རྔ་བློས།
ཉིད་ནས་ཉིན་འགའི་སྔོན་པའི་བཤད་བརྙན་དེ་མཐོང་སོང་། ཚང་མར་བལྟས་ཡིན། ཨོ་སྟོབས་དང་འབྲེལ་ཏེ་ཉིད་ལ་མཐོང་ཚུལ་གང་ཡོད་ལྷུག་པོར་བཤད་འདུག་བསམ་སོང་།
ང་ཨ་མདོ་ཞིག་ཡིན། དེ་བཤད་དགོས་པ་གལ་ཆེན་མ་རེད་དེ། ཐེངས་འདིར་ངས་ཨ་མདོ་བ་ཡིན་ཞེས་བཤད་སྤྲོ་སོང་། སྤྱི་ཚོགས་འདིའི་ཕྱོགས་མང་པོར་བལྟས་ན། ཤེས་ཡོན་ཡོད་མེད་ཚང་མས་ཆོལ་ཁ་རང་ཁོངས་སུ་བསམ་ཚུལ་བརྗེ་རེས་ཙམ་ལས་དེ་ལས་བརྒལ་ཐུབ་ཀྱི་མེད་པའི་མཐོང་སྣང་ཡོད། དེ་ལྟར་ཡིན་མིན་བསམ་བློ་འཁོར་ཡོད་དམ། སྐུ་ཉིད་ལ་མཚོན་ནའང་ག་འདྲ་ཡིན། མདོ་སྟོད་ཁྱབ་ཁོངས་སུ་ལྷག་བསྡད་ཡོད་དམ། དབུས་གཙང་དང་ཨ་མདོ་བར་བསམ་ཚུལ་བརྗེ་རེས་རེ་ཡོང་གི་འདུག་གམ། ང་ཚོ་ལ་དེའི་ཕྱོགས་ནས་དཀའ་ངལ་ཞིག་སྐུ་ཉིད་ནས་ཚོར་གྱིན་འདུག་གམ།
འདི་ནས་ཁྱེད་ལ་ཞུ་འདོད་པ་གལ་ཆེན་ཞིག ཉིད་ནས་དོལ་རྒྱལ་ཐད་ཕྱག་ལས་ཧ་ལས་ཡག་པོ་གནང་སོང་། ༸གོང་ས་མཆོག་ཕྱིའི་རྒྱལ་ཁབ་ཁག་ལ་ཕེབས་སྐབས་དོལ་རྒྱལ་བས་ངོ་རྒོལ་མཚམས་ཆད་པ་ལ་ཉིད་ནས་ནུས་པ་གལ་ཆེན་ཐོན་པར་ངོས་འཛིན་ཡོད། དེ་ཁོ་ནས་ང་ལ་མཚོན་ན་སྐུ་ཉིད་བཀུར་དགོས་པ་ཞིག་ཆགས་ཡོད།
ཉིད་ནས་༸གོང་ས་མཆོག་ལ་ཁ་གཏོང་མཁན་སྐོར་ཞིག་རིམ་པར་བཤད་སོང་། དེ་དག་དང་ཨོ་སྟོབས་དང་བསྡུར་སར་ཨེ་འགྲོ། སྤྱིར་བཏང་གི་མིའི་ཁྲོད་ན་ཁ་གཏོང་མཁན་འདུག ཁ་ཚབས་ཆེན་གཏོང་མཁན་འདུག ཉག་རོང་དོན་གྲུབ་ཟེར་བ་ལས་སྡུག་པ་ཞིག་ཨེ་ཡོད། ལྟ་བ་དང་ལངས་ཕྱོགས་ཀྱི་ཆ་ནས་གོང་ས་མཆོག་གི་བཞེངས་ཕྱོགས་ལ་ཟུར་ཟ་མཁན་ཕྲན་བུ་ཤེས་ཡོན་ཅན་རེ་འགའ་འདུག གོང་ས་མཆོག་ཤེས་ནས་བཀུར་ནས་ལངས་ཕྱོགས་འཛིན་པ་དེ་འགྲིག་པ་རེད་འདོད།དེས་སྤྱི་ཡི་གོ་རྟོགས་གོང་འཕེལ་དང་།མང་གཙོ་སྲ་བརྟན་ལ་ནུས་པ་འདོན་ཐུབ།དེ་མིན་ཕྱིན་འུར་མཁན་ཚོ་སྤྱི་ཚོགས་ལ་དགོས་པ་ཞིག་མ་རེད་འདོད།
