རྔ་བ་རྒྱལ་ཁམས་པ། ཨ་རི།
______________
ཅིག་ཐང་ན་ཁྱོད་ཀྱང་ང་དང་འདྲ་བར་རང་གི་བསམ་བློ་གུ་དོགས་པོ་འདིའི་ནང་། སྦྱོར་བཏང་གི་འཚོ་བའི་ཁྲོད་ཀྱི་རྒྱུན་ཤེས་དང་། འགྲོ་བ་མིའི་རིགས་ཀྱིས་རང་ཉིད་དང་འཇིག་རྟེན་ལ་འཛིན་པའི་ལྟ་ཚུལ་སོགས། ཤེས་བྱ་མང་བོ་ཞིག་བློ་ངོར་ཤར་མ་མྱོང་བའི་ཤེས་སྙམ་རང་རློམ་ཅན་ཞིག་ཡིན་ཤེས་ཆེ། ཁྱེད་ཀྱིས་སྣང་ཡུལ་གྱི་ཆོས་འདི་དག་ཅིའི་ཕྱིར་ཡོད་པ་ཞིག་ཡིན་ནམ་སྙམ་དུ་བསམ་བློ་རེ་གཏོང་ཨེ་མྱོང་། ཁྱེད་ཀྱིས་ང་ཚོའི་འཇིག་རྟེན་གྱི་ཁམས་འདི་ཆུང་ས་ནས་རྡུལ་ཕྲན་གཅིག་དང་། ཆེ་ས་ནས་མཐའ་མེད་པའི་སྣང་ཡུལ་ཤིག་ཡིན་པའི་ངོ་མཚར་ཅན་གྱི་གནས་ལུགས་འདི་ནམ་ཡང་ཐུགས་ལ་ཤར་མྱོང་ངམ། ཁྱེད་ཀྱིས་ང་ཚོ་སྐྱེས་ནས་མ་འཆི་བར་དུ་ནམ་མཁའི་དབྱིངས་སུ་འཕུར་སྐྱོད་བྱེད་བཞིན་ཡོད་པ་ཚོར་བྱུང་ངམ། ང་ཚོའི་ཁྱིམ་གཞིས་འདི་འདི་ལྟར་འཁོར་ཚད་མཐོན་པོའི་སྒོ་ནས་འཁོར། འདི་ལྟར་མགྱོགས་ཚད་མྱུར་མོའི་ཐོག་ནས་སྐྱོད་བཞིན་པ་ང་ཚོས་མ་ཚོར་པའི་རྒྱུ་མཚན་ཅི་རེད། ང་ཚོ་དང་ང་ཚོ་གང་ལ་གནས་ཡུལ་གྱི་འཇིག་རྟེན་ཁམས་གཉིས་གཅིག་རེད་དམ་ཐ་དད་རེད། གཤམ་ནས་ངས་ཚན་རིག་གི་དཔེ་དེབ་ྐློག་འདོན་སྐབས་ཀྱི་ཟིན་བྲིས་ཁག་ཅིག དྲ་གྲོགས་ཚོའི་སྤྱན་ལམ་དུ་བསྟར་རྒྱུ་ཡིན། དེ་ཡང་ལྟ་རྒྱ་དང་མཐོང་རྒྱ་ཆུང་ཆུང་ཅན་ཚོའི་ཆེད་བྲིས་པ་ཞིག་ལས། རྒྱལ་ཁམས་རིག་པས་སྐོར་མཁན་དག་གི་ཆེད་མིན་པ་དགོངས་འཇགས་ཞུ། མཁའ་དབྱིངས་དགུ་ཚིགས་ཀྱི་སྐོར། ང་རང་བོད་ན་ཡོད་དུས་མཚམས་མཚམས་ལ། སྟོན་མཚན་ཁྱིམ་ཚང་གི་ཁང་ཐོག་ནས་ཉལ་རྒྱུར་དགའ་བོ་ཡོད་ཅིང་། ཁ་གྱེན་ལ་ཕྱོགས་ནས་སྤྲིན་མེད་གཡའ་དག་གི་ནམ་མཁའི་ངོགས་ན། ཁྱུ་འདུས་བྱས་པའི་འདར་ཆེམ་ཆེམ་གྱི་སྐར་ཚོགས་ལ་རྒྱང་ལྟ་དང་། དེ་དག་གི་བཀོད་དབྱིབས་དང་ངོ་མཚར་བའི་སྒྲུང་ལ་ཉན་འདོད་དེ་བས་ཀྱང་ཆེ། ཕལ་ཆེར་ཚེས་བཅོ་ལྔའི་མཚན་མོ་ཞིག་ཡིན་པར་སྙམ། ངའི་ཕ་སྤུན་ཨ་ཁུ་བཀྲ་ཡག་ཅེས་ཞུ་བ་གསུང་སྐད་སྙན་མོ་ཅན་ཞིག་ཡོད་པ། ཟླ་བ་གདན་དུ་བཏང་ནས། བཀའ་བསྡུས་ཤིག་སྐད་གདགས་མཐོན་པོའི་སྒོ་ནས་འདོན་བཞིན་ཤར་ཕྱོགས་སུ་སྐྱོད་བཞིན་པ་ཞིག་དངོས་སུ་མཐོང་བའི་འཁྲུལ་སྣང་དེ་འདྲའང་ཤར་མྱོང་། དེ་ནི་རྨི་ལམ་དེ་འདྲ་མ་ཡིན་པར་ཁང་ཐོག་ནས་དཀར་གསལ་ཟླ་འོད་ཀྱིས་འཁྱུད་པའི་མཁའ་དབྱིངས་ལ་རྒྱང་བལྟས་བྱེད་དུས་དངོས་སུ་མཐོང་བའི་འཁྲུལ་སྣང་ཞིག་རེད། དེ་བཞིན་ཞོགས་ཀ་ཆེས་སྔ་བོར་རི་ལ་ལྡུམ་རྐོན་དུ་འགྲོ་སྐབས། རྒྱུ་སྐར་དུ་བ་མཇུག་རིང་ཞེས་འབོད་པ་དེ་ཕལ་ཆེར་ཡིན་རྒྱུ་རེད། སྐར་མ་འོད་མཇུག་རིང་བོ་ཅན་ཞིག་མཇུག་མ་ཕར་སྐོར་ཚུར་སྐོར་བྱེད་པ་ལྟ་བུ་ཞིག་ཀྱང་མཐོང་མྱོང་། འོན་ཏེ་ངས་སེམས་ལ་སྐར་མ་དེ་དག་ནམ་མཁའི་ཕྲ་རྒྱན་ཆུང་ཆུང་ཤིག་ལས། ང་ཚོ་འཚོ་སའི་ས་གཞི་འདི་ལས་ལྡབ་འགྱུར་གྱིས་བཀྲགས་མདངས་དང་བོང་ཚད་ཆེ་བའི་འཇིག་རྟེན་ཞིག་ཡིན་པ་སེམས་ནའང་ཤར་མ་མྱོང་། ཚན་རིག་ལྟར་ན། རླངས་རླུང་དང་། རྡུལ་རྫས། གཟའ་སྐར་ས་ཡའམ། ཡང་ན། དུང་ཕྱུར་མང་བོ་འཐེན་ཤུགས་ཀྱིས་མཉམ་དུ་བཟླུམས་པ་ལ་དགུ་ཚིགས་ཞེས་འབོད་ཅིང་། གལ་ཏེ་ང་ཚོས་་མཁའ་དབུགས་གཙང་མའི་མཚན་དུས་རི་བོ་མཐོན་པོ་དག་གི་དབུ་ནས་ནམ་མཁར་བལྟ་རྒྱུ་ཡིན་ན། སྐར་ཚོགས་ཀྱི་འདུ་བ་ཅུང་འཐུག་ཉམས་ཅན་གྱི་སྐར་ཁྱིམ་ཞིག་ཐད་ཀར་ཤད་ཀྱིས་བརྐྱངས་པ་ལྟ་བུ་ཞིག་མཐོང་ཐུབ་ཅིང་། དེ་ནི་ང་ཚོའི་ས་གཞི་འདི་གང་དུ་གནས་ཡུལ་གྱི “ འོ་ལམ་དགུ་ཚིགས་” ཞེས་འབོད་པའི་བཀོད་དབྱིབས་ཀྱི་ཆ་ཤས་ཤིག་རེད་ཅེས་ཚན་རིག་པ་དག་གིས་བཤད། “འོ་ལམ་དགུ་ཚིགས”ཀྱི་སྐོར་ལ་གནའ་བོའི་སྒུ་རིག་དག་གིས་དགོད་བྲོ་བའི་གཏམ་རྒྱུད་འདི་འདྲ་ཞིག་གླེང་སྟེ། དེ་ཡང་ནམ་མཁའི་ལྷ་མོ་ཞིག་ལ་རིགས་རྒྱུད་མང་བོ་འཕེལ་སྟབས། དེ་དག་རེ་རེ་བཞིན་གསོ་རྒྱུར་དཀའ་ཚགས་ཆེ་བས། རང་གི་ནུ་མ་ཕྱག་གིས་གཅུན་པའི་འོ་མ་མཁའ་ལམ་དུ་འཕྱུར་བ་ལ་“འོ་ལམ་དགུ་ཚིགས”ཞེས་མིང་ཐོགས་པ་ཞིག་ཡིན་ཞེས་བཤད། གནམ་རིག་པ་ཚོས་དབྱེ་ཞིབ་གནང་བ་ལྟར་ན། དགུ་ཆིགས་ལ་སྤྱིར་བཏང་བཀོད་དབྱིབས་མ་གཅིག་པ་སྣ་ཚོགས་ཤིག་ཡོད་པར་བཤད་ཀྱང་། དེ་དག་རིགས་མཐུན་ཕྱོགས་བསྡུ་བྱས་ན། སྒོང་གཟུགས་དགུ་ཚིགས། སྐོར་དཀྲིས་དགུ་ཚིགས། ཚུལ་མིན་དགུ་ཚིགས། ཕྱེད་དཀྲིས་དགུ་ཚིགས་ཏེ་བཞི་རུ་ཕྱེས་འདུག སྒོང་གཟུགས་དགུ་ཚིགས་ནི། དབྱིབས་གོར་གོར་རམ་སྒོ་ང་ལྟ་བུ་ལ། རང་མདོག་ཁ་དོག་མ་ངེས་པ་སྣ་ཚོགས་ཡོད་པ། ཧ་ཅིང་གྲང་བའི་སྐར་རྙིང་མང་བོ་ལས་གྲུབ་པ། སྤྲིན་དང་། རྡུལ་རྫས། རླངས་པ་སོགས་ཉུང་ཞིང་། རང་ཉིད་ལ་དཀྱིལ་རྙིང་ངམ་དབུས་ཀྱི་ཚད་ཐིག་ངེས་གཏན་མེད་པའི་དགུ་ཚིགས་དག་ལ་ཟེར། སྐོར་དཀྲིས་དགུ་ཚིགས་ནི། ཡོངས་གྲགས་དཔུང་བ་གཅིག་ནས་བཞི་སོགས་ཡོད་པར་བཤད་ལ། དེ་ཡང་དཔུང་བ་དེ་དག་རང་ཉིད་ཀྱི་འཁོར་ཕྱོགས་དང་མཐུན་པར་དབུས་ནས་ཕྱི་ལ་རྒྱ་བསྐྱེད་ནས་འཁོར་བཞིན་ཡོད་ཅིང་། དེའི་དབུས་ཕྱོགས་ཧ་ཅིང་བཀྲགས་མདངས་ཅན་གྱི་སྐར་ཚོགས་རྙིང་བའི་རིགས་དང་། དཔུང་འདབ་ཀྱི་ངོགས་སུ་སྐར་ཚོགས་གསར་བ་དང་། རྡུལ་སྤྲིན། དུག་རླངས་སོགས་འཁྲིགས་ཏེ་དབུས་ཤུགས་དང་མཐུན་པར་འཁོར་བཞིན་ཡོད། ཁྲ་ཐིག་དགུ་ཚིགས། ཁྲ་ཐིག་དགུ་ཚིགས་ཀྱི་བཀོད་པ་ཕལ་ཆེར་སྐོར་དཀྲིས་དགུ་ཚིགས་དང་འདྲ་ཞིང་། མི་འདྲ་བ་ནི་། དེའི་ངོགས་སུ་འོད་མདངས་ཆེ་བའི་ཐིག་ཐིག་ཕྲན་གྱི་ཚོན་མདངས་སྣ་ཚོགས་ལྡན་པའི་རྒྱུ་སྐར་དག་ཕར་འགྲོ་ཚུལ་འོང་བྱེད་བཞིན་པ་དེ་རེད། ཚུལ་མིན་དགུ་ཚུགས། དགུ་ཚིགས་འདིའི་རིགས་ནི། གོང་དུ་བཤད་པའི་དགུ་ཚིགས་གང་དང་ཡང་མི་མཚུངས་པ་མ་ཟད། རང་ཉིད་ལ་བཀོད་དབྱིབས་དང་། དཀྱིས་མའི་དཔེ་ཚད། ཁ་དོག་སོགས་ཀྱི་རྣམ་པ་ངེས་གཏན་མེད་པའི་རིགས་ཡིན། དེ་ལྟར་དགུ་ཚིགས་དེ་དག་བར་རྒྱང་ཐག་རིང་ཐུང་མ་འདྲ་བ་སྣ་ཚོགས་ཡོད་པ་ལས། ང་ཚོའི་དགུ་ཚིགས་དང་ཐག་ཉེ་ཤོས་ཀྱི་དགུ་ཚིགས་ནི། གཞི་ཁྱིམ་སྒོང་དབྱིབས་དགུ་ཚུགས་ཞེས་བརྗོད་ན་ཨེ་འགྲིགས་སྙམ། (Sagittarius Dwarf Elliptical Galaxy) ཞེས་འབོད་པ་དེ་ཉིད་ཡིན་ཞིང་། དེ་ཡང་ས་གཞི་ནས་དགུ་ཚིགས་དེའི་བར་འོད་ལོ་ཁྲི་བདུན་དང་། འོ་ལམ་དགུ་ཚུགས་ཀྱི་དབུས་ནས་དེའི་བར་འོད་ལོ་ཁྲི་ལྔ་ཡོད་པར་བཤད། གཞན་ཡང་ང་ཚོ་དང་ཐག་ཅུང་ཉེ་བའི་དགུ་ཚིགས་གཞན་ཞིག་ནི། རྒྱ་ཆེན་ཨེན་སྒྲི་རོམ་སྒྲ་དགུ་ཚིགས་ཞེས་འབོད་པ་དེ་ཉིད་ཡིན་ཞིང་།
