ཨེ་མ་ཧོ།
ན་མོ་གུ་རུ་ཏཱ་ར་ས་མ་ཡེ།
སྣང་སྲིད་རྣམ་དག་དབྱིངས་རིམ་ནས།།
དམ་ཚིག་སྒྲོལ་མའི་ཐུགས་དམ་སྲོག །
དགོངས་པའི་གསང་རྒྱ་མ་ཁྲོལ་ན།།
དངོས་གྲུབ་བདུད་རྩི་དུག་དང་འདྲིས།།
རྟེན་འབྱུང་བསླུ་མེད་རྒྱུ་འབྲས་ལས།།
བྱང་ཆེན་སྒྱུ་ལུས་དབང་པོའི་རྩ།།
ཕྱིན་དྲུག་དགོངས་གཏེར་མ་མཉེས་ན།།
དལ་འབྱོར་མེ་ཏོག་མེ་དང་འདྲིས།།
གངས་དཀར་གཡང་གི་ར་བ་ནས།།
གཡུ་རལ་བདག་པོའི་བདེན་ཚིག་རྒྱ།།
དྲང་སྲོང་ཆོ་གས་མ་འདེབས་ཚེ།།
སྲིད་པའི་སྲོལ་རྒྱུན་འཇའ་དང་འདྲིས།།
མ་འདྲིས་མཁའ་འགྲོའི་གསང་རྒྱ་འདི།།
གངས་ཅན་ལྷ་མིར་འཕྲིན་དུ་འབུལ།།
བསྟན་འགྲོར་སྨན་པའི་བརྡ་ལུང་ཉིད།།
བླང་དོར་མ་ནོར་རྗེ་འབངས་ཀུན།།
ཞེས་པ་རབ་རྒྱན་ཆུ་སྦྲུལ་ཆུ་སྟོད་ཡར་ཚེས་སྟོང་པ་གསུམ་པར་ལྟས་ངན་གྱི་རྨི་ལམ་ངན་པ་དུ་མ་རྨིས་པ་དང་དེ་ལ་གེགས་སེལ་གྱི་བརྡ་ལུང་དུ་ཤྲྰིཿརྨི་ལམ་དབང་ཕྱུག་གིས་སྙིང་ཁུངས་རུས་པའི་གཏིང་ནས་གངས་ཅན་པ་སྤྱི་ལ་ཕན་པའི་ཐབས་སུ་བྷན་གྷོར་ཀུན་བཟང་ནགས་ཀློང་ནས་སྤྲིངས་པ་དགེའོ། །
གྲྭ་བ་ཡིན་ན་འདིའི་རིགས་ལ་མི་བཤད་བླ་མའི་རྫུན་འབྱུང་ཉེན་ཡོད།
སྙིང་རྗེ
བརྡ་ལུད་འདིའི་ནང་དོན་ཅི་ཞིག་སྟོན་གི་ཡོད་ནི་རེད།