དྲང་མོ་བཤད་ན། ངས་ཨོ་སྟོབས་ཡག་པོ་ཞིག་མཐོང་གི་མེད། ཐེངས་འདིར་གཅིག་བུ་མ་རེད། དེ་སྔའི་བྱས་པ་མང་པོ་ང་ལ་རྒྱུས་ཡོད། ངས་ཕྲན་བུ་དོ་སྣང་བྱེད་མྱོང་། ཁོང་དང་ས་གནས་གཅིག་པ་ཚོར་སྐད་ཆ་འདྲི་མྱོང་ཞིང་། ཁོས་ཁོ་རང་གི་ཁྱབ་ཁོངས་སུ་སྐད་ཆ་ཕྱོགས་ཞེན་དང་། ཞེན་ཁོག་དགོས་པ་ཤོད་མཁན་ཞིག་རེད་ལ། ༸གོང་ས་མཆོག་གི་དབུ་འོག་ཏུ་བོད་མི་ཚོ་རྡོག་རྩ་གཅིག་ཏུ་སྒྲིལ་དགོས་པའི་ཐད་ལྡོག་ཕྱོགས་ཀྱི་མི་ཞིག་རེད། ཁོ་ནི་མདོ་སྟོད་ཀྱི་སྤྱི་འཐུས་ཟུར་བ་ཞིག་རེད་ལ། མདོ་སྟོད་མི་མང་ལ་ཤུགས་རྐྱེན་གང་འཚམས་སྤྲོད་ཐུབ་མཁན་ཞིག་རེད། ཁོས་སྤྲད་པའི་ཤུགས་རྐྱེན་དེ་བོད་སྤྱི་ཡི་དགོས་མཁོའི་ཕྱོགས་ན་མི་འདུག་ཅིང་། ད་བར་བཙན་བྱོལ་བའི་ལོ་རྒྱུས་ལ་དབུས་གཙང་དང་ཨ་མདོ་གཉིས་ནས་རྙོག་དྲ་བཟོས་པ་ཡོད་རྒྱུ་རེད་དེ། དེ་གཉིས་དང་བསྡུར་ན་མདོ་སྟོད་ནས་རྙོག་དྲ་བཟོས་པ་མང་བ་རེད་བསམས། མདོ་སྟོད་ནས་རྙོག་གྲ་མང་བ་ཡོང་དགོས་པའི་རྒྱུ་རྐྱེན་ནི་ཨོ་སྟོབས་ལྟ་བུའི་མི་སྐོར་ཞིག་གི་ལས་ཀ་བྱེད་སྟངས་དང་འབྲེལ་བ་དམ་པོ་འདུག སྐད་ཆ་འདི་ལྟར་བཤད་ན་ཕྱོགས་རེས་ལ་གོ་བ་ལེན་མི་ཉན། དོན་དངོས་ལ་ལྟ་ཐུབ་པའི་མིག་ཡོད་དགོས་པ་རེད།
