མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ལྷན་བགྲོ་གླེང་ཚོགས་པ། Posted on 2015-05-062015-05-06 By རེབ་གོང་བཀྲ་ཤིས། 50 Comments on མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ལྷན་བགྲོ་གླེང་ཚོགས་པ། གློག་བརྙན་།
མཁན་པོས་ཨིན་སྐད་མ་མཁྱེན་པ་འདི་རྗེས་ལུས་རེད། མཁན་ཆུང་ལས། ཨིན་མོ་འདིས་དབུས་བོད་ཀྱི་དབུས་སྐད་ཡག་ག་ཤེས་བགྱིད་ཡོད་ས་རེད། ཧ་ཧ།།
བོད་སྐད་གཞན་གྱིས་ཤེས་ལ། ། གཞན་སྐད་བོད་པས་མི་ཤེས། ། འདི་ནི་བོད་པའི་རྗེས་ལུས། ། ཆོས་པ་དགོན་པ་བཞག་ནས། ། གྲོང་འཁྱེར་མང་པོ་མྱུལ་བ། ། ཆོས་པའི་ཉམས་ལེན་ཉམས་པ། ། སྒོམ་ཆེན་འཚམས་ལ་མ་བསྡད། ། གྲགས་སྟོང་མཐོ་སློབ་འགྲིམ་པ། ། ཉམས་ལེན་མེད་པའི་རྟགས་རེད། །
ཐུབ་བསྟན་གསལ་བའི་སྒྲོན་མེ་རིན་པོ་ཆེ། །ཐུགས་སྟོབས་ཆེ་ཞིང་ཐུགས་བསམ་ཟླ་ལྟར་དཀར། །བསིལ་ལྗོངས་འགྲོ་བའི་དེད་དཔོན་མཆོག་གྱུར་པ། །སྐུ་ཚེ་བརྟན་ཅིང་འཕྲིན་ལས་རྒྱས་གྱུར་ཅིག །མཁན་ཆེན་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་པར་སྨོན། །
ཀ་རྡོ་ལ་སོགས་ཨིན་ཡིག་མཁས་པའི་ཚོགས་ལ་འདྲི་རྒྱུ། བོད་ཀྱི་བླ་ཆེན་རྣམས་ཀྱིས་བེད་སྤྱོད་བྱེད་པའི་H H་འདི་རྒྱལ་ཁབ་གཅིག་གི་ཆོས་ཀྱི་རྗེ་བོ་ལས་གཞན་དེའི་འོག་གི་མིས་འབྲི་སྲོལ་མེད་ཟེར་བ་དང་། ཡེ་ཤུ་ཆོས་ལུགས་ལ་མཚོན་ན་གཅིག་ལས་མེད་ཟེར་བ་དག་། རྒྱལ་ཁབ་གཅིག་ལ་གཅིག་ལས་མི་ཡོང་ཟེར་བ་དང་། སྤྱི་ཡི་ཆོས་རྗེ་ལས་གཞན་གྱིས་སྤྱོད་དུས་དེའི་འོག་ཏུ་མི་འདུ་ཟེར་བའི་དོན་རེད་ཟེར། ཡང་ཆོས་རྒྱུན་སོ་སོའི་དབུ་འཛིན་ཁོ་ནས་བྲིས་ཀྱང་ཆོག་ཟེར། འདི་ལ་ས་ཚད་ཅིག་ཡོད་དམ། བོད་ཀྱི་ཆོས་དོན་ལས་ཁང་གིས་གཏན་འབེབ་འདྲ་ཨེ་ཡོད། །
འབྲོག་པས་ཤ་མ་ཟ་ལབ་ཐུབ་པ་ཙམ་དང། མགོ་སེར་གྱིས་དངུལ་མ་བཟོ་ལབ་ཐུབ་ཙམ་གྱིས། བོད་ཆོས་ཆོས་བཤད་འགྲོ་དཀའ་བས་བཤད་པ་ཡིན། འགའ་ཤས་ལ་ཁ་ཕོག་སྣ་ཕོག་སོང་ཡང་སོང་། སྤྱི་དོན་འབའ་ཞིག་ཏུ་བསམ་ནས་ལབ་པ་ཡིན་ནོ།།
ངོ་སོ་དཀར་པོ་དགུང་ལ་བསྟོད། སྐྱེས་ཕོ་རབ་གནམ་གྱིས་སྲུངས། འདི་འདྲའི་སྐྱེས་བུ་དམ་པ་ཚོར་རྗེས་སུ་ཡི་རང་གིས་བརྩི་བཀུར་ཞུ་བར་འོས། ང་ཁོང་གི་སར་ཕར་བཅར་ནས་མཇལ་དུ་འགྲོ་ཐུབ་ས་མ་རེད་མོད། ཁོང་ང་སྡོད་སའི་ཡུལ་ལུང་འདིར་ཕེབས་སོང་ན་མཇལ་བཅར་ཞུ་བར་ཐེ་ཚོམ་མེད། འདི་ན་རང་གིས་མི་འཇོན། མིའི་འཇོན་ཐང་ལ་དམའ་འབེབས་མཁན་ཚོ་སྙིང་རླུང་གིས་གད་སོང་རུང་ཁོ་རང་ཚོའི་སྐྱོན་རེད།
བོད་རིགས་རྣམས་དད་པ་རྫོགས་ནས་རྫོགས་ཆེན། མགོ་སེར་རྣམས་དངུལ་རྫོགས་ན་རྫོགས་ཆེན། རྫོགས་ཆེན་པདྨ་ནི་མོས་གུས་དག་སྣང་རྫོགས་ནས་རྫོགས་ཆེན། དིང་སང་གི་རྫོགས་ཆེན་གྱི་ཆོས་འདི། རྙིང་ཆོས་ཡིན་ཟེར་ཡ་ཡང་། ངོ་ཚ་བའི་གནས་སུ་གྱུར་མི་འདུག་གམ། ལགས།
His Holiness འདི་ཡི་ཤུ་པོབ་ལ་མ་ཏོགས་མི་ཐོབ་པ་བདེན་ཡང་། ད་ལྟ་དིང་སང་ནི། ནང་ཆོས་ནང་ལ་ཧིས། ཧོ་ལི་ནེས་ཀྱིས། མང་པོ་ཁེངས་ནས་བསྡད་འདུག
སྔར་གྱི་བོད་མིའི་སྒྲིག་འཛུགས་ཀྱིས། ༸གོང་ས་མཆོག་ཉིད་ལ། ཧིས། ཧོ་ལི་ནེས་དང་། ༸རྒྱལ་བའི་ཡོངས་འཛིན་དང་། ཆོས་བརྒྱུད་གཞན་གྱི་དབུ་འཁྲིད་ཚོ་ལ། སྐྱབས་རྗེ་སྐྱབས་རྗེ་ཞེས། གཟེངས་བསྟོད་ཕུལ་བ་ལས། ཧིས། ཧོ་ལི་ནེས་ཞེས་མཙན་གྱིས་མི་བསྟོད་པ་འདྲ། ཡག་པོ་མི་ཤེས།
དཔེར་ན། ཨིན་སྐད་དུ། His Holiness The Dalai Lama and His Eminence (སྐྱབས་རྗེ་)Digo Khyentse Rinpoche.ལྟ་བུའོ།།
མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ལྷན་བགྲོ་གླེང་ཚོགས་པ། ཚོགས་པ་ནི། མིང་རྐྱང་དང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ལྷན་བགྲོ་གླེང་འཚོག་པ། འཚོག་པ་འདི། བྱ་ཚིག་གི་མིང་གཉིས་ཁྱད་པར་ཅུང་ཡོད་དགོས་སྙམ།
ཀ་རྡོ་ལེགས། ཐུགས་རྗེ་ཆེ། རྒྱལ་ཁབ་གཅིག་གི་ཆོས་རྗེ་ཆེ་ཤོས་གཅིག་ལས་མི་ཐོབ་པ་ཞིག་ཡིན་ཕྱིན། རང་རེའང་མགོ་མང་དུ་སོང་འདུག་པས། ད་ནས་བཟུང་ཆོས་རྒྱུན་རྣམས་ཀྱི་གཙོ་བོ་ཁག་ལ་H E འཇོག་པར་འབོད་བསྐུལ་ཞུ་དགོས་འདུག རྒྱལ་བ་དོན་གྱི་བདག་པོ་བཞུགས་བཞིན་ཁྲིམས་མེད་ལུགས་མེད་གཅིག་འོག་ལ་གཅིག་མི་འདུ་བ་ལྟ་བུ་གནང་མི་རུང་ངོ་། །མ་འོངས་པར་བསྟན་པ་སྤྱིའི་བདག་པོར་སུ་བཞུགས་ན་དེ་ལས་གཞན་དུ་མེད་པ་བྱས་ན་ལེགས། ཁྲིམས་དབུ་ནས་མི་བཤིག་པའི་གསོལ་བ་འདེབས་དགོས་པར་འདུག་གོ །ཆོས་རྒྱུན་ཁག་གི་དབུ་འཛིན་རྣམས་ལ་སོ་སོའི་ནང་ཁུལ་དུ་བླ་མའི་ཆེ་བསྟོད་རྫོགས་པའི་སངས་རྒྱས་སོགས་ཅི་བཏགས་ཀྱང་འོས་མོད། གཞུང་འབྲེལ། གསར་འགྱུར། ཕྱི་འབྲེལ་སོགས་ཡོངས་ཁྱབ་ཏུ་སྒྲིགས་གཞི་ཞིག་མེད་ཚེ་གཅིག་གིས་གཅིག་ལ་འགྲན་པ། ཆོས་ལུགས་གཙོ་བོ་ལ་ངོ་རྒོལ། རང་ཆེ་འདོན་པ་སོགས་བློ་དང་ལྡན་པ་ཀུན་གྱིས་སྨོད་པའི་ཡུལ་དུ་འགྱུར་ངེས་པའོ། །
བཅོས། ཆོས་ལུགས་ཀྱི་དབུ་ཁྲིད་གཙོ་བོ་ལ་ངོ་རྒོལ། རེད། དཔེར་ན། ངས། བོད་ཀྱི་སྲིད་སྐྱོང་དྲི་མེད་ཞེས་བྲིས་པ་ཡིན་ན། མི་མང་པོས་དཔྱད་པ་མེད་པར་དགག་པ་བྱེད་ངེས། ཞིབ་ཏུ་བསམ་ན། རིགས་བོད་པ་ཡིན་པ། རང་རིགས་ཀྱི་ཆོས་སྲིད་ཀྱང་རང་ནུས་ལ་དཔག་པའི་སྐྱོང་མཁན་ཞིག་ཡིན་ཞེས་འགྲེལ་ན་བརྡ་དག་གི་སྒོ་ནས་དགག་པ་བྱེད་མི་ཐུབ་ལ། དོན་གྱི་སྒོ་ནས་དེ་ལས་ཀྱང་མི་ཐུབ། འོན་ཀྱང་། འཇིག་རྟེན་མི་ཆོས། ཁྲིམས་ལུགས། ལོ་རྒྱུས་ཀྱི་གོ་དོན་ལ་གཞིག་པའི་དགག་པ་བྱེད་ཐུབ་ལ། ཚུལ་མཐོང་དངོས་དོན་དང་མི་འབྲེལ་བ་བཞིན་ནོ། །
ཧ་ཧ་ཧ། འབྲོག་པ་ཚོ་འདུལ་བའི་བསྐལ་བ་ལས། ད་ཆེན་པོ་ཆེན་པོ་ཞིག་ཨེ་ཡོད་ད། ༼ཆོས་ཁྲིམས་ཡང་དགོས་ནི་རེད། རྩ་བ་བརྟན་དགོས་ནི་རེད།༽ ཡར་ལུང་ནས་ཡར་ལུང་ལ་བསྟུན་པའི་ཆོས་བཤད། མར་ལུང་ནས་མར་ལུང་ལ་བསྟུན་པའི་ཆོས་བཤད་ཀི་ཡིན་ཟེར་ན། མགོ་བདེ་མོ་དང་རྒྱུ་རྨི་ལམ་ལས་མི་འདུག། བླ་མ་མེད་ན་ཐར་བ་མེད། ཧ་ཧ་ཧ། འབུལ་བ་མེད་ན་སློབ་ཁྲིད་མེད། ཧ་ཧ་ཧ། ད་ལྟ་གཞུང་ལུགས་མེད་པའི་ལྟས་ཚོད་གོ་ཚོད་ཙམ་རེ་ཡིས་ཕྱི་རྒྱལ་གླེང་གི་ཡིན་ཟེར་ན། ད་ལྟ་ཡོད་ཚད་གཟུགས་ཐོག་ན་ཡོད་པས། སྔར་དང་མི་འདྲ། ངོ་ཚ་ཉོས་ཡོང་། མཁན་པོ་ལགས། གནས་ལུགས་བཤད་ས་ནས་རིག་འཕྲུལ་ལ་བློ་བཅོལ་མི་ཉན། འདི་ངའི་ཁ་བརྡ་ཡིན། བཀྲ་ཤིས་བདེ་ལེགས།
ཀ་རྡོ་ལེགས། ཉིད་ཀྱིས། ཨིན་སྐད་དུ། His Holiness The Dalai Lama and His Eminence (སྐྱབས་རྗེ་)Digo Khyentse Rinpoche.ལྟ་བུའོ། ། ཕྱི་མ། H.H ་དང་ H.E,འདི་གཉིས་ཀྱི་དོན་དང་བཀོལ་སྤྱོད་བྱེད་སར་ཁྱད་པར་ཅི་ཡོད། །
