ཨེ་མ་ཧོ།
ན་མོ་གུ་རུ་མཉྫུ་ཤྲྰི་ཡེ།།
རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་དཔལ་དབྱངས།།
ཁྱབ་བདག་རིག་མའི་ལྷ་མོ་དབྱངས་ཅན་མ།།
དབྱེར་མེད་ཆོས་རྗེ་ཡིད་བཞིན་ནོར་བུ་ཡིས།།
བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས།།
ལུགས་གཉིས་བདེན་དོན་ཤེས་པའི་མཁས་དབང་ཆེ།།
གཞན་ཕན་དོན་གཉེར་མཛད་པའི་སྙིང་རྗེ་ཅན།།
ལུང་རྟོགས་བསྟན་པའི་བཤད་སྒྲུབ་གནང་མཛད་པའི།།
གདོང་ཐོག་བསྟན་པའི་རྒྱལ་མཚན་རྒྱལ་གྱུར་ཅིག།།
སྐྱེ་ནས་སྐྱེ་བར་ལེགས་བཤད་གོམས་པའི་མཐུས།།
མཐོན་པོའི་གོ་ས་ཆུ་ཤིང་བཞིན་དུ་དོར།།
བཟང་པོའི་སྤྱོད་པ་འཆད་རྩོད་རྩོམ་པས་ཕྱུག།
མཁས་དབང་དམ་པ་དགོངས་པ་ཡོངས་སུ་རྫོགས།།
བདེ་ནས་བདེ་བར་བཤེགས་པའི་སྤྲུལ་སྐུ་ཁྱེད།།
བསྟོད་དང་སྨད་པས་དགོས་པ་ཆེར་མེད་ཀྱང་།།
བདེ་ཆེན་ཞིང་དུ་སྐྱེལ་བའི་སྨོན་ལམ་འདི།།
སྐུ་གསུམ་རྒྱལ་ས་ཟིན་པའི་བརྡ་གླུ་ལགས།།
སྤྲོས་བྲལ་དབུ་མའི་དེ་ཉིད་ངང་དུ་བཞུགས།།
བདེ་ཆེན་ཕྱག་རྒྱའི་དཀྱིལ་འཁོར་ལོངས་སུ་སྤྱོད།།
ཀུན་བཟང་རྫོགས་པ་ཆེན་པོའི་རང་བཞིན་ལས།།
སྐད་ཅིག་ཙམ་ཡང་འདའ་བར་མ་གྱུར་ཅིག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་རྒྱལ་ཟླ་བའི་དབང་ཚེས་དགེ་བ་འམ།
ཕྱི་ལོ་༢༠༡༥ ཟླ་ ༡ ཚེས་ ༡༣ ཉིན་མཁས་དབང་གདོང་ཐོག་རིན་པོ་ཆེ་ཉིད་བྱང་ཨ་རིའི་གྲོང་ཁྱེར་སི་ཨེ་ཊར་དགོངས་པ་རྫོགས་ཡོད་པ་དང་། ལེགས་ཉེས་འགྱེད་པའི་རྣམ་དཔྱོད་ཡངས་པ་རིས་མེད་ཁ་བརྡ་དྲ་བའི་རྩོམ་སྒྲིག་ཚོགས་ཆུང་ནས་རྩམ་བརྡའ་མཐོང་བའི་མོད་ལ་གང་དྲན་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་བསྔོ་སྨོན་ཞིག་གིས་ཚབ་ཏུ་རིག་འཛིན་ཨེ་མ་ཧོས་གསོལ་སྨོན་གླུ་རུ་བླངས་པར་དགེའོ།། དགེའོ།། དགེའོ།།
གདོང་ཐོག་རིན་པོ་ཆེའི།
བཞི་པའི་ཡང་སྲིད་ལྔ་པ་འདས། །
ལྔ་པའི་ཡང་སྲིད་དྲུག་པ་དེ། །
སྤྲུལ་སྐུ་ཚད་དང་ལྡན་པ་དང་། །
བླ་མའི་མཛད་འཕྲིན་སྐྱོང་ནུས་ཤོག །