དགུ་ཚིགས་དེ་བཞིན་ང་ཚོ་ལས་འོད་ལོ་ས་ཡ༢་༢ཀྱི་ཕ་རོལ་ན་གནས་ཤིང་། སའི་གོ་ལའི་ཕྱེད་བྱང་མའི་མཐོ་སྒང་དག་ནས་བལྟས་ན་དཀྱུས་མའི་མིག་གིས་ཀྱང་མཐོང་ཐུབ་པར་བཤད། དགུ་ཚིགས་དེའི་མིང་ནི་གནའ་བོའི་སྒུ་རིག་གི་ཆོས་རིག་ནང་གི་ལྷ་མོ་ཨེན་སྒྲི་རོམ་སྒྲ་ཞེས་འབོད་པའི་མཚན་ལས་བཏགས་པར་གྲགས་ཤིང་། དེ་ནི་ང་ཚོས་མིག་རྐྱང་གིས་མཐོང་ཐུབ་པའི་ཆེས་ཐག་རིང་ཤོས་ཀྱི་དགུ་ཚིགས་དེ་ཡིན་པར་གྲགས། སྐར་ཚོགས་རྣམས་དགུ་ཚིགས་ཀྱི་ངོས་སུ་ཁྱུ་འདུས་བྱས་ཏེ་གནས་ཡོད་པ་ལྟར། དགུ་ཚིགས་དག་ཀྱང་ཕྱོགས་འདུས་བྱས་ནས་གནས་པ་ལ་ཕྱོགས་སྡེབ་དགུ་ཚིགས་ཞེས་འབོད། ང་ཚོ་དང་ཁད་ཉེ་བའི་མཁའ་དབྱིངས་འདི་ན་འོ་ལམ་དགུ་ཚིགས་སོགས། དགུ་ཚིགས་ཉེར་བརྒྱད་ཡོད་པར་གྲགས་ཤིང་། དགུ་ཚིགས་དེ་དག་མཉམ་དུ་འདུས་པ་ལ་ས་གནས་ཚོགས་སྡེ་ཞེས་བརྗོད། དེ་ལྟ་བུའི་ས་གནས་དགུ་ཚོགས་མང་བོ་མཉམ་འདུས་བྱས་པ་ལ། ས་གནས་དགུ་ཚོགས་ཆེན་པོ་ཞེས་བརྗོད་ན་ཨེ་འགྲིགས་སྙམ། (Local Super cluster) དེ་འདྲའི་དགུ་ཚོགས་ཆེན་པོ་གཅིག་གི་ནང་། ས་གནས་དགུ་ཚོགས་མང་བོ་འདུ་ཞིང་། ས་གནས་དགུ་ཚོགས་ཁ་ཤས་ཀྱི་ནང་དགུ་ཚིགས་སྟོང་ཕྲག་མང་བོའང་ཡོད་པར་བཤད། གཟའ་སྐར་རྣམས་ནམ་མཁའི་ངོས་སུ་འཁོར་སྐྱོད་བྱེད་བཞིན་ཡོད་པ་ལྟར། དགུ་ཚིགས་དག་ཀྱང་རང་འཁོར་རྒྱག་བཞིན་ཡོད་ལ། དེ་ཉིད་ཀྱི་འཁོར་ཐེངས་གཅིག་ལ་ལོ་བར་ས་ཡ་མང་བོ་འགོར་བ་དཔེར་ན། ང་ཚོའི་ཉི་ཁྱིམ་འོ་ལམ་དགུ་ཚིགས་ལ་ཐེངས་གཅིག་འཁོར་བ་ལ་ལོ་ས་ཡ་༢༤༠འགོར་བཞིན་ཡོད། དེ་བཞིན་དགུ་ཚིགས་དག་ཀྱང་སྣང་སྲིད་ཀྱི་ཁམས་བརྒྱུད་ནས་འཁོར་སྐྱོད་བྱ་བཞིན་ཡོད་ཅིང་། དགུ་ཚིགས་དེ་དག་ཕལ་ཆེར་གྱི་བར་ལ་སྟོང་ཆ་ཆེན་པོ་ཡོད་པས་ཅིག་ལ་ཅིག་མི་ཐོགས་པའམ་མི་རེག་མོད། སྐབས་རེར་ཅུང་ཐག་ཉེ་བའི་དགུ་ཚིགས་དག་ཕན་ཚུན་གཅིག་གིས་ཅིག་ལ་བརྡབས་ནས་མཉམ་དུ་འདྲེས་བས་དགུ་ཚིགས་ཀྱི་རྣམ་པ་མི་འདྲ་བ་གཞན་དང་གཞན་ཞིག་གྲུབ་བཞིན་ཡོད་པ། དཔེར་ན། དགུ་ཚིགས་མིང་ལ Arp220 ཞེས་འབོད་པ་ང་ཚོ་ལས་འོད་ལོ་ས་ཡ༢༥༠ཕ་རོལ་ན་ཡོད་ཅིང་། དགུ་ཚིགས་དེ་ནི་དགུ་ཚིགས་མི་འདྲ་བ་གཉིས་མཉམ་དུ་བརྡབས་པ་ལས་གྲུབ་པ་པའི་དགུ་ཚིགས་ཤིག་ཡིན་ཅིང་། དགུ་ཚིགས་དེ་གཉིས་མཉམ་དུ་འཁྲིག་བཞིན་པའི་རྣམ་པ་དེ་ཟླ་མཚན་འབབ་བཞིན་པའི་མོ་མཚན་ཆེན་པོ་ཞིག་དང་འདྲ། དགུ་ཚིགས་དེ་གཉིས་ཀྱིས་མཚམས་སྦྱོར་གྲུབ་རྗེས། གྲོག་མའི་རྒྱལ་མོ་ཞིག་གིས་སྒོ་ང་གཏོང་བ་ལྟར། སྐར་ཆེན་དང་སྐར་ཕྲན་མང་བོ་རིམ་པར་སྐྱེས་ནས་མཛེས་སྡུག་ལྡན་པའི་སྐར་ཁྱིམ་ཆེན་པོ་ཞིག་གི་ངོ་བོར་གྲུབ་འདུག དེ་བཞིན་རྟ་འཁོར་དགུ་ཚིགས་ཞེས་བརྗོད་པའི་དགུ་ཚིགས་དེའི་དབྱིབས་ཤིང་རྟ་ཆེན་པོ་ཞིག་གི་འཁོར་ལོ་དང་རྣམ་པ་མཐུན་ཞིང་། དགུ་ཚིགས་དེའི་གདུབ་གོར་ཆེན་པོ་དེ་མཐའ་ཡས་པའི་སྐར་ཚོགས་ལས་གྲུབ་པ་ཅིག་དང་། དེའང་དགུ་ཚིགས་གཉིས་ཤུགས་ཆེན་པོས་བརྡབས་པའི་མེ་སྟག་ཕྱི་ལ་མཆེད་པ་ལས་གྲུབ་པའི་དགུ་ཚིགས་ཀྱི་རྣམ་པ་མི་འདྲ་བ་གཞན་ཞིག་ཡིན་པར་སྙམ། སྤྱིར་དགུ་ཚིགས་ཅེས་པ་འདི་སྤྱི་ལོ༡༨༤༠ནང་། ཨ་རེ་ཤའི་གནམ་རིག་པ་ཞིག་གིས་ཐོག་མར་གསར་རྙེད་བྱུང་བ་ཞིག་ཡིན་ཞེས་འདོད་མཁན་ཕྱོགས་ཅིག་དང་། ཡང་ཁ་ཅིག་གིས། M51 ཞེས་འབོད་པ་དུས་ཕྱིས་གཙུག་འཁྱིལ་དགུ་ཚིགས་སུ་གྲགས་པ། སྤ་རན་སའི་གནམ་རིག་པ་སྐུ་ཞབས་ཆལ་ལེ་སི་མ་སེ་ཡར(Charles Messier)1930-1818) ཞེས་འབོད་པ་དེ་ཉིད་ཀྱིས་གསར་རྙེད་བྱུང་བ་ཞིག་ཡིན་ཞེས་ཀྱང་སྨྲ། གང་ལྟར་སྤྱི་ལོ༡༩༢༣ལོར་ཨ་རིའི་གནམ་རིག་པ་ཨེ་སྒྲི་ཝེན་ཧོས་བྷོལ(Edwin