གཡུ་ལོའི་བསིལ་གྲིབ་སྙེག་པའི་བྱེའུ་ཆུང་གི་ཁྱུ་དེ། །
ཁོ་བོའི་སེམས་བྱུང་འོད་ཀྱི་ཟེགས་མ་ཡི་འགྲམ་དུ། །
འཁྲུལ་སྣང་སྨིག་རྒྱུའི་ཆུ་ལ་ངོམ་མེད་དུ་རོལ་བ། །
ཕྱིར་དྲན་རླུང་གིས་ཆལ་ཆིལ་རྦ་རླབས་སུ་བསྙིལ་བྱུང་། །
དམར་ཆུང་བྱུ་རུའི་ཞལ་ཁྱིམ་མཁའ་མཐའ་ནས་ཕྱེ་སྟེ། །
སྦྲང་ཆར་ཟོལ་དུ་བབས་པའི་སྙིང་གཏམ་གྱི་ཟླ་འོད། །
ཚོགས་དྲུག་འོ་མའི་མཚོ་ལ་ངལ་མེད་དུ་བསྙིམས་པ། །
མདང་གསུམ་རྨི་ལམ་ཞིང་གི་ལེགས་སྐྱེས་སུ་ཐོབ་བྱུང། །
བདེ་ཆེན་ཟད་དུ་མེད་པ་དཀར་དམར་གྱི་ལང་ཚོ། །
གཟུང་འཛིན་བདུད་རྩིར་ཞུ་བ་སྨིན་ལེགས་ཀྱི་རོལ་རྩེད། །
དགའ་བཞིའི་ཆུ་གཏེར་འཕྱུར་བ་སྙོམས་འཇུག་གི་རང་རྩལ། །
རང་མྱོང་བརྗོད་དུ་མེད་པའི་དགའ་སྟོན་འདི་ཨ་ཧོ།།
སྒྱུ་རྩལ་རེ་བཞིའི་མཚོ་མོ་ཡོམ་ཡོམ་དུ་གཡོས་ཏེ། །
འཁྲུལ་རྟོག་ཟླ་གཟུགས་བསྲུབས་པའི་ཏིང་འཛིན་ལ་གཞིགས་ཚེ། །
མ་མཆུའི་སྦྲང་ཆང་མངར་བའི་རྣལ་འབྱོར་མའི་རེག་བྱ། །
སྒྲིབ་ཕྲའི་མུན་པ་གཞིལ་བའི་སྐྱ་རེངས་ཀྱི་འཛུམ་ཞལ། །
དཀར་ཟླུམ་འཕྲུལ་གྱིས་བསྐྱོད་པ་ཞོགས་སྤྲིན་གྱི་འཕོ་འགྱུར། །
བདེ་ཆེན་དྷི་ཏིར་འཕོས་པ་གློག་ཞགས་ཀྱི་སྣང་འགྱུ། །
འཁོར་འདས་རོ་མཉམ་ཞུ་བ་སྦྲང་ཆར་གྱི་ཕབས་རྒྱུན། །
སྨིན་ལེགས་མཁའ་དབྱིངས་བསྟེན་པའི་རྣལ་འབྱོར་དེ་རྨད་བྱུང་། །
ཚོགས་དྲུག་ཕྱུར་བུར་གཏིབས་པ་བདེ་ཆེན་གྱི་སྤྲིན་ཕུང་། །
གཟུང་འཛིན་སིད་སྒྲས་བསྣོལ་བ་གསང་ཆེན་གྱི་འཇའ་རིས། །
བདུད་བཞིའི་ས་འཛིན་སྙོམས་པ་མཁའ་སྤྱོད་ཀྱི་རྟ་བྲོ། །
རེ་དོགས་ཐལ་རྡུལ་དག་པ་རྟེན་འབྱུང་གི་ཆོ་འཕྲུལ། །