ཐེངས་འདིའི་ཨོ་སྟོབས་དང་འབྲེལ་པའི་རྙོག་གླེང་ཐད།མི་མང་ཆེས་བས་ཆོས་དོན་བཀའ་བློན་གཡུ་དགེ་གླེང་བ་ལས་ཨོ་སྟོབས་དེ་ཙམ་གླེང་གི་མི་འདུག་སྙམ།ཨོ་སྟོབས་མ་གླེང་བ་དེར་རྒྱུ་མཚན་ཡོད་དེ།ཐད་ཀར་བཤད་ན་ཨོ་སྟོབས་ནི་སྤྱོད་པ་ལོག་པའི་མི་ཞིག་ཡིན་པའི་མཐོང་སྣང་ཚང་མ་ལ་ཡོད་པས་རེད།མི་དེ་འདྲ་ཞིག་གི་ཁ་ནས་ཚིག་ངན་ཐོན་ན་ཡ་མཚན་ཅི་ཡང་མེད་ཅིང་།དེ་ལས་བཀའ་ཤག་གམ་བཀའ་བློན་གཡུ་དགེས་ལས་ཀ་བྱེད་སྟངས་དེས་མི་མང་ལ་དཀྲུག་ཐེབས་ཏེ་སྡོད་མ་ཐུབ་པ་བཟོས་པ་དེ་ཤེས་དགོས་པ་རེད།ཨོ་སྟོབས་ཀྱི་སྐད་ཆ་སྤྱི་ཚོགས་སུ་འགྲོ་བསྡད་ཡོད་པ་རེད་པ།དེ་དེར་མུར་བཞག་ན་འཇམ་འགྲོ་བ་ཞིག་རེད་དེ།ཆོས་དོན་བཀའ་བློན་གཡུ་དགེས་ལག་པ་འཆང་སྟེ་་མེ་སྤར་སོང་བ་མ་རེད་དམ།དེ་བརྟེན་མི་མང་གིས་བཀའ་བློན་གཡུ་དགེ་ལ་ཧང་སང་ཞིང་ཧོན་འཐོར་བ་ཡིན་པ་གསལ་བོ་གསལ་རྐྱང་རེད།
ཉིད་ནས་བསམ་བློ་བཏང་ཡོད་ངེས། རང་གི་ཞེ་འདོད་ཀྱི་དབང་དུ་སོང་མེད་པའི་ཡིད་ཆེས་ཡོད། ཐེངས་འདིའི་རྙོག་གླེང་དེ་ཨ་མདོ་བས་བཟོས་སོང་མདོག་མདོག་བཤད་སོང་དྲན། དེ་ལྟར་ཨེ་ཡིན་ན།རྙོག་གླེང་གི་འགོ་ཚུགས་ནས་བར་གྱི་འཕེལ་རིམ། ཐ་མ་གང་ལ་ཐོན་འདུག ཉིད་ནས་ཡིག་ཐོག་ཏུ་རྩོམ་ཡིག་སྤེལ་མཁན་མང་ཤོས་ཨ་མདོ་བ་རེད་ཟེར་ན། དེ་ངས་ཁས་ལེན་བྱེད་ཆོག་སྟེ། ཨ་མདོའི་ནང་ན་ཀ་ཁ་འབྲི་མཁན་མང་བ་ཡོད་སྲིད། རྒྱལ་བ་དོན་གྱི་བདག་པོར་ཅིག་ལབ་ན། རྒྱབ་ཏུ་མཆོངས་ཁོ་ཐག་མཆོངས་པ་ཨ་མདོ་ཡིན་སྲིད། ཨ་མདོ་བའི་ནང་ན་༸གོང་ས་མཆོག་ལ་ཁ་གཏོང་མཁན་ཀླུ་བྱམས་སྡུག་ཤོས་རེད། ཁོའི་ཐོག་ལ་ཨ་མདོ་བས་ཡོད་ཚད་བྱས་ཡོད། ཁོ་ལ་ཨ་མདོ་བའི་གྲལ་ནས་བུད་ཟིན། ཨ་མདོའི་མི་མང་དང་ཚོགས་པའི་ལངས་ཕྱོགས་ཀྱིས་ཁོ་མཉམ་དུ་གནས་ཐུབ་ཐབས་མེད་སོང་བས་རེད། ད་ལྟའི་ཆར་ཁོའི་ངོ་ཤེས་གྲོགས་པོ་དང་ཟ་རོགས་འཐུང་རོགས་ཚང་མ་མདོ་སྟོད་ནས་རེད། གཅིག་བྱས་ན་མདོ་སྟོད་ཀྱི་ཨོ་སྟོབས་ལྟ་བུ་ཁ་ཤས་ལ་དགོས་པའི་མི་ཞིག་ཨ་མདོ་ནས་རག་པའང་ཡིན་སྲིད།
