚམས་ལེགས་པོ་ཞིག་མེད་པ་དང་ མཁན་པོ་ཤིན་ཏུ་འབེལ་པོ་ཡིན་པའི་སྣང་ཚུལ་འདི་ཡང་གསར་བྱུང་ཞིག་ལས་ སྲོལ་རྙིང་ཞིག་མིན་། སྔོན་དུས་རྙིང་ཕྱོགས་ལ་ཡོངས་གྲགས་མཁན་མིང་ཐོགས་མཁན་ཤིན་དུ་དཀོན་ཏེ་ མཁན་པོ་ཀུན་དཔལ་དང་ མཁན་པོ་ངག་ཆུང་ཞེས་པ་ལྟ་བུ་རེ་ཟུང་ཞིག་མེད་ཅིང་ ཀར་ཕྱོགས་སུ་འང་མཁན་ཆེན་བཀྲ་ཤིས་འོད་ཟེར་ ཀར་མའི་མཁན་པོ་རིན་ཆེན་དར་རྒྱས་ ཟུར་མང་མཁན་པོ་པད་རྣམ་སོགས་ལས་གཞན་ཡོངས་གྲགས་མཁན་མིང་འཛིན་པ་ཤིན་ཏུ་དཀོན་།
ཉེ་སྔོན་རིས་མེད་དགེ་བཤེས་ཀྱི་མིང་ཁྱེར་བའི་བཙུན་མ་ཞིག་བཏོན་ཡོད་པ་བདེན་པ་རེད། དེའི་ཐད་བླ་ཆེན་རྣམ་པའི་བགྲོ་གླེང་མང་ཙམ་གནང་མོད་ཀྱང་། ངོ་ལེན་སོ་མ་རང་ཁོང་རྣམ་པའི་གནང་ཐོབ་མེད་པ་འདྲ། གང་ཡིན་ཟེར་ན་དགེ་བཤེས་ཐོན་པ་ལ་མ་མཐའ་ཡང་ཆོས་ཕྱོགས་ནས་དགེ་སློང་གི་སྡོམ་པ་ཞུས་ཟིན་པ་དང་། བོན་ཕྱོགས་ནས་དྲང་སྲོང་གི་སྡོམ་པ་ཞུས་ཟིན་པ་ཞིག་དགོས་པ་གཅིག་མཐུན་ལྟར་གསུངས་པ་མ་ཟད། ད་དུང་དགེ་སློང་གི་སྡོམ་རྒྱུད་འཚོལ་ཤོག་ཅེས་༸སྐྱབས་མགོན་རིན་པོ་ཆེས་བཀའ་གསུང་ཡང་གནང་སོང་། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་དགེ་བཤེས་ཀྱི་མིང་འཁྱེར་བའི་བཙུན་མ་ཞིག་ཐོན་པ་དངོས་མཐོང་དུ་གྱུར་ཡོད་པ་མ་ཚད་རིས་མེད་དགེ་བཤེས་ཀྱི་མིང་བྱང་ཞིག་ཡང་ཁྱེར་འདུག་ཡོད་པ་གསལ་བོ་རེད།
མཁན་པོ་ནི་གདན་ས་གསུམ་སོགས་དགེ་ལུགས་ཀྱི་གྲྭ་ཚང་ཁག་ན་ཚོགས་ཆོས་ར་གྲྭ་ཚང་གི་འཆད་ཉན་སྟངས་འཛིན་བྱེད་པོ་དང་། ཡང་གྲྭ་ཚང་གི་བྱ་བཞག་གལ་ཆེན་རིགས་ལ་བལྟ་རྟོགས་བྱེད་མཁན་གྱི་གོ་གནས་ཞིག་གི་མིང་ཞིག་རེད། དེ་བས་ན་གྲྭ་ཚང་རེ་ལ་མཁན་པོ་གཅིག་ལས་མེད། མཁན་པོ་གཅིག་བུ་དེ་ཡང་ལས་ཀའི་དུས་ཚིགས་རྫོགས་མཚམས་སུ་མཁན་པོ་མ་ཡིན་པ་ཆགས་པ་རེད། དགེ་བསྐོས་དང་འདྲ། ལས་དུས་ནི་མི་འདྲ་བ་ཡོད། གྲྭ་ཚང་ཁ་ནས་ན་ལོ་བདུན་ལ་མཁན་པོ་གནང་མཁན་ལ་མཁན་ཆེན་ཟེར། ཡང་ལོ་ལྔ་མན་ཆད་ལ་མཁན་པོ་གནང་མཁན་རིགས་མཁན་ཆུང་ཟེར།
རེད་རེད་༌༌༌༌༌༌༌༌༌༌༌༌༌བཀའ་རྙིང་གཉིས་ལ་མཁན་པོའི་མཚན་ཁྱེར་མའི་ཧ་ཅིང་མང་པོ་རེད་མ་ཟད་དེ་དག་གི་བྱ་སྤྱོད་དང་སློབ་སྦྱོང་གང་གི་ཆ་ནས་ཀྱང་ངེས་མེད་རེད། དགེ་ལུགས་པ་ལ་མཚོན་ན་མཁན་པོ་མཚན་གནས་ཅན་དཀོན་མོད་རེད། ཁོང་རྣམ་པའི་སློབ་སྦྱོང་དང་བྱ་སྤྱོད་གང་གི་ཐད་ནས་དགོན་སྡེའི་ཁོངས་སོ་སོར་ནས་ལེགས་གྲས་ཡིན་ལ། ཐོབ་ཐངས་དང་བརྩིས་འཇོག་གིས་ཆ་ནས་ཀྱང་བཀའ་རྙིང་གཉིས་ཀྱི་མཁན་པོ་དང་དགེ་ལུགས་པའི་མཁན་པོ་གཅིག་མཚུངས་མིན་པ་གསལ་བོ་རེད།
དགེ་བའི་བཤེས་གཉེན་ཀྱི་མཚན་དེ་ཐོག་མར་མདོ་དང་བསྟན་བཅོས་ནས་བྱུང་བ་ཞིག་ཏུ་གོར་མ་ཆག །མདོ་སྡེའི་སྐབས་དུ་མར་དགེ་བའི་བཤེས་གཉེན་བསྟེན་ཚུལ་གལ་ཆེ་ཚུལ་མང་པོར་གསུངས་ཡོད་ལ། རྒྱལ་བ་བྱམས་པས་ཀྱང་མདོ་སྡེའི་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།།ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན།།བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན།།ཞེས་པའི་དགེ་བའི་བཤེས་གཉེན་ནི་བསླབ་པ་གསུམ་ལྡན་སོགས་ཆོས་བཅུ་ལྡན་ཞིག་ལ་གསུངས་པ་དང་། རྗེ་ཙོང་བས་ལམ་རིམ་གྱི་མགོར་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་པའི་ཟུང་འཇུག་གི་བར་གྱི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ཚད་ལྡན་ཞིག་ལ་བསྟེན་ནས་སྐྱེས་དགོས་བར་ནན་ཏན་གྱིས་གསུངས་འདུག །དེ་ལ་དགེ་རྒན་ཚད་ལྡན། ཟེར་གི་ཡོད་པ་རེད། སློབ་མ་ཚད་ལྡན་ཡོང་བ་ལའང་བློ་གཟུ་བོར་གནས་བ་དང་བློ་གྲོས་དང་ལྡན་པ། དོན་གཉེར་ཅན་ཞིག་དགོས་པར་གསུངས་ཡོད་པ་རེད། ཇོ་བོ་བཀའ་གདམས་པས།
དགེ་བའི་བཤེས་གཉེན་གྱི་མཆོག་མཚང་ལ་རྒོལ་བ་ཡིན།
བཙུན་པའི་མཆོག་སེམས་རྒྱུད་ཐུལ་བ་ཡིན།
གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་བལྟ་བ་ཡིན།
ཞེས་གསུངས་པ་ལྟར་གྱི་དགེ་བའི་བཤེས་གཉེན་ནི་དགེ་བཤེས་གླང་རི་ཐང་བ་ལྟ་བུས་ཉོན་མོངས་འབུར་འཇོམས་བྱེད་མཁན་ལ་གསུངས་བ་ཡང་ཡོད་པ་རེད། བཀའ་གདམས་གསར་རྙིང་གཉིས་ལ་དགེ་བའི་བཤེས་གཉེན་གྱི་སྐོར་སློབ་གསོའི་རིམ་པ་དར་ཁྱབ་ཆེན་པོར་ཕྱིན་པ་དེ་ཡང་ཡོན་ཏན་གྱི་རྩ་བ་དགེ་རྒན་ཚད་ལྡན་ཞིག་ལ་རག་ལས་བ་ཡིན་སྟབས་གནད་འགག་དེ་ལ་ཐུག་པ་རེད། དེ་བཞིན་བོད་ཀྱི་ཆོས་རྒྱུད་བོན་དགེ་གཉིས་ཀྱི་དགེ་བཤེས་མཚན་གནས་སྤྲོད་པའི་ལམ་སྲོལ་ཡང་དེ་འདྲ་ལ་བསྟེན་ནས་ཡོང་བའམ་ཕན་ཚུན་ལེགས་ཆ་ལེན་རེས་ཀྱིས་བྱུང་བ་ཞིག་ཡིན་པ་གདོན་མི་ཟ། གདན་སའི་ནང་ལ་དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་བཞིན་པའི་བོན་པོ་དང་ཇོ་ནང་བ་རེ་གཉིས་ཡོད་པ་ངས་ཀྱང་ངོ་ཤེས། འོན་ཀྱང་བཀའ་རྙིང་གཉིས་དང་ས་སྐྱ་བ་ཡོད་ཚོད་མི་འདུག །དེའི་རྒྱུ་མཚན་དགེ་ལུགས་རྒྱུགས་སྤྲོད་ཐོན་ཚར་ནས་དགེ་བཤེས་ལྷ་རམས་པའི་གོ་གནས་ཀྱི་ལག་ཁྱེར་སྤྲོད་པ་ལས་མཁན་པོའི་གོ་གནས་ཀྱི་ལག་ཁྱེར་སྤྲོད་གི་མེད་པའི་སྟབས་ཀྱིས་རེད།
གལ་ཏེ་གདན་སའི་ནང་ལ་བོན་པོ་ཚོས་དགེ་བཤེས་ལྷ་རམས་པའི་སློབ་ཐོན་གྱི་གྲུབ་འབྲས་བླངས་བ་ཡིན་ན་བོན་པོ་གཞན་པ་ཚོས་དེ་དགེ་བཤེས་ཡིན་པར་ཆ་འཇོག་བྱེད་གི་རེད་དམ། ཞེས་དྲི་བ་འདོན་མཁན་ཁ་ཤས་བྱུང་ལ། ཨ་མདོའི་རྔ་ཡུལ་གྱི་བོན་པོའི་མཁས་པ་རྣམས་ཀྱིས་རང་ལུགས་ཀྱི་ལྟ་གྲུབ་ཆ་ཚང་ཞིག་མཁྱེན་པར་མ་ཟད། ལྷག་པར་དགེ་ལྡན་པའི་གཞུང་ཆེན་ཁག་ལ་གཙུགས་སུ་འཛིན་མཁན་དེ་འདྲ་ཡང་མང་པོ་ཡོད་ཟེར། མདོ་སྨད་འཇང་དགུན་ཆོས་ལ་བོན་པོ་མང་པོ་ཕེབས་ཡོད་པ་ཁོང་ཚོས་རྟགས་གསལ་གཏོང་སྟངས་དང་རིགས་པའི་འགྲོས་ཐ་སྙད་འགའ་རེ་མ་གཏོགས་དགེ་ལྡན་པའི་ཆོས་གྲྭའི་ལམ་སྲོལ་དང་ཁྱད་པར་ཅང་མི་འདུག་ཟེར། །དཔེར་ན། བུམ་པ་བོན་ཅན། བུམ་པ་ཆོས་ཅན། ལྟ་བུའི་བོན་དང་ཆོས་གཉིས་ཀྱི་ཁྱད་པར་ཙམ་རེད་ཟེར།
ངོ་ཐོག་རེད།
བོན་དགེ་གཉིས་ཀྱི་དགེ་བཤེས་ཀྱི་གནས་ཚད་ཕལ་ཆེར་གཅིག་པ་རེད། འོན་ཀྱང་ལོ་གྲངས་ཀྱི་ཁྱད་པར་དང་སྦྱོང་བྱའི་སློབ་ཚན་ལ་ཅུང་ཙམ་ཁྱད་པར་ཡོད་རེད།
སྤྱིར་སྟངས་གཉིས་ཀས་གཞུང་ལུགས་པོད་ཆེན་ལྔ་གཙོ་བོར་བཟུང་སྟེ་འཆད་རྩོད་བྱེད་པ་ནི་གཅིག་པ་རང་རེད།