རེག་འཇམ་ཆུ་སྐྱེས་རྒྱས་པའི་དཔྱིད་དཔལ་གྱི་ལང་ཚོ། །
ཤེས་རབ་བུང་བ་གཞོན་ནུའི་བསྣུན་དཀྲུག་གི་ཆོ་ག།
འཁྲིལ་ལྡེམ་འཁུན་དབྱངས་འབྱིན་པ་བརྗོད་བྲལ་གྱི་བདེ་ཆེན། །
རྩ་ཁམས་དྭངས་མ་གཞིབ་པའི་དགའ་སྟོན་དེ་མཚར་ཨང་། །
གཉིས་འཛིན་ཚང་ཚིང་བསྲེག་པའི་བཞིན་དམར་གྱི་མེ་ལྕེ། །
འཕྲུལ་འདེགས་རླུང་རྟར་བསྐྱོན་པ་ལུས་སྐྱེས་ཀྱི་མཚོན་རྣོན། །
སྣང་ཞེན་བར་སྣང་གཏིབས་པ་འོ་འཛིན་གྱི་དྲོད་རླབས། །
རོ་མངར་སྙིང་ལ་སིམ་པ་ཕྱག་རྒྱ་ཡི་འཕྲུལ་འཁོར། ༎
ཞིང་སྔགས་ལྷན་ཅིག་སྐྱེས་པའི་ཆུ་སྐྱེས་ཀྱི་ཕང་བར། །
ཤེས་རབ་རྐང་དྲུག་དགའ་བའི་རོལ་རྩེད་ཅིག་བསྒྱུར་ནས། །
སྨྲ་བསམ་བརྗོད་དུ་མེད་པའི་སྦྲང་ཆར་གྱི་ལོངས་སྤྱོད། །
རྟག་བརྟན་དབྱར་གྱི་དུས་སྟོན་ནམ་ཞིག་ལ་འཆར་རམ། །
བཅས་བཅོས་རེ་དོགས་བྲལ་བའི་རོ་མཉམ་གྱི་ཁྱིམ་དུ། །
བདེ་ཆེན་མྱོས་བུམ་མཁྲེགས་པའི་དགའ་མ་དང་ལྷན་ཅིག།
འཁོར་འདས་བདུད་རྩིས་ཁོལ་བའི་ཏིང་འཛིན་ལ་རོལ་བཞིན། །
ཐར་འདོད་བུས་བ་སྐྱོང་བའི་ཉིན་མོ་དེ་ནམ་ཞིག།
རྩོམ་འདི་འདྲ་བྲིས་ན་ཚིག་སྦྱོར་སྙན་པོ་འདུག དེ་འདྲ་ཡིན་ན་ང་ཚོ་མུ་མཐུད་དུ་གླུ་ལེན་ན་ཕར་ལེན་ཚུར་ལེན་དང་ཤགས་རྒྱགས་ན་ཕར་རྒྱགས་ཚུར་རྒྱགས་ཀྱིས་སེམས་བསམ་པར་གནོད་རྒྱུ་མེད་པ་བྱས་མཉམ་དུ་འགྲོ དགེ་བསྐོས་བཙན་པོའི་སྐོར་དེ་ཡང་སེ་ཡང་སེ་ཁྱེར་མ་ཡོང་ན་བཟང་། ཁྱི་རུས་པའི་སྟེང་ནས་འཛིངས་རུང་། སྤྱང་དར་མའི་ཐོག་ལ་མཉམ་རྒྱུག་ཡིན།
རེད།
ང་ཚོ་ལག་རྡང་སྦྲེལ་ནས་སྐྱ་རེངས་བསུ་རུ་འགྲོ།
ང་ཚོ་དཔུང་རྡང་བསྒྲིགས་ནས་འོད་སྣང་འཚོལ་དུ་སྐྱོད།
༢༠༠༨ ལོའི་སུམ་ཅུའི་དུས་དྲན།།