ཉིད་ནས་ཐ་ཚིག་ལྟ་བུར་བཤད་དོན། དེ་འདྲའི་དྲང་མོ་མིན་པ་དང་ཆོལ་ཁའི་དབང་དུ་སོང་བའི་བྱེད་སྟངས་དེས་ཕན་གྱི་མ་རེད། དེ་ལྟར་བྱས་ན། ང་ཚོ་ལའང་བྱེད་རྒྱུ་ཡོད་མདོག་རེད། ངས་སྐད་ཆར་དེར་བསམ་བློ་ཕྲན་བུ་བཏང་ཡིན། སྐད་ཆའི་དམིགས་ས་ཨ་མདོ་མ་གཏོགས་འགྲོ་ས་མི་འདུག་ཅིང་། ད་ཐེངས་ཨ་མདོ་བས་ག་རེ་མ་འགྲིག་པ་རེད། ༸གོང་ས་མཆོག་གི་རྒྱབ་ཏུ་ལངས་པ་མ་འགྲིག་པ་རེད་དམ། ངས་ཨ་མདོ་བ་བརྒྱ་ཆ་དགུ་བཅུ་གོ་དགུ་༸གོང་ས་མཆོག་གི་ཐད་ལ་ལྷག་བསམ་རྣམ་དག་ཡིན་པ་ཞུ་ཐུབ། སྐུ་ཉིད་ལ་ཨ་མདོ་བས་ཨོ་སྟོབས་ལ་ཆེད་དུ་སྡང་བོ་བྱས་སོང་བསམ་པའི་ཚོར་བ་འདུག་ཀྱང་། དེ་ལྟར་ཡིན་པ་དངོས་སུ་ར་སྤྲོད་མི་ཐུབ་པའང་ངས་ཤེས། དེ་ལྟར་ཡིན་པ་ཉིད་ནས་ཇི་ལྟར་བྱས་ནས་ར་སྤྲོད་བྱེད་ཐུབ་བམ། ད་དུང་ཨོ་སྟོབས་ལ་མི་སྒེར་དང་ཚོགས་པ་དག་གིས་བསྒྲགས་གཏམ་སྤེལ་པ་དག་ལས་མི་གཅིག་གཉིས་དངོས་གནས་༸གོང་ས་མཆོག་ལ་ལྷག་བསམ་རྣམ་དག་ཡིན་རྒྱུ་རེད་དེ། དེ་མིན་གཞན་པ་ཚོ་སྤྱི་ཚོགས་ཀྱི་གནོད་ཤུགས་འོག་ནས་བྱུང་བ་ལས་ལྷག་བསམ་རྣམ་དག་མ་རེད་ངས་ཧ་གོ་ཟེར། ད་འོན་ན། ཅི་ཡང་མི་སྨྲ་ཞིང་གང་ཡང་མི་བྱེད་པ་ཚོ་ལྷག་བསམ་རྣམ་དག་ལ་མི་འཇོག་རང་རང་འཇོག་རེད། ཐེངས་འདིར་ལྡི་ལི་མདོ་སྟོད་ཆུ་སྒང་ཚོགས་པ་དང་། མདོ་སྟོད་ནས་ལྷག་བསམ་རྣམ་དག་མང་བ་བྱུང་སོང་དྲན། ཨ་ལ་རྩེད་མོ་ཡིན།ད་སྐད་ཆ་ནོར་སོང་།