Hubble) གྱིས་འཐེན་ཤུགས་ཀྱི་ནུས་པ་གཞན་ལས་ཁྱད་འཕགས་ཀྱི་རྒྱང་ཤེལ་ལ་བརྟེན་ནས། ཨེན་སྒྲི་རོམ་སྒྲ་སྐར་ཚོགས་ཀྱི་བརྒྱུད་རིམ་གསར་བོར་མཐོང་ནས་པར་ཡང་བཏབས་པས། ང་ཚོའི་མཁའ་དབྱིངས་དགུ་ཚིགས་ཀྱི་ཕ་རོལ་ན་དགུ་ཚིགས་གཞན་ཡང་ཡོད་པར་དཔང་བོ་བྱས་པ་རེད། དེང་སང་ཚན་རིག་པ་ཚོས་བརྗོད་པ་ལྟར་ན། དགུ་ཚིགས་དུང་ཕྱིར་ལྔ་བཅུ་ལྷག་ཡོད་པར་ཚོད་དཔགས་བྱེད་བཞིན་པ་དང་། དེ་དག་རེ་རེའི་ནང་སྐར་གྲངས་དུང་ཕྱིར་བརྒྱ་ནས་ཉིས་བར་ཡོད་པར་ཚོད་སྒམ་བྱེད་བཞིན་པའི་སྐབས་རེད། དྲ་གྲོགས་དག་གིས་དབྱིན་ཇིའི་སྐད་ཀྱི(Galaxy)ཞེས་པ་འདི་བོད་སྐད་ཀྱི་དགུ་ཚིགས་ཞེས་བརྗོད་ན་འགྲིག་གམ་མི་འགྲིག་བསམ་ཚུལ་རེ་གསུངས་རོགས་ཀྱིས། ཐུགས་རྗེ་ཆེ། མུ་འགོད།
ཨ་ལ་ལ་ལ། བུ་རྒོད་པོ་འདིས་ཡང་ང་དགའ་ནིའི་རྩོམ་ཡིག་ཅིག་བཀོད་འདུག ང་ད་འདི་མོ་འདིར་དགའ་ནི་རེད་ཡ། དེ་རིང་ད་ཁྱོད་ཀྱིས་རྔ་བ་རྒྱལ་ཁམས་པ་ཞེས་པའི་རྗེས་སུ་ཨ་རི་ཞེས་བྲིས་པས་ང་ནོར་ནི་མ་རེད། དེ་མིན་ད་བར་དུ་ངས་ཁྱོད་རྔ་བ་ཆོས་གྲགས་ལ་ནོར་བསྡད་པ་ཁྱོད་ཀྱིས་ཀྱང་ཤེས་མོད།
ཁྱེད་ཀྱིས་རྩོམ་ཡིག་དྲ་ཐོག་ཏུ་བཀོད་པར་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུས་པ་ཡིན། ཁྱོད་བཟང་ཐལ། ཁྱོད་ཚེ་རིང་དོན་འགྲུབ།
ཁ་དྲོ་བཀྲ་ཤིས་ཨེ་གོ
NASAགསར་འགྱུར་དག་ནི་ང་རང་ཆེས་དགའ་བའི་ལྟད་མོ་ཡིན། ནམ་མཁའི་ཁམས་འདི་ནི་ང་ཚོས་སྐྱེ་བ་དུང་ཕྱུར་དུ་མ་ལེན་སའི་ཕ་ས་ཕ་ཡུལ་རེད། ནང་པའི་ཆོས་ལུགས་ལྟར་ན་མཁའ་དབྱིངས་སུ་རྒྱུ་བའི་རྡུལ་ཕྲན་གཅིག་གི་སྟེང་དུ་ཡང་སྐྱེ་བ་གྲངས་མེད་ཅིག་བླངས་ཡོད་པ་རེད།
རྔ་བ་རྒྱལ་ཁམས་པས་དགུ་ཚིགས་སྐྱ་མོའི་སྐོར་རྒྱས་བཤད་རོབ་ཙམ་གནང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
རང་རེའི་སྤྱི་ཚོགས་ལ་རྩོམ་པ་པོ་དང་། ལོ་རྒྱུས་སྨྲ་བ། ལྟ་གྲུབ་སྨྲ་བ་ལ་སོགས་པའི་ལས་འབྲས་ཀྱི་རྣམ་བཞག་དང་། སྐྱེ་བ་སྔ་ཕྱིའི་སྐོར་སོགས་ལ་འགྲེལ་བརྗོད་པ་དང་སློབ་གཉེར་བ་ལག་ཐོགས་མི་དགོས་པ་ལྟ་བུ་ཞིག་ཡིན་ཡང་། ཚན་རིག་དང་ཁྱད་པར་དུ་གནམ་རིག་གི་ཤེས་བྱ་ངོ་མཚར་ཅན་འདི་ཚོ་ད་ལྟའི་བར་དུ་བོད་ཀྱི་རིག་གནས་ཤེས་བྱའི་ཁོངས་སུ་ཤིན་ཏུ་མཐོང་དཀོན་པ་དང་། ཧ་ཅང་ཉུང་ཐག་ཆོད་པའི་སྣང་ཚུལ་ཞིག་འདུག
ཉེ་སྔོན་ཨ་རིའི་མཁའ་དབྱིངས་དཔྱད་ཞིབ་ཚོགས་པ་(nasa)དང་། ཡུ་རོ་མཁའ་དབྱིངས་དཔྱད་ཞིབ་ཚོགས་པ་གཉིས་མཉམ་འབྲེལ་གྱིས་ཧ་བྷོལ་(hubble) ཞེས་པའི་མཁའ་དབྱིངས་འཚོལ་ཞིབ་འཕུར་གྲུ་ཞིག་བར་སྣང་དུ་བཏང་བར་ཉིན་གྲངས་ཉི་ཤུ་རྩ་བརྒྱད་རིང་བསྟུད་མར་ལྷོ་ནས་བྱང་ལ་འཕུར་བའི་སྐབས་དགུ་ཚིགས་སྐྱ་མོ་མི་འདྲ་བ་གྲངས་ཆིག་སྟོང་ལྷག་མཐོང་ཡོད་འདུག
དགུ་ཚིགས་དེ་དག་གི་དབྱིབས་དང་ཁ་དོག་ཀྱང་འདྲ་མིན་སྣ་ཚོགས་ཡིན་འདུག་ལ་རྔ་བ་རྒྱལ་ཁམས་པས་འགྲེལ་བརྗོད་གསལ་བོ་བྱས་འདུག ཚན་རིག་པས་འགྲེལ་བརྗོད་ལྟར་ན་དགུ་ཚིགས་གཅིག་གི་དུས་ཡུན་ལོ་དུང་ཕྱུར་དྲུག་ནས་བརྒྱད་ཡིན་པ་དང་། དགུ་ཚིགས་གཅིག་གི་ཁོངས་སུ་སྒྱུ་སྐར་གྲངས་དུང་ཕྱིར་ལྔ་ནས་དྲུག་བར་ཡོད་པར་བཤད།