དཔའ་ལུས་རྩལ་དར་བའི་བུ་རྒོད་ཚོ།།
དགྲ་དམར་བོའི་མཚོན་ཁར་མཉམ་དུ་རྒྱུགས།།
བོད་བཙན་པོའི་ལོ་རྒྱུས་བསྐྱར་དུ་གླེང་།།
སྲོག་དམར་ཆུང་བོད་དོན་སྤྱི་ལ་ཕུལ།།
གཉོམ་ཁུར་འདོད་མེད་པའི་ལན་ཞིག་བརྒྱབ།།
དཔའ་འགྲན་མེད་བོད་ཀྱི་གཅེས་ཕྲུག་ཚོས།།
རྒྱ་ཀླ་ཀློའི་དར་དམར་ས་ལ་འཕང་།།
གངས་དཀར་པོའི་རྒྱལ་དར་རྩེ་ལ་བསྒྲེངས།།
སྙིང་འཇིགས་ཞུམ་བྲལ་བའི་ལྷ་རྒྱལ་འཐེན།།
མགོ་སྒུར་འདོད་མེད་པའི་སེམས་ཐགས་བཅད།།
སྡུག་མཉམ་མྱོང་བྱེད་པའི་རྟ་མཆོག་ཚོ།།
དགྲ་དམར་བོའི་གདོང་ལ་བང་གིས་རྒྱུགས།།
བོད་བཙན་པོའི་ལོ་རྒྱུས་བསྐྱར་དུ་གླེང།།
རྒྱུགས་བང་རྩལ་བོད་དོན་སྤྱི་ལ་ཕུལ།།
བོད་ཕ་ས་དགོས་པའི་བརྡ་ཞིག་སྤྲད།།
རྡུལ་མཐུག་པོས་གཡོག་པའི་བདེན་པའི་དོན།།
སྲོག་ཕྲ་མོ་བཏང་ནས་ཕྱི་ལ་བཏོན།།
རྒྱ་སྤྲང་པོས་གསུབ་པའི་རྒྱལ་མཚམས་ལ།།
ཁྲག་དྲོན་མོའི་ཐིག་པས་སྲ་ཁྲ་བྲིས།།
བོད་ཆོལ་གསུམ་འཛམ་གླིང་ཡོངས་ལ་བསྟན།།
མགོན་སྤྱན་རས་གཟིགས་ལ་དད་པའི་ཚིག།
དམག་གྲོག་ཚང་འདྲ་བོའི་སྔུན་ནས་བསྒྲགས།།
སྨད་མཁར་ནག་ཆེན་མོ་པེ་ཅིན་ལ།།
བོད་ཆེན་པོའི་རང་བཙན་བསྐྱར་དུ་གླེང་།།
བུ་འདི་ཚོའི་སྙིང་སྟོབས་ངོ་མཚར་ཆེ།།
ཁ་བཟའ་འཏུང་བརྩད་ནས་ཤི་བ་མིན།།
རྒྱབ་གོན་པ་བསམ་ནས་ལངས་པ་མིན།།
ཁྱིམ་བཟའ་ཚང་ཆེད་དུའང་འཐབ་པ་མིན།།
བོད་མགོ་ནག་ཡོངས་ཀྱི་ལ་རྒྱའི་ཆེད།།
སྲོག་བཏང་བ་མ་བརྗེད་རྩམ་བཟན་ཚོ།།
དཔའ་ཆེ་བའི་གཞིས་ལུས་སྤུན་ཟླ་ཚོས།།
བོད་ཁ་བ་ཅན་གྱི་ཐོབ་ཐང་བརྩད།།
རྒྱ་དམར་པོའི་སྲིད་གཞུང་ཡོམ་ཡོམ་བསྒུལ།།
ས་ཆེན་པོའི་ཁྱོན་ལ་སྐད་སྒྲ་བཞག།
