མཁས་དབང་གཟན་དཀར་རིན་པོ་ཆེས་གསུང་བཤད་གནང་བ། Posted on 2014-02-252014-02-25 By ཁ་བརྡ་ 8 Comments on མཁས་དབང་གཟན་དཀར་རིན་པོ་ཆེས་གསུང་བཤད་གནང་བ། གློག་བརྙན་།, བཅར་འདྲི།
གཟན་དཀར་སྤྲུལ་སྐུ་རིན་པོ་ཆེས་མཛད་རྒྱས་མཇལ་བས་དད་གུས་བླ་མེད་བྱུང་། སྐུ་ཚེ་བརྟན། སྤྲུལ་སྐུ་ཞུ་ན་ངོ་མ་དེ་འདྲ་ཡིན་ས་རེད་བསམས། ཞལ་མཇལ་ཡོང་སྨོན་བྱུང་། སླར་དྲ་གྲོགས་ཡོངས་ལ་ལོ་སར་འཚམས་འདྲིབཀྲ་ཤིས་བདེ་ལེགས་ཞུ།།
མཁས་དབང་གཟན་དཀར་རིན་པོ་ཆེ་ཞབས་ལན་ཁ་ཤས་མཇལ་མྱོང་། མཁན་བཙུན་བཟང་གསུམ་འཛོམས་པའི་སྐྱེས་བུ་དམ་པ་ཞིག་བཞུགས། ད་ལན་སླར་ཡང་དྲ་རྒྱ་ཐོག་ཏུ་བོད་རྒྱ་ཚིག་མཛོད་ཆེན་མོར་ཕྱག་ལས་མཛད་པར་གསུང་གླེང་མཛད་པར་རྣ་བའི་དབང་པོ་གཏད་པའི་སྐལ་བཟང་བྱུང་ངོ་།
ཀརྡོ་གཉེར་ཕྱག་པ་་མཆོག་ལ། ཆེན་པོ་དང་། ཆེན་མོ་གཉིས་སྦྱོར་ཚུལ་ལ་འདི་ཡིན་དང་། འདི་མིན་ཞེས་ཕྱེ་དཀའ། ཕོ་མོའི་དབང་གིས་ཀྱང་བརྗོད་མི་ཐུབ། ང་ཆུང་དུས་མེ་མེ་ཆེན་མོ་དང་། ཞིང་ཆེན་མོ། ཞེས་གོ་མྱོང་། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། ཞེས་ཀྱང་གོ་ཐོས་ཡིན། བོད་རྒྱ་ཚིག་མཛོད་མའི་སྐོར་ལ། ༡༩༩༠པའི་སྐབས་སུ། བོད་རྗེ་མི་མངས་ལ་སྤྲིངས་པ། བྲིས་ཡོད། དྷ་སར་ལས་ཁུངས་དག་ལ་འདྲ་བཤུས་བཀྲམ་ཡོད་། ཅེས་སྐུ་གཤེགས་སྲིད་བློན་ཟུར་པ་བསོད་ནམས་སྟོབས་རྒྱལ་མཆོག་གིས་དྷ་སར་མཇལ་དུས་ཤིག་ལ་གསུངས། རྩོམ་ཡིག་དེ་ཕྱིས་སུ་ལྗང་གཞོན་དུས་དེབ་ཏུ་༡༩༩༠པའི་མཇུག་ཙམ་ལ་སྤར་ཡོད་།
བོད་རྗེ་མི་མངས་ལ་སྤྲིངས་པ། བྲིས་ཡོད། ཅེས་པ་དེ། བོད་རྗེ་མི་མངས་ལ་སྤྲིངས་པ། ཞེས་པར་བྲིས་ཡོད། ཅེས་བཅོས་སོ།