དྲི་མེད་ལྷག་བསམ་ལགས། ཁྱེད་ཀྱིས་ཀ་རྡོ་དྲི་བ་བཏོན་པའི་གནས་སྐབས་དེར་ཀ་རྡོས་ཁྱེད་ལ་ལན་དྲང་པོར་འདེབས་གི་མི་འདུག རྒྱུ་མཚན་དེ་ཀ་རྡོའི་སེམས་སུ་ཁྱེད་ཀྱིས་His Holiness འམ་H.H.ཟེར་བའི་ཆེ་བསྟོད་འདི་ཚུལ་ཁྲིམས་བློ་གྲོས་ལ་སྦྱར་ཡོང་ས་རེད་བསམ་ནས་ཞེད་ཀྱིན་ཡོད་པ་འདྲ། ཀུ་རེ་ཡིན་ལགས། ངའི་གོ་ཚོད་ལྟར་ན། His HolinessའམH.H.ཟེར་བའི་ཆེ་བསྟོད་ཀྱི་མཚན་འདི་ཐོག་མར་རོ་མན་ཁེ་ཐོ་ལིག་གི་ཆོས་ལུགས་ཀྱི་དབུ་འཛིན་པོབ་ལ་སྦྱར་བ་དང་། དེ་ནས་རྒུ་རིག་ཡེ་ཤུའི་འཁྲེགས་འཛིན་ཆོས་བརྒྱུད་ཀྱི་འབུ་འཛིན་ཚོ་ལ་སྦྱར་སྲོལ་དར་ཡོད་པ་སྟེ་མདོར་ན་ཆོས་ལུགས་ཤིག་གི་དབུ་ཁྲིད་ལ་སྦྱར་སྲོལ་ཡོད་པ་དང་། དེ་ནས་རིམ་གྱིས་ནང་པས་ཀྱང་བེད་སྤྱད་ནས་ཏཱ་ལའི་བླ་མ་སོགས་ཀྱི་མཚན་དབུར་སྦྱར་སྲོལ་ཡོད་མོད་ཤྲི་ལངྑ་སོགས་ཀྱི་ནང་བསྟན་པའི་བླ་མ་ཚོའི་མཚན་དབུར་མིང་ཚིག་དེ་བེད་སྤྱོད་བྱེད་སྲོལ་མི་འདུག H.E.འམ་His Eminenceཟེར་བ་འདི་རོ་མན་ཁེ་ཐོ་ལིག་གི་བླ་ཅེན་པོབ་ཀྱི་འོག་ཏུ་ཡོད་པའི་དགོན་སྡེའི་དབུ་འཛིན་ཚོའི་མིང་མགོར་སྦྱར་སྲོལ་ཡོད་པ་ཞིག་རེད། མདོར་ན་མིང་ཚིག་འདི་གཉིས་ཀའི་འབྱུང་ཁུངས་ནི་རོ་མན་ཁེ་ཐོ་ལིག་ཡིན་པ་འདྲ། རང་རེ་བོད་མིས་བླ་མ་ཚོར་མིང་ཚིག་འདི་གཉིས་སྦྱོར་གྱིན་འདུག་མོད་བླ་ཆེན་ལ་ལས་མི་དགྱེས་པ་ཡང་མཛད་ཀྱིན་འདུག དཔེར་ན། རྒྱལ་དབང་འབྲུག་པས་ཁོང་ལ་མིང་ཚིག་འདི་གཉིས་ཀ་སྦྱར་མི་དགོས་གསུངས་པ་ཁོང་གི་དྲ་རྒྱར་བྲིས་འདུག ཁོང་ལ་བོད་རང་གི་ཆེ་བསྟོད་’རྒྱལ་དབང་’ཟེར་བའི་ལོ་རྒྱུས་རང་བཞིན་གྱི་ཆེ་བསྟོད་འདིས་འགྲིགས། His Holinessཟེར་བ་ལྟ་བུ་མ་སྦྱར་རོགས་གསུངས་འདུག ལྷོ་དང་ཤར་ལྷོའི་གནས་བསྟན་སྡེ་བའི་ལུགས་ཀྱི་བླ་མ་ཚོའི་མཚན་དབྱིན་ཡིག་དུ་འབྲི་སྐབས་སུ་Vanerable ཟེར་བ་ཙམ་མ་གཏོགས་His Holiness དང་His Eminence ཟེར་བ་དེ་རིགས་འབྲི་སྲོལ་མཐོང་མ་སོང་། ཆེ་བསྟོད་འདི་རོ་མན་ཁེ་ཐོ་ལིག་གི་ཆབ་སྲིད་ཀྱི་གྲལ་རིམ་མཚོན་པའི་ཐ་སྙད་ཅིག་ཡིན་སྟབས་རང་རེ་ནང་པ་སངས་རྒྱས་པའི་དགེ་འདུན་པའི་སྡེའི་གོ་རིམ་ལ་སྦྱར་སྐབས་སུ་ར་མགོ་ལུག་སྦྱར་ལྟ་བུར་མཐོང་བ་ནི་ཁོ་བོའི་རྨོངས་འཆར་རོ།།
༸གོང་ས་མཆོག སྐུ་མདུན། ཡིད་བཞིན་ནོར་བུ། རྒྱལ་དབང་། རྒྱལ་མཆོག རྡོ་རྗེ་འཆང་། རྩ་བའི་བླ་མ། བརྒྱུད་པའི་བླ་མ། རྣལ་འབྱོར་པ། རྣལ་འབྱོར་མ། སྐྱབས་རྗེ། མཁན་པོ། སློབ་དཔོན། བླ་མ། རིན་པོ་ཆེ། དགེ་བཤེས། རབ་འབྱམས་པ། ཆོས་དགེ དགེ་རྒན་ཆེན་མོ། དགེ་རྒན། སྲོབ་འཁྲིད་པ། འདི་ཚང་མ་གཞན་མོ་སེར་ལ་བསླབ་མ་ཐུབ་པར། ཡི་ཤུ་ཆོས་དཔོན་གྱི་མཚན་གནས་འཕྲོག་པ་མ་རེད་དམ། ཧཧ། ལགས།
དྲི་མེད་ལགས་ཀྱི་དྲི་བར། སྤོབས་མཐས་གསུངས་ཟིན་འདུག་པས་ལན་འབྲི་རྒྱུ་བཞག་པ་ཡིན། ང་ཚོའི་བོད་དགོན་ལ། ཡི་ཤུ་ཡི་ཅར་ཆ་ལབ་ན་མི་དད་པ་བཞིན་དུ། HH དང་ HE གཉིས་ཀྱང་མི་དགོས་ན། མི་དགོས་པར། སོས་སོའི་རང་ལུགས་ལྟར་ཆེ་བསྟོད་བྱས་མི་ལེགས་སམ་སྙམ་ལགས།
བོད་པ་ཡོངས་ལ་མཚོན་ན་དབུ་འདྲེན་དམ་པ་གཅིག་འདེམས་རོགས། ཡིན་ན་ཡང་སྤྱི་ཁྱབ་རྒྱལ་ཁབ་ལ་མིང་བེད་སྤྱོད་དུས་His Holiness གཅིག་སྒྱུར་གནང་ནས་༧གོང་ས་མཆོག་ཁོ་ལ་སྦྱར་རོགས།༧གོང་ས་མཆོག་གི་བདག་དབང་ཞིག་ཡིན།H.H.ཟེར་བའི་ཆེ་བསྟོད་འདི་ཚུལ་ཁྲིམས་བློ་གྲོས་ལ་མ་སྦྱར་བ་ཁོ་ཚོས་མ་ཤེས་ནས་མ་རེད། རྣམ་དཔྱོད་ལྡན་པ་འདི་རིགས་ཀྱིས་བོད་སྲོལ་དང་མིག་རྒྱང་རིང་བོས་ཕྱག་ལས་གནང་བ་རེད། དངུལ་དང་སྒེར་རྩོད་མ་གཏོགས་མེད་པ་ཚོས་འདི་ཁོ་ན་His HolinessའམH.H.ཟེར་ཀི་རེད། ཆེ་བསྟོད་ཀྱི་མིང་འདི་འབྱུང་ཁུངས་ཡག་པོ་ཞིག་ཅི་མ་རེད། ལྷ་རིགས་དམར་མཆོད་རིང་ལུགས་པས་བེད་སྤྱོད་ནས་ན་ཆུང་མང་པོ་མེ་མཆོད་གཏོང་བའི་ལོ་རྒྱུས་གསར་བོ་རེད། ཡིན་ན་ཡང་རྗེས་སུ་ཆོས་ལུགས་དབུ་འཛིན་པ་ཡོངས་ནས་བེད་སྤྱོད་དུ་བྱས་འདུག་ད་ཡིན་ན་བོད་པ་ཚོས་ཐལ་ཆེ་ནས་རྐུན་མ་དང་ཇག་པའི་དཔོན་པོ་ཚོ་ལ་སྦྱར་ཡོང་གི་འདུག དེ་ངེས་པར་ཆིག་སྒྲིལ་མེད་པ་དང་མཐུན་སྒྲིལ་ནང་རུལ་དུ་གཏོང་བར་གོར་མ་ཆགས། དེས་ན་༡༩༧༧ལོར་༧སྐྱབས་རྗེ་བསོད་རྒྱལ་རིན་པོ་ཆེས་༧གོང་ས་མཆོག་མ་གཏོགས་འདི་སྦྱར་ན་བོད་ཡུལ་རྒྱལ་བསྟན་ཡོངས་རྫོགས་ཀྱི་དབུ་ཁྲིད་ལ་ཐོབ་ཤ་རྩོད་པ་ཡིན་པས་ཚོང་མས་བེད་མི་སྤྱོད་པའི་འབོད་སྐུལ་གནང་འདུག ཡིད་མ་ཆེས་ན་རིག་པ་ཆོས་ཚོགས་ཀྱི་དྲ་རྒྱ་དང་ལོ་ཐོའི་མཚན་བྱང་ལ་གཟིགས་དང་གསལ་བོ་རེད། འདི་ནི་མཁས་དབང་སྤོབས་པ་མཆོག་གིས་གསུངས་བཞིན་དུ་སྔོན་མཚན་འདི་ཐོག་མར་རོ་མན་ཁེ་ཐོ་ལིག་གི་ཆོས་ལུགས་ཀྱི་དབུ་འཛིན་པོབ་ལ་སྦྱར་བ་དང་། དེ་ནས་རྒུ་རིག་ཡེ་ཤུའི་འཁྲེགས་འཛིན་ཆོས་བརྒྱུད་ཀྱི་འབུ་འཛིན་ཚོ་ལ་སྦྱར་སྲོལ་དར་ཡོད་པ་སྟེ་མདོར་ན་ཆོས་ལུགས་ཤིག་གི་དབུ་ཁྲིད་ལ་སྦྱར་སྲོལ་ཡོད་པ་དང་། དེ་ནས་རིམ་གྱིས་ནང་པས་ཀྱང་བེད་སྤྱད་ནས་ཏཱ་ལའི་བླ་མ་སོགས་ཀྱི་མཚན་དབུར་སྦྱར་སྲོལ་ཡོད་མོད་ཤྲི་ལངྑ་སོགས་ཀྱི་ནང་བསྟན་པའི་བླ་མ་ཚོའི་མཚན་དབུར་མིང་ཚིག་དེ་བེད་སྤྱོད་བྱེད་སྲོལ་མི་འདུག H.E.འམ་His Eminenceཟེར་བ་འདི་རོ་མན་ཁེ་ཐོ་ལིག་གི་བླ་ཅེན་པོབ་ཀྱི་འོག་ཏུ་ཡོད་པའི་དགོན་སྡེའི་དབུ་འཛིན་ཚོའི་མིང་མགོར་སྦྱར་སྲོལ་ཡོད་པ་ཞིག་རེད། མདོར་ན་མིང་ཚིག་འདི་གཉིས་ཀའི་འབྱུང་ཁུངས་ནི་རོ་མན་ཁེ་ཐོ་ལིག་ཡིན་པ་འདྲ། རང་རེ་བོད་མིས་བླ་མ་ཚོར་མིང་ཚིག་འདི་གཉིས་སྦྱོར་གྱིན་འདུག་མོད་བླ་ཆེན་ལ་ལས་མི་དགྱེས་པ་ཡང་མཛད་ཀྱིན་འདུག དཔེར་ན། རྒྱལ་དབང་འབྲུག་པས་ཁོང་ལ་མིང་ཚིག་འདི་གཉིས་ཀ་སྦྱར་མི་དགོས་གསུངས་པ་ཁོང་གི་དྲ་རྒྱར་བྲིས་འདུག ཁོང་ལ་བོད་རང་གི་ཆེ་བསྟོད་’རྒྱལ་དབང་’ཟེར་བའི་ལོ་རྒྱུས་རང་བཞིན་གྱི་ཆེ་བསྟོད་འདིས་འགྲིགས། His Holinessཟེར་བ་ལྟ་བུ་མ་སྦྱར་རོགས་གསུངས་འདུག ལྷོ་དང་ཤར་ལྷོའི་གནས་བསྟན་སྡེ་བའི་ལུགས་ཀྱི་བླ་མ་ཚོའི་མཚན་དབྱིན་ཡིག་དུ་འབྲི་སྐབས་སུ་Vanerable ཟེར་བ་ཙམ་མ་གཏོགས་His Holiness དང་His Eminence ཟེར་བ་དེ་རིགས་འབྲི་སྲོལ་མཐོང་མ་སོང་། ཆེ་བསྟོད་འདི་རོ་མན་ཁེ་ཐོ་ལིག་གི་ཆབ་སྲིད་ཀྱི་གྲལ་རིམ་མཚོན་པའི་ཐ་སྙད་ཅིག་ཡིན་སྟབས་རང་རེ་ནང་པ་སངས་རྒྱས་པའི་དགེ་འདུན་པའི་སྡེའི་གོ་རིམ་ལ་སྦྱར་སྐབས་སུ་ར་མགོ་ལུག་སྦྱར་ལྟ་བུར་མཐོང་བ་ནི་ཁོ་བོའི་རྨོངས་འཆར་རོ།།ཞེས་པ་ཤིན་ཏུ་རྨད་དོ། དེས་ན་མགོ་ཀརྨ་དམར་ནག་དང་ས་སྐྱ་དང་བོན་དང་ཇོ་ནང་སོགས་བོད་པའི་ཆོས་ལུགས་འཛིན་པ་ཡོངས་ནས་ཆིག་སྒྲིལ་དགོས་ན་སྐྱབས་རྗེ་བསོད་རྒྱལ་རིན་པོ་ཆེས་རྗེས་སུ་འདྲོངས་ན་ཡག་པོ་རེད་དྲན་ནོ། གང་ཡིན་ན་ཁོང་གིས་ལག་ལེན་དུ་སྟབས་འདུག དེ་མིན་ནམ་ཞིག་ཁྱི་དང་བྱི་ལ་ལ་ཡང་མིང་འདི་འདོགས་ནས་བེད་སྤྱོད་གཏོང་ནས་ཚོང་ལས་སྤེལ་བའི་ཉེན་ཁ་འདུག དཔེར་ན་སློབ་གྲྭར་འགྲིམས་མེད་ན་ཡང་སློབ་ཆེན་དགེ་རྒན་གྱི་དཔུང་ཡིག་རྫུན་མ་དང་ཆོས་ལུགས་ནང་དཀྲུགས་མཁན་ལ་ངོས་ལེན་ཐོབ་ནས་སྤྲུལ་བརྟགས་རྫུན་མའི་ལོ་རྒྱུས་བདེན་པ་འཛིན་པ་ནང་བཞིན་ཡིན་པས་དུས་གཉེན་ཞིག་ལ་ཁེལ་ཡོད་དོ། །
དཔྱོད་ལྡན་གཟུར་གནས་་སྤོབས་པ་མཐའ་ཡས་དང་། སྙིང་སྟོབས་ཆེན་པོ་རྫོགས་ཆེན་པདྨ་གཉིས་ཀྱིས་ཞིབ་གསལ་གསུངས་པར་ཐུགས་རྗེ་ཆེ་ཞུ། ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་དབྱིན་ཡིག་ནས་ཆེ་བསྟོད་ཅི་འདྲ་དགོས་སྙམ་ནས་དྲིས་པ་ཡིན། ཁྱོད་ཅག་གིས་གསུང་པ་ལ་གཞིག་ན། དུས་དང་། སྲོལ་རྒྱུན། ཁྲིམས་དང་ཆོས་ལུགས། ཕྱི་ནང་གང་ནས་བལྟས་ཀྱང་འོས་ཤིང་འཚམས་པ་ཞིག་མ་་མཐོང་པས་ཡེ་ཤུའི་ཐོབ་ཏེ་རང་རེས་བཞག་ན་ལེགས་སོ། །
དཔྱོད་ལྡན་ཀ་རྡོ་ལེགས། ཐུགས་རྗེ་ཆེ། ཉིད་ཀྱིས། ༼ང་ཚོའི་བོད་དགོན་ལ། ཡི་ཤུ་ཡི་ཅར་ཆ་ལབ་ན་མི་དད་པ་བཞིན་དུ། HH དང་ HE གཉིས་ཀྱང་མི་དགོས་ན། མི་དགོས་པར། སོས་སོའི་རང་ལུགས་ལྟར་ཆེ་བསྟོད་བྱས་མི་ལེགས་སམ་སྙམ་ལགས།༽མངོན་པར་བསྟོད། འོན་ཀྱང་གཞུང་འབྲེལ་དང་གསར་ཤོག་སོགས་སྤྱི་ལ་ཆེ་སྟོད་དེའང་སྒྲིག་ལམ་ཡོད་པ་འཚམས་པ་ཞིག་བྱེད་དགོས་སྙམ་མོ། །དེ་མ་ཡིན་ན་བསོད་རྒྱལ་རིན་པོ་ཆེས་གསུང་པ་བཞིན་དབུ་འཛིན་ཐོབ་ཤ་རྩོད་པའི་རྣམ་པར་འགྱུར་རོ། །
བོད་པའི་བླ་དཔོན་ཚོའི་བདག་འཛིན་དེ་ནི་ཧང་སང་ཡ་འདྲ་ཞིག་རེད། མིང་ཚིག་སྐམ་པོ་ཞིག་གི་བདག་དབང་བརྩད་སྟངས་ལ་བལྟས་ན་བདག་འཛིན་སྤང་བྱ་མིན་པར་ཉམས་སུ་ལེན་བྱ་ཡིན་པར་འདྲ།་་་་ཧཧཧ ཆོས་པ་རང་རེད།
དེང་སང་ཚུལ་ཁྲིམས་བློ་གྲོས་སྐད་གསེང་མཐོན་པོ་དང་ཞེ་སྣང་ཅི་ཡང་མེད་པའི་ཐོག་ནས་ཕྱི་རྒྱལ་བཙན་བྱོལ་ནང་དུ་ཡོང་ནས་འཛེམ་དོག་མེད་པར་ཅིག་བཤད་བཞིན་པ་འདི་ནི། རྒྱ་གཞུང་གིས་དམིགས་ཡུལ་ཟབ་མོ་ཡོད་པའི་བསམ་བློ་དམག་འཐབ་ཅིག་བཙན་བྱོལ་ལ་ཁ་གཏོད་ཀི་ཡོད་པ་དེ་རེད།