བོད་ཆོལ་གསུམ་དམ་ཚིག་གཅིག་ཏུ་བསྒྲིལ།།
བོད་སྐྱ་སེར་འབུམ་ཕྲག་ཚེ་སྲོག་ཤོར།།
ས་ཆེན་པོ་རྒྱ་མི་སྲིན་འབུས་ཁེངས།།
བོད་ས་ཡ་དྲུག་གི་ཐོབ་ཐོང་ཤོར།།
ཆོས་དཀར་པོ་ནུབ་རིའི་ཕྲག་ལ་བསྐྱལ།།
བོད་སྐུ་དྲག་གཞུང་གི་འཇོན་ཐང་མཚོན།།
བོད་བསྟན་སྲིད་དགྲ་བོ་སྐུ་དྲག་ཚོས།།
བོད་ཁ་བའི་ཟུངས་ཁྲག་འཇིབ་པའི་འཕྲོ།།
རྒྱ་མོ་ཚེ་ཐུང་ལ་རྩིས་སྤྲོད་བྱས།།
དགྲ་འདི་གཉིས་སྔ་ཕྱི་ཁ་སྤྲོད་ཀྱིས།།
བོད་ཁ་བ་ཅན་གྱི་སྟོབས་འབྱོར་འཕྲོག།
དགྲ་མེད་སའི་སྤྱི་འཐུས་དཔའ་བོ་ཚོ།།
ཐུགས་ངར་ངར་མ་གནང་བོད་ལ་གཟིགས།།
ཁྲག་རིགས་རྒྱུད་གཅིག་པའི་སྤུན་ཟླ་ཚོས།།
བོད་གངས་ཅན་ལྗོངས་ཀྱི་སྤྱི་དོན་རྩོད།།
དེ་དགོངས་ནས་ཐུགས་མཐུན་ཁྲིམས་གཙང་མཛོད།།
མཚན་སྙན་གྲགས་རྒྱས་པའི་བླ་སྤྲུལ་ཚོ།།
ཁྲི་གྲུ་བཞིའི་སྟེང་ལ་བོད་མིས་བཞག།
ཕྱག་དད་པ་བྱས་ནས་བསྟོད་པ་བྱས།།
རྒྱུ་ནོམ་པ་ཕུལ་ནས་འབྱོར་ལྡན་བཟོས།།
དྲིན་ཆེ་བའི་བོད་མི་གཉོམ་ཆུང་ཚོར།།།
ལས་རྒྱུ་འབྲས་རྩིས་ནས་མགོན་སྐྱབས་མཛོད།།
སྐུ་ཡོན་ཏན་ཆེ་བའི་སྐུ་ངོ་ཚོ།།
ཞལ་གསོལ་ཕོག་བཙན་བྱོལ་གཞུང་གིས་གནང་།།
ཐུགས་མགོན་སྐྱབས་བླ་མེད་རྒྱལ་བས་གནང།།
ཆེས་མཐོ་བའི་སྐུ་དབང་བོད་མིས་ཕུལ།།
ཐུགས་སླད་མེད་བྷོ་ཊའི་སྤྱི་དོན་སྒྲུབས།།
ཞལ་བོད་ལ་ཕྱོགས་ནས་བརྟན་བཞུགས་ཞུ།།
༢༠༠༨ ལོར་གཞིས་ལུས་བོད་རིགས་སྤུན་ཟླ་ཚོས་དཔའ་རྩལ་རྨད་དུ་བྱུང་བའི་བཙན་རྒོལ་རྒྱལ་གཅེས་ཀྱི་གྱེན་ལངས་ཆེན་མོ་བརྙན་འཕྲིན་ནང་མཇལ་ཏེ། སྐྱོ་གདུང་དང་མཛའ་སེམས་ཀྱིས་སྙིང་ཆུང་རབ་ཏུ་བརྡུང་ཞིང་། བོད་ལ་རྒུད་པ་ཀུན་ཀྱི་སྣ་འདྲེན་བྱེད་མཁན་སྐུ་དྲག་གཞུང་གི་བྱས་ཉེས་ལ་བཟོད་གླགས་བྲལ་བའི་འཁོན་སེམས་དང་འཁང་རའི་སྙིང་རླུང་འཕར་བཞིན་བྲིས་པའོ།། 28.3.08