ངས་ཉིད་ཀྱི་བཤད་བརྙན་ལ་བལྟས་ཡིན། ངའི་སེམས་ལ་སྐུ་ཉིད་གུས་བརྩི་ཕྲན་བུ་ཡོད། རྒྱུ་མཚན་གོང་དུ་བཤད་ཟིན། དེ་དང་མཉམ་དུ་སྐད་ཆ་ཁ་ཤས་བཤད་སྤྲོ་སོང་བས་འདིར་བཤད་ཡོད། སྐད་ཆ་ལ་བསམ་ཤེས་ཐུབ་ཅིང་གོ་བ་སྐོར་ལོག་མི་ལེན་པའི་རེ་བ་ཡོད།ཁྱོད་དང་ངེད་གཉིས་ནས་རྒྱ་ཆེ་ཙམ་ལ་བསམ་བློ་གཏོང་ཐུབ་པའི་རེ་བ་དང་བཅས།
6/2/2020 ལ་རྔ་བློས།
རྩོམ་ཡིག་འདི་འབྲི་མཁན་གྱི་མིང་ལ་རྔ་བློས་ལབ་འདུག །རྔ་ཞེས་པ་དེ་ཕལ་ཆེར་རྔ་བའི་བསྡུས་མིང་ཡིན་ས་རེད། གལ་སྲིད་རྔ་ཞེས་པ་འདི་རྔ་བའི་བསྡུས་མིང་ཡིན་ན། དེ་ནི་ས་ཆ་ཞིག་གི་མིང་རེད། མདོ་སྨད་ཀྱི་ས་ཆ་ཞིག་གི་མིང་རེད། ཨ་མདོ་བ་ཞིག་གི་རྣ་ལམ་དུ་རྔ་བ་ཞེས་གོ་ཡོང་དུས། སེམས་ལ་ཚོང་བ་རྒྱུ་སྟོབས་ཅན་ལག་ཟུང་ཡངས་པོ་ཅན། བོད་ཀྱི་ས་ཕྱོགས་གང་ན་མེད་མུག་གི་འཚོ་བས་མནར་བའི་མི་རྣམས་དངུལ་དངོས་ཀྱི་རོགས་རམ་ཕངས་མེད་དུ་གནང་མཁན་གྱི་མི་མང་པོ་ཡིད་ལ་འཆར་ཡོང་བ་གཅིག་པོ་མ་རེད། ས་ཆ་དེ་ན་༡༩༣༧ ཡས་མས་ནས་ད་བར་དུ་བོད་མི་རིགས་ཀྱི་བདེན་དོན་ཆེད་རང་སྲོག་དམར་པོ་བློས་གཏོང་བྱ་རྒྱུར་སོམ་ཉི་མེད་པའི་དཔའ་བོའི་དང་རྩེ་བརྒྱ་ཕྲག་མང་པོ་བྱོན་དང་འབྱོན་ཡིན་པ་དེ་དག་ཡིད་ལ་འཆར་ཡོང་གི་རེད། བློས་ཞེས་པ་ནི་བློ་བཟང་། བློ་བསམ། བློ་གྲོས་ཞེས་པའི་མིང་བསྡུས་ནས་དེ་ལ་བྱེད་སྒྲའི་ཕྲད་སྦྱར་ནས་བློས་ཞེས་བྲིས་པ་རེད། བློ་གྲོས་ཅན་གྱི་མྱི་འདི་རིགས་ནི་སྐད་ཆ་རེ་རེ་ཐོག་རེད།
