ཆབ་མདོ་ངག་ཕུན།
གངས་ལྗོངས་བོད་ཀྱི་མཁས་དབང་།།
གདོང་ཐོག་རིན་པོ་ཆེ་མཆོག།།
ཨ་རིའི་གྲོང་ཁྱེར་ནང་ལ།།
སྐུ་ཚེ་འཕེན་པར་རྫོགས་པར།།
རྗེས་དྲན་སྙིང་ནས་ཞུ་འོ།།
མཁས་དབང་དམ་པ་ཁོང་གིས།།
གངས་ལྗོངས་སྐད་ཡིག་མི་ཉམས།།
གོང་འཕེལ་ཡོང་བའི་ཆེད་དུ།།
ངལ་བ་བརྒྱ་ཕྲག་སྤྱད་ནས།།
ཨིན་བོད་ཤན་སྦྱར་ཚིག་མཛོད།།
མཛད་ནས་གངས་ཅན་པ་ལ།།
ཕན་ཐོགས་རླབས་ཆེན་མཛད་ཡོད།།
དེ་བཞིན་ཨ་རིར་ཕེབས་ནས།།
ས་པཎ་བཤད་སྒྲུབ་ཕྱག་བཏབ།།
ཆོས་ཀྱི་འཁོར་ལོ་སྐོར་མཛད།
དུས་ཚོད་ནམ་ཁོམ་སྐབས་སུ།།
བོད་ཀྱི་རྒྱལ་རབས་ལོ་རྒྱུས།།
ས་སྐྱའི་ཆོས་འབྱུང་དང་འབྲེལ།།
ཨིན་བོད་སྒྲ་གཞུང་ལ་སོགས།།
བརྩམས་ཤིང་གངས་ལྗོངས་ཤེས་རིག།།
མི་ཉམས་གོང་འཕེལ་མཛད་ཡོད།
དེ་རིང་དུས་སྐབས་འདི་ལ།།
རྗེས་དྲན་སྙིང་ནས་ཞུ་འོ།།
ཁྱེད་ཀྱི་ཡང་སྲིད་བཅོ་ལྔ།།
གངས་ཅན་ཞིང་ལ་མྱུར་འཁྲུངས།།
སྨོན་ལམ་སྙིང་ནས་འདེབས་སོ།།
ཞེས་པ་འདི་ནི་ཤར་མཐའི་སྤྲང་འཁྱམས་པ་ཆབ་མདོ་ངག་ཕུན་ཞེས་འབོད་པས་དམ་པ་ཁོང་ལ་རྗེས་དྲན་མཚོན་བྱེད་དུ་བྲིས་པ་ཡིན་པས་ཀུན་གྱིས་དེ་དོན་རྟོགས་པར་ཤོག།།
གདོང་ཐོག་བསྟན་པའི་རྒྱལ་མཚན་དགུང་ལ་གཤེགས་།
རྗེས་དྲན་ཡིན་དང་རྗེས་རྩོད་ཇི་ཡིན་ མ་ངེས་ཀྱང་།
དྲ་འབུ་འགའ་རེས་བསྟོད་ལ་འགའ་རེས་སྨད་།
སྐྱེ་ཕྲེང་ལྔ་པ་རེད་དམ་བཅོ་ལྔ་རེད་།
མ་ནོར་གསལ་བསྟོན་རིན་ཆེན་གསེར་ལས་གལ་།
གྲངས་ཀ་བཅོ་ལྔའི་གོ་དོན་མིན་ལ་ཚེས་པ་བཅོ་ལྔའི་དུང་ཟླ་ལ་གོ་དགོས།
ཡག་པོ་འདུག ཡིན་ནའང་ཡང་སྲིད་མེད་ན་དགའ།། རྙོག་ཁྲ་ཆེ་རོགས་རེད། ས་སྐྱ་ཕ་བུ་ཡོངས་རྫོགས་བཞུགས་ཡོད་པས་དེ་ལས་ལྷག་པ་དགོས་ཡས་མིན་འདུག ས་སྐྱའི་བླ་མ་མཁན་པོ་རྣམས་ཀྱིས་མ་ཐུབ་པར་གདོང་ཐོག་གི་རྣམ་ཤེས་ལ་རེ་བ་རྒྱབ་པ་དེ་འགྲིགས་ཀྱི་མིན་འདུག