དགུ་ཚིགས་དེ་དག་ཐོག་མར་(bigbang) ནས་བྱུང་བ་དང་། bigbang ཞེས་པའི་འགས་སྟོར་ཆེན་པོ་དེ་ཡང་ blackhole ནས་བྱུང་བར་བཤད།
galaxy ཞེས་པའི་ཚིག་འདི་དགུ་ཚིགས་སམ་རྒུ་ཚིགས་སུ་བསྒྱུར་ཡོད་ན་ཡང་བོད་མི་ཚོའི་གནའ་བའི་འབོད་སྲོལ་ལ་གནམ་གྱི་སྐ་རགས་ཟེར། གཡའ་དག་པའི་མཚན་མོ་གནམ་ལ་བལྟ་སྐབས་སྐྱ་ཤག་གེར་ཡོད་པའི་དབྱིབས་མནར་མོ་འདྲ་བ་ཞིག་མཐོང་རྒྱུ་ཡོད་པ་དེ་ནི་རང་རེ་མིག་གིས་དངོས་སུ་རིག་པའི་དགུ་ཚིགས་ཡིན་པ་འདྲ།
གནམ་གྱི་སྐེད་རགས་དེ་བོད་ཡུལ་ནས་ནམ་མཁའ་དྭངས་དུས་གསལ་བོར་མཐོང་ཐུབ་ན་་ཨ་རི་ནས་ལས་སླ་བོར་མི་མཐོང་གི་ཡ། ངས་ཆུང་ཆུང་ཡིན་དུས་དབྱར་དུས་ཀྱི་མཚན་མོ་ཞིག་ལ་རྒྱུ་སྐར་གྱི་དཔུང་ཚོགས་ཆེན་པོ་ཞིག་གཡས་སྐོར་དུ་འཁོར་བཞིན་ནུབ་ཕྱོགས་སུ་འགྲོ་བ་གཅིག་མཐོང་མྱོང་། དེ་ནི་ངོ་མ་ཆེས་མཛེས་སྡུག་ལྡན་པ་ཞིག་འདུག འབྲོག་ཁྱི་ཚོས་ཀྱང་དེ་མཐོང་ནས་འབ་སྒྲ་སྒྲོག་པ་དང་། འབྲོག་པ་ཚོས་ཀི་རིང་འདེབ་བཞིན་འདུག
ཨ་རི་ནས་གནམ་གྱི་སྐ་རགས་གསལ་བོ་ཞིག་མཐོང་ཐུབ་ཀི་མ་རེད།
གནམ་གྱི་སྐ་རགས་མཐོང་མི་ཐུབ་པ་མ་ཟད། གནམ་གྱི་སྐར་མ་ཡང་ཉུང་ཉུང་ཞིག་ལས་མཐོང་གི་མ་རེད།
ཡུ་རོ་ནས་ཀྱང་དེ་འདྲ་རེད།
ཁྱིའི་འབ་སྒྲ་སྒྲོག་ཟེར་བ་དེ་ག་འདྲ་ཡིན་ནམ། ཁྱི་ཟུག ལུག་འབའ། རྟ་འཚེར། ནོར་ངུར། སོགས་མི་ཟེར་རམ།
ཁྱིའི་ཟུག་སྒྲ་ནི་འབ་འབ་ཅེས་པ་ལྟ་བུ་ཞིག་ཡིན་པས་འབ་སྒྲ་དང་། མིས་མི་འབོད་དུས་ཀི་ཞེས་པའི་སྒྲ་འབྱུང་བས་ཀི་སྒྲ་སྒྲོག་ཅེས་རྗོད་སྲོལ་འདུག
ཀི་སྒྲ་སྒྲོག་པ་ནི། མིས་མི་འབོད་པ་མ་ཡིན་པར། མིས་ཤུགས་ཆེན་པོས་སྐད་བརྒྱབ་པའི་དུས་ཡིན།
སྐད་ཤུགས་ཆེན་པོ་མ་རྒྱགས་མ་གཏོགས་སྐུབས་ནས་ (bigbang) ཤར་ནས་དེ་ནས་སྐར་གྲགས་མཐའ་ཡས་པ་ཞིག་ཤར་ཡོང་།
རྔ་བ་རྒྱལ་ཁམས་པས་བཤད་པ་ལྟར་ (galaxy) འདི་བོད་སྐད་ཀྱི་རྒུ་ཚིགས་དང་སྒྲ་འདྲ་བོ་ཅིག་འདུག འོན་ཀྱང་ཡོང་སྟངས་ཀྱི་ལོ་རྒྱུས་ཅིག་མཐོང་མ་མྱོང་བས་སྒྲ་འདྲ་བ་ཙམ་ལ་རྟེན་ནས་ཐག་གཅོད་བྱེད་མི་ནུས། གཅིག་བྱས་ནས་རྒུ་ཚིགས་ཟེར་བའི་མིང་ཚིག་འདི་galaxy འདི་ནས་ཚུར་ཆད་པ་འམ། ཡང་ན་རྒུ་ཚིགས་ནས་ཕར་galaxyའདི་ལ་ཆད་པ་ཡང་ཡིན་སྲིད།
The word galaxy derives from the Greek term for our own galaxy, galaxias (γαλαξίας), or kyklos galaktikos, meaning “milky circle” for its appearance in the sky. In Greek mythology, Zeus places his son born by a mortal woman, the infant Heracles, on Hera’s breast while she is asleep so that the baby will drink her divine milk and will thus become immortal. Hera wakes up while breastfeeding and then realizes she is nursing an unknown baby: she pushes the baby away and a jet of her milk sprays the night sky, producing the faint band of light known as the Milky Way.[11]
In the astronomical literature, the capitalized word ‘Galaxy’ is used to refer to our galaxy, the Milky Way, to distinguish it from the billions of other galaxies. The term Milky Way first appeared in the English language in a poem by Chaucer.