སྤུན་ཟླ། དེའི་སྐབས་ཀྱི་རྒྱ་ནག་གི་དམག་ཤུགས་དང་འཐབ་འཁྲུག་གི་ཉམས་མྱོང་ལ་གཞིགས་ན་རང་རེར་དམངས་གཙོའི་གཞུང་ཞིག་ཡོད་ཀྱང་ཁ་གཏད་གཅོག་ཐུབ་ཀྱི་མ་རེད། སྟོབས་ཆེན་གྱིས་སྟོབས་ཆུང་ཁྱུར་མིད་དུ་བཏང་བའི་ལོ་རྒྱུས་རེད་ལགས། གང་ནས་མ་འགྲིག་པ་རེད་ཟེར་ན་བཙན་འཛུལ་བྱེད་མཁན་དེ་དམར་པོའི་རྒྱལ་ཁབ་ཡིན་པ་དེ་མ་འགྲིགས་པ་རེད། དབྱིན་ཇིས་བཟུང་བའི་རྒྱལ་ཁབ་མང་པོར་སྔ་རྗེས་རང་བཙན་ཐོབ་པའི་རྒྱུ་རྐྱེན་ལ་དཔྱོད་དང་། འཛིན་མཁན་རྒྱལ་ཁབ་དེ་དམངས་གཙོའི་རྒྱལ་ཁབ་ཡིན་པས་རེད་ལ། གཞན་གཅིག་ནི་དབྱིན་ཇིའི་སྟོབས་ཤུགས་ཉམས་རྒྱུད་དུ་གྱུར་པས་ཀྱང་ལོས་ཡིན།
ང་སྙིང་ན་ས་དེ་ནི་སྐབས་དེའི་རང་རེའི་རླུང་ཁའི་མར་མེ་ལྟ་བུའི་སྲིད་གཞུང་དེ་མ་ཡིན་པར། རང་གཞུང་གིས་མཉམ་སྦྲེལ་རྒྱལ་ཚོགས་ལ་ཕུལ་བའི་རེ་འབོད་སྙན་ཞུར་བདག་སྤྲོད་མ་བྱས་པའི་ཨ་རི་དང་རྒྱ་གར་གཉིས་ཡིན་ནོ། །སྐབས་དེར་རང་རེའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་སྟོབས་ཆེན་ཨ་རི་གཉིས་ཀྱིས་མཐའ་གཅིག་ཏུ་རང་རེར་རྒྱབ་སྐྱོར་ཞིག་བྱས་ཡོད་ན། ད་ལྟ་རང་རེར་རང་དབང་རང་བདག་གི་རྒྱལ་ཁབ་ཅིག་ཡོད་ཐག་ཆོད་ཡིན།
འོ་རྙེད་ཐང་ཐལ། འདི་ནང་ན་ཡོད་ཀི།
རྩོམ་འདི་རེད། ག་འདྲ་འདུག་གམ། འདིའི་ནང་ན་གཞིས་ཚིག་ལ་རན་པོ་འདུག་གམ།
༢༠༠༨ ལོའི་སུམ་ཅུའི་དུས་དྲན།།
དཔའ་ལུས་རྩལ་དར་བའི་བུ་རྒོད་ཚོ།།
དགྲ་དམར་བོའི་མཚོན་ཁར་མཉམ་དུ་རྒྱུགས།།
བོད་བཙན་པོའི་ལོ་རྒྱུས་བསྐྱར་དུ་གླེང་།།
