མཁས་དབང་ཆེན་མོ་རྗེན་སི་མི་ཐིའི་བཀའ་དྲིན་དྲན་པ། Posted on 2011-02-152011-02-15 By ཁ་བརྡ་ 4 Comments on མཁས་དབང་ཆེན་མོ་རྗེན་སི་མི་ཐིའི་བཀའ་དྲིན་དྲན་པ། གསར་འགྱུར།
མཁས་དབང་ཁོང་གི་ངོ་སྤྲོད་དང་ལོ་རྒྱུས་སྙིང་བསྡུས་སྐོར་གཟིགས་འདོད་མཆིས་ན་གཤམ་གསལ་དྲྭ་རྒྱའི་ཁ་བྱང་ཐོག་གཟིགས་རོགས་འཚལ། http://www.telegraph.co.uk/news/obituaries/culture-obituaries/books-obituaries/8246945/Gene-Smith.html
མཁས་དབང་ཆེན་མོ་རྗེན་སི་མི་ཐིའི་བཀའ་དྲིན་དྲན་གསོ་དང་། སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་མྱུར་བྱོན་སྨོན་འདུན་ཞུ། །
ཧི་མ་ལ་ཡའི་རིག་གཞུང་ལ་དུང་ཞེན་གྱིས་སྲི་ཞུའི་ལས་རིམ་ཁྲོད་ནས་བརྗེད་ཐབས་བྲལ་བའི་སྣང་བརྙན་གསོན་པོ་ཞིག་ཁ་བ་རི་པའི་སེམས་གཏིང་ན་བཞག་ཅིང་། བརྗོད་ཐབས་བྲལ་བའི་བཀའ་དྲིན་གྲངས་མེད་ཅིག་སྐྱེ་འགྲོའི་དཔལ་ཡོན་དུ་གནང་མཁན་ཁོང་། ཞི་བར་གཤེགས་པ་ལ་ཕངས་སེམས་དང་གདུང་སེམས་མཉམ་བསྐྱེད་ཞུ། གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ།། མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག། སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ནས།། ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག། དེར་ཡང་བླ་མ་དམ་པ་མཉེས་བྱས་ནས།། ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག། ཆོས་ཐོབ་ནས་ནི་སྙིང་པོའི་དོན་བསྒྲུབས་ཏེ།། ཚེ་དེར་སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག། སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང་།། གཞན་ཕན་བསྒྲུབ་ལ་སྐྱོ་ངལ་མེད་པར་ཤོག། རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས།། ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག།
དྲིན་ཤེས་ཤིང་དྲིན་ལན་བཟོ་བའི་ལྷག་བསལ་ལྡན་པའི་བོད་མི་རིགས་ཀྱིས། དམ་པ་འདི་ཉིད་ཀྱིས་སྐུ་ཚེ་གང་བོར་བོད་ཀྱི་ཆོས་རིགས་སྲུང་སྐྱོབས་བྱས་པའི་མཛད་པར་རྗེས་དྲན་ཞུ་འོས་ལ། རླབས་ཆེན་གྱི་མཛད་པར་བསྔགས་བརྗོད་ཞུ། །
མཁས་དབང་ཁོང་གི་ངོ་སྤྲོད་དང་ལོ་རྒྱུས་སྙིང་བསྡུས་སྐོར་གཟིགས་འདོད་མཆིས་ན་གཤམ་གསལ་དྲྭ་རྒྱའི་ཁ་བྱང་ཐོག་གཟིགས་རོགས་འཚལ།
http://www.telegraph.co.uk/news/obituaries/culture-obituaries/books-obituaries/8246945/Gene-Smith.html
མཁས་དབང་ཆེན་མོ་རྗེན་སི་མི་ཐིའི་བཀའ་དྲིན་དྲན་གསོ་དང་། སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་མྱུར་བྱོན་སྨོན་འདུན་ཞུ། །
ཧི་མ་ལ་ཡའི་རིག་གཞུང་ལ་དུང་ཞེན་གྱིས་སྲི་ཞུའི་ལས་རིམ་ཁྲོད་ནས་བརྗེད་ཐབས་བྲལ་བའི་སྣང་བརྙན་གསོན་པོ་ཞིག་ཁ་བ་རི་པའི་སེམས་གཏིང་ན་བཞག་ཅིང་། བརྗོད་ཐབས་བྲལ་བའི་བཀའ་དྲིན་གྲངས་མེད་ཅིག་སྐྱེ་འགྲོའི་དཔལ་ཡོན་དུ་གནང་མཁན་ཁོང་། ཞི་བར་གཤེགས་པ་ལ་ཕངས་སེམས་དང་གདུང་སེམས་མཉམ་བསྐྱེད་ཞུ།
གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ།།
མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག།
སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ནས།།
ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག།
དེར་ཡང་བླ་མ་དམ་པ་མཉེས་བྱས་ནས།།
ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག།
ཆོས་ཐོབ་ནས་ནི་སྙིང་པོའི་དོན་བསྒྲུབས་ཏེ།།
ཚེ་དེར་སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག།
སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང་།།
གཞན་ཕན་བསྒྲུབ་ལ་སྐྱོ་ངལ་མེད་པར་ཤོག།
རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས།།
ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག།
དྲིན་ཤེས་ཤིང་དྲིན་ལན་བཟོ་བའི་ལྷག་བསལ་ལྡན་པའི་བོད་མི་རིགས་ཀྱིས། དམ་པ་འདི་ཉིད་ཀྱིས་སྐུ་ཚེ་གང་བོར་བོད་ཀྱི་ཆོས་རིགས་སྲུང་སྐྱོབས་བྱས་པའི་མཛད་པར་རྗེས་དྲན་ཞུ་འོས་ལ། རླབས་ཆེན་གྱི་མཛད་པར་བསྔགས་བརྗོད་ཞུ། །