འོན་ཀྱང་གཞུང་པོད་ཆེན་ལྔ་ཞེས་པའང་ནང་དོན་གཅིག་མཚུངས་རེད།ཁས་ལེན་འདོད་ཚུལ་དང་གྲུབ་མཐའི་རྣམ་གཞག་སོགས་ལ་ཁྱད་པར་ཡོད་པ་རེད། ལྷག་པར་དུ་བོན་གྱི་དགེ་བཤེས་གདན་ས་སྨན་རི་ནས་ཐོན་པ་རྣམས་ནི།
ལོ་ངོ་མཐར་༡༧་ཙམ་ལ་སློབ་སྦྱོང་བྱེད་བཞིན་འདུག མ་ཟད་དེ་ཡི་རིང་མཚན་ཉིད་ཀྱི་གཞུང་གཅིག་པོར་མིན་པར།
བཅུ་ཕྲག་རིག་པའི་གནས་ཡོངས་སུ་རྫོགས་པ་དང། གཞན་ཡང་ཆོ་ག་ཕྱག་ལེན་འདོན་རྟ་དབྱངས། ལྷ་བྲིས། གཟུང་གཞུག་འབུལ་ཚུལ་དང། རབ་གནས་བྱེད་ཚུལ། མོ་འདེབས་ཚུལ་ལས་སོགས་རྒྱུན་མཁོའི་ཕྱག་ལེན་རྣམ་ཀྱང་སློབ་སྦྱོང་སྤྲོད་བཞིན་འདུག
ཉིན་ལྟར་དུས་ཚོད་རེའུ་མིག་གཞིར་བཟུང་ནས་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང། ལོ་རེར་ཟླ་བ་གཞིག་ལས་དགུང་གསེང་ཀྱང་གཏོང་སྲོལ་མི་འདུག ཉིན་ལྟར་འཆད་རར་དབྱར་ཁའི་དུས་སུ་སྔགས་རྫོགས་ཀྱི་འཛིན་གྲྭ་རྣམས་ཆུ་ཚོད་གསུམ་རེ་དང། ཕར་ཕྱིན་དབུ་མ་འདུལ་བ་མཛོད་ལས་སོགས་ཆུ་ཚོད་བཞི། གྲུབ་མཐའ་དང་ཚད་མ་འདུས་གྲྭ་བ་རྣམས་ནི་དེ་ལས་ཀྱང་མང་བར་ཚོགས་བཞིན་ཡོད། བདུན་རེར་སློབ་གཉེར་བ་རེ་དམ་བཅར་བཞུགས་ཏེ་རྩོད་རྒྱུགས་དམ་བཅའ་བྱེད་པ་དང། དམ་བཅའ་ལའང་སྔོན་འགྲོ་དངོས་གཞི་གཉིས་སུ་བྱེད་པ་དང། ལོ་རེར་ཟླ་དྲུག་སྔ་མ་དང་ཟླ་དྲུག་ཕྱི་མ་ཞེས་རྒྱུགས་སྤྲོད་ཐེང་གཉིས་ཙམ་བྱེད་ཀྱི་འདུག རྒྱས་པར་གཟིགས་འདོད་ཚེ་་་་་theyungdrungbon.com་གཟིགསགནང་རོགས།
རེ་ཡ། བོན་གྱི་སློབ་གཉེར་བ་འགའ་ཞིག་དགེ་ལུགས་ཀྱི་གདན་ས་སེ་འབྲས་དགའ་སུམ་སོགས་སུ་སློབ་གཉེར་བྱེད་བཞིན་ཡོད་འདུག དགེ་ལུགས་དགེ་བཤེས་འགའ་ཞིག་བོན་གྱི་གདན་སར་རྩིས་ལས་སོགས་ཀྱི་རིག་གནས་དང་གཞན་ཡང་བོན་གྱི་གྲུབ་མཐའི་སྐོར་ལའང་སློབ་སྦྱོང་བྱེད་མཁན་ཡོང་བ་གོ་ཐོས་བྱུང། དེ་ཚོ་ནི་ལེགས་པའི་རྟགས་ཞིག་རེད་བསམ།
སྔ་དུས་སུ་ཡིན་ན་བོན་གྱི་སློབ་གཉེར་བ་འགས་བོད་དུ་ཡོད་པའི་ན་ལན་ཌར་སློབ་སྦྱོང་ལའང་འགྲོ་སྲོལ་ཡོད་འདུག དེས་ན་ས་སྐྱ་དང་འབྲེལ་བའང་ཡོད་མུས་རེད།
ལགས་སོ། བོན་གྱི་སློབ་གཉེར་སྐོར་གསུངས་པར་ཐུགས་རྗེ་ཆེ། ཡིན་ན་ཡང་བོན་གྱི་དགེ་བཤེས་ཞེས་པའི་བསླབས་གནས་མཚན་གནས་གནང་སྟངས་དེ་དགེ་ལུགས་པར་དཔེ་བླངས་པ་རེད་དམ་ཡང་ན་དེ་ལས་སྔ་བར་ཡོད་ཅིག་གསུང་རོགས།
སྤྱི་ཚོགས་སློབ་གྲའི་ནང་དུ་མཐོ་རིམ་སློབ་གྲ་གང་མང་ཞིག་འདུག བོད་བརྒྱུད་ནང་བསྟན་སློབ་གཉེར་བྱེད་སའི་བཤད་གྲ་ཁག་ལ་མཐོ་རིམས་སློབ་གྲའི་གོ་གནས་ཁྲིམས་ཐོག་ནས་ཐོབ་ཡོད་མིན་མི་ཤེས། དེ་ཡོད་ན་འབུམ་རམས་པ་ཞེས་པ་ཞིག་ཡོད་ལོས་ཆོག གལ་ཏེ་མེད་ན་འབུམ་རམས་པ་ཟེར་བ་དེ་ག་འདྲ་བྱས་ནས་སླེབས་པ་རེད།
ཟླ་མེད་ལགས་ བཀའ་པོད་བཅུའི་གྲངས་འདྲེན་ཞིག་གནང་དང་། བཀའ་རྙིང་ལ་གཞུང་ཆེན་བཅུ་གསུམ་ཟེར་བའི་སྒྲོས་ཞིག་ཡོང་ བཀའ་བཞི་ཟེར་དུས་ འདུལ་མངོན་གཉིས་གང་ཞིག་ཕྲི་བ་རེད་དམ་།
མདོ་དང་མདོ་རྩ་འདུལ་བའི་སྡེ་སྣོད། མཛོད་དང་ཀུན་བཏུས་མངོན་པའི་སྡེ་སྣོད། རྩ་འཇུག་བཞི་སྤྱོད་ཟབ་མོ་དབུ་མའི་གཞུང་། བྱམས་ཆོས་སྡེ་ལྔ་རྒྱ་ཆེན་སྤྱོད་པའི་གཞུང་། ཞེས་གཞུང་ཆེན་བཅུ་གསུམ་རྩིས་སྟངས་འདི་འདྲ་ཞིག་ཀྱང་ཡོད་དྲན།
རྫ་ཚེ་རིང་བཀྲ་ཤིས་ལགས།
བོན་གྱི་དགེ་བཤེས་གཏོང་སྲོལ་དེ་དགེ་ལུགས་ནས་དཔེ་བླངས་རེད་ཟེར་ནས་ཞུ་ཐུབ་པ་མི་འདུག་མ་རེད་ཟེར་ནའང་ཞུ་མི་ཐུབ། གང་ཡིན་ཟེར་ན་དཔེ་བླངས་རེད་ཟེར་ན། དུས་རབས་བདུན་པའི་ཡར་སྔོན་དུ་བྱུང་བའི་བོན་གྱི་མཁས་པ་བླ་ཆེན་པོ་དྲན་པ་ནམ་མཁས་མཛད་པའི་ནམ་འཕྲུལ་མཛོད་ཀྱི་ནང་ནས་དགེ་བཤེས་ཀྱི་མིང་ཐོན་ཡོང་གི་འདུག མ་རེད་ཟེར་ནའང་དུས་ཚོད་རེའུ་མིག་དང་བསྟུན་ནས་དགེ་བཤེས་ཀྱི་མཛད་སྒོ་བྱེད་ཕྱོགས་ཁ་གསལ་དེ་འདྲ་ཡིག་ཆའི་ནང་ནས་མ་མཐོང། མ་གཞི་ནས་སྔ་དུས་སུ་སློབ་སྦྱོང་བྱེད་སྟངས་དང་དེང་དུས་གཉིས་རྩ་བ་ནས་འདྲ་གི་མ་རེད། སྔ་དུས་སུ་སློབ་སྦྱོང་བྱེད་དུས་ལྟོ་གོས་རང་གིས་གྲྭ་སྒྲིག་བྱེད་དེ་དུས་ཚོད་ལ་མ་བསྟུན་པར་རང་གིས་སློབ་གཉེར་བྱེད་སྲོལ་ཡོད་འདུག་ཅིང། མཚན་གནས་ཀྱང་ད་ལྟའི་ཟབ་རྒྱས་ཀྱི་མཛད་སྒོ་སོགས་མེད་པར་མཁན་པོའམ་སློབ་དཔོན་གྱིས་ཁ་བཏགས་ཅིག་གཡོགས་ཏེ་མཚན་བཏགས་པའང་འདུག བྱས་ཙང་དཔེ་བླང་ཟེར་དུས་ཡང་ཁུངས་སྐྱེལ་གྱི་ལོ་རྒྱུས་ཡིག་ཆ་ཞིག་མཐོང་དགོས་དུས་དེ་མེད་པ་རེད།
ས་ཕྱོགས་ནས་གྲགས་ཆེན་བཅོ་བརྒྱད་ཟེར་བའི་འདྲེན་སྲོལ་ཞིག་ཀྱང་ཡོད་ཚོད་།
the 18 renowned scriptures the 18 renowned scriptures [of Sakya philosophy]. སོ་སོར་ཐར་པའི་མདོ. – Pratimoksha sutra, འདུལ་བ་མདོ་རྩ་བ. – Vinaya sutra, མངོན་རྟོགས་རྒྱན. – Abhisamayalamkara, མདོ་སྡེ་རྒྱན. – Sutralamakara, རྒྱུད་བླ་མ. – Uttara tantra, དབུས་མཐའ་རྣམ་འབྱེད. – Madhyantha vibhanga, ཆོས་དང་ཆོས་ཉིད་རྣམ་འབྱེད. – Dharmadharmata vibhanga, སྤྱོད་འཇུག. – Bodhicharyavatara, དབུ་མ་རྩ་བ་ཤེས་རབ. – Mulamadhyamika prajna, བཞི་བརྒྱ་པ. – Catuhsataka, དབུ་མ་ལ་འཇུག་པ. – Madhyamikavatara, མངོན་པ་ཀུན་བཏུས. – Abhidharma samuccaya, མངོན་པ་མཛོད. – Abhidharma kosha, ཚད་མ་ཀུན་བཏུས. – Pramana samuccaya, ཚད་མ་རྣམ་འགྲེལ. – Pramana vartika, ཙཧད་མ་རྣམ་ངེས. – Pramana viniscaya, ཚད་མ་རིགས་གཏེར. – Pramana yuktiniti, སྡོམ་གསུམ་རབ་དབྱེ. – Trisamvara pravedha]
དགེ་ལྡན་པའི་རྒན་ཁ་ཤས་ཀྱི་དགེ་ལྡན་པའི་གདན་ས་ཁག་ནི་རྩོད་གྲ་རེད་མ་གཏོགས་བཤད་གྲྭ་མ་རེད་ཅེས་ང་ལ་གསུངས་བྱུང་། ངའི་བསམ་ཚུལ་ནི་གདན་ས་གསུམ་ཀར་བཤད་གྲྭ་རེད། རྒྱུ་མཚན་གང་ཡིན་ཟེར་ན་སངས་རྒྱས་ཀྱི་བསྟན་པ་དེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་དགོས་པ་རེད། གདན་ས་གསུམ་དང་བཀའ་རྙིང་གི་བཤད་གྲྭ་རྣམས་སུ་འཆད་ཉན་གཙོ་བོ་བྱེད་ཀྱི་ཡོད་ཙང་བཤད་གྲྭ་ཞེས་འབོད། སྒྲུབ་པ་གཙོ་བོར་ཉམས་སུ་ལེན་མཁན་གྱི་སྡེ་ལ་སྒྲུབ་གྲྭ་ཞེས་འབོད། ཡིན་ནའང་དགེ་ལྡན་པའི་སློབ་གཉེར་བྱེད་ཚུལ་གཙོ་བོ་རྩོད་པ་ཡིན། ་དུས་ཚོད་མང་ཤོས་དེ་ཆོས་རར་བཏང་གི་ཡོད། རྒྱུ་མཚན་དེའི་དབང་གི་བཤད་གྲྭ་མ་རེད་རྩོད་གྲྭ་རེད་ཟེར་ན་མི་འགྲིགས། ཁོང་ཚོས་བཀའ་རྙིང་གི་བཤད་གྲར་བཤད་པ་གཙོ་བོ་བྱེད་ཀྱི་ཡོད་ཙང་བཤད་གྲྭ་ཟེར། དེ་ནོར་བ་རེད། གང་ལྟར་འཆད་རྩོད་རྩོམ་གསུམ་ནང་གསེས་བཤད་པ་དང་། བཤད་སྒྲུབ་གཉིས་ཀྱི་ནང་གསེས་ཀྱི་བཤད་པ་དེ་དང་ནོར་བ་རེད་འདུག།