སྲོག་དམར་ཆུང་བོད་དོན་སྤྱི་ལ་ཕུལ།།
གཉོམ་ཁུར་འདོད་མེད་པའི་ལན་ཞིག་བརྒྱབ།།
དཔའ་འགྲན་མེད་བོད་ཀྱི་གཅེས་ཕྲུག་ཚོས།།
རྒྱ་ཀླ་ཀློའི་དར་དམར་ས་ལ་འཕང་།།
གངས་དཀར་པོའི་རྒྱལ་དར་རྩེ་ལ་བསྒྲེངས།།
སྙིང་འཇིགས་ཞུམ་བྲལ་བའི་ལྷ་རྒྱལ་འཐེན།།
མགོ་སྒུར་འདོད་མེད་པའི་སེམས་ཐགས་བཅད།།
སྡུག་མཉམ་མྱོང་བྱེད་པའི་རྟ་མཆོག་ཚོ།།
དགྲ་དམར་བོའི་གདོང་ལ་བང་གིས་རྒྱུགས།།
བོད་བཙན་པོའི་ལོ་རྒྱུས་བསྐྱར་དུ་གླེང།།
རྒྱུགས་བང་རྩལ་བོད་དོན་སྤྱི་ལ་ཕུལ།།
བོད་ཕ་ས་དགོས་པའི་བརྡ་ཞིག་སྤྲད།།
རྡུལ་མཐུག་པོས་གཡོག་པའི་བདེན་པའི་དོན།།
སྲོག་ཕྲ་མོ་བཏང་ནས་ཕྱི་ལ་བཏོན།།
རྒྱ་སྤྲང་པོས་གསུབ་པའི་རྒྱལ་མཚམས་ལ།།
ཁྲག་དྲོན་མོའི་ཐིག་པས་སྲ་ཁྲ་བྲིས།།
བོད་ཆོལ་གསུམ་འཛམ་གླིང་ཡོངས་ལ་བསྟན།།
མགོན་སྤྱན་རས་གཟིགས་ལ་དད་པའི་ཚིག།
དམག་གྲོག་ཚང་འདྲ་བོའི་སྔུན་ནས་བསྒྲགས།།
སྨད་མཁར་ནག་ཆེན་མོ་པེ་ཅིན་ལ།།
བོད་ཆེན་པོའི་རང་བཙན་བསྐྱར་དུ་གླེང་།།
བུ་འདི་ཚོའི་སྙིང་སྟོབས་ངོ་མཚར་ཆེ།།
ཁ་བཟའ་འཏུང་བརྩད་ནས་ཤི་བ་མིན།།
རྒྱབ་གོན་པ་བསམ་ནས་ལངས་པ་མིན།།
ཁྱིམ་བཟའ་ཚང་ཆེད་དུའང་འཐབ་པ་མིན།།
བོད་མགོ་ནག་ཡོངས་ཀྱི་ལ་རྒྱའི་ཆེད།།
སྲོག་བཏང་བ་མ་བརྗེད་རྩམ་བཟན་ཚོ།།
དཔའ་ཆེ་བའི་གཞིས་ལུས་སྤུན་ཟླ་ཚོས།།
བོད་ཁ་བ་ཅན་གྱི་ཐོབ་ཐང་བརྩད།།
རྒྱ་དམར་པོའི་སྲིད་གཞུང་ཡོམ་ཡོམ་བསྒུལ།།
ས་ཆེན་པོའི་ཁྱོན་ལ་སྐད་སྒྲ་བཞག།
བོད་ཆོལ་གསུམ་དམ་ཚིག་གཅིག་ཏུ་བསྒྲིལ།།
བོད་སྐྱ་སེར་འབུམ་ཕྲག་ཚེ་སྲོག་ཤོར།།
ས་ཆེན་པོ་རྒྱ་མི་སྲིན་འབུས་ཁེངས།།