“See yonder, lo, the Galaxyë
Which men clepeth the Milky Wey,
For hit is whyt.”
རྔ་་བ་རྒྱལ་ཁམས་པས་བོད་པ་ཚོར་འདི་འདྲའི་ཤེས་ཡོན་མཐོང་ཐོས་མེད་པའི་དམའ་འབེབ་དང་མཐོང་ཆུང་མང་བོ་ཞིག་བྱེད་ཤོར་དུ་བསྒྱུར་བསྒྲིགས་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག འོན་ཀྱང་ང་ཚོས་ཤེས་དགོས་པ་ནི་མི་གཅིག་གིས་ཚང་མ་ཤེས་མི་སྲིད་པ་དང་། ཡང་ན་མི་གཅིག་གིས་ཚང་མ་ཤེས་དགོས་པའི་རྒྱུ་མཚན་ཡང་མེད། ཐ་ན་ཕྱི་རྒྱལ་ཚོར་མཚོན་ན་རང་རང་གི་ཆེད་ལས་ཀྱི་སྐོར་ལ་ཤེས་པ་ལས་ཐམས་ཅད་མཁྱེན་པ་ཡོད་པ་མ་རེད། དེའི་ཕྱིར་འདི་ནི་གནམ་དཔྱད་རིག་པ་ཚོས་ཤེས་པ་དང་ཁོ་ཚོས་ཤེས་དགོས་པ་ཞིག་ཡིན་པ་ལས། གཞན་པ་ཚོས་མི་ཤེས་ཤིང་ཤེས་ཨེ་ཐུབ་ལ་རེ་བའང་བརྒྱག་གི་མ་རེད། བོད་མིའི་ནང་ནས་འདིའི་སྐོར་སྐར་རྩིས་སྦྱོང་མཁན་ཚོས་ཤེས་དགོས་པ་ལས། གཞན་པ་ཚོས་འདིའི་སྐོར་ཤེས་ཀྱི་མི་འདུག་ཟེར་ནས་ཟུར་ཟ་དང་གཤེ་གཤེ་གཏོང་མི་རུང་། མི་ཤེས་མཁན་ཚོས་ངོ་ཚ་སྲུང་ཆེད་མི་ཤེས་ནའང་ཨུ་ཚུགས་ཀྱིས་ཤེས་མདོག་མདོག་མ་བྱས་ན་མཛེས། ཤེས་མཁན་ཚོས་རང་རང་གི་ཆེད་ལས་དང་འབྲེལ་བའི་བརྗོད་གཞའི་ཐོག་གང་ཟབ་ཟབ་བཤད་ན་མཛེས།
རྒྱབ་དུར་ར་ཅན་ལ་བརྒྱབ་ལག་མི་འཛེས།།
་་་་་་་་་་་་་་་་་་་་
མུ་མཐུད་དུ་འདི་འདྲ་བཀོད་པའི་རེ་སྐུལ་ཞུ། མང་མང་ལ་ཕན་ཐོགས་ཀྱི་འདུག
རྔ་བ་རྒྱལ་ཁམས་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་དྲི་བ་ཁག་ཅིག་འདྲི་རྒྱུ་ཡོད་པས་ལན་ཞིག་གནང་རོགས།་་སྤྱིར་ཕྲན་ལ་གནམ་རིག་སྐོར་གྱི་ཤེས་བྱའི་ཤེས་ཚད་ཞན་པ་དང་ཐ་སྙད་མང་བོར་གོམས་འདྲིས་མེད་སྟབས་གོ་བ་གཏིང་ཟབ་ཅིག་ལོན་ཐུབ་མ་སོང།་་་་དཔེར་ན་དགུ་ཚུགས་ཕན་ཚུན་བར་ཌྷའོད་ཌྷལོ་ཁྲི་ལྔ་དང་འོད་ལོ་ཁྲི་བདུན་སོགས་བྲིས་འདུག་པ་དེའི་དོན་ཅི་ཡིན།་་་གལ་ཏེ་བར་ཐག་གི་ཚད་འཇལ་བྱེད་ཅིག་ཡིན་ན་ཅིའི་ཕྱིར་ཌྷའོད་ལོ་ཞེས་འབྲི་དགོས་པ་ཡིན་གསལ་བཤད་ཅིག་གནང་རོགས།
འོད་དང་ལོ་མཉམ་སྦྱར་བྱས་སྟབས་བློ་ངོར་དོགས་པ་མང་བོ་ཞིག་ཡོང་གི་འདུག་དེ་སེལ་ཐབས་སུ་སྐྱབས་འཇུག་ཞུ།་་་དུས་ཚོད་བྱུང་ན་ལན་ཞིག
གནམ་རིག་དང་སྐར་མའི་མིང་འདི་ཚོ་ཚང་མ་སྔོན་མ་ནས་རང་རང་གིས་མིང་འདྲ་བཏགས། སྒྲུང་འདྲ་བཟོས་ནས་བསྡད་ཡོད་པ་རེད། དགུ་ཚིགས་གཅིག་བུ་ལ་རྒྱ་ནག་ལ་སྒྲུང་རྙིང་རྗེ་བོ་ཅིག་བུ་བུ་མོ་གཉིས་ཀྱི་བརྩེ་དུང་ལ་སྦྱར་ནས་འདུག བོད་ལ་བོད་ཀྱི་འགྲེལ་བཤད་ཡོད། རྒྱ་གར་ལ་རིག་བྱེད་ཀྱི་གཏམ་རྒྱུད་ཡ་མཚན་པ་དེ་འདྲ་འདུག ད་དུང་ཡང་དེ་བཞིན་གཅིག་པ་རེད། ཚན་རིག་པས་ཀྱང་རེ་རེ་ཞིབ་ཚགས་ཐོག་ནས་བཤད་ཐུབ་ཀྱི་མ་རེད། ཚན་རིག་པས་རྒྱང་ཤེལ་ལས་བལྟ་གི་ཡོད་པ་རེད། ཡིན་ན་ཡང་བལྟ་བྱེད་ཀྱི་མིག་དེ་རང་རེ་ལ་ཡོད་པའི་ཆུ་བུར་ཅན་གྱི་མིག་འདི་རེད། རྒྱང་ཤེལ་དང་ཆུ་བུར་ཅན་གྱི་མིག་འདི་གཉིས་ཚོགས་ནས་ཅིག་མཐོང་གི་ཡོད་པ་རེད། དེ་ནས་མི་མཐོང་བའི་ཕྱོགས་ལ་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། གནའ་རབས་ཀྱི་ལུགས་དང་གཅིག་པ་རེད། སྔ་མོ་ནས་མདོ་ན་གངྒའི་ཀླུང་གི་བྱེ་མ་རྙེད་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མེད་པ། གསུངས་པ་ལྟར་རེད།
འོད་ལོ་ནི་རྒྱུ་སྐར་གཅིག་གི་འོད་དེ་རྒྱུ་སྐར་གཞན་གཅིག་གི་ཐོག་ཏུ་འཕྲོ་བའི་ཡུན་ཚད་ཀྱི་དུས་ཡུན་དེ་ལོ་འདི་ཙམ་ཞིག་གོ་ཞེས་པ་དེ་ཡིན་བསམས་སོང་། རྒྱུ་སྐར་འདི་དག་གི་བར་ཐག་རིང་དྲགས་པས་གཅིག་གི་འོད་གཅིག་གི་ཐོག་ཏུ་འཕྲོ་བར་དུས་ཚོད་དང་ཉི་མས་ལྡེང་གི་མེད་པར་ལོ་གྲངས་བརྩི་དགོས་པ་རེད། དཔེར་ན་ཉི་མ་འོད་སའི་གོ་ལའི་ཐོག་ཏུ་འཕྲོ་བར་སྐར་མ་བརྒྱད་ཡིན་ནམ་ཞིག་དགོས་བསམས་སོང་།
ཉི་མའི་འོད་
Answer:
A light-year is a unit of distance. It is the distance that light can travel in one year. Light moves at a velocity of about 300,000 kilometers (km) each second. So in one year, it can travel about 10 trillion km. More p recisely, one light-year is equal to 9,500,000,000,000 kilometers.