ག་རེ་ཞིག་ལབ་ཀྱི་ཡོད། His Holinessནི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སྦྱར་ཆོག་ད་ཆོག ཁོང་ནི་རྒྱ་བོད་གཉིས་ཀྱི་རྣམ་འདྲེན་ངོ་མ་དེ་རེད། དད་ལྡན་དུང་ཕྱུར་བརྒལ་པ་ཡོག་རེད། ནུབ་བླ་ཚོར་དད་ལྡན་དེ་འདྲ་མང་པོ་ཡོག་མ་རེད་ལ། གྲངས་འབོར་གྱི་ཆ་ནས་ཀྱང་གསལ་པོ་ཆགས་ཡོད།
ལྷ་མོ་ཚང་ཡང་སྐེ་འཁྱོགས་སོང་ཡ། ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཕེབས་ནས་སློབ་གྲྭ་དང་སློབ་ཆེན་ཁག་ལ་བགྲོ་གླེང་གནང་ནས་ལོ་བཞི་ལྷག་འགྲོ་གི་འདུག རྒྱ་གཞུང་དང་བོད་གཞུང་གང་ལ་འབྲེལ་བ་མེད་པར་མ་ཚད་སྤོས་སྣ་དང་རྒྱག་གླིང་འབུད་ནས་བསུ་འཁན་མེད་རུང་གྲྭ་རྐྱང་བཅོས་མ་ཞིག་འགྲོ་ཁམས་བདེན་པའི་ཆོས་ལ་བཀོད་པའི་ཕྲིན་ལས་ལ་མིག་ཚ་མཆིན་པ་གཟེར་རུང་ལས་འབྲས་འགལ་བའི་རང་སྐྱོན་རེད། xxxxx མིག་ཡོད་བཞིན་དུ་མ་མཐོང་ཁུལ་མ་བྱེད་ལོ། བུ་མོ་ཆུང་ཆུང་།
ང་ཅུང་ཟད་བློ་ཕམ་དགོས་པ་ཅིག་ནི། མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གི་རྣམ་འགྱུར་ལ་བལྟས་ན། བོད་བཞུགས་བོད་མི་རྣམས་ལ། རང་བཙན་དང་ཕར་ཞོགས། གཉིས་སྨན་དབུ་མའི་ལམ་ཡང་དགོས་བགྱིད་ཨ་ཡོད་སྙམ་པ་བྱུང་་སོང་བས། དཔྱད་པར་བྱའོ།།
ཚུལ་མིན་ལས་ལ་དགའ་བའི་གངས་ཅན་ཞིང་། །ཁྲིམས་སྲོལ་དགེ་བ་བཅུ་ཡི་ཆར་རྒྱུན་གྱིས།། བློ་རྨོངས་འབར་ཤ་ཅན་གྱི་ཞིང་ས་རུ།། གྲོས་འདེབས་མཁས་པ་འདི་འདྲ་ཉིན་སྐར་ཙམ།། ཁ་བཤད་ལག་དུ་ལེན་པའི་ཁམས་པའི་གདུང་།། རང་གི་རིགས་ལ་འཁྲེན་པའི་མདོ་སྨད་རིགས།། ཀུན་ཡངས་ཤེས་རྒྱ་ཆེ་བའི་དབུས་ཀྱི་བུ།། ཚུལ་ཁྲིམས་བློ་གྲོས་ཆོལ་གསུམ་བུ་མཆོག་ཡིན།། སྐྱེ་འཕྲེང་སྒྲུག་གཏམ་སྙན་པའི་འུར་བརྗོད་བྲལ།། རང་འདོད་ཕུགས་སུ་གཉེར་བའི་དཔོན་ས་དབེན།། ཚུལ་བཞིན་ལམ་བཟང་གཤེགས་པའི་ལག་རྗེས་སུ།། ཚུལ་ཁྲིམས་བློ་གྲོས་གྲགས་སྙན་རྔ་གསང་ལྡིར།།
རྫོགས་ཆེན་པདྨ་ལགས། ཁྱེད་གསུང་རྩོམ་སིགས་སྙན་ཆ་ཤིན་ཏུ་ཡག་འདུག མ་ཟད་ག་དུས་ཡིན་ནའང་མཁན་ཆེན་ཚུལ་བློ་མཆོག་ལ་བསྟོད་བསྔགས་ལ་ཧ་ཅང་ཡི་རང་དང་གུས་བསུ་ཡོད། ཡིན་ནའང་དེང་སང་དུས་ཚོད་ཤིན་ཏུ་གཉན་འཕྲང་གི་དུས་ཚོད་ཡིན་པ་དང་། མཁན་ཚུལ་བློ་ལའང་དངོས་ཤུགས་རྒྱུད་གསུམ་ནས་རྒྱལ་ཕྱི་ནང་ནས་ལ་ལས་དམར་པོའི་་སྲིད་གཞུང་ལ་གཡོ་རྒྱུས་ལྐོག་བཤད་སོགས་བྱས་ཚུལ་ཞིག་འདུག་པས་ཤིན་ཏུ་ཐབས་སྡུག་པོ་འདི་འངྲ་ཡིན། རེ་ཞིག་སྐུ་ཉིད་ཀྱིས་མཁན་ཆེན་མཚོག་ལ་བསྟོད་པ་གསུང་རྩོམ་གཞན་ངོ་ལ་བསྟུན་ནས་གནང་ན་དགའ་ས་འདུག ཁྱེད་ཀྱི་ངོར་མཁན་ཆེན་མཆོག་ལ་ཇི་ལྟར་བསྟོད་ནའང་འོས་པ་ཡིན། མ་ཟད་ས྄ུ་ཉིད་རང་དབང་ཡིན། འོན་ཀྱང་ཀུན་མཁྱེན་ཞུས་ཡག་ལྟ་བུ་ཚིག་དེ་འངྲ་རེ་ཞིག་སྙོམ་པར་འཇོག་ན་རེ་ཞུ་ཡིན། ཁོང་ལྟ་བུ་མཁས་བཙུན་བཟང་གསུམ་ཅན་ལ་བསྟོད་པ་ཅི་ཙམ་ཞུས་ནའང་མ་འོས་པ་ག་ལ་ཡིན་ཏེ། དེང་སང་གཡུ་སྒྱུ་ཁྲམ་གསུམ་ཅན་ལ་ལས་ལོག་འགྲེལ་སོགས་ཉེན་ཆེ་བས་དགོངས་ལམ་ཞུ་ཡག་ཡིན།
ཡང་ཁ་ཅིག་གིས་མཁན་ཆེན་མཆོག་ནག་པོ་ཞིག་བཟོ་བ་ལ་ཐབས་ཅི་དྲག་གང་དྲག་གི་བསམ་ངན་ཕྱིར་མངོན་པའི་རྣམ་འགྱུར་སྐྱུགས་བྲོ་བ་རེ་ཡང་རིམ་བཞིན་མངོན་ཡོང་གིན་མི་འདུག་གམ།
xxxxxxx ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་ནི་ངེས་དོན་གྱི་སྐྱབས་མགོན། ཚད་ལྡན་གྱི་བླ་མ། མཁྱེན་ལྡན་གྱི་ཀུན་མཁྱེན་མཚན་ཉིད་དང་ལྡན་ཞིག་རེད། ཁྱོད་ཚོས་མིང་ཆེན་བེད་སྤྱོད་བཏངས་པ་ལྟ་བུ་མ་ཡིན་པར་ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་དགེ་འདུན་པ་ཁྲི་ཕྲག་ལྔ་བཅུར་ཚོགས་པར་གསུངས་པའི་གསུངས་དྲི་མ་མེད་པ་ཞིག་དང་ཚུལ་ཁྲིམས་བློ་གྲོས་ཉིད་ལ་ཇི་བཞིན་ལྡན་པས་དྲ་ཞབས་པ་བདག་གིས་རང་དབང་གིས་ཞུས་པར་ལགས་སོ།། xxxx
མཁན་ཆེན་ཁེར་འགྲོ་པདྨ་འབྱུང་གནས་འདྲ། སུ་ལ་མི་རེ་སུ་ཡིས་སྲུང་དགོས་མེད། ཟབ་མོའི་གཏམ་གྱིས་མི་རྣམས་མགུ་བྱེད་པ། སྐྱེ་བོ་དམ་པ་ཞིག་གི་སྤྱོད་ཚུལ་ཡིན། His Holiness རྩ་ནས་མ་རྩོད་རོགས། བདག་མེད་རྟོགས་པའི་བླ་མའི་འཇིག་རྟེན་དུ། བདག་མེད་མཁན་པོ་གཅིག་ལ་སྡང་དོན་ཅི། ཚད་མས་དཔྱད་ན་གདོང་པ་མི་ཚའམ། དད་ལྡན་བོད་པ་གཙོའམ་ཁ་གྲངས་གཙོ། གྲངས་ཀྱི་དབུ་ལ་འགྱིངས་ཀྱང་རང་གི་བླ། མགོ་ནག་བོད་ནང་འཐིམས་པའི་ལས་ཀྱི་མཐུ། ཤི་ཡང་གསོན་ཡང་འབྲལ་མེད་གཤེད་དུ་ངེས།
མཁན་མཁྱེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་ཕྱི་དགྲ་གཟུགས་ཅན་ལག་གི་བསྡར་བ། ནང་དགྲ་གཟུགས་མེད་གཡོ་སྒྱུས་སྐོར་བ་ལས་རྒྱལ་ཏེ། སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་ཞུ།།
# 7 ཏི་སི།་ལགས་ཀྱིས་མཆན་བཏབ་པ།: May 9th, 2015 at 12:17 AM ཀུན་གྱིས་དད་གུས་ཞུ་སའི་བཤེས་གཉེན་མཆོག ཀུན་ལ་མཁས་བཙུན་གྲགས་པའི་མཁན་མཁྱེན་མཆོག ཀུན་གྱི་འཛམ་གླིང་གྲགས་པའི་ཨ་རིའི་ཡུལ།། ཀུན་ལ་ཆོས་རིག་བསླབས་ཅིང་དད་གུས་ཕེལ།། ཁྱེད་ཀྱི་མཚན་སྙན་ཐོས་ཀྱང་ལོ་མང་འདས།། ཁྱེད་ཀྱི་བརྙན་པར་མཇལ་བའི་ལོ་མང་འདས།། ཁྱེད་ཀྱི་རྣམ་ཐར་ཤེས་ཏེ་ལོ་མང་འདས།། ཁྱེད་ཀྱི་ཞལ་དངོས་མཇལ་བའི་ད་རེས་ཙམ།། ང་ལ་དབུལ་རྒྱུ་མེད་ཀྱང་མཇལ་སྙིང་འདོད།། ང་ལ་ཉམས་རྟོགས་མེད་ཀྱང་གསུང་ཐོས་མོས།། ང་ལ་དད་གུས་དྲོན་མོ་དམར་རྒྱན་དེ།། ང་ཡིས་དེ་རིང་གུས་ཕྱག་ཕུལ་རྒྱུར་སྤྲོ།།
ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་རྒྱལ། ཀུན་མཁྱེན་ལེགས།། ངོ་མཚར་ཆེ། ཀུན་མཁྱེན་ཉི་མ་རིན་པོ་ཆེ།། ཁྱེད་མེད་ན་འཇིག་རྟེན་མུན་པ་རེད།། ཀུན་མཁྱེན་ལེགས།། ངོ་མཚར་ཆེ། ཀུན་མཁྱེན་ཟླ་བ་རིན་པོ་ཆེ།། ཁྱེད་མེད་ན་འཛམ་གླིང་མཚན་ནག་རེད།། ཀུན་མཁྱེན་ལེགས།། ངོ་མཚར་ཆེ། ཀུན་མཁྱེན་རྒྱུ་སྐར་རིན་པོ་ཆེ།། ཁྱེད་མེད་ན་ནམ་མཁའ་སྟོང་པ་རེད།། ཀུན་མཁྱེན་ལེགས།། ངོ་མཚར་ཆེ། ཀུན་མཁྱེན་བླ་མ་རིན་པོ་ཆེ།། ཁྱེད་མེད་ན་བོད་ཡུལ་མགོན་མེད་རེད།། ཀུན་མཁྱེན་ལེགས།། ངོ་མཚར་ཆེ། ཀུན་མཁྱེན་ཀུན་ནས་རྒྱལ་གྱུར་ཅིག། ཀུན་ཕན་བླ་མའི་ཞབས་པད་བརྟན་པར་ཤོག། ཀུན་བཟང་རྫོགས་ལྡན་དང་པོ་ཁྱོད་ཀྱིས་བསུས།། ཀུན་མཁྱེན་ལེགས། ངོ་མཚར་ཆེ། རྫོགས་ཆེན་པདྨས་སོ།
༄༅།།རྡོ་གྲུབ་རྒན་གྱི་ལུང་བསྟན་ཚིག་རྐང་བདུན་གྱི་དོན་ གསལ་བྱེད་སྒྲོན་མེའི་འོད་སྣང་། ན་མོ་གུ་རུ་ཨ་བྷྱ་ལཀྵཾ་ཀ་ར་ཡེ། གསེར་རྔ་དམ་ལྷ་ཡི་བླ་ལུང་དུ།། དཔལ་ཨོ་རྒྱན་གྱི་སྤྲུལ་པ་འཇིགས་མེད་མཚན།། འཁོར་རྣམ་བཞིའི་བྱང་སེམས་སྡེ་ཚོགས་ལ།། ཆོས་མདོ་སྔགས་ཀྱི་བསྟན་པ་ཉི་བཞིན་གསལ།། ཁོང་འགྲོ་དོན་ས་བརྟན་སྤོ་ལ་རེག།། འཁོར་དག་པའི་གདུལ་བྱ་ཕྱོགས་བཅུར་ཁྱབ།། དེར་འབྲེལ་ཀུན་བདེ་ཆེན་ས་ལ་འགོད།། ཅེས་བགྲང་བྱ་བརྒྱ་ཕྲག་ལྷག་གི་གོང་རོལ་ནས་ཕེབས་པའི་རྡོ་གྲུབ་ཀུན་བཟང་གཞན་ཕན་ཞེས་དུས་གསུམ་སྒྲིབ་མེད་གཟིགས་པ་གང་གི་མ་འོང་ལུང་བསྟན་ཚིག་རྐང་བདུན་པོ་འདི་ཞལ་ཤིན་ཏུ་གསལ་བས་འགྲེལ་བཤད་མ་བྱས་ཀྱང་གཞན་སུ་ལའང་འཁྲུལ་ས་མེད་པ་གོ་སླ་མོད། ཁ་ཅིག་གིས་ངག་ཐོག་ནས་ལུང་ཚིག་བསྐྱར་ཟློས་ལྟ་བུར་བྱས་ཀྱང་དོན་གསལ་བོར་ངེས་མེད་མཁན་ཡང་ཡོད་པར་སྣང་བས་དེ་དག་གི་སླད་དུ་རང་བློས་དཔོག་ཚུལ་ཅུང་ཙམ་བཀྲལ་ན། འདི་ནི་བདག་ཅག་གི་བླ་མ་དམ་པ་ཉིད་ལུང་གིས་ཟིན་པ་ཡིན་པར་གསལ་བོར་ངེས་ནུས་ཏེ། ཚིག་རྐང་དང་པོས། གནས་ཕུན་སུམ་ཚོགས་པ་གསེར༵་ཁོག་གི་རྔ༵་ལ་སྟག་རྩེ་དང་། དམ༵་ཅན་གནས་རི་གཉིས་ཀྱི་བར་དུ་ཆགས་པ་གནས་བདག་འཛི་ཆེན་ཤིང་གི་ལྷ༵་མོས་བདག་གིར་བྱས་པའི་ས་ཡི༵་ཆ་གསེར་ཐང་བླ༵་རུང་གི་ལུང༵་པ་དངོས་སུ་བསྟན། ཚིག་རྐང་གཉིས་པས། སྟོན་པ་ཕུན་སུམ་ཚོགས་པ་དཔལ༵་ཨོ༵