དེ་བཞི་་སྐུ་ཐོག་འདིར་མ་ཐུབ་པ་ཕྱི་མས་བསྒྲུབ་ཐུབ་པ་ཞིག་ཨེ་ཡོད། ཚང་མ་མགོ་ནསཕར་བསླབ། དེ་ནས་ཚུར་ཤོད་རྒྱུར་སྒུག་ནས་དུས་ཚོད་འཕྲོ་བརླག་རེད། དེ་ལས་ད་ལྟ་སློབ་གཉེར་བྱེད་བཞིན་པའིསློབ་བུ་རྣམས་ལ་རེ་བ་བཅོལ་ན་ལེགས།
དབྱིན་ཇི་ཡར་རྒྱས་གཏོང་དགོས་ན་གདོང་ཐོག་གི་ཡང་སྲིད་དགོས་ཡས་མིན་འདུག ཚིག་མཛོད་གདོང་ཐོག་གི་ཚོག་མཛོད་ལས་ལེགས་པ་མང་པོ་འདུག དེ་བཞིན་ལོ་རྒྱུས་དེབ་དཀར་རྨེའུ་དང་ཚེ་རིང་ཤཀྱ་འདུག ད་དུང་ཆོས་བཤད་མཁན་ལ་རྫོང་གསར་མཁྱེན་བརྩེ་འདུག ད་གདོང་ཐོག་གི་རྣམ་ཤེས་ཨར་གཏད་མ་བྱས་ན་ལེགས། དེ་མིན་དགེ་ལུགས་་པ་ཚོས་ཡོན་ཏན་རྒྱ་མཚོ་བཙལ་ནས་ཡང་མ་སྐྱིད་པ་བཟོ་རྒྱུ་རེད།
མཁས་དབང་གདོང་ཐོག་གིས་བོད་ཀྱི་སྐད་ཡིག་མི་ཉམས་པ་ཡོང་ཆེད་དུ་རང་ནུས་ཡོད་ཚད་ཀྱིས་འབད་བརྩོན་གནང་ནས་ཨིན་བོད་ཚིག་མཛོད་མཛད་པ་དེས་སྐབས་དེ་དུས་ཕན་ཐོགས་རླབས་ཆེན་བྱུང་འདུག་ཅིང་། ང་ཚོའི་ཤེས་པ་དག་གིས་བྱས་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་བ་ནི་འཇིག་རྟེན་ལུགས་དང་མཐུན་པ་ཞིག་ཡིན་ནོ།
གདོང་ཐོག་གི་མཛད་འཕྲིན་འདི་ནས་འཇུག་བསྡུས་ན་མི་ལེགས་སམ་།
ལབ་རྒྱུ་མང་ན་གླེང་རྒྱུ་མང་།
བཤད་རྒྒུ་་མང་ན་གཏམ་རྒྱུ་མང་།
དོན་མེད་སྡིག་ཆེན་བསགས་པ་མཐོ་ལོ་བཤགས་།
ཧ་ཧ་ཧ་རྫོགས་རྒྱུ་མེད་པའི་ལོ་རྒྱུས་འདིའི་དགེ་ལ་འགྲོ་་དང་སྡིག་ལ་འགྲོ་
ཧ་ཧ་ཧ་་ད་བཞོག་་་་ད་བཞོག་་་་སྡིག་པ་མ་བསགས་དྲ་འབུ་ཚོ་ཧ་ཧ་ཧ
ཁྱེད་ཀྱི་ཡང་སྲིད་བཅོ་ལྔ།།
གངས་ཅན་ཞིང་ལ་མྱུར་འཁྲུངས།།་་་་་་་་་
རྗེས་དྲན་པེ་ཡག་པོ་བྲིས་གནང་འདུག སྙན་ནག་པ་ཁོང་ལ་རྗེས་དྲན་རྩོམ་ཡིག་འདི་འདྲ་བྲིས་གནང་བར་ཐུགས་རྗེ་བླ་མེད་དུ་ཆེ་ཆེ་ཞུ། ཏ་རརརརརརརརར