ཨེ་མ་ཧོ།
མཁའ་གསང་བདེ་ཆེན་གྱི་གཡང་ར།།
མི་ལུས་རིན་ཆེན་གྱི་འབྱུང་གནས།།
འགྲོ་འདུག་བྱམས་བརྩེ་ཡི་རྣམ་འགྱུར།།
བདག་ལ་དུང་བརྩེ་དེ་དྲན་བྱུང་།།
ཉེར་གཅིག་སྒྲོལ་མ་ཡི་ནང་མཚན།།
ཚེ་འཛིན་སྒྲོལ་དཀར་གྱི་གཤིས་ཀ །
འགྱུར་མེད་དམ་བཅའ་འདི་དྲན་ཚེ།།
ཡ་ཆུང་བདེ་སྐྱིད་ཀྱིས་ཁེངས་སོང་།།
མཁྱེན་རབ་བཅུ་ཕྲག་གི་མཁན་མོ།།
བརྩེ་ཆེན་གཅེས་སྲོག་གི་དྭངས་མ།།
ཟུང་འཇུག་ཕྱག་རྒྱ་མ་བཞུགས་པས།།
དགྱེས་དཔལ་རྡོ་རྗེ་ང་སྐྱིད་པ།།
འདུལ་ཁྲིམས་ངེས་འབྱུང་གིས་སྡོམ་ཞིང་།།
བྱང་ཆུབ་སེམས་བསྐྱེད་ཀྱིས་མནར་ཅིང་།།
གསང་ཆེན་དག་སྣང་གིས་འཆང་བས།།
ཡང་གསང་ཐུག་འཕྲད་འདི་དཀའ་འདུག།
བསླུ་མེད་ལས་འབྲས་ལ་བསམ་ཞིང་།།
མཚུངས་མེད་བརྩེ་དུང་གི་གྲུབ་འབྲས།།
འབྲལ་མེད་ཐུགས་དམ་ཞིག་ཡོད་པས།།
ཟླ་མེད་རྟེན་འབྲེལ་དེ་འཆར་ངེས།།
ཞེས་པ་རབ་རྒྱན་ཤིང་རྟའི་སྲིད་གསུམ་རྣམ་པར་རྒྱལ་བའི་ཚེས་འགོར་གློ་བུར་རྐྱེན་ཞིག་གིས་ཤྲཱིས་ཤར་མར་བྲིས་པར་དགེའོ།།
མཁས་དབང་ཚོས་མཁའ་འགྲོ་མ་དྲན་ན་ཐེངས་་་འོན་ཀྱང་ང་ལ་ས་འགྲོ་མ་དག་མ་གཏོགས་མཁའ་འགྲོ་མ་ཞིག་དྲན་རྒྱུ་མི་འདུག་ཡ་་་་་ང་འདི་ལས་ངན་རེད་པ་་
ཨེ་མ་ཧོ་ཡི་མཆན་མིང་། །
དགྱེས་དཔལ་རྡོ་རྗེ་ང་སྐྱིད་པ། །
འདུལ་ཁྲིམས་ངེས་འབྱུང་གིས་མ་སྡོམ། །
བྱང་ཆུབ་སེམས་བསྐྱེད་ཀྱིས་མ་སྨིན། །
གསང་ཆེན་དག་སྣང་གིས་དབེན་པ། །
ཡང་གསང་ཐུག་འཕྲད་འདི་དཀའ་འོས། །
མ་ཤེས་ཤེས་མདོག་གི་གཏམ་ཉོག།
རྡོ་ཆག་བཙན་བསྒྲིགས་ཀྱི་སྐྱོ་ངལ།།
ཐེངས་མང་བྲིས་ཚུལ་ལ་བརྟག་ན།།
ཁྱོད་ཀྱི་རང་མདོག་དེ་མཐོང་གི།
མཁའ་འགྲོ་དྲན་པའི་དགྱེས་པ་རྡོ་རྗེ་དང་།།
གྲྭ་རྟ་གཞོན་པའི་དགེ་འདུན་རྒྱ་མཚོ་གཉིས།།
འདོད་ཚུལ་མི་མཐུན་ཕོ་མོའི་འདོམ་ཁ་ཙམ།།
གང་དགའ་མཛོད་ཅིག་དྲ་གྲོགས་རྣམ་པ་གཉིས།།