མཁས་དབང་ཟམ་གདོང་རིན་པོ་ཆེའི་བཀའ་ཆོས་ཀྱི་མཇུག་སྡོམ་གསུང་བཤད། Posted on 2014-04-232014-04-23 By ཁ་བརྡ་ 13 Comments on མཁས་དབང་ཟམ་གདོང་རིན་པོ་ཆེའི་བཀའ་ཆོས་ཀྱི་མཇུག་སྡོམ་གསུང་བཤད། གློག་བརྙན་།, སྣ་ཚོགས།
མཁས་དབང་ཟམ་གདོང་རིན་པོ་གསུང་བཤད་ཆ་ཚང་ཞིག་ཉན་པ་ཡིན། ཐུགས་རྗེ་ཆེ་སླད་མར་མུ་མཐུད་ནས་འདི་འདྲ་གསུང་རོགས་ཞུ།།
རྗེས་སུ་མཁས་དབང་བློ་བཟང་སེང་གེས་ཀྱང་རྒྱུད་སྨད་དུ་དབང་བསྐུར་ནས་ཚོགས་བཤད་གནང་རྒྱུ་ཡིན་ཨ། ཧཧཧ ཆོས་ཀྱིས་རྩེད་མོ་རྩེད་ཀི་འདུག་ག
ཟམ་གདོང་རིན་པོ་ཆེ་ཡིས་དྲི་བ་གཏོང་མཁན་ཚོའི་དྲིས་ལན་དུ་སྟོན་པའི་སྐུ་འདྲ་དེ་མིག་སྟོན་གནང་གི་འདུག་ལབ་སོང་། ཧ་ཧ་ཧ།
བོད་ཀྱི་དགེ་སློང་དང་། དགེ་ཚུལ་ཚོས། ཕྱི་དྲོ་ཁ་ཟས་གཅོད་མཁན་ཉུང་ཉུང་ཡོད་པ་དང་། བླ་གོས་ཕྲག་པ་གཅིག་ཏུ་གཟེར་ནས་མ་གཏོགས། གཟན་ཕྲག་པར་གཟེར་ནས་ཞེས་པ་མི་འདུག་ཅེས་གསུངས་འདུག གསུང་ཆོས་ཉན་ལོང་མ་བྱུང་ཡང་། བསླབ་བྱ་བསྟན་འཛིན་ཀུན་ལ་ཕན་ངེས་གསུངས་འདུག་པས། ཀུན་གྱིས་གསན་གཟིགས་མཛོད་ཅིག་གུ
ཆོས་ཉམས་ལེན་རྒྱུད་ལ་མི་བྱེད་ན། ། ངས་ཤེས་སོང་ཟེར་ཡང་མགོ་སྐོར་ཡིན། ། དོན་སྙན་བརྒྱུད་ཀྱི་གདམས་ངག་མི་སྒོམ་ན། ། གནས་རི་ཁྲོད་འགྲིམ་ཡང་རང་སྡུག་ཡིན། ། རྗེ་མི་ལས།
གྲྭ་པས་ཆབ་སྲིད་སྐྱོང་གཉེར་ཆོག་ས་ནས་ཕྱི་དྲོའི་ཁ་ཟས་བཟའ་མི་ཆོག་པ་གང་ཡིན་ནམ། འདི་ལ་བསམས་ནས་འབྲུག་པ་ཀུན་ལེགས་ཀྱིས་སེ་རའི་ཕ་བོང་ཆེ་བ་འགོམས་ནས་ཆུང་བར་བྱོལ་བའི་གཏམ་རྒྱུད་དེ་དྲན་སོང་།
གྲྭ་པས་སྲིད་གཉེར་མི་ཆོག་པ་ཡིན་གྱི་མ་རེད། གཉེར་ན་འགྲིགས། དེ་ཡང་ཡག་པོ་ཞིག་གཉེར་ན་དེ་བས་འགྲིགས། ངའི་ཆབ་སྲིད་ཀྱི་དབང་ཆ་དེ་མི་ཆང་རྐྱལ། བླ་མེད་སྲོག་མེད་མགོ་སྟོང་ཞིག་གིས་སྐྱོང་བ་ལས། གྲྭ་པ། ཆགས་བཞེན་ཆུང་བ། རིགས་པ་བཟང་བ། རྒྱུ་འབྲས་ཤེས་པ། ཚུལ་ཁྲིམས་དག་པ། བོད་དབྱིན་ཚང་མ་ཤེས་མཁན། སྤྱི་སེམས་བཟང་བ་ཞིག་གིས་གཉེར་ན་དེ་བས་དགའ་བསུ་ཞུ་རྒྱུ་ཡིན