མཁར་འཕགས་ཟེར་བ་དེས་ངོ་རྒོལ་བྱེད་མཁན་མང་ཆེ་བ་ཨ་མདོ་བ་ཚོ་རེད་ཟེར་བ་ཙམ་གྱིས་ཁོ་རང་གི་རིན་ཐང་གསལ་བོར་བསྟན་པ་རེད། དགོན་སྡེ་དང་ཚོགས་སྡེ་ཆེ་ཆུང་མང་པོའི་ལས་ཤོག་སྟེང་ཨོ་སྟོབས་ལ་རྒོལ་གཏམ་བཏང་ཟིན་པ་མཐོང་བཞིན་ཨོ་སྟོབས་ལ་ངོ་རྒོལ་བྱེད་མཁན་མང་ཆེ་བ་ཨ་མདོ་བ་ཚོ་རེད་ཟེར་བ་དེས་མི་དེའི་དམིགས་ཡུལ་དང་གཤིས་ཀ་ཁ་ཕྱོགས་བཅས་མངོན་གསལ་གྱུར་ཚར་པ་རེད། ཁོའི་སྐད་ཆ་དེ་ལ་ལན་འདེབས་ཤིག་དགོས་དོན་མེད་པ་རེད། ལན་བཏབ་ཕན་ན་ཡང་ཐོགས་གང་ཡང་མེད། མ་ཤེས་པར་དེ་འདྲ་བཤད་པ་མ་རེད། ཀུན་སློང་གཞན་ཞིག་བཟུང་ནས་བཤད་ཀྱིན་ཡོད་པ་གསལ་བོ་རེད། དེ་འདྲའི་རིགས་ལ་གསལ་བཤད་དང་ལན་འདེབས་བྱས་ཀྱང་ཕན་ཐོགས་ཤིག་འབྱུང་དཀའོ།།
༼ ང་ཁམས་པ་ཡིན། ༽ སྐད་ཆ་འགོ་འཛུགས་དུས་ནས་་་་་་་་་
སོང་ཙང་་་
ཨ་རོགས་མྱི་སྡོམ་རྔ་བློ་་་ཁྱོད་ཨ་མདོ་དང་ང་ཁམས་པ་་་ཁོ་ཚོ་དབུང་གཙང་ཡིན་པས་ཧ་ལས་རྒྱུ་ཀྱང་མེད་གི་ཡ། ང་ཚོ་ཚང་མའི་ཕ་ས་དགྲ་བོས་འཕྲོག་སོང་ནི་རེད། ཁྱོས་ཨི་ཤེས་གི།
གངས་རིའི་སྲས་པོ། ཁྱེད་ཀྱི་མིག་ལ་ལིང་ཏོག་ཡོད་ན་མ་གཏོགས། ཆོལ་ཁའི་སྐད་ཆ་བཤད་ནས་་་མཐུན་སྒྲིལ་གཏོར་མཁན་དེ་མཁར་འཕགས་སམ། ལི་ཐང་སྲིད་སྐྱོང་གི་ཚེ་གཡོག་་་གིས་ག་རེ་བཤད་འདུག དེར་མཆན་བྲིས་ན་འོས་པ་རེད། རང་སེམས་གདོན་གྱིས་ཟིན་རྗེས། མིག་གིས་གཡག་མི་་ི་མཐོང་པར་ཤུག་མཐོང་པ་ནི་ཆོས་ཉིད་རེད། རྐུ་མས་རྐུ་མ་སྲུང་སྐྱོབ་རེད། དགོད་སྤྲོ་པ་ཞིག་་་ལ་་་མཁར་འཕགས་ཟེར་བ་དེས། རང་གི་ཆང་སའི་རྟེན་འབྲེལ་ལ་་་ལྷ་བླའི་བྱིན་རྟེན་་་་ཚབ་ལ། འཇིག་རྟེན་མི་ཆས་ཀྱང་མི་སྲུང་པའི་་་རྫུན་རྐྱལ་་་བློ་ བཟང་སངས་རྒྱས་་་ཀྱི་པར་བཤམས་འདུག
ཧཧཧཧཧཧ རྟགས་དང་རྟེན་འབྲེལ་འགོ་ནས་་བཤིག་པ་རེད།