བོད་ས་ཡ་དྲུག་གི་ཐོབ་ཐོང་ཤོར།།
ཆོས་དཀར་པོ་ནུབ་རིའི་ཕྲག་ལ་བསྐྱལ།།
བོད་སྐུ་དྲག་གཞུང་གི་འཇོན་ཐང་མཚོན།།
བོད་བསྟན་སྲིད་དགྲ་བོ་སྐུ་དྲག་ཚོས།།
བོད་ཁ་བའི་ཟུངས་ཁྲག་འཇིབ་པའི་འཕྲོ།།
རྒྱ་མོ་ཚེ་ཐུང་ལ་རྩིས་སྤྲོད་བྱས།།
དགྲ་འདི་གཉིས་སྔ་ཕྱི་ཁ་སྤྲོད་ཀྱིས།།
བོད་ཁ་བ་ཅན་གྱི་སྟོབས་འབྱོར་འཕྲོག།
དགྲ་མེད་སའི་སྤྱི་འཐུས་དཔའ་བོ་ཚོ།།
ཐུགས་ངར་ངར་མ་གནང་བོད་ལ་གཟིགས།།
ཁྲག་རིགས་རྒྱུད་གཅིག་པའི་སྤུན་ཟླ་ཚོས།།
བོད་གངས་ཅན་ལྗོངས་ཀྱི་སྤྱི་དོན་རྩོད།།
དེ་དགོངས་ནས་ཐུགས་མཐུན་ཁྲིམས་གཙང་མཛོད།།
མཚན་སྙན་གྲགས་རྒྱས་པའི་བླ་སྤྲུལ་ཚོ།།
ཁྲི་གྲུ་བཞིའི་སྟེང་ལ་བོད་མིས་བཞག།
ཕྱག་དད་པ་བྱས་ནས་བསྟོད་པ་བྱས།།
རྒྱུ་ནོམ་པ་ཕུལ་ནས་འབྱོར་ལྡན་བཟོས།།
དྲིན་ཆེ་བའི་བོད་མི་གཉོམ་ཆུང་ཚོར།།།
ལས་རྒྱུ་འབྲས་རྩིས་ནས་མགོན་སྐྱབས་མཛོད།།
སྐུ་ཡོན་ཏན་ཆེ་བའི་སྐུ་ངོ་ཚོ།།
ཞལ་གསོལ་ཕོག་བཙན་བྱོལ་གཞུང་གིས་གནང་།།
ཐུགས་མགོན་སྐྱབས་བླ་མེད་རྒྱལ་བས་གནང།།
ཆེས་མཐོ་བའི་སྐུ་དབང་བོད་མིས་ཕུལ།།
ཐུགས་སླད་མེད་བྷོ་ཊའི་སྤྱི་དོན་སྒྲུབས།།
ཞལ་བོད་ལ་ཕྱོགས་ནས་བརྟན་བཞུགས་ཞུ།།
༢༠༠༨ ལོར་གཞིས་ལུས་བོད་རིགས་སྤུན་ཟླ་ཚོས་དཔའ་རྩལ་རྨད་དུ་བྱུང་བའི་བཙན་རྒོལ་རྒྱལ་གཅེས་ཀྱི་གྱེན་ལངས་ཆེན་མོ་བརྙན་འཕྲིན་ནང་མཇལ་ཏེ། སྐྱོ་གདུང་དང་མཛའ་སེམས་ཀྱིས་སྙིང་ཆུང་རབ་ཏུ་བརྡུང་ཞིང་། བོད་ལ་རྒུད་པ་ཀུན་ཀྱི་སྣ་འདྲེན་བྱེད་མཁན་སྐུ་དྲག་གཞུང་གི་བྱས་ཉེས་ལ་བཟོད་གླགས་བྲལ་བའི་འཁོན་སེམས་དང་འཁང་རའི་སྙིང་རླུང་འཕར་བཞིན་བྲིས་པའོ།། 28.3.08