རྒན་འཇམ་དཔལ་ལགས་ཀྱི་དགོངས་འཆར་ལ་བཀའ་དྲིན་ཆེ། བོད་རྗེ་མི་མངས་ལ་སྤྲིངས་པ། ཞེས་པ་འདི་རྒན་ལགས་ཁྱེད་རང་གིས་བྲིས་གནང་བ་ཅིག་ཡིན་ནམ། ཡིན་ན། སྦྲེལ་ཐག་གམ། གཤམ་གསལ་ངའི་གློག་འཕྲིན་ཁ་བྱང་ཐོག་ལ་འདྲ་བཤུས་ཅིག་སྐུར་གནང་ཐུབ་ན། བཀའ་དྲིན་ཆེ་བར་འོང་ངེས་ལགས། kardorime@gmail.com
ཀརྡོ་གཉེར་ཕྱག་པ་ལགས་སུ་ཞུ་རྒྱུར། རང་རེའི་མེས་པོ་ཚོས་བོད་ཡིག་གསར་བཟོ་གནང་བའི་སྐབས་སུ་བོད་ཀྱི་སྐད་དང་ཡི་གེའི་ཁྱད་ཆོས་ལྡན་པའི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཤིག་བརྩམས་གནང་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད། ཡིན་ནའང་། བོད་ཡིག་ནང་གི་རྒྱན་ཚིག་(Adjective) གམ་ཁྱད་གཞི་ཁྱད་ཆོས་ཀྱི་རྣམ་པ་ལྡན་པའི་ཚིག་དེ་ཚོ་མིང་ཚིག་(Noun) གི་རྣམ་པ་ཞིག་ཏུ་འགྱུར་དུས། དེར་སྐད་བརྡ་རིག་པའི་གཞུང་ལུགས་ངེས་ཅན་ཞིག་ཡོད་པ་ཡང་ཡང་ཐོན། དེ་ཡང་བོད་ཡིག་ནང་གི་ཐ་སྙད་ “ཆེན་པོ་”དང་”ཆེན་མོ་” བེད་སྤྱོད་བྱེད་པའི་སྐབས་ལ་ཁྱད་པར་ཞིག་ཡོད་པ་དེ་དག་ནས་གསལ་པོར་ཤེས་ཐུབ། མདོར་ཙམ་ཞུས་ན། རྒྱུན་ལྡན་ང་ཚོས་རྒྱན་ཚིག་གི་ཚིག་”ཆེན་པོ་”ཞེས་པ་དེ་དངོས་རྫས་སམ་གནད་དོན་གང་ཞིག་གི་གཟུགས་དབྱིབས་དང་རྣམ་པ་དེ་ཆེ་བ་ཞིག་ཡོད་པ་མཚོན་ཐབས་བྱེད་པ་སྟེ། དེབ་ཆེན་པོ། གསར་འགྱུར་གལ་ཆེན་པོ་ལྟ་བུ་དང་། ཐ་སྙད་ “ཆེན་མོ་”ལྟ་བུས་དངོས་རྫས་དང་མི་གང་ཞིག་གི་ངོ་བོ་དེ་ཆེན་པོ་ཞིག་ཡིན་པ་མཚོན་པའི་མིང་ཚིག་ཅིག་ཏུ་གྱུར་བ་ལས་རྒྱན་ཚིག་གི་རྣམ་པ་དེ་མངོན་ཐུབ་ཀྱི་ཡོད་མ་རེད། དཔེར་ན། ལམ་རིམ་ཆེན་མོ། སློབ་གྲྭ་ཆེན་མོ་ལྟ་བུའོ། གཞན་ཡང་། རྒྱན་ཚིག་ “རྙིང་པ་” ཞེས་པ་དེ་མིང་ཚིག་ཏུ་འགྱུར་བའི་སྐབས་སུ་ “རྙིང་མ་” ཞེས་འབྲི་བཞིན་ཡོད་པ་དཔེར་ན། དགོན་པ་འདི་རྙིང་པ་ཞིག་རེད། དགོན་པ་འདི་རྙིང་མའི་དགོན་པ་རེད་ལྟ་བུའོ།
