ཨེ་མ་ཧོ།
ཆོས་སྐུ་སྤྲོས་བྲལ་ཡངས་པའི་མཁའ་ ལམ་ནས།།
ལོངས་སྤྱོད་རྫོགས་སྐུར་འཇའ་ལུས་ འཕོ་ཆེན་བཞེངས།།།
སྣ་ཚོགས་སྤྲུལ་སྐུའི་ཟླ་གཞོན་ འབུམ་གདལ་བའི།།
ཕྲིན་ལས་ལྷུན་གྲུབ་པདྨ་རྒྱལ་པོ ས་སྐྱོངས།།
རབ་འབྱམས་རྩ་གསུམ་ཚེ་ལྷའི་ལྷ་ཚོ གས་དགོངས།།
འཇའ་ལུས་མཁའ་སྤྱོད་བྱོན་སའི་ཀཿ ཐོག་ནས།།
བཤད་སྒྲུབ་ཕྲིན་ལས་སྤེལ་མཛད་སྤྲ ུལ་པའི་སྐུ།།
ཟླ་དགའ་རིན་ཆེན་ཞབས་པད་བརྟན་གྱུ ར་ཅིག།
ཆུང་ནས་དད་བརྩོན་དགེ་བའི་རྣམ་རི ག་བཀྲ།།
གཞན་ཕན་ཐུགས་རྗེའི་ཉི་གཞོན་འབུ མ་དུ་ཤིས།།
བཤད་སྒྲུབ་བསྟན་པའི་འཚོ་བས་ཕན་ བདེ་སྟེར།།
ལེགས་མཛད་ཟླ་བ་དོན་འགྲུབ་ཞབས་ བརྟན་ཤོག།
ཟླ་རྒྱུད་པན་ཆེན་བླ་མས་རྗེས་སུ་ བཟུང་།།
སྐྱབས་རྗེ་འཆི་མེད་སྟོབས་རྒྱལ་ སྙིང་གི་གྲོགས།།
ཨ་རིག་བཤད་གྲྭའི་མཁན་པོ་མངའ་གསོ ལ་བའི།།
དགེ་ལེགས་ཐུབ་བསྟན་དཔལ་བཟང་ཞབས་ བརྟན་ཤོག།
ཀ་དག་ཁྲེགས་ཆོད་དགོངས་པ་མངོན་གྱ ུར་ཅིང་།།
ལྷུན་གྲུབ་ཐོད་རྒལ་སྤྱན་ལ་རང་ ཤར་བའི།།
ཡ་ཆེན་གྲུབ་དབང་ཨ་ཁྱུག་རིན་པོ་ ཆེས།།
དག་གཟིགས་ངོས་འཛིན་གནང་མཛད་སྤྲུ ལ་སྐུ་རྗེ།།
ཀུན་བཟང་མཁའ་ཁྱབ་འགྲོ་འདུལ་གླི ང་པ་རྒྱལ།།
ཆེ་དགུའི་དཔལ་ཡོན་ཕྱུག་པའི་རིག་ པ་འཛིན།།
ཐེག་དགུའི་སྒྲ་དབྱངས་སྒྲོག་མཁས་ སྔ་འགྱུར་པ།།
དགུ་རུང་རྒྱལ་བའི་སྲས་པོས་ལུང་ བསྟན་པའི།།
རྒྱལ་སྲས་འཇམ་དཔལ་སྨྲ་སེང་ཞབས་ བརྟན་ཤོག།
རྒྱལ་ཁམས་ཡོངས་ལ་མཐོང་བའི་ཤེས་ རྒྱ་ཅན།།
རྒྱ་བོད་དབྱིན་ལ་གྲགས་པའི་མི་སྣ ་མཆོག།
ཀཿ་ཐོག་སྐྱབས་རྗེ་དྲི་མེད་ཞིང་ སྐྱོང་གིས།།
བསྟན་སྲིད་རིན་ཆེན་དཔུང་ཤུགས་ མཐུ་བསྩལ་ཕྱིར།།
དྲུང་པ་ཐུབ་བསྟན་འཇམ་དབྱངས་བློ་ གྲོས་རྒྱལ།།
མདོར་ན་ཤིན་ཏུ་ཉག་ཕྲའི་རྒྱལ་བསྟ ན་ལ།།
བཤད་སྒྲུབ་ཕྲིན་ལས་སྤེལ་བའི་དགེ ་སྦྱོང་མཆོག།
འཇའ་ལུས་གདན་ས་སྐྱོང་བའི་མཁན་སྤ ྲུལ་ཉིད།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་ འགྲུབ་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ ས་ག་ཟླ་བའི་དཀར་ཕྱོགས་རྒྱལ་བ་ གཉིས་པར་མཁན་སྤྲུལ་དམ་པ་ཁོང་དང་ དྲ་འབྲེལ་བྱུང་ནས་སོ་སོའི་སེམས་ ཚོར་ཟབ་མོས་དུང་ཞེན་ཆུ་ཀློང་གཅི ག་ཏུ་འདྲིས་པ་ལྟ་བུ་བྱུང་བའི་མོ ད་ལ་གང་ཤར་དུ་རིག་འཛིན་ཨེ་མ་ཧོ ས་དབྱིན་ཡུལ་ཚན་རྩལ་རིག་པའི་གཙུ ག་ལག་ཁང་ནས་སྙིང་ནས་སྨོན་པར་དགེ འོ།། །།