གཞུང་ཆེན་བཅུ་གསུམ་སྟེང་ཚད་མ་ཀུན་བཏུས། རྣམ་ངེས། རྣམ་འགྲེལ། རིག་གཏེར་བཅས་ཚད་གཞུང་བཞི་དང་། སྡོམ་གསུམ་རབ་དབྱེ་བཅས་ལྔ་བསྣན་པས་གྲགས་ཆེན་བཅོ་བརྒྱད་དོ།།
རྒྱ་གར་བ་དབྱིག་གཉེན་ཞབས་ཀྱིས།
སྟོན་པའི་དམ་ཆོས་རྣམས་གཉིས་ཏེ། །
ལུང་དང་རྟོགས་པའི་བདག་ཉིད་དོ། །
དེ་འཛིན་བྱེད་པ་སྨྲ་བྱེད་དང་། །
སྒྲུབ་པར་བྱེད་པ་ཁོ་ནའོ། །
ཞེས་པ་ལྟར་ལུང་གི་བསྟན་པ་སྨྲ་བས་སྒོ་ནས་འཛིན་པར་གསུངས་འདུག་ག སྨྲ་ཟེར་བ་དེ་བཤད་ཟེར་བ་རེད་པ། འོ་དེ་ཡིན་དུས་བཤད་གྲྭ་ཞེས་པ་དེ་སྨྲ་བའི་གྲྭ་ཟེར་བ་རེད། འོ་དེ་འདྲ་རེད།
རྫ་ཚེ་རིང་ལགས། སྐུ་ཉིད་འབུམ་རམས་པ་ཡིན་ནམ།
ཀརྨ་བཀའ་བརྒྱུད་ཀྱི་མདོ་སྔགས་གཞུང་ཆེན་བརྒྱད་ཅེས་གསུངས་སྲོལ་འདུག དེ་དག་ནི་གཞུང་ཆེན་བཀའ་པོད་ལྔ་དང་། རྒྱུད་བླ་མ། རྒྱུད་བརྟག་གཉིས། ཀརྨ་པ་རང་བྱུང་རྡོ་རྗེས་གསུངས་ཟབ་མོ་ནང་དོན་བཅས་བརྒྱད་ཡིན།
གཟིར་གནས་བློ་ལྡན་ལགས་ནས། ཟླ་མེད་ལགས་ བཀའ་པོད་བཅུའི་གྲངས་འདྲེན་ཞིག་གནང་དང་། བཀའ་རྙིང་ལ་གཞུང་ཆེན་བཅུ་གསུམ་ཟེར་བའི་སྒྲོས་ཞིག་ཡོང་ བཀའ་བཞི་ཟེར་དུས་ འདུལ་མངོན་གཉིས་གང་ཞིག་ཕྲི་བ་རེད་དམ་།
ལན། དུང་དཀར་ཚིག་མཛོད་སོགས་ནས་བཀའ་པོད་ལྔ་ལ་སྦྱང་ནས་དཀའ་བཅུའི་དགེ་བཤེས་ཟེར་ནས་བྲིས་འདུག་ནའང་། དེ་ནི་ཅུང་ཟད་ཚིག་སྣ་བསྡུས་དྲག་འདུག་སྙམ། རྗེའི་རྣམ་ཐར་སོགས་ན་བཀའ་པོད་བཅུ་གསུམ་ལ་བཤད་པ་གནང་ཞིག་གྲྭ་སྐོར་མཛད་སོགས་དང་། ཡང་གཞུང་བཅུ་བདུན་ལ་དུས་གཅིག་ཏུ་དཔྱད་པ་གནང་ཞིང་གྲྭ་སྐོར་མཛད་སོགས་ཡོད་པ་ལ་དཔག་ན། གཞུང་ཆེན་བཅུ་གསུམ་དང་བཅུ་བདུན་སོགས་ལ་གྲྭ་སྐོར་གནང་མཁན་ལ་བཀའ་བཅུའི་དགེ་བཤེས་ཟེར་གྱི་ཡོད་པ་འདྲ་འདུག དེ་ཡང་བཅུ་ཚན་དུ་འདྲ་བས་ན་བཀའ་བཅུ་ཟེར་བ་ལོས་ཡིན་སྙམ།
གང་ལྟར་ནའང་། དེང་སང་དགེ་ལུགས་པའི་བཀའ་པོད་ལྔ་ལ་སློབ་སྦྱོང་བྱེད་སྟངས་ལ་དཔག་ནས་བཀའ་པོད་བཅུ་གསུམ་མམ། བཅུ་བདུན་སོགས་ངོས་འཛིན་པར་བྱ།
རྗེའི་ཚད་མའི་ལམ་སྒྲིག་མཛད་པ་ནས་བཟུང་དགེ་ལུགས་པའི་གསུང་རྒྱུན་ལ། ཕར་ཕྱིན་ལམ་གྱི་གཞུང་ཤིང་ལྟ་བུར་ངོས་བཟུང་ནས། ཚད་མ་ནི་ཕར་ཕྱིན་གྱི་རིགས་ལམ། དེ་ཡང་རྣམ་འགྲེལ་ངེས་གཉིས་དང་། རིགས་ཐིག་སྟེ་ལུས་ལྟ་བུའི་བསྟན་བཅོས་གསུམ་ལ་སློབ།
དབུ་མ་ནི་ཕར་ཕྱིན་གྱི་ལྟ་བ། དེ་ཡང་རྩ་འཇུག་བཞི་གསུམ་དང་། སྤྱོད་འཇུག་སྟེ་ཐལ་འགྱུར་བའི་གཞུང་ལུགས་ཁག་དང་། ཡང་དབུ་མ་སྣང་པ། དབུ་མ་བདེན་གཉིས། འགྲེལ་བ་ལེགས་ལྡན་འབྱེད་སོགས་རང་བརྒྱུད་པའི་གཞུང་ལུགས་ཁག་ལ་སློབ་སྦྱོང་བྱེད།
མངོན་པ་ནི་ཕར་ཕྱིན་གྱི་གྲངས་འདྲེན། དེ་ཡང་མངོན་པ་གོང་འོག་གཉིས་ལ་སློབ། ཕར་ཕྱིན་གྱི་བརྗོད་དོན་གཞི་ལམ་རྣམ་གསུམ་ལས། གཞི་རྣམ་བཞག་རྒྱས་པར་མངོན་པ་གོང་འོག་ནས་སྟོན་པས་སོ།
འདུལ་བ་ནི་ཕར་ཕྱིན་གྱི་སྤྱོད་ལམ། དེ་ཡང་ཡོན་ཤྰཀ་གཉིས་ཀྱི་གཞུང་གཙོ་བོར་བྱས་ནས་སློབ། དེ་ཡང་བཀའ་པོད་ལྔ་ལས་ཕར་ཕྱིན་གྱི་གཞུང་ཚན་ལྟ་བུ་ལ་མཚོན་ན། བྱམས་ཆོས་སྡེ་ལྔ་ལས་རྒྱན་གཉིས་གཞི་ལ་བཞག ཆོས་འཁོར་ལས་འཕྲོས་ནས་སེམས་ཙམ་པའི་དྲང་ངེས་རྩོད། རིགས་ལས་འཕྲོས་དང་སྐྱབས་གསུམ་ལས་འཕྲོས་ནས་རྒྱུད་བླ་མ་རྩོད། འགོག་སྙོམས་ལས་འཕྲོས་ནས་ཀུན་གཞི་རྩོད། ཀུན་གཞི་ལས་འཕྲོས་ནས་རྒྱུད་གཞན་སྒྲུབ་པ་རྩོད། ཀུན་གཞི་སྐབས་སུ་སེམས་ཙམ་པའི་གཞུང་བྱང་ས་དང་། བསྡུ་བ། ཉི་ཤུ་བ་སོགས་ལ་བལྟ་དགོས། འཕྲོས་ལུགས་ཀྱང་འགོག་སྙོམས་པ་དེ་ལ་སེམས་མེད་ན། འགྲོ་བ་མ་ཡིན་པར་འགྱུར་པའི་ཐལ་བ་ལྡོག་པའི་ཆེད་དུ། འཇུག་ཤེས་མེད་ན་ཡང་ཀུན་གཞི་ཡོད་པར་སྒྲུབ་ནས་འགྲོ་བ་ཡིན་པར་ཐག་བཅད། ཀུན་གཞི་བཞག་པ་ན་ཐ་མལ་བ་ལ་སྣང་པ་གང་ཡིན་རང་གི་ཀུན་གཞི་བགས་ཆགས་ལས་གྲུབ་པར་སྨྲས་པས། འོ་ན་ལྷས་བྱིན་ལ་སྣང་པའི་མཆོད་སྦྱིན་ལྷས་བྱིན་གྱི་ཀུན་གཞི་བགས་ཆགས་ལས་གྲུབ་པར་འགྱུར་ལ། དེ་ལྟར་ན་དེ་གཉིས་རྒྱུད་གཅིག་ཏུ་ཐལ་བར་འགྱུར་ཞེས་པའི་སྐྱོན་ལྡོག་པའི་ཆེད་དུ། བརྒྱུད་གཞན་སྒྲུབ་པ་རྩོད་དགོས། ཚད་མ་སྡེ་བདུན་གྱི་འཕྲོས་པ་ཡན་ལག་ལྟ་བུ་ཟེར་ནས་ཡན་ལག་ལྟ་བུ་ཡིན་ཚུལ་ཡང་དེ་ལྟར་ངོ་འཕྲོད་དགོས།
དེ་ནས་བཀྲ་ཤིས་ལྷུན་པོའི་བཀའ་བཞི་བ་ཡང་། ཚད་མ། ཕར་ཕྱིན། དབུ་མ། དེ་ནས་མཛོད་འདུལ་གང་རུང་ཞིག་ཡིན་པ་ལས། མཐའ་གཅིག་ཏུ་འདི་རེད་ཟེར་བ་ཞིག་མེད་པ་འདྲ། རང་ཉིད་གང་ལ་མོས་པ་ཡོད་པ་དེ་ལ་དམ་བཅའ་གྲྭ་སྐོར་བྱེད་དགོས་པ་འདྲ་འདུག གྲྭ་སྐོར་ཟེར་བ་འདི་ས་སྐྱའི་ཆོས་སྐད་ཞིག་ཡིན་པ་འདྲ། དགེ་ལུགས་ཀྱི་དམ་བཅའ་ཟེར་གྱི་ཡོད་པ་འདྲ་འདུག
དེ་མིན་གོང་དུ་ཁག་ཅིག་གིས་ས་སྐྱའི་གྲགས་ཆེན་བཅོ་བརྒྱད་ཟེར་ནས་གཞུང་ལུགས་ཞིག་གྲངས་བཞིན་འདུག་མོད། དེ་ནོར་བ་ཡིན་ས་རེད། ས་སྐྱའི་མཐོ་སློབ་ནས་བསྡུ་སྒྲིག་བྱས་པའི་གསུང་འབུམ་མང་པོ་ཞིག་ལ། ས་སྐྱའི་གྲགས་ཆེན་བཅོ་བརྒྱུད་ཀྱི་གསུང་འབུམ་ཟེར་ནས་ཕྱོགས་བསྒྲིགས་གནང་འདུག་ན། མཁས་པ་བཅུ་གསུམ་ལ་ས་སྐྱའི་གྲགས་ཆེན་བཅོ་བརྒྱད་ཟེར་གྱི་ཡོད་ས་རེད།
མཁས་པ་བཅུ་གསུམ་དེ་མཁས་པ་བཅོ་བརྒྱད་ཟེར་ནས་བཅོས་རོགས
ས་སྐྱའི་གྲགས་ཆེན་བཅོ་བརྒྱད་ལ་སློབ་སྦྱོང་བྱས་ནས་གྲྭ་སྐོར་བྱས་པ་ཡིན་ནའང་། བཀའ་བཅུའི་དགེ་བཤེས་ཟེར་དགོས་པ་འདྲ། སྔོན་ཆད་ས་སྐྱ་ཕྱོགས་ན་བཀའ་བཅུའི་དགེ་བཤེས་མ་གཏོགས། དགེ་བཤེས་ཀྱི་གོ་གནས་གཞན་ཡོད་མེད་ཁྱོད་ཚོ་སུས་བཤད་ཐུབ། དེང་སང་ང་ནི་ས་སྐྱ་ཕྱོགས་ཀྱི་གསུང་འབུམ་དེ་ཚོ་ཀློག་པར་དབྱིངས་ཞུགས་འདུག