་རྒྱན༵་གྱི༵་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྲུལ༵་པ༵་༸ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས༵་མེད༵་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་ཞེས་མཚན༵་སྙན་གྱི་ཅོད་པན་ས་གསུམ་ན་མངོན་པར་གཡོ་བའི་མགོན་དེ་གསལ་བར་བསྟན། ཚིག་རྐང་གསུམ་པས། འཁོར་ཕུན་སུམ་ཚོགས་པ་སྟོད་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་བའི་འདུས་སྡེ་དང་། བར་བདུད་ལས་རྣམ་རྒྱལ་གླིང་དང་པདྨ་མཁའ་འགྲོའི་འདུ་གླིང་གི་འདུས་སྡེ། སྨད་ལེགས་ཚོགས་ཆར་འབེབས་གླིང་གི་འདུས་སྡེ་སྟེ་ཆོས་སྡེ་ཁག་བཞིའི་འཁོར༵་རྣམ༵་པ་བཞི༵འི་བྱང༵་ཆུབ་སེམས༵་དཔའ་དང་སེམས་མའི་སྡེ༵་ཚོགས༵་གསལ་བར་བསྟན། ཚིག་རྐང་བཞི་པས། ཆོས༵་ཕུན་སུམ་ཚོགས་པ་མ་གི་འཇིག་རྟེན་ལྷ་མིའི་ཐེག་པ་ནས་ཡ་གི་འོད་གསལ་རྡོ་རྗེ་རྩེ་མོའི་ཐེག་པའི་བར་མདོ༵་སྔགས༵་ཀྱི༵་བསྟན༵་པ༵་ཡོངས་རྫོགས་ཉི༵་མ་ཤར་བ་བཞིན༵་གསལ༵་བར་མཛད་ཅེས་བསྟན། ཚིག་རྐང་ལྔ་པས། དུས་ཕུན་སུམ་ཚོགས་པ་སྐྱབས་མཚུངས་མེད་བླ་མའི་བསྟན་པའི་གནས་ཚད་ནི། ཁོང༵་འགྲོ༵་དོན༵་ས༵་བརྟན༵་སྤོ༵་ལ༵་རེག༵་ཅེས་ས་ཆེན་པོ་འདི་ཡུན་དུ་བརྟན་ན་རྗེ་བླ་མ་ཁོང་གི་ཆོས་སྡེ་འདིའི་བསྟན་པའང་དེ་དང་འདྲ་བར་གནས་ཞེས་བསྟན། ཚིག་རྐང་དྲུག་པས་མགོན་བླ་མའི་མཛད་པ་རྣམ་དཀར་འཕྲིན་ལས་ཀྱི་ཁྱབ་རྒྱ་ནི་འཁོར༵་དག༵་པའི༵་གདུལ༵་བྱ༵་ཕྱོགས༵་བཅུར༵་ཁྱབ༵་ཅེས་འཛམ་གླིང་ཤར་ནུབ་སོགས་ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་བསྟན་པའོ།། ཚིག་རྐང་བདུན་པས། དེར་འབྲེལ་ཀུན་བདེ་ཆེན་ས་ལ་འགོད་ཅེས་མཚུངས་མེད་ཆོས་རྗེ་བླ་མ་དེར༵་དངོས་སམ་བརྒྱུད་པས་འབྲེལ༵་བ་ཐོགས་ཚད་ཀུན༵་ནུབ་བདེ༵་ཆེན༵་ཞིང་གི་ས༵་ལ༵་འགོད༵་ཅིང་བཀོད་ནས་རྫོགས་སྨིན་སྦྱང་བ་མཐར་ཕྱིན། བཟང་འབྲེལ་ཚེ་གཅིག་སངས་རྒྱས་ངན་འབྲེལ་འཁོར་བ་མཐའ་ཅན་དུ་གྱུར་ནས་འབྲེལ་ཚད་དོན་དང་ལྡན་པར་བསྔགས་པའོ།། དེ་ལྟར་ཚིག་རྐང་བ་བདུན་པོས། རྗེ་གང་གིས་ཕྱག་བཏབ་མཛད་པའི་ཆོས་ཀྱི་སྡེ་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་འདིའི་ཕུན་སུམ་ཚོགས་པ་ལྔ་དང་། འཕྲིན་ལས་ཀྱི་ཁྱབ་རྒྱ་འབྲེལ་ཚད་དོན་དང་ལྡན་པར་བསྟན་པའོ།། ༸ཆོས་རྗེ་ཉི་མ་ཞིང་གཞན་གཤེགས་ན་ཡང་།། འཕྲིན་ལས་ཉི་མའི་འོད་སྣང་ཉམས་པ་མེད།། ཞིང་འདིར་རྒྱལ་བསྟན་པད་ཚལ་ཇི་སྙེད་ཅིག། བཞད་པ་དེ་ནི་ཁྱེད་ཀྱི་བཀའ་དྲིན་ལགས།། ཞེས་སྔར་ལོ་བྲིས་པའི་རྗེས་དྲན་ཚིགས་བཅད་དང་བཅས་པ་འདི་ནི་༸ཆོས་རྗེ་བླ་མ་ཡབ་སྲས་བརྒྱུད་པར་བཅས་པའི་བཀའ་དྲིན་བསམ་མི་ཁྱབ་པས་བསྐྱངས་པའི་གུས་འབངས་གང་བསམ་ལྷུན་གྲུབ་ཏུ་འབོད་པས་ཤིང་ལུག་ཟླ་༣ ཚེས༡༢ ཉིན་རང་གནས་དད་གསུམ་སྤྲིན་ཕུང་འཁྲིགས་པའི་ལྡིང་ཁང་ནས་གུས་ཕུལ། མངྒ་ལམ། 2015.4.30 ལའོ།།
བཀའ་འདྲི་ཞུ་བ་ཙམ་ལ་རྨོངས་པ་གཞན་དབང་དུ་སོང་ཟེར་བ་དེ་ཡ་མཚན་ཆེ། རིན་པོ་ཆེ་ཁྱེད་ལ་འདི་འདྲ་ཞིག་ཕོག་འགྲོ་བ་ངས་མ་ཤེས་ལགས། མ་ཟད་ཁྱེད་ཀྱིས་གོང་བཤད་ལྟར་ཕལ་ཆེར་ཆོས་རྒྱུད་ཡོངས་སུ་རྫོགས་པའི་བསྟན་འཛིན་སྐྱེས་བུ་སོགས་ནོར་འཁྲུལ དང་ནང་འཁྲུགས་དམ་སེལ་ཅན་ཡིན་པ་འདྲ། ཨ་རི་ལ་ཁ་སེང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ནས་བཀའ་སློབ་ཐེང་ཁ་ཤས་ཞིག་ཉན་དུ་སོང་ཡིན་ཀྱང་མཁན་ཆེན་མཆོག་ནས་དེ་འདྲ་གསུངས་པ་མ་ཐོས་པས་ཡང་ན་ཁོང་ཀུན་མཁྱེན་ཆུང་ཆུང་དང། ཁྱེད་ཀུན་མཁྱེན་ངོ་མ་དེ་ཁྱེད་ཡིན་པ་འདྲ།
མཁན་ཆེན་མཆོག་ཆབ་སྲིད་ནང་དྲུད་མ་ཡོང་རོགས། ཆབ་སྲིད་རྩོད་བསམ་ན་གྲུབ་མཐའ་ཆ་ཚང་གི་དབུ་ཁྲིད་ཕྱི་ལོགས་སུ་ཡོད་ཡོད་པ་རེད། དབུ་ཁྲིད་ཚོས་ཀྱང་བརྩད་ནས་གྲུབ་འབྲས་ཐོན་གྱི་མེད་དུས། མཁན་ཆེན་མཆོག་ལའང་ཐབས་གཞན་ཡོད་པ་མ་རེད། ཁོང་ནི་ཆོས་ལུགས་ཀྱི་དབུ་ཁྲིད་རྣལ་མ་ཞིག་དང་མི་རྣམས་ལ་བདེ་སྐྱིད་ཡོང་ཐབས་བསྐྲུན་མཁན་ཞིག་ལས་ཆབ་སྲིད་ནང་ཡོང་མི་འོས་པ་ཞིག་རེད།
མཁན་ཆེན་མཆོག་གི་བོད་ཀྱི་ཆོས་དང་རིག་གནས་སྲུང་སྐྱོབ་ཀྱི་མཛད་པར་ཡི་རངས་ཞུ། ཅི་གསུངས་ལེགས་སོ་ཞུ་མི་ཐུབ་ཀྱང་ང་ཚོར་ཁོང་འདྲ་དགོས་མཁོ་ཆེ། ལྷག་པར་བོད་ནང་དུ་སྐྱ་སེར་རིས་སུ་མ་མཆིས་པའི་ནང་ཁོང་འདྲ་བའི་སྐྱེས་བུ་མི་ཉུང་བ་བྱུང་ན་ཅི་མི་རུང་།
ད་ཁྱོད་ངོ་མ་ཀུན་མཁྱེན་རེད་འདུག ཧཧཧཧཧཧ། རེད་རེད་ང་ལས་ངན་ཡིན་པས་བདེན་པ་རེད། ལས་ངན་སེམས་ཅན་ལ་ཁྱོད་ཤ་ཚ་སྙིང་རྗེ་ཞིག་རྒྱུད་ལ་མ་སྐྱེ་ན། དེ་ལ་ཁྲོ་བ་བྱེད་པ་དེ་སུའི་དགེ་བའི་བཤེས་གཉེན་ལས་གདམས་ཁྲིད་ཞུའམ། གལ་སྲིད་ས་ཡོམ་ཁྲོད་དུ་ལུས་པ་ཡིན་པའི་དབང་དུ་བཏང་ནའང་། ད་དུང་ཁྱོད་རང་སེམས་ལ་བྱམས་སྙིང་རྗེ་སྤུ་ཙམ་མ་སྐྱེ་བར། དགའ་ཚོར་སྐྱེ་ན་ཕལ་ཆེར་Isis ཁ་ཆེ་དྲག་སྤྱོད་པ་ལྟ་བུ་མི་ཡོང་བར་ང་ལས་ངན་ཡིན་ན། ཁྱེད་ཀྱི་རྒྱུད་ལ་བྱང་སེམས་སྐྱེ་ཐུབ་པའི་སྨོན་ལམ་དང་། མ་ཟད་བླ་ཆེན་ཆོས་ལུགས་རྣམས་ལ་དག་སྣང་ཡོང་ཐུབ་པ་དང། སྐྱེ་འགྲོ་ཐམས་ཅད་ལ་ཡང་དག་ལམ་སྟོན་པའི་སྨོན་ལམ་ཞུས་ཀྱིས་ཡིན། ལས་ངན་ཡིན་ནའང་སེམས་ལ་དྲང་བདེན་ཡུན།
རྫུན་མ་བཤད་ན་མཁས་པ་མིན། རྫུན་བཤད་དམ་པའི་ཡོན་ཏན་མིན། མདོར་ན་དངོས་པོའི་གནས་ལུགས་ལས།། འགལ་ན་རང་ཉིད་དམན་པར་ངེས། མངོན་སུམ་མཐོང་བའི་དངོས་པོ་ལ།། རྫུན་གྱིས་བཅོས་པ་འཇོན་པོ་མིན།། ཡ་རབ་དམ་པའི་མཛད་པ་ལ། སྒྲོ་བསྐུར་འདེབས་པ་དམ་པ་མིན།། རང་རེ་གངས་ཅན་གཉན་འཕྲང་སྐབས།། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི། མཛད་པ་མ་མཐོང་ལོང་བ་འམ།། ཡང་ན་འོན་ནམ་སྨྱོས་ལས་སུ།
སྤུནཟླ་ལགས། ལྷ་སྒྲུང་དང་རྟོག་བཏགས་ལ་གོམས་པའི་མི་རིགས་ཀྱི་གྲལ་མཐར་ནས་ལངས་ཏེ་དམ་པ་འདི་ཡི་གསུང་ལ་ཉན་རོགས། རྨོངས་དད་དང་བག་འཁུམས་སྤང་ནས་དེང་རབས་ཀྱི་ལམ་ཆེན་ལ་བྱོན་པའི་ན་གཞོན་རྣམས། བཀས་བཀོན་རྒྱུན་འཛིན་གྱི་ལམ་ལུགས་ལ་རྒོལ་ཏེ་དམངས་གཙོ་ཡི་ལམ་བུར་བྱོན་ན་དམ་པ་འདི་ཡི་རྗེས་སུ་ཕེབས་རོགས། དེང་རབས་གསར་པའི་སྒྲོན་མེ། འཇིག་རྟེན་གྱི་འོད་སྣང་། ཁྱེད་མཇལ་དུས་ང་ཚོ་ད་དུང་འཆི་མི་འདུག་ལ། ང་ཚོ་ད་དུང་བརླག་མི་འདུག ཁྱེད་ཀྱིས་བྱིན་པའི་སྤོབས་པ། ཁྱེད་ཀྱིས་བྱིན་པའི་བདེ་སྐྱིད། ཨེ་མ་བྱང་སེམས་ཆེན་མོ་ཚུལ་ཁྲིམས་བློ་གྲོས། ངའི་གཟུགས་འཛིན་གྱི་དབང་པོའི་ངོས་སུ་ཤར་བའི་ཁྱེད་ཀྱི་སྣང་བརྙན་འདི་ཅི་འདྲའི་དྭངས་ཞིང་གཙང་བ་ཞིག་ཨང་། ངའི་སྒྲ་འཛིན་གྱི་རྣ་བ་ནས་ངའི་སེམས་ཁོངས་སུ་འཁྱིལ་བའི་གསུང་འབྲུ་རེ་རེ་ཇི་འདྲའི་རིན་ཐང་ལྡན་པ་ཞིག་ཨང་། ད་དུང་ངའི་ཡིད་ལ་བརྗོད་མི་ཤེས་པའི་བདེ་སྐྱིད་ཅིག་བསྐྲུན་ཀིན་འདུག་ལ། འགོག་དུ་མེད་པའི་སྤོབས་པ་ཞིག་ཀྱང་བྱིན་ཀིན་འདུག ངའི་མིག་ཟུང་གི་ཁ་ཕྱོགས་རྒྱང་རིང་ནས་རྒྱང་རིང་དྲང་སོང་་ལ། ཕུག་འདུན་ཀྱང་ཆུ་བོ་གངས་གའི་བཞུར་རྒྱུན་དང་འགྲོགས་ཏེ་མཐའ་ཡས་པའི་རྒྱ་མཚོ་ཆེན་མོ་ལ་འདྲེན་སོང་། ངས་དེ་རིང་རང་གིས་རང་ངོ་ཤེས་བྱུང་ལ། རང་གི་ལས་འགན་ཀྱང་ངོ་ཤེས་བྱུང་། མཁན་ཆེན་ལགས། ང་ནི་རྟོག་གེ་མགོ་མཁྲེགས་ཞིག་ལས་ཡོད་ཚད་ལ་དད་པ་འཇོག་མཁན་ཞིག་མིན་ཀྱང་ངའི་ཚོགས་དྲུག་ཁྱེད་ཀྱི་ཕྱོགས་སུ་ཆས་སོང་། ཁྱེད་ཀྱི་སྐུ་ཚེ་ལ་བར་ཆད་མེད་པར་ཤོག ། ༢༠༡༥-རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་མཁན་ཆེན་མཆོག་གི་བརྙན་འཕྲིན་ལ་མཇལ་སྐབས་ཚོར་བ་དངོས་དེ་ཕབས་པའོ།།
མཁན་པོས་ཨིན་སྐད་མ་མཁྱེན་པ་འདི་རྗེས་ལུས་རེད། མཁན་ཆུང་ལས། ཨིན་མོ་འདིས་དབུས་བོད་ཀྱི་དབུས་སྐད་ཡག་ག་ཤེས་བགྱིད་ཡོད་ས་རེད། ཧ་ཧ།།
བོད་སྐད་གཞན་གྱིས་ཤེས་ལ། །
གཞན་སྐད་བོད་པས་མི་ཤེས། །