Why would you want such a big unit of distance? Well, on Earth, a kilometer may be just fine. It is a few hundred kilometers from New York City to Washington, DC; it is a few thousand kilometers from California to Maine. In the universe, the kilometer is just too small to be useful. For example, the distance to the next nearest big galaxy, the Andromeda Galaxy, is 21 quintillion km. That’s 21,000,000,000,000,000,000 km. This is a number so large that it becomes hard to write and hard to interpret. So astronomers use other units of distance.
In our solar system, we tend to describe distances in terms of the Astronomical Unit (AU). The AU is defined as the average distance between the Earth and the Sun. It is approximately 150 million km (93 million miles). Mercury can be said to be about 1/3 of an AU from the Sun and Pluto averages about 40 AU from the Sun. The AU, however, is not big enough of a unit when we start talking about distances to objects outside our solar system.
For distances to other parts of the Milky Way Galaxy (or even further), astronomers use units of the light-year or the parsec . The light-year we have already defined. The parsec is equal to 3.3 light-years. Using the light-year, we can say that :
The Crab supernova remnant is about 4,000 light-years away.
The Milky Way Galaxy is about 150,000 light-years across.
The Andromeda Galaxy is 2.3 million light-years away.
དགུ་ཚིགས་ཀྱི་ཐ་སྙད་འདི་ལ་མི་རིགས་གཞན་དང་འདྲ་བར་བོད་དུའང་ལྷ་སྒྲུང་དང་འབྲེལ་བའི་མིང་འབྲུག་མོའི་ཐལ་ལམཞེས་པ་ཞིག་ཡོད།ད་དུང་དགུ་ཚིགས་སྐྱ་མོ་ཞེས་ན་འང་འཐུས།མི་རིགས་ཚང་མའི་མཐོང་སྣང་ལ་སྐྱ་མདོག་ཞིག་ཡིན་པ་གཅིག་མཐུན་རེད།མི་མཐུན་ས་དེ་ཙམ་མི་འདུག
གསལ་བསྒྲགས།
གོང་གི་མཆན་འདི་ངེད་ཀྱི་མཆན་བུ་མིན། ངེད་ཀྱིས་མཆན་བུ་འདི་འདྲ་ཞིག་བཏབས་མེད། གཞན་ཞིག་གིས་ངེད་ཀྱི་མིང་བེད་སྤྱོད་བཏང་གནང་འདུག
སྐུ་མཁྱེན། ད་ཞབས་འདྲེན་གྱི་ལས་ཀ་འདི་འདྲའི་རིགས་མ་བྱེད་རོགས་གནང་།
དགེ་རབ་ལགས་ལ་ཞུ་རྒྱུར། གོང་དུ་ངེད་ཀྱི་མིང་ཐོག་ནས་མཆན་བུ་རྒྱག་མཁན་དེའི་གློག་འཕྲིན་ཁ་བྱང་དང་ ངེད་ལ་སྤྲོད་རོགས་གནང་།
ངས་མི་དེ་འཛིན་གི་ཡིན་། དེའི་རིགས་ྐློག་མཁན་ཡོང་ལ་ངོ་སྤྲོད་བྱེད་ཀྱི་ཡིན། དེ་ཙམ་ཡིན།
རིག་འབྱུང་ལགས།གོང་དུ་ཉིད་ཀྱི་ཚབ་ལ་ལན་འདེབས་མཁན་ང་ཡིན།ངའི་མིང་ལ་ཡིད་ལྟོགས་ཟེར།ཁ་བྱང་འདི་རིགས་གསང་བ་ཞིག་ཡིན་བསམ་ནས་ཡིད་ཆེས་མ་བྱེད་རོགས།ངས་ཀྱང་ཆེད་དུ་བྱས་མེད་མོད།རང་དགར་ཉིད་ཀྱི་མིང་མཐོང་བ་དང་ཚོད་ལྟ་ཞིག་བྱས་ཡིན་དང་དངོས་སུ་དེ་འདྲ་ཆགས་སོང་།དགོངས་པ་མ་ཚོམས།རྗེས་ཕྱོགས་ཁྲིམས་འགལ་གྱི་བྱ་བ་མི་བསྒྲུབ་ཁོ་ཐག་ཡིན།ཐེངས་འདིར་ཉེས་པ་ལ་དཔགས་པའི་ཆད་པ་ཅི་འདྲ་ཞིག་གཅོད་ན་དང་ལེན་བྱ་ངེས།དགོངས་པ་མ་ཚོམས།
དེ་རིང་བློས་ཐུབ་ཁྱོད་ཀྱིས་ངའི་མིང་བེད་སྤྱོད་བཏང་འདུག་ག།
ཁྱོད་ལ་ཁག་མེད་གི། དེ་རིང་གཅིག་པོ་ཁྱོད་ལ་གུ་ཡངས་བཏང་བ་ཡིན། ཀུ་རེ་ཡིན།
རྗེས་མ་ནས་ཁྱེད་ཀྱིས་ཡིད་ལྟོགས་ཀྱི་མིང་ཐོག་ནས་མཆན་བུ་རྒྱག་རོགས་གནང་།
ཞོར་ལ་རེ་སྐུལ་ཞུ་རྒྱུ་ཞིག་ལ། ཁྱེད་ཀྱིས་རྩོམ་ཡིག་གང་མང་མང་སྤེལ་བའི་རེ་བ་སྙིང་ནས་ཞུ་བཞིན་ཡོད།
ལྷག་པར་དུ། བསྒྱུར་རྩོམ་དེ་ཚོའི་རིགས་རེ་རེ་བཞིན་ངེད་ལ་བསྐུར་དང་། ངས་དྲ་ཐོག་ལ་བཞག་ཆོག
ཡབ་ཀྱིས་སྲས་མོར་སྤྲིངས་བའི་ཕྱག་འཕྲིན་དེ་ཚོར་གཅིག་རེ་གཉིས་རེ་བྱས་ནས་བསྐུར་རོགས་གནང་།
དེ་རིང་ཁྱེད་ལ་འདི་རུ་མཇལ་བས་ཡིད་ཧ་ཅང་སྤྲོ། འོན་ཀྱང་། དེ་རིང་སང་ཉིན་ང་དངོས་གནས་དྲང་གནས་བྲེལ་འཚུལ་གྱི་ྐློང་ལ་ཟགས་ནས་ཡོད།
གཅིག་བྱས་ན་། དོ་དགོང་མ་ཉལ་སྔོན་ལ་ཁྱོད་ལ་ཁ་པར་ཞིག་གཏོང་གི་ཡིན། ཡ། གནས་སྐབས་ལ་དེ་ཙམ་ཞུ།