མཁན་པོ་དང་དགེ་བཤེས་ཟེར་བའི་ཐ་སྙད་ཀྱི་འཇུག་དོན་དེ་མཐའ་གཅིག་ཏུ་ཤེས་ཚད་ཅིག་སྟེང་ནས་ཚད་གཞལ་ཐུབ་པ་ཞིག་མིན། མཁན་པོ་ཡིན་ན། མཁས་པ་ཡིན་པས་མ་ཁྱབ་པའི་གནས་སྐབས་ཀྱང་མང་། རབ་བྱུང་མཁན་པོ། དགེ་སློང་མའི་མཁན་པོ། དགེ་སློང་གི་མཁན་པོ་ཡིན་ན། མཁས་པ་ཡིན་མིན་སྣ་ཚོགས་པ་ཡོད་པ་ལྟ་བུ་ཡིན། མཁན་སློབ་ཀྱི་མཚན་ཉིད་དྲུག་ཚང་བ་ཞིག་ཡིན་ན་དེར་ཟད། གཞན་དེང་སང་ནི་དགེ་བཤེས་ཀྱི་ཐ་སྙད་ཐོགས་མཁན་ལའང་མཁས་པ་ཡིན་མིན་སྣ་ཚོགས་རེད། མཁན་མིང་འཛིན་པ་དང་དགེ་བཤེས་ཀྱི་མིང་འཛིན་ཚང་མ་མཁས་པ་དང་གྲུབ་བརྙེས་ཡིན་དགོས་པ་མ་རེད། ཐ་སྙད་རང་གི་འཇུག་གཞི་ལ་དབྱེ་བ་ཕྱེས་ནས་བལྟ་དགོས་པ་རེད། རྙིང་ཕྱོགས་ཡིན་ན། སློབ་གཉེར་གནང་གྲུབ་པའི་ལག་འཁྱེར་གྱིས་གཟེངས་སུ་བསྟོད་གནས་ཀྱི་མཁན་པོ་ཡིན་ན། མཁས་པ་ཡིན་པས་ཁྱབ་པ་ལྟ་བུ་ཡིན། ཐུགས་ཡིད་མི་ཆེས་ན། དྲ་ངོས་འདིར་ཡོད་པའི་མཁས་ཉམས་ཅན་དག་ཕེབས་དང་ང་ཚོས་རིག་པའི་དཔུང་ཤ་བརྡར་ཆོག གཞོན་ནུ་ཟླ་མེད་སོགས་སྤོབས་པས་ཕེབས་ན་དགའ་བསུ་ཡོད།
གཅན་ཚ་བ་སྲིན་པོ་རྫ་རྒན་ནས།
གོང་དུ་ལ་ལྟོད་སམ་ག་གེ་མོས་ བཀའ་པོད་རྩ་བ་ལྔ་དང་འགྲེལ་ལྔ་བཅས་བཅུ་ལ་བཀའ་བཅུ་ཞེས་གྲངས་འདྲེན་བྱས་འདུག་པ་ཁྱེད་ནས་ཁས་ཨེ་ལེན་།
ཟླ་མེད་ལགས།
རྫ་སྲིན་ལགས་། རབ་བྱུང་གི་གི་མཁན་པོ་ཡིན་ན་ མཁན་པོ་ཡིན་པས་མ་ཁྱཔ་པ་དང་ དགེ་བའི་བཤེས་གཤེན་ཡིན་ན་དགེ་བཤེས་ཡིན་པས་མ་ཁྱཔ་པ་དང་ ཁྱེད་ཀྱིས་དྲངས་བའི་མཁན་པོ་ཁག་ཅིག་ཀྱང་མཁན་པོ་བཏགས་པ་བ་ཡིན་ཟེརན་ཅི་གསུངས་།
ཀར་མ་ཀ་རྒྱུད་ལ་གཞུང་ཆེན་བརྒྱད་ཟེར་བའི་གྲངས་འདྲེན་ཙམ་ཡོད་ན་ཡང་ཡག་པོ་རེད་། ཨོ་རྒྱན་ཕྲིན་ལས་ཁོང་གིས་ཀྱང་གཏོར྄མ་གཅའ་བ་དང་ འཁྱམ་འཁྲབ་པ་སོགས་ཙ་ཙིག་ལ་མི་འཁོར་བར་ གཞུང་ཆེན་ཆེན་དེ་དག་བལྟ་རྟོགས་དང་འཆད་ཁྲིད་རེ་གནང་ནུས་ན་གང་འདྲ་ཡག་པོ་མེད་། དེ་མིན་ཕྱི་ལོག་སུ་དཔེ་ཆ་བལྟ་གི་ཡོད་མདོགས་མདོགས་བྱས་ཏེ་ དགེ་བཤེས་ཡིན་ཟེར་མཁན་ཅིག་ཁྱི་ཁྲིད་ཁྲིད་བྱས་ཏེ་རྡོར་གདན་ལ་སྐོར་བྱོན་ཙམ་ཤིག་བྱས་པས་ཅི་ཡོང་།
༼དེང་སང་ནི་དགེ་བཤེས་ཀྱི་ཐ་སྙད་ཐོགས་མཁན་ལའང་མཁས་པ་ཡིན་མིན་སྣ་ཚོགས་རེད། མཁན་མིང་འཛིན་པ་དང་དགེ་བཤེས་ཀྱི་མིང་འཛིན་ཚང་མ་མཁས་པ་དང་གྲུབ་བརྙེས་ཡིན་དགོས་པ་མ་རེད། ཐ་སྙད་རང་གི་འཇུག་གཞི་ལ་དབྱེ་བ་ཕྱེས་ནས་བལྟ་དགོས་པ་རེད།༽ གཟུར་གནས་སོགས་ཀྱིས་འདིའི་དོན་འཆུན་པ་གནང་རོགས།
ཀར་མ་ག་རྒྱུད་ལ་གཞུང་ཆེན་བརྒྱད་ཟེར་བའི་གྲངས་ཡོད་པ་ཡག་པོ་རེད་། ཨོ་རྒྱན་ཕྲིན་ལས་ཁོང་གིས་ཀྱང་གཞུང་ཆེན་དེ་དག་འཆད་ཁྲིད་རེ་གནང་གང་འདྲ་ཡག་པོ་མེད་འགྲོ་ དེ་མིན་གཏོར་མ་གཅའ་བ་དང་འཁྱམས་འཁྲབ་པ་སོགས་ཙ་ཙིག་ལ་དབུ་འཁོར་ཤིང་། ཕྱི་ལོག་སུ་དཔེ་ཆ་གཟིགས་གི་ཡོད་མདོགས་ཁྱིས་དགེ་བཤེས་ཁྱི་ཁྲིད་ཁྲིད་བྱས་ཏེ་རྡོར་གདན་དུ་ཕེབས་བསྐོར་བྱས་པས་ཅི་ཡོངས་།
དགེ་བཤེས་ཞེས་པའི་ཐ་སྙད་དེ་མི་ལའི་རྣམ་ཐར་ནང་དུ་ཡོད་པ་དང་བཀའ་གདམས་ཀྱི་སྐབས་གྲགས་ཆེ་བར་མ་ཟད། སྟོན་པ་ཞེས་པ་ཞིག་ཀྱང་ཡོད། སྟོན་པ་དར་བློ་ལྟ་བུ་རེད།
ཡང་ན་ས་སྐྱའི་གཡག་སྟོན་ལྟ་བུ་རེད།
སྟོན་པ་ཞེས་པ་འདིའི་མིང་གི་བྱུང་སྟངས་དང་དེའི་ཚད་གཞི་སོགས་སུ་ལ་ལབ་རྒྱུ་འདྲ་ཡོད་དམ།
དེ་བཞིན་སྨིན་གླིང་གནམ་དར་དུས་རྒྱུགས་སྤྲོད་ལ་རབ་འབྱམས་པ་ཞེས་པ་ཞིག་བཏགས་པ་མང་པོ་ཡོད་རེད། རྙིང་མས་བཤད་གྲྭའི་སློབ་ཐོན་ལ་མཁན་པོ་ཞེས་འདོགས་པ་དེ་མཁན་སློབ་ཆོས་གསུམ་གྱི་དུས་མིན་པར་མ་ཟད། ངས་བསམ་ན་ཅུང་དུས་ཕྱིས་ཙམ་ཡིན་ས་རེད་དྲན་གྱི་འདུག
དེ་ཚོ་སྤྱིར་བཏང་གི་འཕྲོས་གླེང་ཡིན། འོན་ཀྱང་ཁྱེད་རྣམ་པས་མུ་མཐུད་བགྲོ་གླེང་དགོངས་ན་དེ་ཚོའི་ཐོག་ལ་བཀའ་མོལ་རེ་གསུང་རོགས།
དེ་བཞིན་སྨིན་གླིང་གནམ་དར་དུས་གསུངས་པ་འདིའི་དོན་རྟོགས་མ་སོང་། གསལ་བཤད་གནང་རོགས།
གཟིར་གནས་བློ་ལྡན་ལགས། བཀའ་པོད་བཅུ་ལ་རྩ་བ་ལྔ་དང་འགྲེལ་བ་གོང་དུ་དྲ་གྲོགས་ཁ་ཤས་ཀྱིས་ཟེར་བ་ཁས་འེ་ལེན་ཟེར་ན།
ངས་གོང་དུ་བཀའ་པོད་བཅུ་གསུམ་དང་བཅུ་བདུན། དེ་བཞིན་དུ་གྲགས་ཆེན་བཅོ་བརྒྱད་སོགས་ལ་བཀའ་པོད་བཅུ་ཟེར་ནས་འབོད་ཀྱི་ཡོད་པར་སྒྲུབ་ཡོད། དེ་ན་རྩ་བ་ལྔ་དང་འགྲེལ་བ་ལྔ་ཟེར་ནས་བཀའ་པོད་བཅུ་གྲངས་ཀ་རྒྱགས་ཤེས་ཀྱི་མ་རེད། འགྲེལ་བ་ལྔ་ཟེར་བ་དེ་རྩ་བ་ལྔའི་འགྲེལ་བ་ལ་ཟེར་ཀྱི་ཡོད་ན། རྩ་འགྲེལ་གཉིས་སྤྱིའི་བརྗོད་བྱའི་ཕྱོགས་ནས་གཅིག་པ་རེད། དེ་བས་ན་དེ་ལ་ལོགས་སུ་བགྲང་ན་གོ་རྒྱུ་གང་ཡང་ཡོད་མ་རེད།
གཅན་ཚ་བ་སྲིན་པོ་རྫ་རྒན་ལགས། གོང་དུ་ཁག་ཅིག་གིས་སློབ་མ་རང་རང་གི་མཁན་སློབ་དང་། བསླབ་པའི་གནས་ཚད་ཀྱི་མཁན་སློབ་ཟེར་ནས་ལོགས་སུ་ཕྱེས་འདུག་པས་རིགས་པས་དཔུང་ཤ་བརྡར་ས་མི་འདུག སྐུ་ཉིད་ཀྱི་ཆུ་ནང་ལ་གཡག་གཏོང་གི་ཡོད་པ་ཡིན་ནམ། ཧཧཧ
ཟླ་མེད་དེང་སང་ས་སྐྱའི་གཞུང་ལ་དབྱིངས་ཞུགས་ནས་གི་གུ་དང་ཞབས་ཀྱུ་ནོར་ནས་གཟུར་ལ་གཟིར་འབྲི་གི་འདུག་ག
སྣང་སྲིད་ཡེ་སྲིད་ས་ལེར་སྟོན་པས་ན་སྟོན་པ། འགྲོ་བ་སེམས་ཅན་བུ་ལྟར་སྐྱོབས་པས་ན་པ། འཁོར་བའི་བོན་ཐམས་ཅད་དང༌། འདུས་བྱས་ཀུན་རྫོབ་པ་ལྟར་སྣང་དུ་སྟོན་པ་དང༌། འདུས་བྱས་ལ་སྙིང་པོ་མེད་པར་སྟོན་ལ། མྱ་ངན་ལས་འདས་པ་ཐམས་ཅད་འདུས་མ་བྱས་དོན་དམ་པ་རང་གི་མཚན་ཉིད་དུ་སྟོན་པས་ན་སྟོན་པའོ། ཡང་ན་གདུལ་བྱའི་བློ་དང་འཚམས་པར་གང་ལ་གང་གདུལ་གྱིས་ཚུལ་དུ་བོན་སྟོན་པས་ནས་སྟོན་པའོ། དཔེ་ནམ་མཁའི་ངང་ནས་སྣང་སྲིད་སྣ་ཚོགས་སུ་སྟོན་པ་དང། དོན་བོན་ཉིད་ཀྱི་ངང་ནས་འཁོར་འདས་སྣ་ཚོགས་སུ་སྟོན་པ་དང། རྟགས་སེམས་ཉིད་ཀྱི་ངང་ནས་འཁོར་འདས་སྣ་ཚོགས་སུ་སྟོན་པས་ན་སྟོན་པའོ། ཡང་ན་ཁུངས་ཀྱི་སྟོན་པ་དེ་ཡིས་བོན་ཅན་ཇི་སྙེད་པ་དང། བོན་ཅན་ཅི་ལྟ་བ་སྟོན་པས་ན་སྟོན་པའོ། གཞན་ཡང་དཔེར་ན། བྲུ་རྗེ་གཡུང་དྲུང་བླ་མའི་ཞལ་སློབ་སྟོན་ཆེན་བཅོ་བརྒྱད་ལྟ་བུའོ།
སྔར་བཙན་པོའི་དུས་སུ་མིང་གི་ཡིག་ཚང་ཞེས་ཆེ་རྟགས་ཀྱི་མཚན་གསོལ་བ་འདི་ལྟར།
སྔ་དུས་སུ་ཞང་བོད་ཀྱི་རྒྱལ་པོ་རེ་ལ་སྐུ་གཤེན་རེ་ཡོད་ཅིང༌། དེ་ལ་རྒྱལ་པོའི་སྐུ་འཚོ་བས་སྐུ་གཤེན་དུ་མཚན་གསོལ། བློན་གྱི་གྲོས་གསོ་བས། གཤེན་བློན་དང༌། རྒྱལ་གྱི་བླ་ན་བཀུར་བས་བླ་བོན། རྒྱལ་པོའི་གདུང་རབས་མཁྱེན་ཅིང་བཀའ་ཟླ་བྱེད་པས། གཤེན་རྒྱལ། སྲིད་པའི་གྲོལ་ཁུངས་ཤེས་པས། ཀུན་ཤེས། སངས་རྒྱས་བོན་བསྟན་སྤེལ་བས། བོན་གཤེན། དགེ་སྡིག་རྒྱུ་འབྲས་སྟོན་པས། སྟོན་པ། རྒྱལ་གྱི་ཆེ་རྟགས་བྱིན་པས། བོན་ཆེན། རྒྱལ་པོས་ཆེ་ཐབས་བོན་ལ་གནང་བས། ཆེ་རྒྱལ། ཁམས་གསུམ་སྲིད་གསུམ་སོགས་ཀྱི་གྲོལ་ཕུགས་ཤེས་པས། ཕ་ཇོ། བསྟན་པ་རྒྱུད་དུ་སྤེལ་ཞིང་བོན་གྱིས་རྒྱལ་ཁམས་དཀར་པོར་བསྒྱུར་བས། སྟོན་པ། རྒྱལ་པོའི་བླ་ན་བོན་པོ་ཆེ་བས། བླ་ཆེན། འབངས་ཀྱི་ཆབ་སྲིད་སྐྱོང་ཞིང་རྨང་གི་བུ་གསོ་བས། ཕ་བ། ཡང་ན་དམན་ལ་ཕ་ལྟར་མགོན་པས་། ཕ་བ། གཤེན་ཁྲིམས་ཚད་མར་བསྲུང་ཞིང་སྐུ་བཙུན་པས། གཤེན་བཙུན། དར་རྒུད་སྐྱེ་འཆི་ཕྱུག་དབུལ་མཁྱེན་པས། ཡེ་མཁྱེན། ཤི་བ་འདུར་གྱིས་སྐྱོབས་པས། འདུར་གཤེན། ཐར་ལམ་མཆོག་སྟོན་འདྲེན་པས། དཔོན་གསས། དེ་དག་ནི་མིང་གི་ཡིག་ཚང་དུ་སྒྲགས་སོ།