མི་ངན་གྱིས་ལྷ་མི་བསྟེན་་་་འདྲེས་་་་གསོ་བ་དེ་་་་རྒྱུན་ལྡན་ཡིན་ཆོག ད འདི་རིགས་བྲིས་ནས་་་མི་ཚེ་འཕྲོ་རླག་རེད། ཁྱེད་ཚོས་ག་རེ་བྱེད་ན་བྱོས། ཨ་མ་མནའ་མར་ལེན་ནའང་ལོངས་ཤོག
གངས་རིའི་སྲས་པོ་ལགས། རྔ་བློས་ཨ་མདོ་ཡིན་ཟེར་དགོས་དོན་འདི་རེད། ཡག་པོ་ཀློག་ལ་བསམ་བློ་ཐོངས།
“ང་ཨ་མདོ་ཞིག་ཡིན། དེ་བཤད་དགོས་པ་གལ་ཆེན་མ་རེད་དེ། ཐེངས་འདིར་ངས་ཨ་མདོ་བ་ཡིན་ཞེས་བཤད་སྤྲོ་སོང་། སྤྱི་ཚོགས་འདིའི་ཕྱོགས་མང་པོར་བལྟས་ན། ཤེས་ཡོན་ཡོད་མེད་ཚང་མས་ཆོལ་ཁ་རང་ཁོངས་སུ་བསམ་ཚུལ་བརྗེ་རེས་ཙམ་ལས་དེ་ལས་བརྒལ་ཐུབ་ཀྱི་མེད་པའི་མཐོང་སྣང་ཡོད། དེ་ལྟར་ཡིན་མིན་བསམ་བློ་འཁོར་ཡོད་དམ། སྐུ་ཉིད་ལ་མཚོན་ནའང་ག་འདྲ་ཡིན། མདོ་སྟོད་ཁྱབ་ཁོངས་སུ་ལྷག་བསྡད་ཡོད་དམ། དབུས་གཙང་དང་ཨ་མདོ་བར་བསམ་ཚུལ་བརྗེ་རེས་རེ་ཡོང་གི་འདུག་གམ། ང་ཚོ་ལ་དེའི་ཕྱོགས་ནས་དཀའ་ངལ་ཞིག་སྐུ་ཉིད་ནས་ཚོར་གྱིན་འདུག་གམ། “
བློ་བཟང་ལགས་་་་ཁྱོད་ཀྱི་ཨ་སྦགས་ནང་ཨ་ཞང་ཚང་གི་སྒོར་མོ་ག་ཚོད་ཡོད་ན་ཡང་་་ངེས་བོད་པ་ཚང་གི་མཐུན་སྒྲིམས་ཀྱི་ཨ་ལོང་གཏོར་ཐུབ་ནི་མ་རེད།
གངས་རིའི་སྲས་པོ་ཟེར་མཁན་འདི་བོད་ནས་གསར་ཏུ་འབྱོར་བ་ཞིག་ཡིན་པ་འདྲ།
མཁར་འཕགས་ཟེར་ལེ་མི་དེའི་བརྙན་ལ་བལྟས་པ་ཡིན། མི་དེ་རྩ་ཚང་ལེ་ཞིག་རེད་མི་གདའ་སྡིག་པ་འཁུར།
རེད་རེད། ཉི་མ་རང་གྲོལ་ལགས། འཁར་འཕགས་གཅིག་པོ་མ་རེད། རྫ་ཆུ་ཁ་པ་ཕལ་ཆེར་འདི་འདྲ་སྔོན་ཐོན་པ། ར་མ་ལུག ཟོག་རྫུ་སྟེ་་་་སྤྱང་ཀི་ལུག་པགས་གྱོན་མཁན་ཞེ་གཅིག་རེད
ཅེས་་ལབ་ན། ཧ་ལམ་མ་འགྲིག་པ་མེད། ཉམས་མྱོང་ཡིན།