འདི་ནི་བོད་པའི་རྗེས་ལུས། །
ཆོས་པ་དགོན་པ་བཞག་ནས། །
གྲོང་འཁྱེར་མང་པོ་མྱུལ་བ། །
ཆོས་པའི་ཉམས་ལེན་ཉམས་པ། །
སྒོམ་ཆེན་འཚམས་ལ་མ་བསྡད། །
གྲགས་སྟོང་མཐོ་སློབ་འགྲིམ་པ། །
ཉམས་ལེན་མེད་པའི་རྟགས་རེད། །
https://youtu.be/582Zm1nbrVQ
ཐུབ་བསྟན་གསལ་བའི་སྒྲོན་མེ་རིན་པོ་ཆེ། །ཐུགས་སྟོབས་ཆེ་ཞིང་ཐུགས་བསམ་ཟླ་ལྟར་དཀར། །བསིལ་ལྗོངས་འགྲོ་བའི་དེད་དཔོན་མཆོག་གྱུར་པ། །སྐུ་ཚེ་བརྟན་ཅིང་འཕྲིན་ལས་རྒྱས་གྱུར་ཅིག །མཁན་ཆེན་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་པར་སྨོན། །
ཀ་རྡོ་ལ་སོགས་ཨིན་ཡིག་མཁས་པའི་ཚོགས་ལ་འདྲི་རྒྱུ། བོད་ཀྱི་བླ་ཆེན་རྣམས་ཀྱིས་བེད་སྤྱོད་བྱེད་པའི་H H་འདི་རྒྱལ་ཁབ་གཅིག་གི་ཆོས་ཀྱི་རྗེ་བོ་ལས་གཞན་དེའི་འོག་གི་མིས་འབྲི་སྲོལ་མེད་ཟེར་བ་དང་། ཡེ་ཤུ་ཆོས་ལུགས་ལ་མཚོན་ན་གཅིག་ལས་མེད་ཟེར་བ་དག་། རྒྱལ་ཁབ་གཅིག་ལ་གཅིག་ལས་མི་ཡོང་ཟེར་བ་དང་། སྤྱི་ཡི་ཆོས་རྗེ་ལས་གཞན་གྱིས་སྤྱོད་དུས་དེའི་འོག་ཏུ་མི་འདུ་ཟེར་བའི་དོན་རེད་ཟེར། ཡང་ཆོས་རྒྱུན་སོ་སོའི་དབུ་འཛིན་ཁོ་ནས་བྲིས་ཀྱང་ཆོག་ཟེར། འདི་ལ་ས་ཚད་ཅིག་ཡོད་དམ། བོད་ཀྱི་ཆོས་དོན་ལས་ཁང་གིས་གཏན་འབེབ་འདྲ་ཨེ་ཡོད། །
ང་ཀརྡོ་དང་། བོད་ཀྱི་ཆོས་དོན་ལྷན་ཁང་གཉིས་བསྲེས་མ་ཡོང།
འབྲོག་པས་ཤ་མ་ཟ་ལབ་ཐུབ་པ་ཙམ་དང། མགོ་སེར་གྱིས་དངུལ་མ་བཟོ་ལབ་ཐུབ་ཙམ་གྱིས། བོད་ཆོས་ཆོས་བཤད་འགྲོ་དཀའ་བས་བཤད་པ་ཡིན། འགའ་ཤས་ལ་ཁ་ཕོག་སྣ་ཕོག་སོང་ཡང་སོང་། སྤྱི་དོན་འབའ་ཞིག་ཏུ་བསམ་ནས་ལབ་པ་ཡིན་ནོ།།
ངོ་སོ་དཀར་པོ་དགུང་ལ་བསྟོད། སྐྱེས་ཕོ་རབ་གནམ་གྱིས་སྲུངས། འདི་འདྲའི་སྐྱེས་བུ་དམ་པ་ཚོར་རྗེས་སུ་ཡི་རང་གིས་བརྩི་བཀུར་ཞུ་བར་འོས། ང་ཁོང་གི་སར་ཕར་བཅར་ནས་མཇལ་དུ་འགྲོ་ཐུབ་ས་མ་རེད་མོད། ཁོང་ང་སྡོད་སའི་ཡུལ་ལུང་འདིར་ཕེབས་སོང་ན་མཇལ་བཅར་ཞུ་བར་ཐེ་ཚོམ་མེད། འདི་ན་རང་གིས་མི་འཇོན། མིའི་འཇོན་ཐང་ལ་དམའ་འབེབས་མཁན་ཚོ་སྙིང་རླུང་གིས་གད་སོང་རུང་ཁོ་རང་ཚོའི་སྐྱོན་རེད།
བོད་རིགས་རྣམས་དད་པ་རྫོགས་ནས་རྫོགས་ཆེན། མགོ་སེར་རྣམས་དངུལ་རྫོགས་ན་རྫོགས་ཆེན། རྫོགས་ཆེན་པདྨ་ནི་མོས་གུས་དག་སྣང་རྫོགས་ནས་རྫོགས་ཆེན། དིང་སང་གི་རྫོགས་ཆེན་གྱི་ཆོས་འདི། རྙིང་ཆོས་ཡིན་ཟེར་ཡ་ཡང་། ངོ་ཚ་བའི་གནས་སུ་གྱུར་མི་འདུག་གམ། ལགས།
ངས། མགོ་སེར་ཚོས་ནང་ཆོས། འཛིན་སྲུང་ཐུབ་བགྱིད་ཡོད་པ། ངོས་འཛིན་བྱས་ཐུབ་མ་སོང་། དགོངས་དག མགོ་སེར་ཚོ།
His Holiness འདི་ཡི་ཤུ་པོབ་ལ་མ་ཏོགས་མི་ཐོབ་པ་བདེན་ཡང་། ད་ལྟ་དིང་སང་ནི། ནང་ཆོས་ནང་ལ་ཧིས། ཧོ་ལི་ནེས་ཀྱིས། མང་པོ་ཁེངས་ནས་བསྡད་འདུག
སྔར་གྱི་བོད་མིའི་སྒྲིག་འཛུགས་ཀྱིས། ༸གོང་ས་མཆོག་ཉིད་ལ། ཧིས། ཧོ་ལི་ནེས་དང་། ༸རྒྱལ་བའི་ཡོངས་འཛིན་དང་། ཆོས་བརྒྱུད་གཞན་གྱི་དབུ་འཁྲིད་ཚོ་ལ། སྐྱབས་རྗེ་སྐྱབས་རྗེ་ཞེས། གཟེངས་བསྟོད་ཕུལ་བ་ལས། ཧིས། ཧོ་ལི་ནེས་ཞེས་མཙན་གྱིས་མི་བསྟོད་པ་འདྲ། ཡག་པོ་མི་ཤེས།
དཔེར་ན། ཨིན་སྐད་དུ། His Holiness The Dalai Lama and His Eminence (སྐྱབས་རྗེ་)Digo Khyentse Rinpoche.ལྟ་བུའོ།།
མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ལྷན་བགྲོ་གླེང་ཚོགས་པ།
ཚོགས་པ་ནི།
མིང་རྐྱང་དང་།
མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ལྷན་བགྲོ་གླེང་འཚོག་པ།
འཚོག་པ་འདི།
བྱ་ཚིག་གི་མིང་གཉིས་ཁྱད་པར་ཅུང་ཡོད་དགོས་སྙམ།
ཀ་རྡོ་ལེགས། ཐུགས་རྗེ་ཆེ། རྒྱལ་ཁབ་གཅིག་གི་ཆོས་རྗེ་ཆེ་ཤོས་གཅིག་ལས་མི་ཐོབ་པ་ཞིག་ཡིན་ཕྱིན། རང་རེའང་མགོ་མང་དུ་སོང་འདུག་པས། ད་ནས་བཟུང་ཆོས་རྒྱུན་རྣམས་ཀྱི་གཙོ་བོ་ཁག་ལ་H E འཇོག་པར་འབོད་བསྐུལ་ཞུ་དགོས་འདུག རྒྱལ་བ་དོན་གྱི་བདག་པོ་བཞུགས་བཞིན་ཁྲིམས་མེད་ལུགས་མེད་གཅིག་འོག་ལ་གཅིག་མི་འདུ་བ་ལྟ་བུ་གནང་མི་རུང་ངོ་། །མ་འོངས་པར་བསྟན་པ་སྤྱིའི་བདག་པོར་སུ་བཞུགས་ན་དེ་ལས་གཞན་དུ་མེད་པ་བྱས་ན་ལེགས། ཁྲིམས་དབུ་ནས་མི་བཤིག་པའི་གསོལ་བ་འདེབས་དགོས་པར་འདུག་གོ །ཆོས་རྒྱུན་ཁག་གི་དབུ་འཛིན་རྣམས་ལ་སོ་སོའི་ནང་ཁུལ་དུ་བླ་མའི་ཆེ་བསྟོད་རྫོགས་པའི་སངས་རྒྱས་སོགས་ཅི་བཏགས་ཀྱང་འོས་མོད། གཞུང་འབྲེལ། གསར་འགྱུར། ཕྱི་འབྲེལ་སོགས་ཡོངས་ཁྱབ་ཏུ་སྒྲིགས་གཞི་ཞིག་མེད་ཚེ་གཅིག་གིས་གཅིག་ལ་འགྲན་པ། ཆོས་ལུགས་གཙོ་བོ་ལ་ངོ་རྒོལ། རང་ཆེ་འདོན་པ་སོགས་བློ་དང་ལྡན་པ་ཀུན་གྱིས་སྨོད་པའི་ཡུལ་དུ་འགྱུར་ངེས་པའོ། །
བཅོས། ཆོས་ལུགས་ཀྱི་དབུ་ཁྲིད་གཙོ་བོ་ལ་ངོ་རྒོལ། རེད། དཔེར་ན། ངས། བོད་ཀྱི་སྲིད་སྐྱོང་དྲི་མེད་ཞེས་བྲིས་པ་ཡིན་ན། མི་མང་པོས་དཔྱད་པ་མེད་པར་དགག་པ་བྱེད་ངེས། ཞིབ་ཏུ་བསམ་ན། རིགས་བོད་པ་ཡིན་པ། རང་རིགས་ཀྱི་ཆོས་སྲིད་ཀྱང་རང་ནུས་ལ་དཔག་པའི་སྐྱོང་མཁན་ཞིག་ཡིན་ཞེས་འགྲེལ་ན་བརྡ་དག་གི་སྒོ་ནས་དགག་པ་བྱེད་མི་ཐུབ་ལ། དོན་གྱི་སྒོ་ནས་དེ་ལས་ཀྱང་མི་ཐུབ། འོན་ཀྱང་། འཇིག་རྟེན་མི་ཆོས། ཁྲིམས་ལུགས། ལོ་རྒྱུས་ཀྱི་གོ་དོན་ལ་གཞིག་པའི་དགག་པ་བྱེད་ཐུབ་ལ། ཚུལ་མཐོང་དངོས་དོན་དང་མི་འབྲེལ་བ་བཞིན་ནོ། །
སྐད་སྒྱུར་གལ་ཆེན་པོ་འདུག ཐུབ་བསྟན་སྦྱིན་པ་ཡོད་ན་ཅི་མ་རུང་།
ཧ་ཧ་ཧ། འབྲོག་པ་ཚོ་འདུལ་བའི་བསྐལ་བ་ལས། ད་ཆེན་པོ་ཆེན་པོ་ཞིག་ཨེ་ཡོད་ད།
༼ཆོས་ཁྲིམས་ཡང་དགོས་ནི་རེད།
རྩ་བ་བརྟན་དགོས་ནི་རེད།༽
ཡར་ལུང་ནས་ཡར་ལུང་ལ་བསྟུན་པའི་ཆོས་བཤད།
མར་ལུང་ནས་མར་ལུང་ལ་བསྟུན་པའི་ཆོས་བཤད་ཀི་ཡིན་ཟེར་ན། མགོ་བདེ་མོ་དང་རྒྱུ་རྨི་ལམ་ལས་མི་འདུག།
བླ་མ་མེད་ན་ཐར་བ་མེད། ཧ་ཧ་ཧ།
འབུལ་བ་མེད་ན་སློབ་ཁྲིད་མེད། ཧ་ཧ་ཧ།
ད་ལྟ་གཞུང་ལུགས་མེད་པའི་ལྟས་ཚོད་གོ་ཚོད་ཙམ་རེ་ཡིས་ཕྱི་རྒྱལ་གླེང་གི་ཡིན་ཟེར་ན། ད་ལྟ་ཡོད་ཚད་གཟུགས་ཐོག་ན་ཡོད་པས། སྔར་དང་མི་འདྲ། ངོ་ཚ་ཉོས་ཡོང་། མཁན་པོ་ལགས།
གནས་ལུགས་བཤད་ས་ནས་རིག་འཕྲུལ་ལ་བློ་བཅོལ་མི་ཉན། འདི་ངའི་ཁ་བརྡ་ཡིན། བཀྲ་ཤིས་བདེ་ལེགས།
གནམ་ལགས་ཀྱི་གཏམ་ལ་སྐྱུར་ཞད་ཆེ་གི ཕྲག་པ་ཚ་བའམ། མཆིན་པ་ནའམ། གང་ལྟར་འགྲིག་མེད་པ་འདྲ། ཧ་ཧ།
ཀ་རྡོ་ལེགས། ཉིད་ཀྱིས། ཨིན་སྐད་དུ། His Holiness The Dalai Lama and His Eminence (སྐྱབས་རྗེ་)Digo Khyentse Rinpoche.ལྟ་བུའོ། ། ཕྱི་མ། H.H ་དང་ H.E,འདི་གཉིས་ཀྱི་དོན་དང་བཀོལ་སྤྱོད་བྱེད་སར་ཁྱད་པར་ཅི་ཡོད། །
དྲི་མེད་ལྷག་བསམ་ལགས། ཁྱེད་ཀྱིས་ཀ་རྡོ་དྲི་བ་བཏོན་པའི་གནས་སྐབས་དེར་ཀ་རྡོས་ཁྱེད་ལ་ལན་དྲང་པོར་འདེབས་གི་མི་འདུག རྒྱུ་མཚན་དེ་ཀ་རྡོའི་སེམས་སུ་ཁྱེད་ཀྱིས་His Holiness འམ་H.H.ཟེར་བའི་ཆེ་བསྟོད་འདི་ཚུལ་ཁྲིམས་བློ་གྲོས་ལ་སྦྱར་ཡོང་ས་རེད་བསམ་ནས་ཞེད་ཀྱིན་ཡོད་པ་འདྲ། ཀུ་རེ་ཡིན་ལགས།
ངའི་གོ་ཚོད་ལྟར་ན། His HolinessའམH.H.ཟེར་བའི་ཆེ་བསྟོད་ཀྱི་མཚན་འདི་ཐོག་མར་རོ་མན་ཁེ་ཐོ་ལིག་གི་ཆོས་ལུགས་ཀྱི་དབུ་འཛིན་པོབ་ལ་སྦྱར་བ་དང་། དེ་ནས་རྒུ་རིག་ཡེ་ཤུའི་འཁྲེགས་འཛིན་ཆོས་བརྒྱུད་ཀྱི་འབུ་འཛིན་ཚོ་ལ་སྦྱར་སྲོལ་དར་ཡོད་པ་སྟེ་མདོར་ན་ཆོས་ལུགས་ཤིག་གི་དབུ་ཁྲིད་ལ་སྦྱར་སྲོལ་ཡོད་པ་དང་། དེ་ནས་རིམ་གྱིས་ནང་པས་ཀྱང་བེད་སྤྱད་ནས་ཏཱ་ལའི་བླ་མ་སོགས་ཀྱི་མཚན་དབུར་སྦྱར་སྲོལ་ཡོད་མོད་ཤྲི་ལངྑ་སོགས་ཀྱི་ནང་བསྟན་པའི་བླ་མ་ཚོའི་མཚན་དབུར་མིང་ཚིག་དེ་བེད་སྤྱོད་བྱེད་སྲོལ་མི་འདུག