གཞོན་ནུ་ཟླ་མེད་ཀྱིས་གོང་དུ། ཁག་ཅིག་གིས་ས་སྐྱའི་གྲགས་ཆེན་བཅོ་བརྒྱད་ཟེར་ནས་གཞུང་ལུགས་ཞིག་གྲངས་བཞིན་འདུག་མོད། དེ་ནོར་བ་ཡིན་ས་རེད། ས་སྐྱའི་མཐོ་སློབ་ནས་བསྡུ་སྒྲིག་བྱས་པའི་གསུང་འབུམ་མང་པོ་ཞིག་ལ། ས་སྐྱའི་གྲགས་ཆེན་བཅོ་བརྒྱུད་ཀྱི་གསུང་འབུམ་ཟེར་ནས་ཕྱོགས་བསྒྲིགས་གནང་འདུག་ན། མཁས་པ་བཅུ་གསུམ་ལ་ས་སྐྱའི་གྲགས་ཆེན་བཅོ་བརྒྱད་ཟེར་གྱི་ཡོད་ས་རེད། ཅེས་བྲིས་འདུག་པ་འདི་མཐོང་ནས་ཅུང་མིན་ན་ས་ལ་འགྱེལ་སོང་། ང་ས་སྐྱ་པ་ཕྱེད་ཀ་ཞིག་ཡིན་པས་མ་གཏོགས་ས་སྐྱ་པ་ཆ་ཚང་ཞིག་ཡིན་ན་སྙིང་ཡང་གས་ས་རེད། རྒྱུ་མཚན་ནི་གནའ་ནས་ད་བར་གྲགས་ཅན་བཅོ་བརྒྱད་འདི་དག་ནི་སྦྱང་བྱའི་གཞུང་ཆེན་མོ་དག་གི་མཚན་ལ་གོ་བ་མ་གཏོགས་གཞུང་རྩོམ་མཁན་མཁས་པའི་མིང་ལ་གོ་བ་འགྲེལ་སྟངས་ཤིག་བྱུང་མེད།
གྲགས་ཅན་བཅོ་བརྒྱད་ཅེས་པའི་གཞུང་ལུགས་དེ་དག་ནི། སོ་ཐར་མདོ་དང་མདོ་རྩ་འདུལ་བའི་སྐོར། །ཀུན་ལས་
བཏུས་དང་མཛོད་གཉིས་མངོན་པའི་སྐོར། །བྱམས་ཆོས་ལྔ་དང་སྤྱོད་འཇུག་ཕར་ཕྱིན་སྐོར། །རྩ་འཇུག་བཞི་གསུམ་ཆེས་ཟབ་དབུ་མའི་སྐོར། །སྡེ་བདུན་མདོ་བཅས་དགོངས་འགྲེལ་རིགས་གཏེར་དང་། །སྡེ་སྣོད་རྒྱུད་སྡེའི་སྤྱི་འགྲེལ་སྡོམ་གསུམ་སྟེ། །དེ་རྣམས་གྲགས་ཅན་བཅོ་བརྒྱད་ཅེས་སུ་གྲགས། །ཞེས་པའི་སྡོམ་ཚིག་འདིས་ས་སྐྱ་པ་ཚོའི་སྦྱང་བྱའི་གཞུང་ཆེན་བཅོ་བརྒྱད་པོ་བསྟན་ཡོད་དོ།།
གཞན་ས་སྐྱ་པས་སློབ་གཉེར་བྱེད་གཞིའི་བོད་ཆེན་དྲུག་ཏུ་བཞེད་ལུགས་ཤིག་ཀྱང་ཡོད་པ་སྟེ། ཕར་ཚད་འདུལ་མངོན་དབུ་མ་སྡོམ་གསུམ་ལ། །པོད་ཆེན་དྲུག་ཏུ་ས་སྐྱ་པ་རྣམས་བཞེད། །ཀྱང་འབྱུང་ངོ་། །
པོད་ཆེན་དྲུག་ཡིན་རྒྱུ་རེད། བོད་ཆེན་ནོར་ཡིན་འགྲོ
ལ་སྟོད་བུ་ལགས།
བོད་རྒྱལ་ཐོག་མ་མཉའ་ཁྲི་བཙན་པོའི་སྐབས་སུ་བོན་ཤེས་པ་ཅན་བཅུ་གཉིས་བྱུང་བའི་ལོ་རྒྱུས་ཡོད་པ་དེ་ཡང་ད་ལན་འདིར་བཤད་ན་ག་འདྲ་ཡོང་ངམ། བོན་ཤེས་པ་བཅུ་གཉིས་དེ་སྦྱང་བྱའི་གཞུང་ལ་གོ་དང་སྦྱོང་མཁན་གྱི་གང་ཟག་ལ་གོ་བའི་འགྲེལ་བཤད་མི་འདྲ་བ་གཉིས་འདུག། དེ་ལྟར་ན་བོད་ཡུལ་དུ་་་་ཤེས་པ་ཅན་་་་་ཞེས་བྱ་བའི་ཆེ་མིང་འདི་སྔ་རབས་ནས་ཡོད་པ་འདྲ། གོང་དུ་སྐུ་ཉིད་ཀྱིས་གསུངས་པའི་ནང་་་་ལྷ་བོན་་་དང་་་་མོ་བོན་་་དེ་ཚོ་ཡང་འཇོག་གནང་ན་ག་འདྲ་ཡོང་ས་རེད། །
BONPO
ལགས་བོན་ཤེས་པ་ཅན་བཅུ་གཉིས་ཟེར་བ་དེ་དེར་སྤྱོད་པའི་བོན་པོ་མཁས་པ་ལ་གོ་བ་མིན་པ་དེ་དག་གིས་སྤྱོད་པའི་བོན་གྱི་གཙུག་ལག་གི་རིག་གནས་ལ་བཤད་མིན་ནམ་སྙམ།
འོན་ཀྱང་ཁྱེད་ཀྱིས་གསུངས་པ་བཞིན་གཙུག་ལག་དེ་དག་ལ་མཁས་པའི་བོན་བཅུ་གཉིས་ཞེས་ཡོད་ནའང་ཆོག
བོན་ཤེས་པ་ཅན་བཅུ་གཉིས་ཏེ། མགོན་ཤེས་ལྷ་བོན། གཡང་ཤེས་ཕྱྭ་འདོད། འགྲོ་ཤེས་གླུད་འདོད། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྷ་བྱད། ཕན་ཤེས་སྨན་དཔྱད། སྐོར་ཤེས་རྩིས་མཁན། སྨྲ་ཤེས་གཏོ་དགུ། ལྡིང་ཤེས་ཤ་བ། འཕུར་ཤེས་ཇུ་ཐིག འགྲོ་ཤེས་འཕྲུལ་བོན་དང་བཅུ་གཉིས་སོ། ཡང་ཀློང་བཤད་སྡེའི་ཅན་༢༨ མགོན་ཤེས་ལྷ་བོན་ཞེས་པ་ནི་ཡར་ལ་ལྷ་གསོལ་ཞིང་ལྷ་ཡིས་མགོན་སྐྱོབས་བྱེད་པ། གཡང་ཤེས་ཕྱ་བོན་ནམ་ཕྱྭ་འདོད་ཅེས་པ་ནི་ཚུར་ལ་གཡང་བླངས་ཏེ་མི་དང་ནོར་ཕྱུག་འཕེལ་ངེས་པ། འགྲོ་ཤེས་གླུད་ཀྱི་བོན་ཞེས་པ་ནི་ཕར་ལ་གླུད་བཏང་བར་ལྷ་འདྲེ་ཡིད་ཚིམས། འདུར་ཤེས་ཤིད་ཀྱིན་བོན་ཞེས་པ། ཤི་བ་འདུར་བས་བདེ་བ་ཐོབ་པ། གཙང་ཤེས་སེལ་འདེབས་ཀྱི་བོན་ཞེས་པ། གཙང་སྨེ་ཕྱེ་བས་ལྷ་སྲུང་ཉམས་ཆག་བསྐང་བ་དང། སྒྲོལ་ཤེས་ལྟ་བའི་བོན་ཞེས་པ། བསྟན་པའི་དགྲ་བགེགས་བསྒྲལ་བ་གེགས་མེད་གནོད་འཚེ་ཞི་སྟེ་བདེ་ལ་བཀོད་པ། ཕན་ཤེས་སྨན་དཔྱད་ཀྱི་བོན་ཞེས་པ། བྲོ་ནད་གསོ་བས་ཚེ་ཡི་བར་ཆད་ཞི། སྐོས་ཤེས་རྩིས་ཀྱི་བོན་ཞེས་པ་ནི། དུས་འཁོར་གཏན་ཕབས་སྔ་ཕྱིའི་ལྟས་འཛིན་ཤེས། སྨྲ་ཤེས་གཏོ་དགུའི་བོན་ཞེས་པ་ནི། མདོས་བཏང་ལྷ་འདྲེར་ཤག་འདེབས་ཤེས། ལྡིང་ཤེས་ཤ་བའི་བོན་ཞེས་པ་ནི། ཤ་བའི་གཟུགས་བསྔོས་བཙན་སོགས་ཡུལ་ལྡིང་ཤེས། འཕུར་ཤེས་ཇུ་ཐིག་གི་བོན་ཞེས་པ། ཇུ་ཐིག་གི་ཐག་པ་འཕང་སྟེ་མཁའ་ལ་འཕུར་འབབ་ཤེས། འགྲོ་ཤེས་འཕྲུལ་གྱི་བོན་ཞེས་པ་ནི། རྩི་ཤིང་བན་བུན་བསྔོས་པས་རང་འགྲོ་ཤེས་པ་སོགས་དེ་དག་ནི་རྒྱུ་ཡི་ཐེག་པར་གཏོགས་པའི་བོན་ནོ། ཤེས་པ་ཅན་བཅུ་གཉིས་ཞེས་པ་ནི། གཙུག་ལག་རིག་གནས་བཅུ་གཉིས་ཞེས་པ་དང་དོན་འདྲ།
ལྡིང་ཤེས་ཤ་བ་ཟེར་ཅི་ཟེར་བ་རེད། གལ་སྲིད་གསང་དགོས་པ་འདྲ་མེད་ན་ཤེས་འདོད་ཆེ
འཕུར་ལྡིང་ཤེས་པའི་ཤ་བ་འདྲ་ཡོད་པ་རེད་པས
ཆོས་འཕེལ་ལགས།
འཕུར་ལྡིང་ཤེས་པའི་ཤ་བ་ཡོད་མེད་གང་ཤེས་ངས་ཀྱང་དེར་བྲིས་མེད་བསམ།
ལྡིང་ཤེས་ཤ་བ་ཟེར་བ་ཡོད་པ་ནི། ཤ་བའི་གཟུགས་ལ་མདོས་བཅས་པས་མདོས་དེ་ཉིད་བར་སྣང་ལ་ལྡིང་བར་ནུས་པ་ནི་ཡོད་ཆོག སྤྱིར་ཤ་བ་ནི་བཙན་འཁོར་ཞིང་བརྟེན་པའི་གཟུགས་ཤིག་ཡིན་ཅིང། དེས་ན་བཙན་མདོས་སོགས་ཀྱི་ནང་དུ་ཤ་བའི་མདོས་ཅེས་པའང་ཡོད་འདུག མ་གཞི་ནས་དགོན་སྡེ་འགའ་ཞིག་ཏུ་ཤ་འཆམ་སོགས་འཁྲབ་པ་ནི་བཙན་འཆམ་གྱི་དོད་ཡིན་པར་བཤད་དོ།
ལ་སྟོད་བུ་ལགས་གསལ་བཤད་ལེགས་པར་གནང་བ་ལ་བཀའ་དྲིན་ཆེ་ཞུ།
ད་དུང་སྔ་རབས་བོན་གྱི་་་་གསས་མཁར་གསུམ་བརྒྱ་དྲུག་བཅུ་གཏན་ལ་ཕབ་་་་་་གསུངས་པ་དེའི་སྐོར་ལ་འགྲེལ་བཤད་འདྲ་ཡོད་ན་གཅིག་གསུངས་རོགས་ཞུ། ངོས་རང་ཁྱད་མཚར་ས་གཅིག་ནི་དུས་རབས་བཅུ་གཅིག་པའི་ནང་རྗེ་བཙུན་མི་ལ་རས་པས་་་་གསས་མཁར་དགུ་ཐོག་་་་ཡང་ན་་་་གསས་མཁར་སྒྲོན་མ་དགུ་ཐོག་་་་་ཅེས་པའི་ལྷ་ཁང་ཞིག་བཞེངས་འདུག་པས་་་་དེ་ལ་བན་དེ་ཚོས་་་་སྲས་མཁར་་་ཅེས་སུ་དག་ཆ་བཅོས་བསྒྱུར་བྱས་པར་དོག་པས་ཁྱེད་ལ་དགོངས་ཚུལ་གང་ཡོད་དམ།
BONPO