རྒན་ཐུབ་བསྟན་ཉི་མ་མཆོག་ལ་ཐུགས་རྗེ་ཆེ་ཞུ།མི་རབས་རྗེས་མ་ཚོར་ཕྱག་རྗེས་བཞག་འདུག
གཟན་དཀར་སྤྲུལ་སྐུ་རིན་པོ་ཆེས་མཛད་རྒྱས་མཇལ་བས་དད་གུས་བླ་མེད་བྱུང་། སྐུ་ཚེ་བརྟན། སྤྲུལ་སྐུ་ཞུ་ན་ངོ་མ་དེ་འདྲ་ཡིན་ས་རེད་བསམས། ཞལ་མཇལ་ཡོང་སྨོན་བྱུང་། སླར་དྲ་གྲོགས་ཡོངས་ལ་ལོ་སར་འཚམས་འདྲིབཀྲ་ཤིས་བདེ་ལེགས་ཞུ།།
མཁས་དབང་གཟན་དཀར་རིན་པོ་ཆེ་ཞབས་ལན་ཁ་ཤས་མཇལ་མྱོང་། མཁན་བཙུན་བཟང་གསུམ་འཛོམས་པའི་སྐྱེས་བུ་དམ་པ་ཞིག་བཞུགས། ད་ལན་སླར་ཡང་དྲ་རྒྱ་ཐོག་ཏུ་བོད་རྒྱ་ཚིག་མཛོད་ཆེན་མོར་ཕྱག་ལས་མཛད་པར་གསུང་གླེང་མཛད་པར་རྣ་བའི་དབང་པོ་གཏད་པའི་སྐལ་བཟང་བྱུང་ངོ་།
བོད་རྒྱ་ཚིག་མཛོད་ཆེན་པོ་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་གཉིས་ལ་ཁྱད་པར་གང་ཡོད་དམ། ལགས།
ཀརྡོ་གཉེར་ཕྱག་པ་་མཆོག་ལ། ཆེན་པོ་དང་། ཆེན་མོ་གཉིས་སྦྱོར་ཚུལ་ལ་འདི་ཡིན་དང་། འདི་མིན་ཞེས་ཕྱེ་དཀའ། ཕོ་མོའི་དབང་གིས་ཀྱང་བརྗོད་མི་ཐུབ། ང་ཆུང་དུས་མེ་མེ་ཆེན་མོ་དང་། ཞིང་ཆེན་མོ། ཞེས་གོ་མྱོང་། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། ཞེས་ཀྱང་གོ་ཐོས་ཡིན། བོད་རྒྱ་ཚིག་མཛོད་མའི་སྐོར་ལ། ༡༩༩༠པའི་སྐབས་སུ། བོད་རྗེ་མི་མངས་ལ་སྤྲིངས་པ། བྲིས་ཡོད། དྷ་སར་ལས་ཁུངས་དག་ལ་འདྲ་བཤུས་བཀྲམ་ཡོད་། ཅེས་སྐུ་གཤེགས་སྲིད་བློན་ཟུར་པ་བསོད་ནམས་སྟོབས་རྒྱལ་མཆོག་གིས་དྷ་སར་མཇལ་དུས་ཤིག་ལ་གསུངས། རྩོམ་ཡིག་དེ་ཕྱིས་སུ་ལྗང་གཞོན་དུས་དེབ་ཏུ་༡༩༩༠པའི་མཇུག་ཙམ་ལ་སྤར་ཡོད་།
བོད་རྗེ་མི་མངས་ལ་སྤྲིངས་པ། བྲིས་ཡོད། ཅེས་པ་དེ། བོད་རྗེ་མི་མངས་ལ་སྤྲིངས་པ། ཞེས་པར་བྲིས་ཡོད། ཅེས་བཅོས་སོ།