གདོང་ཐོག་ནི་ས་སྐྱ་བའི་ཉམས་ལེན་ཞིག་ཡིན་པ་ལས་ཕྱག་ཆེན་དང་དབུ་མ་ཆེན་པོ་སོགས་ཉམས་ལེན་གཙོ་བོར་བྱེད་མི་སྲིད། ཁོང་གི་ཕུགས་ཀྱི་ལྟ་བ་ཧཧཧཧ་བསྟོད་པ་བྱེད་པ་ལ་དང་པོ་བསྟོད་ཡུལ་གྱི་གནས་ཚུལ་ཤེས་དགོས་དེ་མིན་བསྟོད་མི་ཤེས་པའི་བསྟོད་པ་ལས། སྨད་ན་དགའ་ཞེས་འཇིག་རྟེན་གྱི་གཏམ་དཔེར་གྲགས་སོ།
ཨེ་མ་ཧོས་གདོང་ཐོག་རིན་པོ་ཆེ་སྐུ་འདས་པར་དགོངས་རྫོགས་སུ་སྨོན་ལམ་ཡག་པོ་གསུངས་འདུག་བཀའ་དྲིན་ཆེ་ཞུ། མཁས་པ་མཁས་པའི་གྲལ་ན་མཛེས་གསུངས་པ་ཅི་མ་བདེན། བོན་པོ་དང་ཁྱུང་སེ་ཟེར་བ་དང་ཅོ་རི་འདི་ཚོས་ཁྱི་ལྟོག་གནམ་ལ་ཟུག་པ་ལས་སྙིང་པོ་ཅན་ཞིག་ནམ་ཡང་བཤད་མ་མྱོང་བ་རེད། ཨེ་མ་ཧོས་སྨོན་ལམ་ཞིག་བདཏབས་པ་རེད་འདུག་པས། གདོང་ཐོག་དབུ་མ་ཆེན་པོའི་བསྟན་བཅོས་ལ་གཟིགས་དང་རང་ལུགས་བཞག དགེ་ལུགས་དགག། རྩོད་པ་སྤོང་བ་གོ་བོ་རབ་འབྱམས་དང་གཉིས་སུ་མེད་པ་རེད། ཁུ་ནུ་རིན་པོ་ཆེ་ལས་བྱང་ཆུབ་སེམས་སྐོར་དང་ཕྱག་ཆེན་ཐོབ་ཚུལ་དང་། དིལ་མགོ་མཁྱེན་བརྩེ་ལས་རང་བཞིན་རྫོགས་པ་ཆེན་པོ་ཞུས་ནས་ཐུགས་དམ་དུ་བཞེས་ཚུལ་དང་འཇམ་དཔལ་གཤིན་རྗེ་གཤེད་ཁོ་ན་ཐུགས་དམ་དུ་བཞེས་ཚུལ་རྣམ་ཐར་དུ་འདུག་པས་ཁྱུང་སེ་དམུས་ལོང་ལྟ་བུས་ལོང་གཏམ་གྱིས་སྨད་པ་ལས་བསྟོད་པ་སོང་མི་འདུག་གམ།
་་་་་་་་་་་་་ གདོང་ཐོག་དབུ་མ་ཆེན་པོའི་བསྟན་བཅོས་ལ་གཟིགས་དང་རང་ལུགས་བཞག དགེ་ལུགས་དགག། རྩོད་པ་སྤོང་བ་གོ་བོ་རབ་འབྱམས་དང་གཉིས་སུ་མེད་པ་རེད། ཁུ་ནུ་རིན་པོ་ཆེ་ལས་བྱང་ཆུབ་སེམས་སྐོར་དང་ཕྱག་ཆེན་ཐོབ་ཚུལ་དང་། དིལ་མགོ་མཁྱེན་བརྩེ་ལས་རང་བཞིན་རྫོགས་པ་ཆེན་པོ་ཞུས་ནས་ཐུགས་དམ་དུ་བཞེས་ཚུལ་དང་འཇམ་དཔལ་གཤིན་རྗེ་གཤེད་ཁོ་ན་ཐུགས་དམ་དུ་བཞེས་ཚུལ་རྣམ་ཐར་དུ་འདུག ་་་་་་་་་་་་་
པདྨའི་གཞིར་བཅས།
དབུ་མའི་བསྟན་བཅོས་བརྩམས་ཙམ་གྱིས། །
དགེ་ལུགས་དགག་ཅེས་བགད་མོའི་གནས། །
བྱང་སེམས་ཕྱག་ཆེན་ཐོབ་ཚུལ་དང་། །
རང་བཞིན་རྫོགས་ཆེན་ཐོབ་པ་བཟང་། །
ཀརྡོས་འདི་ཐལ།
གང་གང་རྐྱེན་ལས་རག་ལས་པ།།
དེ་དེའི་རང་བཞིན་གྱིས་སྟོང་ཞེས།།
གསུངས་པ་དེ་ལས་ཡ་མཚན་དུ།།
མེད་པར་གཟིགས་ལ་སུས་དགག་ནུས།།
བོད་པ་ཚང་གི་བསྟོད་བསྔགས་དང་ས།ྨ་འབེབས་་བྱ་རྒྱུ་ལ་བྱང་ཆུབ་འདའ་།
འཇམ་དབྱངས་ཕྱག་གི་རལ་གྲི་དེ་།
འཕྱརརྒྱུ་སེམས་ཅན་མགོ་ལ་་འཕྱར་།
སེམས་ཅན་་བསད་པའི་ལོ་རྒྱུས་མེད་།