གསས་མཁར་ཅེས་པ་ནི་བོན་གྱི་ཐུན་མོང་མ་ཡིན་པའི་ཚིག་ཡིན་ཅིང། དེ་ནི་གོ་དོན་ཤིན་ཏུ་ནས་གཏིང་ཟབ་ལ་བོད་རང་གི་ཚིག་རྙིང་པ་རྙིང་དྲི་ཐུལ་ལེར་ཡོད་པ་ཞིག་ཀྱང་རེད། གསས་མཁར་ཅེས་པ་ནི། ཕྱི་ལྷ་དང། མཆོད་རྟེན། གཞལ་ཡས་ཁང། རྟེན་མཁར་དང། བོན་སྒོ་ལས་སོགས་དང། ནང་ཏིང་ངེ་འཛིན་དང། རྟོགས་པའི་མཁྱེན་པ། ལྟ་བ་ལས་སོགས་མང་པོ་ཞིག་ལ་གོ་བ་ཡོད་ཅིང། སྲས་མཁར་ཅེས་པ་ནི་དེ་ལྟར་མི་གོ་བ། རྒྱལ་སྲས་ལས་སོགས་མི་ལས་སོགས་ཀྱི་བུའམ་སྲས་ཀྱི་མཁར་རམ་ཁང་པ་ལ་གོ་བ་ལས་གཞན་གོང་ལྟར་གོ་དོན་མི་ཆེ། ལྷག་པར་དུ་མི་ལ་རས་པའི་སྲས་མཁར་དགུ་ཐོག་བཞེངས་ཞེས་པའང། སྔར་གྱི་བོན་པོའི་ཚིག་བེད་སྤྱད་པ་དེ་འབྲི་ནོར་རམ་གོ་བ་ལེན་མ་ཤེས་པ་ལས་བྱུང་བ་མིན་ནམ། མ་གཞི་ནས་བན་དེ་བ་རྣམས་ཀྱིས་བྲིས་ཚིག་མཛོད་སོགས་སུ་གསས་མཁར་ཅེས་པའི་ཚིག་འདི་ཤིན་ཏུ་ནས་དཀོན་པ་ཞིག་རེད། རྒྱ་བོད་ཚིག་མཛོད་ནི་བོད་ཀྱི་བརྡ་སྤྲོད་རྒྱས་ཤིང་ཆ་ཚང་བའི་ཚིག་མཛོད་ཅིག་ཡིན་ཅིང། དེ་ཡི་ནང་དུའང་གསས་མཁར་ཅེས་པའི་ཚིག་དེ་དོར་རྐྱང་བྱས་ཡོད། གསས་ཁང་ཞེས་པ་བྲིས་ཡོད་མོད། དེ་ལ་འགྲེལ་བཤད་བོན་པོའི་ལྷ་ཁང་ཞེས་བྲིས་པ་ནི་གོ་དོན་རྩ་བ་ནས་མ་ལོན་པའི་སྐད་ཆ་རང་རེད། གསས་ཁང་ནི་བོན་པོའི་ལྷ་ཁང་ཙམ་ལ་མི་གོ་བར་ལྷ་ཁང་ཡོངས་སུ་རྫོགས་པ་ལ་སྦྱར་ཆོག མ་ཟད་གསས་ཁང་ཞེས་པ་ལྷ་ཁང་ཙམ་ལ་མི་གོ་བར། སྒྲ་ལྷ་སོགས་ཀྱི་རྟེན་མཁར་དང།
རྟེན་གསུམ་ལས་སོགས་བཞུགས་པའི་གནས་དང། གཞན་ཡང་གོ་དོན་མང་དུ་མཆིས་པས་འདིར་འབྲི་དགོས་ཀྱི་ངལ་བ་མཆིས་སོ།
གསས་སུམ་བརྒྱ་དྲུག་ཅུ་ཞེས་པ་ནི། བོན་སྒོ་སུམ་བརྒྱ་དྲུག་ཅུ་ཞེས་པའི་དོན་ཏེ། འདིར་བསྟན་པའི་གསས་མཁར་ཅེས་པ་ནི། ཉོན་མོངས་པའི་དགྲ་ཡིས་མི་བཤིག་པའི་སྐྱབས་རྫོང་ཡིན་པས་ནའོ། བོན་སྒོ་སུམ་བརྒྱ་དྲུག་ཅུ་ལ། གསས་མཁར་སུམ་བརྒྱ་དྲུག་ཅུ་ཞེས་ཀྱང་བརྗོད། གསས་མཁར་སུམ་བརྒྱ་དྲུག་ཅུ་ནི། བསྟན་པ་བོན་གྱི་ཀླད་དོན་རང་འགྲེལ། ༢༥ 1ཕྱི་ཡི་གསས་མཁར་བརྒྱ་དང་ཉི་ཤུ། ནང་གི་གསས་མཁར་བརྒྱ་དང་ཉི་ཤུ། གསང་བའི་གསས་མཁར་བརྒྱ་དང་ཉི་ཤུ་རེ་འབྱུང་ཞིང། བསྡོམ་པས་སུམ་བརྒྱ་དང་དྲུག་ཅུ་རུ་འབྱུང་བའོ། 2 ཡང་ན། བོན་ཉིད་དབྱིངས་ཀྱི་གསས་མཁར་དང༌། ཏིང་འཛིན་རིག་པའི་གསས་མཁར་དང༌། མཚན་མ་སྤྲུལ་པའི་གསས་མཁར་དང་གསུམ་དུ་ཕྱེ་བ་སྟེ། ཡེ་ཤེས་སེམས་གྱི་གསས་མཁར་ལ་ཐིག་ལེར་གྱེས་པ་དྲུག་ཅུ། མཐའ་བྲལ་ཡན་ལག་གི་གསས་མཁར་ལ་དྲུག་ཅུ། བརྒྱ་དང་ཉི་ཤུ་དེ་དག་ལ་བོན་ཉིད་དབྱིངས་ཀྱི་གསས་མཁར་ཅེས་བཤད། སྤྱི་ཡི་ཏིང་འཛིན་གྱི་གསས་མཁར་ལ་གྱད་ཅུ་རྩ་གཉིས། གོས་ཀྱི་བསམ་གཏན་ལ་སུམ་ཅུ་སོ་བརྒྱད། དེ་རྣམས་ལ་ཏིང་འཛིན་རིག་པའི་གསས་མཁར་ཅེས་བཤད། འབར་བའི་གསས་མཁར་ལ་ཉི་ཤུ་རྩ་གཅིག ཀློང་གི་གསས་མཁར་ལ་སུམ་ཅུ་རྩ་གསུམ། ལོངས་སྤྱོད་ཀྱི་གསས་མཁར་ལ་བཞི་བཅུ་ཞེ་བརྒྱད་སྡོམ་པས་སུམ་བརྒྱ་དང་དྲུག་ཅུའོ། ལུང་གི་གསས་མཁར་ཉེར་གཅིག་ཅེས་པ་ནི། མཛོད་དང༌། གཡུང་དྲུང་ལས་རྣམ་པར་དག་པ། འདུལ་བ། ཁམས་བརྒྱད། ཞི་ཁྲོ་ཕུར་གསུམ། རྣམ་དག ཀུན་རིག་ལས་སོགས་ཉེར་གཅིག་བསྣན་པས་སུམ་བརྒྱ་དང་དྲུག་ཅུ་འབྱུང་ཞེས་སྒ་སྟོན་གྱི་བསྟན་པ་བོན་གྱི་ཀླད་དོན་གྱི་རང་འགྲེལ་ལས་གསུངས་སོ། ཡིད་བཀོད་ ༣༣༠ རྩ་རྒྱུད་རྩ་བ་ ༢༢ ནས་བལྟ་དགོས། གསས་མཁར་གསུམ་བརྒྱ་དྲུག་ཅུ་དཔྱད་དགོས། 3བོན་མཚན་ཉིད་ཀྱི་གསས་མཁར་བརྒྱ་དང་ཉི་ཤུ། གསང་སྔགས་ཀྱི་གསས་མཁར་བརྒྱ་དང་ཉི་ཤུ། སེམས་ཕྱོགས་ཀྱི་གསས་མཁར་བརྒྱ་དང་ཉི་ཤུའོ། 4ཐེག་པ་ཆེན་པོའི་གསས་མཁར་བརྒྱ་དང་ཉི་ཤུ། ཐེག་པ་ཆུང་ངུའི་གསས་མཁར་བརྒྱ་དང་ཉི་ཤུ། ཐེག་པ་ཐུན་མོང་གི་གསས་མཁར་བརྒྱ་དང་ཉི་ཤུ་བཅས་སུམ་བརྒྱ་དང་དྲུག་ཅུའོ། མཁས་བཞིའི་གབ་འགྲེལ་དེབ་རིང་༡༦༦ཡང་ན། ཕྱི་མཚན་ཉིད་ཀྱི་གསས་མཁར་བརྒྱ་ཉི་ཤུ་དང། ནང་གསང་སྔགས་ཀྱི་གསས་མཁར་བརྒྱ་ཉི་ཤུ་དང། གསང་བ་སེམས་ཕྱོགས་ཀྱི་གསས་མཁར་བརྒྱ་ཉི་ཤུ་བཅས་སུམ་བརྒྱ་དྲུག་ཅུའོ།
ང་ལ་ག་གཅིག་གིས་རང་འབུམ་རམས་པ་ཡིན་ནམ་གསུངས་འདུག་པས་ལར་དྲི་བ་འདི་དོན་མི་ཆེ་ཡང་། ལན་ཅུང་ཟད་ཞུ་ན། ང་ལ་མཁན་པོའི་མིང་འདོགས་པ་དེ་ལོ་ཉི་ཤུའི་ནང་རེད། དེ་དུས་ང་ལ་མཁན་རྟགས་ཤིག་གནང་ཡང་། ངས་རང་ཉིད་ལ་དེ་ནི་མུ་མཐུད་བླ་མ་རྣམ་པའི་དགོངས་གཞི་དང་ཐུགས་རེ་ལྟར་མུ་མཐུད་སློབ་སྦྱོང་དགོས་པའི་འགན་འཁྲི་ཞིག་བཀལ་བའི་ཚོར་བ་ལས་གཞན་ངེས་པར་མ་བྱུང་།
དེའི་ཁར་ངས་རང་གི་དཔེ་ཁྲིད་དང་སྐྱོར་དཔོན་སོགས་ཀྱི་མིང་ཙམ་དང་དུ་ལེན་སྐབས་ཀྱང་རང་ལས་བསླབ་པ་རྒན་པ་དང་ཡོན་ཏན་ཆེ་བའི་ཆོས་གྲོགས་མཁན་སློབ་རྣམས་ལས་དཔེ་ཁྲིད་མུ་མཐུད་ཞུས་པ་ཡིན།
རྒྱ་གར་ལ་སླེབས་རྗེས་ཀྱང་བཤད་གྲྭ་ཆུང་ཆུང་རེ་དང་དགོན་པ་ཆུང་ཆུང་རེར་དཔེ་ཁྲིད་དགེ་རྒན་གྱི་མིང་རེ་བླངས་ནས་འདུག་ས་མང་པོ་རག་བྱུང་ཡང་། རང་ཉིད་ཀྱིས་གང་ནུས་ཚོད་ཀྱིས་སློབ་སྦྱོང་ཞིག་བྱས་ན་བསམ་ནས་རྫོང་སར་བཤད་གྲྭར་སློབ་ཕྲུག་དཀྱུས་མའི་མིང་ཐོག་ནས་བསྡད་པ་ཡིན།
དེས་ན་ང་ལ་མཁན་པོའི་མིང་ཐོབ་པ་ནས་ད་ལྟའི་བར་རང་ཚོད་ཀྱིས་ཤེས་བྱ་ཁ་གསབ་དང་བསྡུ་ལེན་བྱེད་བཞིན་ཡོད་མོད།
ད་དུང་རང་ཉིད་འབུམ་རམས་པ་ཞིག་ཡིན་སྙམ་པའི་སྤོབས་པ་ནི་ཞར་ཡང་མེད།
དེ་ནས་མེ་ཏོག་དར་དཀར་པོས་(སྨིན་གླིང་གནམ་དར་དུས)ཞེས་པ་དེ་དྲིས་འདུག
གནམ་དར་ཟེར་ན་ང་ཚོའི་སར་ཁ་ལས་རླུང་རྟ་ཡར་འགྲོ་སམ་དབང་ཐང་དར་བའི་སྐབས་ལ་ཟེར།
དེ་ཡང་། སྨིན་གླིང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ལོ་རྒྱུས་ལུང་བསྟན་དུས་གསུམ་གསལ་བྱེད་དུ། ཆེན་པོ་གསུམ་གྱིས་ཞབས་ནས་འདེགས༔ ཞེས་གསུངས་པའི་ཆེན་པོ་གསུམ་ནི་ལྔ་བ་ཆེན་པོ་དང་། དྲུག་པ་ཆེན་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཅས་ཡིན།
སྐབས་དེར་ནི་སྨིན་གླིང་སང་དར་བའི་རྩེར་སོན། དྲུག་པ་ཆེན་པོའི་གསང་རྣམ་དུ་ཡང་། ཁོང་གིས་སྨིན་གླིང་གཏེར་ཆེན་གྱིས་གནང་བའི་ཕུར་བུ་མཉམ་དུ་བསྣམས་ཡོ་ཚུལ་འཁོད་ཡོད།
ཁྱད་པར་དུ། ཆེན་པོ་དག་གིས་ཞབས་ནས་བཏེགས་པ་ཙམ་མིན་པར། སྨིན་གླིང་ཡབ་སྲས་ཉི་ཟླ་ཟུང་ལྟ་བུས་བཤད་སྒྲུབ་ཟུང་འབྲེལ་གྱི་སྡེ་གསུམ་སྙིང་པོས་བསྟན་པ་གསལ་བར་མཛད།