རྒན་འཇམ་དཔལ་ལགས་ཀྱི་དགོངས་འཆར་ལ་བཀའ་དྲིན་ཆེ། བོད་རྗེ་མི་མངས་ལ་སྤྲིངས་པ། ཞེས་པ་འདི་རྒན་ལགས་ཁྱེད་རང་གིས་བྲིས་གནང་བ་ཅིག་ཡིན་ནམ། ཡིན་ན། སྦྲེལ་ཐག་གམ། གཤམ་གསལ་ངའི་གློག་འཕྲིན་ཁ་བྱང་ཐོག་ལ་འདྲ་བཤུས་ཅིག་སྐུར་གནང་ཐུབ་ན། བཀའ་དྲིན་ཆེ་བར་འོང་ངེས་ལགས།
kardorime@gmail.com
ཀརྡོ་གཉེར་ཕྱག་པ་ལགས་སུ་ཞུ་རྒྱུར། རང་རེའི་མེས་པོ་ཚོས་བོད་ཡིག་གསར་བཟོ་གནང་བའི་སྐབས་སུ་བོད་ཀྱི་སྐད་དང་ཡི་གེའི་ཁྱད་ཆོས་ལྡན་པའི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཤིག་བརྩམས་གནང་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད། ཡིན་ནའང་། བོད་ཡིག་ནང་གི་རྒྱན་ཚིག་(Adjective) གམ་ཁྱད་གཞི་ཁྱད་ཆོས་ཀྱི་རྣམ་པ་ལྡན་པའི་ཚིག་དེ་ཚོ་མིང་ཚིག་(Noun) གི་རྣམ་པ་ཞིག་ཏུ་འགྱུར་དུས། དེར་སྐད་བརྡ་རིག་པའི་གཞུང་ལུགས་ངེས་ཅན་ཞིག་ཡོད་པ་ཡང་ཡང་ཐོན། དེ་ཡང་བོད་ཡིག་ནང་གི་ཐ་སྙད་ “ཆེན་པོ་”དང་”ཆེན་མོ་” བེད་སྤྱོད་བྱེད་པའི་སྐབས་ལ་ཁྱད་པར་ཞིག་ཡོད་པ་དེ་དག་ནས་གསལ་པོར་ཤེས་ཐུབ།
མདོར་ཙམ་ཞུས་ན། རྒྱུན་ལྡན་ང་ཚོས་རྒྱན་ཚིག་གི་ཚིག་”ཆེན་པོ་”ཞེས་པ་དེ་དངོས་རྫས་སམ་གནད་དོན་གང་ཞིག་གི་གཟུགས་དབྱིབས་དང་རྣམ་པ་དེ་ཆེ་བ་ཞིག་ཡོད་པ་མཚོན་ཐབས་བྱེད་པ་སྟེ། དེབ་ཆེན་པོ། གསར་འགྱུར་གལ་ཆེན་པོ་ལྟ་བུ་དང་། ཐ་སྙད་ “ཆེན་མོ་”ལྟ་བུས་དངོས་རྫས་དང་མི་གང་ཞིག་གི་ངོ་བོ་དེ་ཆེན་པོ་ཞིག་ཡིན་པ་མཚོན་པའི་མིང་ཚིག་ཅིག་ཏུ་གྱུར་བ་ལས་རྒྱན་ཚིག་གི་རྣམ་པ་དེ་མངོན་ཐུབ་ཀྱི་ཡོད་མ་རེད། དཔེར་ན། ལམ་རིམ་ཆེན་མོ། སློབ་གྲྭ་ཆེན་མོ་ལྟ་བུའོ། གཞན་ཡང་། རྒྱན་ཚིག་ “རྙིང་པ་” ཞེས་པ་དེ་མིང་ཚིག་ཏུ་འགྱུར་བའི་སྐབས་སུ་ “རྙིང་མ་” ཞེས་འབྲི་བཞིན་ཡོད་པ་དཔེར་ན། དགོན་པ་འདི་རྙིང་པ་ཞིག་རེད། དགོན་པ་འདི་རྙིང་མའི་དགོན་པ་རེད་ལྟ་བུའོ།