H.E.འམ་His Eminenceཟེར་བ་འདི་རོ་མན་ཁེ་ཐོ་ལིག་གི་བླ་ཅེན་པོབ་ཀྱི་འོག་ཏུ་ཡོད་པའི་དགོན་སྡེའི་དབུ་འཛིན་ཚོའི་མིང་མགོར་སྦྱར་སྲོལ་ཡོད་པ་ཞིག་རེད། མདོར་ན་མིང་ཚིག་འདི་གཉིས་ཀའི་འབྱུང་ཁུངས་ནི་རོ་མན་ཁེ་ཐོ་ལིག་ཡིན་པ་འདྲ། རང་རེ་བོད་མིས་བླ་མ་ཚོར་མིང་ཚིག་འདི་གཉིས་སྦྱོར་གྱིན་འདུག་མོད་བླ་ཆེན་ལ་ལས་མི་དགྱེས་པ་ཡང་མཛད་ཀྱིན་འདུག དཔེར་ན། རྒྱལ་དབང་འབྲུག་པས་ཁོང་ལ་མིང་ཚིག་འདི་གཉིས་ཀ་སྦྱར་མི་དགོས་གསུངས་པ་ཁོང་གི་དྲ་རྒྱར་བྲིས་འདུག ཁོང་ལ་བོད་རང་གི་ཆེ་བསྟོད་’རྒྱལ་དབང་’ཟེར་བའི་ལོ་རྒྱུས་རང་བཞིན་གྱི་ཆེ་བསྟོད་འདིས་འགྲིགས། His Holinessཟེར་བ་ལྟ་བུ་མ་སྦྱར་རོགས་གསུངས་འདུག
ལྷོ་དང་ཤར་ལྷོའི་གནས་བསྟན་སྡེ་བའི་ལུགས་ཀྱི་བླ་མ་ཚོའི་མཚན་དབྱིན་ཡིག་དུ་འབྲི་སྐབས་སུ་Vanerable ཟེར་བ་ཙམ་མ་གཏོགས་His Holiness དང་His Eminence ཟེར་བ་དེ་རིགས་འབྲི་སྲོལ་མཐོང་མ་སོང་། ཆེ་བསྟོད་འདི་རོ་མན་ཁེ་ཐོ་ལིག་གི་ཆབ་སྲིད་ཀྱི་གྲལ་རིམ་མཚོན་པའི་ཐ་སྙད་ཅིག་ཡིན་སྟབས་རང་རེ་ནང་པ་སངས་རྒྱས་པའི་དགེ་འདུན་པའི་སྡེའི་གོ་རིམ་ལ་སྦྱར་སྐབས་སུ་ར་མགོ་ལུག་སྦྱར་ལྟ་བུར་མཐོང་བ་ནི་ཁོ་བོའི་རྨོངས་འཆར་རོ།།
༸གོང་ས་མཆོག སྐུ་མདུན། ཡིད་བཞིན་ནོར་བུ། རྒྱལ་དབང་། རྒྱལ་མཆོག
རྡོ་རྗེ་འཆང་། རྩ་བའི་བླ་མ། བརྒྱུད་པའི་བླ་མ། རྣལ་འབྱོར་པ། རྣལ་འབྱོར་མ།
སྐྱབས་རྗེ། མཁན་པོ། སློབ་དཔོན། བླ་མ། རིན་པོ་ཆེ། དགེ་བཤེས། རབ་འབྱམས་པ།
ཆོས་དགེ དགེ་རྒན་ཆེན་མོ། དགེ་རྒན། སྲོབ་འཁྲིད་པ།
འདི་ཚང་མ་གཞན་མོ་སེར་ལ་བསླབ་མ་ཐུབ་པར། ཡི་ཤུ་ཆོས་དཔོན་གྱི་མཚན་གནས་འཕྲོག་པ་མ་རེད་དམ། ཧཧ། ལགས།
དྲི་མེད་ལགས་ཀྱི་དྲི་བར། སྤོབས་མཐས་གསུངས་ཟིན་འདུག་པས་ལན་འབྲི་རྒྱུ་བཞག་པ་ཡིན། ང་ཚོའི་བོད་དགོན་ལ། ཡི་ཤུ་ཡི་ཅར་ཆ་ལབ་ན་མི་དད་པ་བཞིན་དུ། HH དང་ HE གཉིས་ཀྱང་མི་དགོས་ན། མི་དགོས་པར། སོས་སོའི་རང་ལུགས་ལྟར་ཆེ་བསྟོད་བྱས་མི་ལེགས་སམ་སྙམ་ལགས།
འདི་ཚང་མ་གཞན་མོ་སེར་ལ་བསླབ་མ་ཐུབ་པར
འདི།
འདི་ཚང་མ་གཞན་མགོ་སེར་ཚོ་ལ་བསླབ་མ་ཐུབ་པར
བོད་པ་ཡོངས་ལ་མཚོན་ན་དབུ་འདྲེན་དམ་པ་གཅིག་འདེམས་རོགས། ཡིན་ན་ཡང་སྤྱི་ཁྱབ་རྒྱལ་ཁབ་ལ་མིང་བེད་སྤྱོད་དུས་His Holiness གཅིག་སྒྱུར་གནང་ནས་༧གོང་ས་མཆོག་ཁོ་ལ་སྦྱར་རོགས།༧གོང་ས་མཆོག་གི་བདག་དབང་ཞིག་ཡིན།H.H.ཟེར་བའི་ཆེ་བསྟོད་འདི་ཚུལ་ཁྲིམས་བློ་གྲོས་ལ་མ་སྦྱར་བ་ཁོ་ཚོས་མ་ཤེས་ནས་མ་རེད། རྣམ་དཔྱོད་ལྡན་པ་འདི་རིགས་ཀྱིས་བོད་སྲོལ་དང་མིག་རྒྱང་རིང་བོས་ཕྱག་ལས་གནང་བ་རེད། དངུལ་དང་སྒེར་རྩོད་མ་གཏོགས་མེད་པ་ཚོས་འདི་ཁོ་ན་His HolinessའམH.H.ཟེར་ཀི་རེད། ཆེ་བསྟོད་ཀྱི་མིང་འདི་འབྱུང་ཁུངས་ཡག་པོ་ཞིག་ཅི་མ་རེད། ལྷ་རིགས་དམར་མཆོད་རིང་ལུགས་པས་བེད་སྤྱོད་ནས་ན་ཆུང་མང་པོ་མེ་མཆོད་གཏོང་བའི་ལོ་རྒྱུས་གསར་བོ་རེད། ཡིན་ན་ཡང་རྗེས་སུ་ཆོས་ལུགས་དབུ་འཛིན་པ་ཡོངས་ནས་བེད་སྤྱོད་དུ་བྱས་འདུག་ད་ཡིན་ན་བོད་པ་ཚོས་ཐལ་ཆེ་ནས་རྐུན་མ་དང་ཇག་པའི་དཔོན་པོ་ཚོ་ལ་སྦྱར་ཡོང་གི་འདུག དེ་ངེས་པར་ཆིག་སྒྲིལ་མེད་པ་དང་མཐུན་སྒྲིལ་ནང་རུལ་དུ་གཏོང་བར་གོར་མ་ཆགས། དེས་ན་༡༩༧༧ལོར་༧སྐྱབས་རྗེ་བསོད་རྒྱལ་རིན་པོ་ཆེས་༧གོང་ས་མཆོག་མ་གཏོགས་འདི་སྦྱར་ན་བོད་ཡུལ་རྒྱལ་བསྟན་ཡོངས་རྫོགས་ཀྱི་དབུ་ཁྲིད་ལ་ཐོབ་ཤ་རྩོད་པ་ཡིན་པས་ཚོང་མས་བེད་མི་སྤྱོད་པའི་འབོད་སྐུལ་གནང་འདུག ཡིད་མ་ཆེས་ན་རིག་པ་ཆོས་ཚོགས་ཀྱི་དྲ་རྒྱ་དང་ལོ་ཐོའི་མཚན་བྱང་ལ་གཟིགས་དང་གསལ་བོ་རེད། འདི་ནི་མཁས་དབང་སྤོབས་པ་མཆོག་གིས་གསུངས་བཞིན་དུ་སྔོན་མཚན་འདི་ཐོག་མར་རོ་མན་ཁེ་ཐོ་ལིག་གི་ཆོས་ལུགས་ཀྱི་དབུ་འཛིན་པོབ་ལ་སྦྱར་བ་དང་། དེ་ནས་རྒུ་རིག་ཡེ་ཤུའི་འཁྲེགས་འཛིན་ཆོས་བརྒྱུད་ཀྱི་འབུ་འཛིན་ཚོ་ལ་སྦྱར་སྲོལ་དར་ཡོད་པ་སྟེ་མདོར་ན་ཆོས་ལུགས་ཤིག་གི་དབུ་ཁྲིད་ལ་སྦྱར་སྲོལ་ཡོད་པ་དང་། དེ་ནས་རིམ་གྱིས་ནང་པས་ཀྱང་བེད་སྤྱད་ནས་ཏཱ་ལའི་བླ་མ་སོགས་ཀྱི་མཚན་དབུར་སྦྱར་སྲོལ་ཡོད་མོད་ཤྲི་ལངྑ་སོགས་ཀྱི་ནང་བསྟན་པའི་བླ་མ་ཚོའི་མཚན་དབུར་མིང་ཚིག་དེ་བེད་སྤྱོད་བྱེད་སྲོལ་མི་འདུག
H.E.འམ་His Eminenceཟེར་བ་འདི་རོ་མན་ཁེ་ཐོ་ལིག་གི་བླ་ཅེན་པོབ་ཀྱི་འོག་ཏུ་ཡོད་པའི་དགོན་སྡེའི་དབུ་འཛིན་ཚོའི་མིང་མགོར་སྦྱར་སྲོལ་ཡོད་པ་ཞིག་རེད། མདོར་ན་མིང་ཚིག་འདི་གཉིས་ཀའི་འབྱུང་ཁུངས་ནི་རོ་མན་ཁེ་ཐོ་ལིག་ཡིན་པ་འདྲ། རང་རེ་བོད་མིས་བླ་མ་ཚོར་མིང་ཚིག་འདི་གཉིས་སྦྱོར་གྱིན་འདུག་མོད་བླ་ཆེན་ལ་ལས་མི་དགྱེས་པ་ཡང་མཛད་ཀྱིན་འདུག དཔེར་ན། རྒྱལ་དབང་འབྲུག་པས་ཁོང་ལ་མིང་ཚིག་འདི་གཉིས་ཀ་སྦྱར་མི་དགོས་གསུངས་པ་ཁོང་གི་དྲ་རྒྱར་བྲིས་འདུག ཁོང་ལ་བོད་རང་གི་ཆེ་བསྟོད་’རྒྱལ་དབང་’ཟེར་བའི་ལོ་རྒྱུས་རང་བཞིན་གྱི་ཆེ་བསྟོད་འདིས་འགྲིགས། His Holinessཟེར་བ་ལྟ་བུ་མ་སྦྱར་རོགས་གསུངས་འདུག
ལྷོ་དང་ཤར་ལྷོའི་གནས་བསྟན་སྡེ་བའི་ལུགས་ཀྱི་བླ་མ་ཚོའི་མཚན་དབྱིན་ཡིག་དུ་འབྲི་སྐབས་སུ་Vanerable ཟེར་བ་ཙམ་མ་གཏོགས་His Holiness དང་His Eminence ཟེར་བ་དེ་རིགས་འབྲི་སྲོལ་མཐོང་མ་སོང་། ཆེ་བསྟོད་འདི་རོ་མན་ཁེ་ཐོ་ལིག་གི་ཆབ་སྲིད་ཀྱི་གྲལ་རིམ་མཚོན་པའི་ཐ་སྙད་ཅིག་ཡིན་སྟབས་རང་རེ་ནང་པ་སངས་རྒྱས་པའི་དགེ་འདུན་པའི་སྡེའི་གོ་རིམ་ལ་སྦྱར་སྐབས་སུ་ར་མགོ་ལུག་སྦྱར་ལྟ་བུར་མཐོང་བ་ནི་ཁོ་བོའི་རྨོངས་འཆར་རོ།།ཞེས་པ་ཤིན་ཏུ་རྨད་དོ། དེས་ན་མགོ་ཀརྨ་དམར་ནག་དང་ས་སྐྱ་དང་བོན་དང་ཇོ་ནང་སོགས་བོད་པའི་ཆོས་ལུགས་འཛིན་པ་ཡོངས་ནས་ཆིག་སྒྲིལ་དགོས་ན་སྐྱབས་རྗེ་བསོད་རྒྱལ་རིན་པོ་ཆེས་རྗེས་སུ་འདྲོངས་ན་ཡག་པོ་རེད་དྲན་ནོ། གང་ཡིན་ན་ཁོང་གིས་ལག་ལེན་དུ་སྟབས་འདུག དེ་མིན་ནམ་ཞིག་ཁྱི་དང་བྱི་ལ་ལ་ཡང་མིང་འདི་འདོགས་ནས་བེད་སྤྱོད་གཏོང་ནས་ཚོང་ལས་སྤེལ་བའི་ཉེན་ཁ་འདུག དཔེར་ན་སློབ་གྲྭར་འགྲིམས་མེད་ན་ཡང་སློབ་ཆེན་དགེ་རྒན་གྱི་དཔུང་ཡིག་རྫུན་མ་དང་ཆོས་ལུགས་ནང་དཀྲུགས་མཁན་ལ་ངོས་ལེན་ཐོབ་ནས་སྤྲུལ་བརྟགས་རྫུན་མའི་ལོ་རྒྱུས་བདེན་པ་འཛིན་པ་ནང་བཞིན་ཡིན་པས་དུས་གཉེན་ཞིག་ལ་ཁེལ་ཡོད་དོ། །
དཔྱོད་ལྡན་གཟུར་གནས་་སྤོབས་པ་མཐའ་ཡས་དང་། སྙིང་སྟོབས་ཆེན་པོ་རྫོགས་ཆེན་པདྨ་གཉིས་ཀྱིས་ཞིབ་གསལ་གསུངས་པར་ཐུགས་རྗེ་ཆེ་ཞུ། ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་དབྱིན་ཡིག་ནས་ཆེ་བསྟོད་ཅི་འདྲ་དགོས་སྙམ་ནས་དྲིས་པ་ཡིན། ཁྱོད་ཅག་གིས་གསུང་པ་ལ་གཞིག་ན། དུས་དང་། སྲོལ་རྒྱུན། ཁྲིམས་དང་ཆོས་ལུགས། ཕྱི་ནང་གང་ནས་བལྟས་ཀྱང་འོས་ཤིང་འཚམས་པ་ཞིག་མ་་མཐོང་པས་ཡེ་ཤུའི་ཐོབ་ཏེ་རང་རེས་བཞག་ན་ལེགས་སོ། །
དཔྱོད་ལྡན་ཀ་རྡོ་ལེགས། ཐུགས་རྗེ་ཆེ། ཉིད་ཀྱིས། ༼ང་ཚོའི་བོད་དགོན་ལ། ཡི་ཤུ་ཡི་ཅར་ཆ་ལབ་ན་མི་དད་པ་བཞིན་དུ། HH དང་ HE གཉིས་ཀྱང་མི་དགོས་ན། མི་དགོས་པར། སོས་སོའི་རང་ལུགས་ལྟར་ཆེ་བསྟོད་བྱས་མི་ལེགས་སམ་སྙམ་ལགས།༽མངོན་པར་བསྟོད། འོན་ཀྱང་གཞུང་འབྲེལ་དང་གསར་ཤོག་སོགས་སྤྱི་ལ་ཆེ་སྟོད་དེའང་སྒྲིག་ལམ་ཡོད་པ་འཚམས་པ་ཞིག་བྱེད་དགོས་སྙམ་མོ། །དེ་མ་ཡིན་ན་བསོད་རྒྱལ་རིན་པོ་ཆེས་གསུང་པ་བཞིན་དབུ་འཛིན་ཐོབ་ཤ་རྩོད་པའི་རྣམ་པར་འགྱུར་རོ། །
བོད་པའི་བླ་དཔོན་ཚོའི་བདག་འཛིན་དེ་ནི་ཧང་སང་ཡ་འདྲ་ཞིག་རེད། མིང་ཚིག་སྐམ་པོ་ཞིག་གི་བདག་དབང་བརྩད་སྟངས་ལ་བལྟས་ན་བདག་འཛིན་སྤང་བྱ་མིན་པར་ཉམས་སུ་ལེན་བྱ་ཡིན་པར་འདྲ།་་་་ཧཧཧ ཆོས་པ་རང་རེད།
དེང་སང་ཚུལ་ཁྲིམས་བློ་གྲོས་སྐད་གསེང་མཐོན་པོ་དང་ཞེ་སྣང་ཅི་ཡང་མེད་པའི་ཐོག་ནས་ཕྱི་རྒྱལ་བཙན་བྱོལ་ནང་དུ་ཡོང་ནས་འཛེམ་དོག་མེད་པར་ཅིག་བཤད་བཞིན་པ་འདི་ནི། རྒྱ་གཞུང་གིས་དམིགས་ཡུལ་ཟབ་མོ་ཡོད་པའི་བསམ་བློ་དམག་འཐབ་ཅིག་བཙན་བྱོལ་ལ་ཁ་གཏོད་ཀི་ཡོད་པ་དེ་རེད།