རྔ་བ་རྒྱལ་ཁམས་པ་ལགས་ལན་དཔེར་མཚོན་དང་བཅས་གནང་བར་ཐུགས་རྗེ་ཆེ་ཞུ་དེ་དང་མཉམ་དུ་ཨ་ཁུ་ཀླུ་སྨོན་ལའང་ལན་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ།
ཕྲན་ལ་གནམ་རིག་སྐོར་གྱི་ཤེས་ཚད་དང་དབྱིན་ཇི་སྐད་ཡིག་གི་ཤེས་ཚད་ཞན་པས་རྐྱེན་གྱིས་ཡིན་པ་ལས་འོད་ལོ་ཞེས་དབྱིན་སྐད་འདྲིས་ཆ་ཡོད་མཁན་ཞིག་ཡིན་ན་ཐད་བསྒྱུར་བྱས་པ་ཞིག་ཡིན་འདུག་པས་དེ་ཙམ་གྱི་དཀའ་ངལ་ཡོད་ས་མ་རེད།་་་་འོད་ལོ་ཟེར་བ་དེ་ངོ་མ་བོད་སྐད་ནང་ཐད་བསྒྱུར་ལེགས་པོ་བྱས་འདུག་དེ་མིན་སྐད་གཞན་ཁག་ཅིག་གི་ནང་དབྱིན་སྐད་རང་སོར་གཞག་བྱས་པའང་ཡོད་ས་རེད།
འོ་རེད་རྒྱལ་ཁམས་པ་ལགས་ཕྲན་གྱིས་འོད་ལོ་ཟེར་བའི་ཐ་སྙད་དེ་ངོས་ཟིན་པ་དང་མཉམ་དུ་དོགས་པ་གསར་བ་ཞིག་རང་བཞིན་གྱིས་སླེབས་ཡོང་གི།་་་་་དེ་ནི་ད་ལྟ་ང་ཚོའི་མིག་གིས་མཐོང་བཞིན་པའི་སྐར་ཆེན་དེ་དག་གི་འོད་དེ་མི་ལོ་ཁྲི་ཕྲག་མང་བོ་གོང་རོལ་ནས་འོང་བ་ཞིག་ཡིན་སྟབས།
ད་ལྟ་ང་ཚོའི་སྣང་ཡུལ་དུ་གྱུར་བའི་སྐར་འོད་དེ་དག་གི་འཕྲོས་གཞིའི་སྐར་མ་དེ་དུས་ད་ལྟ་རྣམ་པ་གཞན་དུ་གྱུར་ནས་མི་མངོན་པ་དང་མེད་པར་གྱུར་པ་ཡོད་ཆོག་པ་ཞིག་རེད་དམ།
ལན་ཞུ།་་་་
ངས་ཁྱེད་ཀྱི་རྩོམ་ཡིག་རེ་མཐོང་ཚེ་འགོ་མཇུག་པར་ཆ་ཚང་བ་རེ་ཆུ་ཚོད་ཡོད་དུས་ཀློག་གི་ཡོད་ལ་ཕན་ཐོགས་ཀྱང་ཆེན་པོ་བྱུང།་་་་་་་་སྤྱིར་ང་ཁྱེད་ལ་རེ་བ་ཆེ།་་་་་་
མུ་མཐུད་ནས་བུ་རྒོད་པོ་རྩོམ་ཡིག་རེ་
ད་དེ་ཙམ་བྱེད་རྗེས་སུ་ཡང་བསྐྱར་
བདག་གིས་ཀྱང་ཁ་ཕྱོགས་མེད་ཀྱི་གོ་བ་ལྟར་འདི་ལྟ་བུ་ཞིག་གོ་མྱོང༌།
ད་ལྟ་ང་ཚོས་མཐོང་གིན་པའི་སྐར་འོད་ཆེམ་ཆེམ་དེ་དག་ད་ལྟ་ཡོད་མེད་ཐེ་ཚོམ་སྟེ། ད་ལྟ་མཐོང་གིན་པའི་སྐར་མ་དེ་དག་ནི་སྔ་མོ་ནས་འཇིག་ཟིན་པ་ཡང་ཡོད་རེད་ཟེར།
དེའི་འོད་དེ་འོད་ལོ་མང་བོ་ཞིག་བརྒྱུད་ནས་ཡོང་གི་ཡོད་པས། ང་ཚོས་གནས་སྐབས་སུ་མཐོང་བཞིན་པ་དེ་དག་ད་ལྟ་གནས་དེར་ཡོད་མེད་ཀྱས་དོགས་པ་རེད་ཟེར་གྱིན་འདུག
འདི་ད་ལྟའང་ངའི་བསམ་ཡུལ་དུ་ཤོང་གི་མི་འདུག
For comment 22
That’s exactly right. In fact, the light from our own Sun is 8 minutes old, so if the Sun blinked out seven minutes ago, we won’t find out for another minute! The same is true for light that bounces off of your best friend and hits your eye. If your friend had disappeared a fraction of a second before the light hit your eye, you wouldn’t know it. Well, that’s only a fraction of a second, but you see the point. Astronomers can judge from the age of a star–where it is in its life span, as you suggest–what the likelihood is that it is still there. But we can’t know for sure. It is a safe hypothesis that a young star that is only 100 light years away is still there because 100 years is nothing compared to the lifespan of a star.
The useful thing about looking out into space at stars that are even 10 billion years old is that it is like looking back in time. Think about that. If we look at all galaxies that are 5 billion light years away, then what we are really doing is looking at the Universe as it was 5 billion years ago!
So, rather than “really watching it die”, I would say that we are really watching the Universe be born. This is the reason that astronomers get excited each time they are able to see further and further into space. They are looking back further and further in time. This helps scientists better understand our Universe.
Although the lifespan of stars is part of it, looking so far away–and so far back in time–is more closely related to the lifespan of the Universe. I always think it’s cool every time I realize that we can look back in time…
རྔ་བ་རྒྱལ་ཁམས་པ་ལགས་ཐུགས་རྗེ་ལན་གནང་བར།་་་་
ཕན་ཐོགས་ཆེན་པོ་བྱུང་སོང་དེའི་སྐོར་ཅུང་ཟད་རེ་ཤེས་སོང།
རྗེས་སུ་ཁྱེད་ལ་མཇཌྷལཌྷ་ཐུབ་པའི་སྨོན་འདུན་ཞུ།
བདེ་མོ་་་་་་་་་