དུས་ཕྱིས་འཇུ་མི་ཕམ་པས་ཀྱང་། སྔོན་སྨིན་གླིང་ཡབ་སྲས་ཀྱི་སྐབས་ལྟ་བུ་ཞིག་ཡིན་ན་བསྟན་པ་ལ་འདི་ལས་ལྷག་པའི་བྱ་བ་ཅུང་ཟད་ཅིག་འགྲུབ་ན་ཐངས་ཞེས་སྐབས་དེ་དུས་ཀྱི་སྣང་ཚུལ་ལ་ཡིད་སྨོན་མཛད།
དེའི་ཁར་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་ཀྱང་། བཀའ་བརྒྱད་སྨན་སྒྲུབ་ཀྱི་ཡིག་ཆར། སུ་ཞིག་གིས་སྨིན་གླིང་ཡབ་སྲས་ཀྱི་ལུགས་བཞིན་བྱེད་ན་དེ་ལ་ཆོས་ཀྱི་མིག་རྣམ་པར་དག་པ་ཡོད་པའི་རྟགས་ཡིན་ཞེས་གསུངས། བོད་ཀྱི་མདོ་མཁར་བ་དང་། ཕོ་ལྷ་བ་སྡེ་སྲིད་དེ་དུས་ཕྱིས་ཀྱི་བོད་ཀྱི་མི་སྐྱ་ཞིག་ལ་སྐད་གྲགས་ཆེ་བ་དང་ཤེས་ཡོན་ཡོད་པ་དེ་ཚོ་ཡང་ཚང་མ་སྨིན་གླིང་ནས་སློབ་གཉེར་གནང་བ་ཡིན། དེ་ལ་གནམ་དར་དུས་ཟེར་བ་རེད།
རྒུད་པའི་དུས་ནི། མི་དབང་རྟོགས་བརྗོད་དུ། ཕོ་ལྷ་བ་སྨིན་གླིང་ལས་ཐོན་ཁར། གཏེར་ཆེན་ཆོས་ཀྱི་རྒྱལ་པོས་ཁོ་ལ་བསོད་ནམས་སྟོབས་རྒྱལ་ཞེས་པའི་མིང་གནང་བ་དང་ཆབ་ཅིག
མ་འོངས་པར་ང་ཤི་བའི་རྗེས་སུ་རྒྱལ་པོ་ལྷ་བཟང་གི་ཆབ་སྲིད་འདི་ཡང་པགས་པ་ཐབ་ཏུ་བཙོས་པ་ལྟར་འུབ་ཀྱིས་འདུས་པར་འགྱུར་ཞིང་། ངའི་དགོན་ཆུང་འདི་ཡང་ཤིང་སེ་བའི་འབྲས་བུ་ལ་དབྱུག་གུས་བསྣུན་པ་ལྟར་འགྱུར་གྱི། དུས་དེར་རང་ལ་བསོད་ནམས་ཀྱི་དཔུང་ཆེན་པོ་ཡོད་པ་ཡིན་པས་མ་འཆུགས་ཞེས་བཅོལ་མངགས་གནང་བ་དེ་རེད། རྒྱས་པར་ནི་འཆད་པར་མི་འདོད་དོ། །
བོན་པོ་ལགས་ནས། མི་ལའི་སྲས་མཁར་དགུ་ཐོག་གསེས་མཁར་སྒྲོན་མ་ཅིག་ཅིག་ཡིན་པར་བསྙད་པ་ནི་ངོ་མ་ཅུང་ཧང་སང་བ་ཞིག་རེད།
ལབ་སྟངས་འདིར་བསམ་བོན་ཆོས་བན་ཆོས་ལས་བསྒྱུར་བའི་འདོད་ཚུལ་དེར་ཡང་བདེན་ཁ་ཅུང་ཟད་ཡོད་པ་འདྲ་དྲན་བྱུང་།
གང་ལྟར་རྡོག་རྡོག་བཤད་ན།
སྲས་མཁར་དགུ་ཐོག་ནི་མར་པས་རང་གི་སྲས་ཀྱི་ཆེད་དུ་བཞེངས་པའི་ས་མཁར་རེད།
མར་པའི་རྣམ་ཐར་མཐོང་བ་དོན་ལྡན་གྱི་ནང་དུ། གྲྭ་པས་ཕུལ་བའི་མནག་ཕྱུགས་དང་། མི་ལས་བརྩིགས་པའི་ས་མཁར་སོགས། །བུ་མདོ་སྡེའི་ཆེད་དུ་བྱས་ལགས་ཏེ། །མདོ་སྡེ་འོད་གསལ་གྱི་དབྱིངས་སུ་བཤེགས། །མཁར་བདག་མེད་དྲི་ཟའི་གྲོང་ཁྱེར་འདྲ། །མཁར་གྱི་འཛིན་འཁྲིས་བོར་ཅིག་བདག་མེད་མ། །ཞེས་ཡུམ་ལ་ཐུགས་གསོ་མཛད་པའི་གླུར་འབྱུང་ཞིང་། ད་དུང་། ཁོང་རྒྱ་གར་ལ་བྱོན་ཐེངས་གསུམ་པའི་སྔོན་དེར་མཁར་ལས་གྲུབ་ནས་བུ་ལ་མཁར་འབོག་པ་དང་ཁྲི་འདོན་གྱི་མཛད་སྒོ་སྟབས་གཅིག་ཏུ་བྱས་པ་སོགས་ལོ་རྒྱས་གསལ་བོ་ཡོད་པ་མར་པ་ཡབ་སྲས་ཀྱི་རྣམ་ཐར་ཚང་མར་སྲས་མཁར་ཞེས་འབོད་ཀྱིན་ཡོད་པས་གཞན་དུ་སྨྲ་བར་མི་རིགས་སོ།
ལར་ཁྱེད་ཚོ་ཚང་མས་བག་ཕབ་སྟེ། བགྲོ་གླེང་ལྷུག་པར་གནང་བར་བཀའ་དྲིན་ཆེ་ཞུ།
ད་དུང་གཙོའུ་གསེར་མཁར་དགུ་ཐོག་ང་ཚོའི་མིག་ལམ་དུ་ད་ལྟ་ཡང་ལྷམ་མེ་ལྷན་ནེ་ལྷང་ངེར་ཡོད། དཔེར་དགོས་ན་ངས་བསྐུར་ཆོག་མོད།
རྫ་ཚེ་རིང་བཀྲ་ཤིས་ལགས། ཐུགས་རྗེ་ཆེ།
ད་རྫ་ཚེ་ཡི་གཏམ་སྣེ་འགའ་ཞིག་གིས་བློ་ཕམ་ཆེན་པོ་བྱུང།
འདི་ལ་མཆན་འབྲི་རྒྱུའི་འདོད་པའང་མ་བྱུང།
ནད་རོ་རྙིང་པ་སླངས་ནས་ཆོ་གང་ཡོད།
ལ་སྟོད་བུ་ལགས་ཀྱིས་བོན་གྱི་གསས་མཁར་སྐོར་ལ་འགྲེལ་བཤད་ལེགས་པར་གནང་བ་ལ་བཀའ་དྲིན་ཆེ་ཞུ། ཡང་སྐུ་ཉིད་ནས་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱི་མཆན་བུ་དེ་ལ། བློ་ཕམ་ཆེན་པོ་བྱུང་རབས་ཤིག་གསུངས་འདུག་པས་དེ་འདྲ་རྩ་བ་ཉིད་ནས་གནང་དགོས་པ་མ་རེད། ཚིག་ལ་རིན་ཐང་གང་ཡང་མེད་པ་ལ་བློ་ཕམ་གནང་རིན་ཅི་ཡོད། སྔ་རབས་བོད་ཀྱི་ལོ་རྒྱུས་ཀྱི་བྱུང་རིམ་དང་མི་ལ་རས་པའི་ནང་མི་ཁྱིམ་ཚང་སོགས་ལ་རྩི་མཐོང་རྩ་བ་ཉིད་ནས་མ་བྱས་པའི་ཚིག་རེད།
རྩ་བའི་ཆ་ནས་་་་གསས་མཁར་དགུ་ཐོག་་་་ཅེས་སུ་མཚན་ནས་སྨོས་ན་གོ་རྒྱུ་ཆེན་པོ་ཡོད་པ་རེད། མཚན་བྱང་འདི་ལ་གཞིགས་པས་མི་ལ་རས་པ་་་ཐོས་པ་དགའ་་་ཡིན་ནམ་་་བོན་ལ་དགའ་་་་གང་ཡིན་ཞིབ་འཇུག་བྱེད་དགོས་པ་འདུག། སྤྱིར་གསས་མཁར་གྱི་དོན་ལ་གོ་རྒྱུ་མང་པོ་ཞིག་ཡོད་ཀྱང་། གཙོ་བོ་་་་གསས་མཁར་་་་གྱི་དོན་དེ་་་གསང་སྔགས་ཀྱི་བསྟན་པ་་་་ལ་གོ་དགོས་ཀྱི་ཡོད་པ་རེད། གསས་མཁར་་་ཞེས་པའི་མིང་ཚིག་གི་རྗེས་སུ་་་་དགུ་ཐོག་་་བཞག་པ་དེ་་་་ཐེག་པ་རིམ་པ་དགུ་འམ་ཡང་ན་་་གནམ་རིམ་པ་དགུ་མཚོན་པར་བྱེད་པའི་བཟོ་འདྲ་པོ་མཐོང་གི་འདུག། དེ་འདྲ་ཡིན་དུས་་་དགུ་ཐོག་་་་རྗེས་སུ་བྱུང་བའི་མིང་ཚིག་དེ་དང་འབྲེལ་བའི་ཚིག་རྐང་དང་པོ་དེ་་་་གསས་མཁར་་་་་བཞག་ན་ཏག་ཏག་གོ་རྒྱུ་ཆེ་བ་ཡོང་བ་ལས་་་་སྲས་མཁར་་་་དང་་་་ས་མཁར་་་་ལ་ནི་གོ་རྒྱུ་མེད་པའི་བྱིས་པའི་སྒྲུང་གཏམ་ལྟར་བུར་གྱུར་ཉན་ཡོད་དོ། །
མི་ལ་རས་པའི་ཡབ་དང་ཡུམ་གྱི་མཚན་གང་ཞིག་ཡིན་ནམ། མར་པ་དང་མཇལ་འཕྲད་མ་བྱུང་བའི་སྔོན་ཁོང་བོན་ཆོས་གང་གི་རྗེས་སུ་འཛིན་པ་ཞིག་ཡིན་ནམ། ལ་སྟོད་ལགས་ནས་གསལ་བཤད་ཡོང་བར་མཁྱེན།
གསང་བ་སྔགས་ཀྱི་འཇུག་སྒོའི་སྤྱོད་ཚུལ།
༈ གསང་བ་སྔགས་ཀྱི་འཇུག་སྒོའི་སྤྱོད་ཚུལ་ལ།
བསྙེན་པའི་གཞི་མ་སྒོ་དགུ་དང།
སྒྲུབ་པའི་ཡན་ལག་བཅོ་བརྒྱད།
ལས་ཀྱི་མཐའ་བསྒྱུར་མཆོང་ཆེན་སྡེ་དགུའོ།།
༸ བསྙེན་པའི་ག༵ཞི་མ༵་སྒོ་དགུ་ནི།
སྔོན་འགྲོ་ཕྱི་ཡི་བསྙེན་པ་གསུམ་དང།
ཉེ་བ་ནང་གི་བསྙེན་པ་གསུམ།
བཅའ་གཞི་ལས་རིམ་གྱི་བསྙེན་པ་གསུམ་བཅས་སོ།།
དང་པོ། སྔོན་འགྲོ་ཕྱི་ཡི་བསྙེན་པ་གསུམ་ནི།
དཔོན་གསས་ལྷ་ལ་བསྙེན་པ་དབང་དང་བྱིན་རླབས་ཀྱི་ག༵ཞི་མ༵།
མཚན་ལྡན་གྲོགས་ལ་བསྙེན་པ་དམ་ཚིག་སྲོག་གི་ག༵ཞི་མ༵།
རིགས་ལྡན་གནས་ལ་བསྙེན་པ་བཀྲ་ཤིས་རྟེན་གྱི་ག༵ཞི་མ༵འོ།།
གཉིས་པ། ཉེ་བ་ནང་གི་བསྙེན་པ་གསུམ་ནི།
ཡོ་བྱད་རྫས་ལ་བསྙེན་པ་འདོད་དགུ་ལོངས་སྤྱོད་ཀྱི་ག༵ཞི་མ༵།
ཐར་གླུད་བསྐང་ལ་བསྙེན་པ་སྡེ་བརྒྱད་ཞི་བྱེད་ཀྱི་ག༵ཞི་མ༵།
ཕྱི་རྟེན་སྐོས་ལ་བསྙེན་པ་རྒྱལ་བ་ལྷ་ལྡན་གྱི་ག༵ཞི་མ༵།
གསུམ་པ། བཅའ་གཞི་ལས་རིམ་གྱི་བསྙེན་པ་གསུམ་ནི།
སྲུང་བ་མཚམས་ཀྱི་བསྙེན་པ་བར་ཆད་ཞི་བྱེད་ཀྱི་ག༵ཞི་མ༵།
དཀྱིལ་འཁོར་བཅའ་གཞིའི་བསྙེན་པ་རྒྱལ་བ་ལྷ་གདན་གྱི་ག༵ཞི་མ༵།
སྒོ་དབྱེ་བསྲེ་བསྣན་གྱི་བསྙེན་པ་ལྷ་དང་གཉིས་མེད་ཀྱི་ག༵ཞི་མ༵འོ།།
༸ སྒྲུབ༵་པ༵འི་ཡན་ལག་བཅོ་བརྒྱད་ནི།
དཀྱིལ་འཁོར་གཞི་ཡི་སྒྲུབ་པ་དྲུག་དང།
ངོ་མཚར་ལམ་གྱི་སྒྲུབ་པ་དྲུག
འབྲས་བུ་དབང་གི་སྒྲུབ་པ་དྲུག་བཅས་སོ།།
དང་པོ། དཀྱིལ་འཁོར་གཞི་ཡི་སྒྲུབ་པ་དྲུག་ནི།