ག་རེ་ཞིག་ལབ་ཀྱི་ཡོད། His Holinessནི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སྦྱར་ཆོག་ད་ཆོག ཁོང་ནི་རྒྱ་བོད་གཉིས་ཀྱི་རྣམ་འདྲེན་ངོ་མ་དེ་རེད། དད་ལྡན་དུང་ཕྱུར་བརྒལ་པ་ཡོག་རེད། ནུབ་བླ་ཚོར་དད་ལྡན་དེ་འདྲ་མང་པོ་ཡོག་མ་རེད་ལ། གྲངས་འབོར་གྱི་ཆ་ནས་ཀྱང་གསལ་པོ་ཆགས་ཡོད།
ལྷ་མོ་ཚང་ཡང་སྐེ་འཁྱོགས་སོང་ཡ། ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཕེབས་ནས་སློབ་གྲྭ་དང་སློབ་ཆེན་ཁག་ལ་བགྲོ་གླེང་གནང་ནས་ལོ་བཞི་ལྷག་འགྲོ་གི་འདུག རྒྱ་གཞུང་དང་བོད་གཞུང་གང་ལ་འབྲེལ་བ་མེད་པར་མ་ཚད་སྤོས་སྣ་དང་རྒྱག་གླིང་འབུད་ནས་བསུ་འཁན་མེད་རུང་གྲྭ་རྐྱང་བཅོས་མ་ཞིག་འགྲོ་ཁམས་བདེན་པའི་ཆོས་ལ་བཀོད་པའི་ཕྲིན་ལས་ལ་མིག་ཚ་མཆིན་པ་གཟེར་རུང་ལས་འབྲས་འགལ་བའི་རང་སྐྱོན་རེད། xxxxx མིག་ཡོད་བཞིན་དུ་མ་མཐོང་ཁུལ་མ་བྱེད་ལོ། བུ་མོ་ཆུང་ཆུང་།
ང་ཅུང་ཟད་བློ་ཕམ་དགོས་པ་ཅིག་ནི། མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གི་རྣམ་འགྱུར་ལ་བལྟས་ན། བོད་བཞུགས་བོད་མི་རྣམས་ལ། རང་བཙན་དང་ཕར་ཞོགས། གཉིས་སྨན་དབུ་མའི་ལམ་ཡང་དགོས་བགྱིད་ཨ་ཡོད་སྙམ་པ་བྱུང་་སོང་བས། དཔྱད་པར་བྱའོ།།
ཚུལ་མིན་ལས་ལ་དགའ་བའི་གངས་ཅན་ཞིང་། །ཁྲིམས་སྲོལ་དགེ་བ་བཅུ་ཡི་ཆར་རྒྱུན་གྱིས།། བློ་རྨོངས་འབར་ཤ་ཅན་གྱི་ཞིང་ས་རུ།། གྲོས་འདེབས་མཁས་པ་འདི་འདྲ་ཉིན་སྐར་ཙམ།། ཁ་བཤད་ལག་དུ་ལེན་པའི་ཁམས་པའི་གདུང་།། རང་གི་རིགས་ལ་འཁྲེན་པའི་མདོ་སྨད་རིགས།། ཀུན་ཡངས་ཤེས་རྒྱ་ཆེ་བའི་དབུས་ཀྱི་བུ།། ཚུལ་ཁྲིམས་བློ་གྲོས་ཆོལ་གསུམ་བུ་མཆོག་ཡིན།། སྐྱེ་འཕྲེང་སྒྲུག་གཏམ་སྙན་པའི་འུར་བརྗོད་བྲལ།། རང་འདོད་ཕུགས་སུ་གཉེར་བའི་དཔོན་ས་དབེན།། ཚུལ་བཞིན་ལམ་བཟང་གཤེགས་པའི་ལག་རྗེས་སུ།། ཚུལ་ཁྲིམས་བློ་གྲོས་གྲགས་སྙན་རྔ་གསང་ལྡིར།།
རྫོགས་ཆེན་པདྨ་ལགས། ཁྱེད་གསུང་རྩོམ་སིགས་སྙན་ཆ་ཤིན་ཏུ་ཡག་འདུག མ་ཟད་ག་དུས་ཡིན་ནའང་མཁན་ཆེན་ཚུལ་བློ་མཆོག་ལ་བསྟོད་བསྔགས་ལ་ཧ་ཅང་ཡི་རང་དང་གུས་བསུ་ཡོད། ཡིན་ནའང་དེང་སང་དུས་ཚོད་ཤིན་ཏུ་གཉན་འཕྲང་གི་དུས་ཚོད་ཡིན་པ་དང་། མཁན་ཚུལ་བློ་ལའང་དངོས་ཤུགས་རྒྱུད་གསུམ་ནས་རྒྱལ་ཕྱི་ནང་ནས་ལ་ལས་དམར་པོའི་་སྲིད་གཞུང་ལ་གཡོ་རྒྱུས་ལྐོག་བཤད་སོགས་བྱས་ཚུལ་ཞིག་འདུག་པས་ཤིན་ཏུ་ཐབས་སྡུག་པོ་འདི་འངྲ་ཡིན། རེ་ཞིག་སྐུ་ཉིད་ཀྱིས་མཁན་ཆེན་མཚོག་ལ་བསྟོད་པ་གསུང་རྩོམ་གཞན་ངོ་ལ་བསྟུན་ནས་གནང་ན་དགའ་ས་འདུག ཁྱེད་ཀྱི་ངོར་མཁན་ཆེན་མཆོག་ལ་ཇི་ལྟར་བསྟོད་ནའང་འོས་པ་ཡིན། མ་ཟད་ས྄ུ་ཉིད་རང་དབང་ཡིན། འོན་ཀྱང་ཀུན་མཁྱེན་ཞུས་ཡག་ལྟ་བུ་ཚིག་དེ་འངྲ་རེ་ཞིག་སྙོམ་པར་འཇོག་ན་རེ་ཞུ་ཡིན། ཁོང་ལྟ་བུ་མཁས་བཙུན་བཟང་གསུམ་ཅན་ལ་བསྟོད་པ་ཅི་ཙམ་ཞུས་ནའང་མ་འོས་པ་ག་ལ་ཡིན་ཏེ། དེང་སང་གཡུ་སྒྱུ་ཁྲམ་གསུམ་ཅན་ལ་ལས་ལོག་འགྲེལ་སོགས་ཉེན་ཆེ་བས་དགོངས་ལམ་ཞུ་ཡག་ཡིན།
ཡང་ཁ་ཅིག་གིས་མཁན་ཆེན་མཆོག་ནག་པོ་ཞིག་བཟོ་བ་ལ་ཐབས་ཅི་དྲག་གང་དྲག་གི་བསམ་ངན་ཕྱིར་མངོན་པའི་རྣམ་འགྱུར་སྐྱུགས་བྲོ་བ་རེ་ཡང་རིམ་བཞིན་མངོན་ཡོང་གིན་མི་འདུག་གམ།
xxxxxxx ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་ནི་ངེས་དོན་གྱི་སྐྱབས་མགོན། ཚད་ལྡན་གྱི་བླ་མ། མཁྱེན་ལྡན་གྱི་ཀུན་མཁྱེན་མཚན་ཉིད་དང་ལྡན་ཞིག་རེད། ཁྱོད་ཚོས་མིང་ཆེན་བེད་སྤྱོད་བཏངས་པ་ལྟ་བུ་མ་ཡིན་པར་ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་དགེ་འདུན་པ་ཁྲི་ཕྲག་ལྔ་བཅུར་ཚོགས་པར་གསུངས་པའི་གསུངས་དྲི་མ་མེད་པ་ཞིག་དང་ཚུལ་ཁྲིམས་བློ་གྲོས་ཉིད་ལ་ཇི་བཞིན་ལྡན་པས་དྲ་ཞབས་པ་བདག་གིས་རང་དབང་གིས་ཞུས་པར་ལགས་སོ།། xxxx
མཁན་ཆེན་ཁེར་འགྲོ་པདྨ་འབྱུང་གནས་འདྲ།
སུ་ལ་མི་རེ་སུ་ཡིས་སྲུང་དགོས་མེད།
ཟབ་མོའི་གཏམ་གྱིས་མི་རྣམས་མགུ་བྱེད་པ།
སྐྱེ་བོ་དམ་པ་ཞིག་གི་སྤྱོད་ཚུལ་ཡིན།
His Holiness རྩ་ནས་མ་རྩོད་རོགས།
བདག་མེད་རྟོགས་པའི་བླ་མའི་འཇིག་རྟེན་དུ།
བདག་མེད་མཁན་པོ་གཅིག་ལ་སྡང་དོན་ཅི།
ཚད་མས་དཔྱད་ན་གདོང་པ་མི་ཚའམ།
དད་ལྡན་བོད་པ་གཙོའམ་ཁ་གྲངས་གཙོ།
གྲངས་ཀྱི་དབུ་ལ་འགྱིངས་ཀྱང་རང་གི་བླ།
མགོ་ནག་བོད་ནང་འཐིམས་པའི་ལས་ཀྱི་མཐུ།
ཤི་ཡང་གསོན་ཡང་འབྲལ་མེད་གཤེད་དུ་ངེས།
ཧཧཧཧཧཧ། ད་ནང་རྡོལ་སོང་ཨ་ཁ་།
མཁན་མཁྱེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་ཕྱི་དགྲ་གཟུགས་ཅན་ལག་གི་བསྡར་བ། ནང་དགྲ་གཟུགས་མེད་གཡོ་སྒྱུས་སྐོར་བ་ལས་རྒྱལ་ཏེ། སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་ཞུ།།
# 7 ཏི་སི།་ལགས་ཀྱིས་མཆན་བཏབ་པ།:
May 9th, 2015 at 12:17 AM
ཀུན་གྱིས་དད་གུས་ཞུ་སའི་བཤེས་གཉེན་མཆོག
ཀུན་ལ་མཁས་བཙུན་གྲགས་པའི་མཁན་མཁྱེན་མཆོག
ཀུན་གྱི་འཛམ་གླིང་གྲགས་པའི་ཨ་རིའི་ཡུལ།།
ཀུན་ལ་ཆོས་རིག་བསླབས་ཅིང་དད་གུས་ཕེལ།།
ཁྱེད་ཀྱི་མཚན་སྙན་ཐོས་ཀྱང་ལོ་མང་འདས།།
ཁྱེད་ཀྱི་བརྙན་པར་མཇལ་བའི་ལོ་མང་འདས།།
ཁྱེད་ཀྱི་རྣམ་ཐར་ཤེས་ཏེ་ལོ་མང་འདས།།
ཁྱེད་ཀྱི་ཞལ་དངོས་མཇལ་བའི་ད་རེས་ཙམ།།
ང་ལ་དབུལ་རྒྱུ་མེད་ཀྱང་མཇལ་སྙིང་འདོད།།
ང་ལ་ཉམས་རྟོགས་མེད་ཀྱང་གསུང་ཐོས་མོས།།
ང་ལ་དད་གུས་དྲོན་མོ་དམར་རྒྱན་དེ།།
ང་ཡིས་དེ་རིང་གུས་ཕྱག་ཕུལ་རྒྱུར་སྤྲོ།།
ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་རྒྱལ།
ཀུན་མཁྱེན་ལེགས།། ངོ་མཚར་ཆེ།
ཀུན་མཁྱེན་ཉི་མ་རིན་པོ་ཆེ།།
ཁྱེད་མེད་ན་འཇིག་རྟེན་མུན་པ་རེད།།
ཀུན་མཁྱེན་ལེགས།། ངོ་མཚར་ཆེ།
ཀུན་མཁྱེན་ཟླ་བ་རིན་པོ་ཆེ།།
ཁྱེད་མེད་ན་འཛམ་གླིང་མཚན་ནག་རེད།།
ཀུན་མཁྱེན་ལེགས།། ངོ་མཚར་ཆེ།
ཀུན་མཁྱེན་རྒྱུ་སྐར་རིན་པོ་ཆེ།།
ཁྱེད་མེད་ན་ནམ་མཁའ་སྟོང་པ་རེད།།
ཀུན་མཁྱེན་ལེགས།། ངོ་མཚར་ཆེ།
ཀུན་མཁྱེན་བླ་མ་རིན་པོ་ཆེ།།
ཁྱེད་མེད་ན་བོད་ཡུལ་མགོན་མེད་རེད།།
ཀུན་མཁྱེན་ལེགས།། ངོ་མཚར་ཆེ།
ཀུན་མཁྱེན་ཀུན་ནས་རྒྱལ་གྱུར་ཅིག།
ཀུན་ཕན་བླ་མའི་ཞབས་པད་བརྟན་པར་ཤོག།
ཀུན་བཟང་རྫོགས་ལྡན་དང་པོ་ཁྱོད་ཀྱིས་བསུས།།
ཀུན་མཁྱེན་ལེགས། ངོ་མཚར་ཆེ།
རྫོགས་ཆེན་པདྨས་སོ།
༄༅།།རྡོ་གྲུབ་རྒན་གྱི་ལུང་བསྟན་ཚིག་རྐང་བདུན་གྱི་དོན་
གསལ་བྱེད་སྒྲོན་མེའི་འོད་སྣང་།
ན་མོ་གུ་རུ་ཨ་བྷྱ་ལཀྵཾ་ཀ་ར་ཡེ།
གསེར་རྔ་དམ་ལྷ་ཡི་བླ་ལུང་དུ།།
དཔལ་ཨོ་རྒྱན་གྱི་སྤྲུལ་པ་འཇིགས་མེད་མཚན།།
འཁོར་རྣམ་བཞིའི་བྱང་སེམས་སྡེ་ཚོགས་ལ།།
ཆོས་མདོ་སྔགས་ཀྱི་བསྟན་པ་ཉི་བཞིན་གསལ།།
ཁོང་འགྲོ་དོན་ས་བརྟན་སྤོ་ལ་རེག།།
འཁོར་དག་པའི་གདུལ་བྱ་ཕྱོགས་བཅུར་ཁྱབ།།
དེར་འབྲེལ་ཀུན་བདེ་ཆེན་ས་ལ་འགོད།།
ཅེས་བགྲང་བྱ་བརྒྱ་ཕྲག་ལྷག་གི་གོང་རོལ་ནས་ཕེབས་པའི་རྡོ་གྲུབ་ཀུན་བཟང་གཞན་ཕན་ཞེས་དུས་གསུམ་སྒྲིབ་མེད་གཟིགས་པ་གང་གི་མ་འོང་ལུང་བསྟན་ཚིག་རྐང་བདུན་པོ་འདི་ཞལ་ཤིན་ཏུ་གསལ་བས་འགྲེལ་བཤད་མ་བྱས་ཀྱང་གཞན་སུ་ལའང་འཁྲུལ་ས་མེད་པ་གོ་སླ་མོད། ཁ་ཅིག་གིས་ངག་ཐོག་ནས་ལུང་ཚིག་བསྐྱར་ཟློས་ལྟ་བུར་བྱས་ཀྱང་དོན་གསལ་བོར་ངེས་མེད་མཁན་ཡང་ཡོད་པར་སྣང་བས་དེ་དག་གི་སླད་དུ་རང་བློས་དཔོག་ཚུལ་ཅུང་ཙམ་བཀྲལ་ན། འདི་ནི་བདག་ཅག་གི་བླ་མ་དམ་པ་ཉིད་ལུང་གིས་ཟིན་པ་ཡིན་པར་གསལ་བོར་ངེས་ནུས་ཏེ།
ཚིག་རྐང་དང་པོས། གནས་ཕུན་སུམ་ཚོགས་པ་གསེར༵་ཁོག་གི་རྔ༵་ལ་སྟག་རྩེ་དང་། དམ༵་ཅན་གནས་རི་གཉིས་ཀྱི་བར་དུ་ཆགས་པ་གནས་བདག་འཛི་ཆེན་ཤིང་གི་ལྷ༵་མོས་བདག་གིར་བྱས་པའི་ས་ཡི༵་ཆ་གསེར་ཐང་བླ༵་རུང་གི་ལུང༵་པ་དངོས་སུ་བསྟན།
ཚིག་རྐང་གཉིས་པས། སྟོན་པ་ཕུན་སུམ་ཚོགས་པ་དཔལ༵་ཨོ༵་རྒྱན༵་གྱི༵་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྲུལ༵་པ༵་༸ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས༵་མེད༵་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་ཞེས་མཚན༵་སྙན་གྱི་ཅོད་པན་ས་གསུམ་ན་མངོན་པར་གཡོ་བའི་མགོན་དེ་གསལ་བར་བསྟན།
ཚིག་རྐང་གསུམ་པས། འཁོར་ཕུན་སུམ་ཚོགས་པ་སྟོད་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་བའི་འདུས་སྡེ་དང་། བར་བདུད་ལས་རྣམ་རྒྱལ་གླིང་དང་པདྨ་མཁའ་འགྲོའི་འདུ་གླིང་གི་འདུས་སྡེ། སྨད་ལེགས་ཚོགས་ཆར་འབེབས་གླིང་གི་འདུས་སྡེ་སྟེ་ཆོས་སྡེ་ཁག་བཞིའི་འཁོར༵་རྣམ༵་པ་བཞི༵འི་བྱང༵་ཆུབ་སེམས༵་དཔའ་དང་སེམས་མའི་སྡེ༵་ཚོགས༵་གསལ་བར་བསྟན།
ཚིག་རྐང་བཞི་པས། ཆོས༵་ཕུན་སུམ་ཚོགས་པ་མ་གི་འཇིག་རྟེན་ལྷ་མིའི་ཐེག་པ་ནས་ཡ་གི་འོད་གསལ་རྡོ་རྗེ་རྩེ་མོའི་ཐེག་པའི་བར་མདོ༵་སྔགས༵་ཀྱི༵་བསྟན༵་པ༵་ཡོངས་རྫོགས་ཉི༵་མ་ཤར་བ་བཞིན༵་གསལ༵་བར་མཛད་ཅེས་བསྟན།
ཚིག་རྐང་ལྔ་པས། དུས་ཕུན་སུམ་ཚོགས་པ་སྐྱབས་མཚུངས་མེད་བླ་མའི་བསྟན་པའི་གནས་ཚད་ནི། ཁོང༵་འགྲོ༵་དོན༵་ས༵་བརྟན༵་སྤོ༵་ལ༵་རེག༵་ཅེས་ས་ཆེན་པོ་འདི་ཡུན་དུ་བརྟན་ན་རྗེ་བླ་མ་ཁོང་གི་ཆོས་སྡེ་འདིའི་བསྟན་པའང་དེ་དང་འདྲ་བར་གནས་ཞེས་བསྟན།
ཚིག་རྐང་དྲུག་པས་མགོན་བླ་མའི་མཛད་པ་རྣམ་དཀར་འཕྲིན་ལས་ཀྱི་ཁྱབ་རྒྱ་ནི་འཁོར༵་དག༵་པའི༵་གདུལ༵་བྱ༵་ཕྱོགས༵་བཅུར༵་ཁྱབ༵་ཅེས་འཛམ་གླིང་ཤར་ནུབ་སོགས་ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་བསྟན་པའོ།།
ཚིག་རྐང་བདུན་པས། དེར་འབྲེལ་ཀུན་བདེ་ཆེན་ས་ལ་འགོད་ཅེས་མཚུངས་མེད་ཆོས་རྗེ་བླ་མ་དེར༵་དངོས་སམ་བརྒྱུད་པས་འབྲེལ༵་བ་ཐོགས་ཚད་ཀུན༵་ནུབ་བདེ༵་ཆེན༵་ཞིང་གི་ས༵་ལ༵་འགོད༵་ཅིང་བཀོད་ནས་རྫོགས་སྨིན་སྦྱང་བ་མཐར་ཕྱིན། བཟང་འབྲེལ་ཚེ་གཅིག་སངས་རྒྱས་ངན་འབྲེལ་འཁོར་བ་མཐའ་ཅན་དུ་གྱུར་ནས་འབྲེལ་ཚད་དོན་དང་ལྡན་པར་བསྔགས་པའོ།།
དེ་ལྟར་ཚིག་རྐང་བ་བདུན་པོས། རྗེ་གང་གིས་ཕྱག་བཏབ་མཛད་པའི་ཆོས་ཀྱི་སྡེ་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་འདིའི་ཕུན་སུམ་ཚོགས་པ་ལྔ་དང་། འཕྲིན་ལས་ཀྱི་ཁྱབ་རྒྱ་འབྲེལ་ཚད་དོན་དང་ལྡན་པར་བསྟན་པའོ།།
༸ཆོས་རྗེ་ཉི་མ་ཞིང་གཞན་གཤེགས་ན་ཡང་།།
འཕྲིན་ལས་ཉི་མའི་འོད་སྣང་ཉམས་པ་མེད།།
ཞིང་འདིར་རྒྱལ་བསྟན་པད་ཚལ་ཇི་སྙེད་ཅིག།
བཞད་པ་དེ་ནི་ཁྱེད་ཀྱི་བཀའ་དྲིན་ལགས།།
ཞེས་སྔར་ལོ་བྲིས་པའི་རྗེས་དྲན་ཚིགས་བཅད་དང་བཅས་པ་འདི་ནི་༸ཆོས་རྗེ་བླ་མ་ཡབ་སྲས་བརྒྱུད་པར་བཅས་པའི་བཀའ་དྲིན་བསམ་མི་ཁྱབ་པས་བསྐྱངས་པའི་གུས་འབངས་གང་བསམ་ལྷུན་གྲུབ་ཏུ་འབོད་པས་ཤིང་ལུག་ཟླ་༣ ཚེས༡༢ ཉིན་རང་གནས་དད་གསུམ་སྤྲིན་ཕུང་འཁྲིགས་པའི་ལྡིང་ཁང་ནས་གུས་ཕུལ། མངྒ་ལམ། 2015.4.30 ལའོ།།
འདི་མགོ་ལོག་ཐུབ་ནོར་ཚང་ནས་འདི་འདྲ་བོ་གཅིག་ང་སར་བསྐུར་སོང་བས་ག་རེ་ཡིན་ནམ།
བཀའ་འདྲི་ཞུ་བ་ཙམ་ལ་རྨོངས་པ་གཞན་དབང་དུ་སོང་ཟེར་བ་དེ་ཡ་མཚན་ཆེ། རིན་པོ་ཆེ་ཁྱེད་ལ་འདི་འདྲ་ཞིག་ཕོག་འགྲོ་བ་ངས་མ་ཤེས་ལགས། མ་ཟད་ཁྱེད་ཀྱིས་གོང་བཤད་ལྟར་ཕལ་ཆེར་ཆོས་རྒྱུད་ཡོངས་སུ་རྫོགས་པའི་བསྟན་འཛིན་སྐྱེས་བུ་སོགས་ནོར་འཁྲུལ
དང་ནང་འཁྲུགས་དམ་སེལ་ཅན་ཡིན་པ་འདྲ། ཨ་རི་ལ་ཁ་སེང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ནས་བཀའ་སློབ་ཐེང་ཁ་ཤས་ཞིག་ཉན་དུ་སོང་ཡིན་ཀྱང་མཁན་ཆེན་མཆོག་ནས་དེ་འདྲ་གསུངས་པ་མ་ཐོས་པས་ཡང་ན་ཁོང་ཀུན་མཁྱེན་ཆུང་ཆུང་དང། ཁྱེད་ཀུན་མཁྱེན་ངོ་མ་དེ་ཁྱེད་ཡིན་པ་འདྲ།
མཁན་ཆེན་མཆོག་ཆབ་སྲིད་ནང་དྲུད་མ་ཡོང་རོགས། ཆབ་སྲིད་རྩོད་བསམ་ན་གྲུབ་མཐའ་ཆ་ཚང་གི་དབུ་ཁྲིད་ཕྱི་ལོགས་སུ་ཡོད་ཡོད་པ་རེད། དབུ་ཁྲིད་ཚོས་ཀྱང་བརྩད་ནས་གྲུབ་འབྲས་ཐོན་གྱི་མེད་དུས། མཁན་ཆེན་མཆོག་ལའང་ཐབས་གཞན་ཡོད་པ་མ་རེད། ཁོང་ནི་ཆོས་ལུགས་ཀྱི་དབུ་ཁྲིད་རྣལ་མ་ཞིག་དང་མི་རྣམས་ལ་བདེ་སྐྱིད་ཡོང་ཐབས་བསྐྲུན་མཁན་ཞིག་ལས་ཆབ་སྲིད་ནང་ཡོང་མི་འོས་པ་ཞིག་རེད།
མཁན་ཆེན་མཆོག་གི་བོད་ཀྱི་ཆོས་དང་རིག་གནས་སྲུང་སྐྱོབ་ཀྱི་མཛད་པར་ཡི་རངས་ཞུ། ཅི་གསུངས་ལེགས་སོ་ཞུ་མི་ཐུབ་ཀྱང་ང་ཚོར་ཁོང་འདྲ་དགོས་མཁོ་ཆེ། ལྷག་པར་བོད་ནང་དུ་སྐྱ་སེར་རིས་སུ་མ་མཆིས་པའི་ནང་ཁོང་འདྲ་བའི་སྐྱེས་བུ་མི་ཉུང་བ་བྱུང་ན་ཅི་མི་རུང་།
ད་ཁྱོད་ངོ་མ་ཀུན་མཁྱེན་རེད་འདུག ཧཧཧཧཧཧ། རེད་རེད་ང་ལས་ངན་ཡིན་པས་བདེན་པ་རེད། ལས་ངན་སེམས་ཅན་ལ་ཁྱོད་ཤ་ཚ་སྙིང་རྗེ་ཞིག་རྒྱུད་ལ་མ་སྐྱེ་ན། དེ་ལ་ཁྲོ་བ་བྱེད་པ་དེ་སུའི་དགེ་བའི་བཤེས་གཉེན་ལས་གདམས་ཁྲིད་ཞུའམ། གལ་སྲིད་ས་ཡོམ་ཁྲོད་དུ་ལུས་པ་ཡིན་པའི་དབང་དུ་བཏང་ནའང་། ད་དུང་ཁྱོད་རང་སེམས་ལ་བྱམས་སྙིང་རྗེ་སྤུ་ཙམ་མ་སྐྱེ་བར། དགའ་ཚོར་སྐྱེ་ན་ཕལ་ཆེར་Isis ཁ་ཆེ་དྲག་སྤྱོད་པ་ལྟ་བུ་མི་ཡོང་བར་ང་ལས་ངན་ཡིན་ན། ཁྱེད་ཀྱི་རྒྱུད་ལ་བྱང་སེམས་སྐྱེ་ཐུབ་པའི་སྨོན་ལམ་དང་། མ་ཟད་བླ་ཆེན་ཆོས་ལུགས་རྣམས་ལ་དག་སྣང་ཡོང་ཐུབ་པ་དང། སྐྱེ་འགྲོ་ཐམས་ཅད་ལ་ཡང་དག་ལམ་སྟོན་པའི་སྨོན་ལམ་ཞུས་ཀྱིས་ཡིན། ལས་ངན་ཡིན་ནའང་སེམས་ལ་དྲང་བདེན་ཡུན།
རྫུན་མ་བཤད་ན་མཁས་པ་མིན། རྫུན་བཤད་དམ་པའི་ཡོན་ཏན་མིན། མདོར་ན་དངོས་པོའི་གནས་ལུགས་ལས།། འགལ་ན་རང་ཉིད་དམན་པར་ངེས། མངོན་སུམ་མཐོང་བའི་དངོས་པོ་ལ།། རྫུན་གྱིས་བཅོས་པ་འཇོན་པོ་མིན།། ཡ་རབ་དམ་པའི་མཛད་པ་ལ། སྒྲོ་བསྐུར་འདེབས་པ་དམ་པ་མིན།། རང་རེ་གངས་ཅན་གཉན་འཕྲང་སྐབས།། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི། མཛད་པ་མ་མཐོང་ལོང་བ་འམ།། ཡང་ན་འོན་ནམ་སྨྱོས་ལས་སུ།
སྤུནཟླ་ལགས། ལྷ་སྒྲུང་དང་རྟོག་བཏགས་ལ་གོམས་པའི་མི་རིགས་ཀྱི་གྲལ་མཐར་ནས་ལངས་ཏེ་དམ་པ་འདི་ཡི་གསུང་ལ་ཉན་རོགས། རྨོངས་དད་དང་བག་འཁུམས་སྤང་ནས་དེང་རབས་ཀྱི་ལམ་ཆེན་ལ་བྱོན་པའི་ན་གཞོན་རྣམས། བཀས་བཀོན་རྒྱུན་འཛིན་གྱི་ལམ་ལུགས་ལ་རྒོལ་ཏེ་དམངས་གཙོ་ཡི་ལམ་བུར་བྱོན་ན་དམ་པ་འདི་ཡི་རྗེས་སུ་ཕེབས་རོགས།
དེང་རབས་གསར་པའི་སྒྲོན་མེ། འཇིག་རྟེན་གྱི་འོད་སྣང་། ཁྱེད་མཇལ་དུས་ང་ཚོ་ད་དུང་འཆི་མི་འདུག་ལ། ང་ཚོ་ད་དུང་བརླག་མི་འདུག ཁྱེད་ཀྱིས་བྱིན་པའི་སྤོབས་པ། ཁྱེད་ཀྱིས་བྱིན་པའི་བདེ་སྐྱིད། ཨེ་མ་བྱང་སེམས་ཆེན་མོ་ཚུལ་ཁྲིམས་བློ་གྲོས། ངའི་གཟུགས་འཛིན་གྱི་དབང་པོའི་ངོས་སུ་ཤར་བའི་ཁྱེད་ཀྱི་སྣང་བརྙན་འདི་ཅི་འདྲའི་དྭངས་ཞིང་གཙང་བ་ཞིག་ཨང་། ངའི་སྒྲ་འཛིན་གྱི་རྣ་བ་ནས་ངའི་སེམས་ཁོངས་སུ་འཁྱིལ་བའི་གསུང་འབྲུ་རེ་རེ་ཇི་འདྲའི་རིན་ཐང་ལྡན་པ་ཞིག་ཨང་། ད་དུང་ངའི་ཡིད་ལ་བརྗོད་མི་ཤེས་པའི་བདེ་སྐྱིད་ཅིག་བསྐྲུན་ཀིན་འདུག་ལ། འགོག་དུ་མེད་པའི་སྤོབས་པ་ཞིག་ཀྱང་བྱིན་ཀིན་འདུག ངའི་མིག་ཟུང་གི་ཁ་ཕྱོགས་རྒྱང་རིང་ནས་རྒྱང་རིང་དྲང་སོང་་ལ། ཕུག་འདུན་ཀྱང་ཆུ་བོ་གངས་གའི་བཞུར་རྒྱུན་དང་འགྲོགས་ཏེ་མཐའ་ཡས་པའི་རྒྱ་མཚོ་ཆེན་མོ་ལ་འདྲེན་སོང་། ངས་དེ་རིང་རང་གིས་རང་ངོ་ཤེས་བྱུང་ལ། རང་གི་ལས་འགན་ཀྱང་ངོ་ཤེས་བྱུང་། མཁན་ཆེན་ལགས། ང་ནི་རྟོག་གེ་མགོ་མཁྲེགས་ཞིག་ལས་ཡོད་ཚད་ལ་དད་པ་འཇོག་མཁན་ཞིག་མིན་ཀྱང་ངའི་ཚོགས་དྲུག་ཁྱེད་ཀྱི་ཕྱོགས་སུ་ཆས་སོང་། ཁྱེད་ཀྱི་སྐུ་ཚེ་ལ་བར་ཆད་མེད་པར་ཤོག །
༢༠༡༥-རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་མཁན་ཆེན་མཆོག་གི་བརྙན་འཕྲིན་ལ་མཇལ་སྐབས་ཚོར་བ་དངོས་དེ་ཕབས་པའོ།།
མཁྱེན་པོ་མཆོག་གིས།
https://www.youtube.com/watch?t=788&v=Yoo_ZwNJWPs