བར་མཚམས་དོན་གྱི་སྒྲུབ༵་པ༵་བདག་ཉིད་དཀྱིལ་འཁོར་གྱི་སྒྲུབ་པ།
ཙཀླི་བཀོད་པའི་སྒྲུབ༵་པ༵་འཕྲོ་འདུ་འོད་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པ།
རང་གྲོལ་གདན་གྱི་སྒྲུབ༵་པ༵་ཨུ་དུག་སད་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པ།
སྤྱན་དྲངས་ཡེ་ཤེས་ཀྱི་སྒྲུབ༵་པ༵་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གྱི་སྒྲུབ་པ།
ཕྱག་འཚལ་མོས་འདུན་གྱི་སྒྲུབ༵་པ༵་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་སྒྲུབ་པ།
གཅུག་དག་བཤཌ་པའི་སྒྲུབ༵་པ༵་འཁྲུལ་མེད་ཡེ་རྟོཌ་དཀྱིལ་འཁོར་གྱི་སྒྲུབ་པ་དང་དྲུག་གོ།།
གཉིས་པ། ངོ་མཚར་ལམ་གྱི་སྒྲུབ་པ་དྲུག་ནི།
གསང་མཚམས་བྱིན་འབེབས་ཀྱི་སྒྲུབ༵་པ༵་ངོ་མཚར་ལྷ་ལ་བསྟིམ།
འཕྲོ་འདུ་གསང་བའི་སྒྲུབ༵་པ༵་མཁའ་དབྱིངས་ཀྱི་གསས་མཁར་སྦྲེལ་པ།
ཕྱག་རྒྱ་སྐུ་བསྟོད་ཀྱི་སྒྲུབ༵་པ༵་སྣོད་བཅུད་ལྷ་རུ་རོལ་བ།
ཕོ་ཉ་གཞེན་འདེབས་ཀྱི་སྒྲུབ༵་པ༵་ཉོན་མོངས་པ་གནས་སུ་སྒྲོལ་བ།
ཁྲོ་བོ་རྟགས་ཀྱི་སྒྲུབ༵་པ༵་མཚན་དང་དཔེ་བྱད་ཀྱི་འབྲུ་གཞོམ་པ།
དངོས་སྒྲུབ་ལྷ་ཡི་ཡང་སྙིང་གི་སྒྲུབ༵་པ༵་བདག་ཞལ་བདག་གིས་ལྟ་བ་དང་དྲུག་གོ།།
གསུམ་པ། འབྲས་བུ་དབང་གི་སྒྲུབ་པ་དྲུག་ནི།
གཞི་སྙིང་དམ་བཅའི་སྒྲུབ༵་པ༵་མཐོང་བ་བདག་ལ་དབབ་པ།
ཕུད་གཏའ་ཆེན་གྱི་སྒྲུབ༵་པ༵་ཟད་མེད་གཏེར་དུ་བཞག་པ།
དམར་ལམ་ཟོར་གྱི་སྒྲུབ༵་པ༵་དམག་དཔུང་དགྲ་ལ་སྟོན་པ།
གཟིར་གནོན་བྲོ་ཡི་སྒྲུབ༵་པ༵་རྗེས་ཤུལ་ལྷ་བྲོས་མནན་པ།
ཕྱྭ་ཚེ་གཡང་གི་སྒྲུབ༵་པ༵་གཡུང་དྲུང་ལང་ཚོ་བདག་ལ་སྒྲུབ་པ།
དབྱེ་བསྡུ་རྒྱུན་གྱི་སྒྲུབ༵་པ༵་གསས་མཁར་དོན་ལ་སྟོན་པ་དང་དྲུག་གོ།།
༸ ལས་ཀྱི་མཐའ་བསྒྱུར་མཆོང༵་ཆེན་སྡེ་དགུ་ནི།
ཡེ་ཤེས་རྩེ་རྒྱལ་ལྟ་བའི་མཆོང༵་།
ཐིག་ལེ་དགུ་པ་ཉམས་ཀྱི་མཆོང༵་།
འོད་ཟེར་འཁྱིལ་བ་སྨན་གྱི་མཆོང༵་།
མགུ་ཡ་གཏིང་རྫོགས་དབང་གི་མཆོང༵་།
ལས་གཞི་རྒྱུན་ལྔ་སྦྱིན་སྲེག་གི་མཆོང༵་།
ཉི་ཟེར་ཞགས་པ་འདུར་གྱི་མཆོང༵་།
དབལ་མོ་ལས་ཐིག་མཐུ་ཡི་མཆོང༵་།
མཁའ་ཀློང་རབ་འབྱམས་བསྐང་བའི་མཆོང༵་།
པྲ་རྟགས་གསལ་བ་མེ་ལོང་གི་མཆོང༵་དང་དགུའོ།།
གོང་གསལ་བསྙེན་སྒྲུབ་ལས་གསུམ་དེ་རྣམས་ཀྱི་ངེས་པ་བསྟན་པ་ནི།
བསྙེན་པའི་གཞི་མ་མ་མཐོང་ན།།
གཞི་རྨེང་མེད་པའི་མཁར་ལེན་དང།།
སྐྱབས་མགོན་མེད་པའི་ཁས་དྲག་འདྲ།།
བཀའ་ལུང་མ་གནང་ཁྲིམས་ལས་འདྲ།།
སྒྲུབ་པའི་ཡན་ལག་མ་ཚང་ན།།
རྒྱུ་རྐྱེན་མ་ཚང་བྱ་བ་དང།།
ཚོང་མེད་ཚོང་ལ་ནོར་ཚོལ་དང།།
དཔུང་མེད་དམག་གི་དེད་དཔོན་འདྲ།།
ལས་ཀྱི་མཐའ་བསྒྱུར་མ་ཤེས་ན།།
ཚགས་སུ་མ་ཚུད་ལོ་ཏོག་དང།།
གྲབས་སུ་མ་ཞུགས་དགོས་དོན་དང།།
བང་མཛོད་མ་ཕྱིན་ནོར་ཟས་འདྲ།།
༡༩༩༨ ཟླ་ ༡༡ ཚེས་ ༧ ཉིན་བྲིས་པ་ཞིག་ལ་ཅུང་ཁ་སྣོན་དང་བཅས་བཀོད་པའོ།། ཐ་ཚན་མུ་ཙུག་སྨར་རོ།།
ཁྱུང་སྨོན་ལམ་གྱི་ཟིན་བྱིས་ལས་དྲངས་པས་དགོངས་འགལ་རྩ་བ་ནས་མེད་པ་ཞུ། །
བོན་གྱི་གསས་མཁར་གསང་བ་སྒོ་དགུ་ནི།
གཡུང་དྲུང་ལྷ་རྩེ་གསས་ཀྱི་མཁར་དང་གཅིག
བ་གམ་ལྷ་རྩེ་གསས་ཀྱི་མཁར་དང་གཉིས།
པད་མ་གླིང་ཆེན་གསས་ཀྱི་མཁར་དང་གསུམ།
གཡུ་རྩེ་འོད་འབར་གསས་ཀྱི་མཁར་དང་བཞི།
མེ་རི་འབར་བ་གསས་ཀྱི་མཁར་དང་ལྔ།
ལྷུན་པོ་བརྩེགས་པ་གསས་ཀྱི་མཁར་དང་དྲུག
སྣང་སྲིད་རབ་འབྱམས་གསས་ཀྱི་མཁར་དང་བདུན།
མཚོན་ཆ་མེ་དབལ་གསས་ཀྱི་མཁར་དང་བརྒྱད།
རིན་ཆེན་སྤྱི་སྤུངས་གསས་ཀྱི་མཁར་དང་དགུའོ།།
རྩ་བའི་གསས་མཁར་དེ་དག་ལ་ཡན་ལག་གསས་མཁར་ཉི་ཤུ་རྩ་བདུན་བཅས་ཡོད་དོ།།
གཡུང་དྲུང་བོན་གྱི་བསྟན་འབྱུང་ན། སྐྱོབ་པའི་ལྷ་རེ་མཐུ་སྟོབས་གསས་རེ་དང་།། འདྲེན་པའི་གཤེན་རེ་འདུལ་བའི་བོན་རེ་བཅས།། ཞེས་ཡོད་པ་དང་། གཞན་ཡང་། མིང་བརྡའི་ཆ་ནས། དབལ་གསས། གར་གསས། འཐོར་གསས། བདར་གསས། ལྷ་གསས། གསས་མཁར། གསས་ཁང་། གསས་མདའ་སོགས་ཡོད། འདི་ཚོར་འགྲེལ་བཤད་རེ་བཀའ་དྲིན་སྐྱོང་རོགས།
གཅན་ཚ་བ་སྲིན་པོ་རྫ་རྒན་ནས།
གཅན་ཚ་བ་སྲིན་པོ་རྫ་རྒན་ནས།༼གཡུང་དྲུང་བོན་གྱི་བསྟན་འབྱུང་ན། སྐྱོབ་པའི་ལྷ་རེ་མཐུ་སྟོབས་གསས་རེ་དང་།། འདྲེན་པའི་གཤེན་རེ་འདུལ་བའི་བོན་རེ་བཅས།། ཞེས་ཡོད་པ་དང་། གཞན་ཡང་། མིང་བརྡའི་ཆ་ནས། དབལ་གསས། གར་གསས། འཐོར་གསས། བདར་གསས། ལྷ་གསས། གསས་མཁར། གསས་ཁང་། གསས་མདའ་སོགས་ཡོད། འདི་ཚོར་འགྲེལ་བཤད་རེ་བཀའ་དྲིན་སྐྱོང་རོགས།༽
ལྷ་དང་གཤེན་རེ་ཟེར་བ་ནི་སྲིད་པ་ཆགས་པའི་སྐབས་དང་དེ་ཡི་སྐབས་སུ་བྱོན་པའི་སྟོན་པ་རེ་ལ་བསྟན་པར་སྡོང་དང་འགྲོས་བྱེད་པར་དེ་འདྲ་རེ་ཡོད་པར་བཤད་པ་རེད།
དབལ་གསས། དབལ་ཅེས་པ་ནི་དྲག་པོ་ཡིན་ཅིང་གསས་ཞེས་པ་ལྷ་དང་དོན་དུ་དྲག་པོའི་ལྷ་ཞེས་བོད་པ་རེད།
གར་གསས། གར་ཅེས་པ་ནི་ལྷ་གར་རྟེན་གསུམ་ཞེས་པའི་ནང་ཚན་ཏེ་སྲིད་པ་ཆགས་པའི་ལྷ་ལ་དེ་ལྟར་གསུམ་དུ་ཡོད་པར་བསྟན་ཅིང། གསས་ཞེས་པ་ནི་གོང་དང་མཚུངས།
འཐོར་གསས། འཐོར་ཅེས་པ་ནི། ས་ཡི་ལྷ་ཕྲན་ནམ་མཁར་སྐར་མ་བཞིན་ཏུ་གྱེས་ཏེ་འཐོར་བས་ན་འཐོར་ཅེས་དང། གསས་ནི་གོང་དང་མཚུངས། འོན་ཀྱང་འདི་དག་ནི་འཇིག་རྟེན་གྱི་ལྷ་སྲུང་གི་གྲལ་དུ་གཏོགས་པ་རེད།
བདར་གསས། བདར་ཅེས་པ་ནིཤིན་ཏུ་རྣོ་བ་དང་ནུས་པ་ཆེ་བས་ན་བདར་ཅེས་གྲགས་ཤིང། འདི་ཡི་སྐབས་སུའང་ལྷ་ཕྲན་དེ་དག་ཀྱང་མཐུ་རྩལ་ནུས་པ་ཤིན་ཏུ་མགྱོགས་ལ་མྱུར་ཞིང་ཆེ་བས་ན་དང། གསས་ཞེས་པ་ནི་གོང་དང་མཚུངས། འོན་ཀྱང་འདི་དག་ཀྱང་འཇིག་རྟེན་གྱི་ལྷ་སྲུང་གི་གྲལ་དུ་གཏོགས།
ལྷ་གསས། ལྷ་གསས་ཞེས་པ་ལྷ་ཡི་ལྷ་ཞེས་པ་དང་གཅིག་མཚུངས་རེད།
གསས་མཁར། དེ་ཡི་དོན་དུ་སྔར་ང་ཡི་མཅན་ཞིག་ཏུ་བྲིས་ཡོད་པས་དེར་གཟིགས།
གསས་ཁང། གསས་ཁང་ཞེས་པ་ནི་གསས་མཁར་དང་དོན་མཚུངས་ནའང། སྐབས་འགར་གོ་དོན་མི་གཅིག་པའང་ཡོད། གཙོ་བོ་ལྷ་ཁང་ཞེས་པ་དང་དོན་མཚུངས།
གསས་མདའ། གསས་མདའ་ཞེས་པ་གསས་ཞེས་པ་ལྷ་དང། མདའ་ཞེས་པ་ནམ་རྒྱུན་གྱི་མདའ་དང་གཞུ་ཡི་སྐབས་ཀྱི་མདའ་མོ་ལ་གོ། འོན་ཀྱང་འདིར་གསས་མདའ་ཞེས་པ་ལྷ་ཡི་ཕྱག་མཚན་དང་ལྷ་སྲུང་འཁོར་ཞིང་རྟེན་པར་གྱུར་བས་ན་དེ་ལྟར་བརྗོད་དོ། བརྡ་རྙིང་པ་འདི་དག་ལ་བརྟེན་ནས་བོན་གྱི་ནང་དོན་ཐུན་མོང་མ་ཡིན་པའང་ཇི་སྙེད་ཅིག་བསྟན་ཡོད།