། དེར་བརྟེན། གལ་ཏེ་རྒྱལ་བ་རིན་པོ་ཆེས་སླར་སྲིད་སྐྱོང་བར་ཕེབས་ན། ངའི་འོས་ཤོག་དེ་ཁོང་ལ་འཕེན་ངེས་ཡིན་ལ། འདིར་ཕེབས་པའི་དྲ་གྲོགས་མང་པོ་ཞིག་གིས་ཀྱང་དེ་ལ་ཐེ་འཚོམ་མེད། ཟམ་གདོང་རིན་པོ་ཆེར་རྩ་བ་ནས་མི་དགའ་མཁན་གྱི་མི་འགའ་ཤས་ཐུག་མྱོང་། ང་རང་ཡང་ཁོང་གི་ཆབ་སྲིད་ཀྱི་བྱེད་སྟངས་འགའ་ལ་ཡིད་ཐང་ཆད་སོང་། ཡིན་ནའང་། རྡ་སར་ཐེངས་གཅིག་བསྐྱོད་པ་ཡིན། ཁོང་གི་བྱས་རྗེས་མིག་བདུན་ལ་ཧྲིལ་ཧྲིལ་མཐོང་བྱུང་། དང་པོ། གཞུང་གི་དངུལ་རྩིས་ཉར་སྟངས་འདི་ཤིན་དུ་ནས་ལེགས་པོ་རེད་འདུག གཉིས་པ། གཞུང་དངུལ་ལྐོག་བཟའ་བྱེད་རྒྱུ་ཤིན་དུ་ནས་ཁག་པོ་བཟོས་འདུག འདི་ཡང་ལེགས། གསུམ་པ། ལས་བྱེད་པས་གཞུང་གི་དངུལ་བཏང་ནས་སྒེར་གྱི་ཁེ་དབང་སྒྲུབ་ས་མེད་པ་བཟོས་འདུག འདི་ཡང་ལེགས། བཞི་པ། ཟམ་གདོང་རིན་པོ་ཆེ་སྲིད་ལ་ཕེབས་ནས། བོད་གཞུང་གི་བོད་ཡིག་ཆུ་ཚད་དང་བོད་ཀྱི་རིག་གཞུང་ལ་དོ་སྣང་མང་དུ་ཕྱིན་སོང་། ཟམ་གདོང་རིན་པོ་ཆེའི་སྐབས་ལ། ལྟ་བ་ཡོད་པའི་གཞུང་ཞིག་བསྐྱངས་སོང་། འདོད་མོས་ཡོད་ཀྱང་རུང་མེད་ཀྱང་རུང་། དབུ་མའི་ལྟ་བ་ཞེས་བཙལ་བྱོལ་བོད་གཞུང་འདི་ལ་ལྟ་བ་ཞིག་ཡོད། འདི་ཡང་མ་འགྲིགས་པ་མེད། དེ་ནས་དོལ་རྒྱལ་བསྟེན་མཁན་ཚོ་དང་འབྲེལ་བ་མེད་པ་བཟོས་ནས། སྲིད་ཇུས་གསལ་པོ་བཟོས་སོང་། དེ་ཡང་འགྲིགས། ད་དུང་། ཆོལ་ཁ་གསུམ་གྱི་བོད་ཅེས་ཁ་གསལ་པོ་བཟོས་ནས། རྒྱས་ཁས་ལེན་རུང་མ་རུང་ཡིག་ཐོག་ལ་ཚིག་ཐོ་གསལ་ཐག་ཆོད་ཅིག་སྤྲད་པ་དེའི་ནང་ལ་བོད་ཆོས་ཁ་གསུམ་ཟེར་བ་འདི་ལ་སྒྱུར་བ་མེད་པ་གསལ་པོ་བཟོས་སོང་། ད་ཆ་སྐྱ་བོས་སྐྱོང་བཞིན་པའི་སྲིད་གཞུང་དེའི་ལྟ་བ་གསལ་པོ་མེད་ལ། ལམ་ཕྱོགས་གསལ་པོ་མེད། མཐའ་ན་དམངས་གཙོ་ཡང་བཙོང་ཚར་སོང་། ངོ་མ་བླ་རྒན་འདི་མགོ་མཁྲེགས་པོ་ཡོད་ལ། མཁྲེགས་རིན་ཆོག་པ་འདུག རྒྱ་གཞུང་གིས་མཐའ་མའི་ཐག་གཅོད་ནི། “ང་ཚོའི་དབར་ལ་ཧེ་བག་ཆེ་དྲག་ནས་འབབ་ས་མིན་འདུག”ཟེར། འདི་འགྲིགས་འདུག ག་རེ་དགོས་པ་འདི་གསལ་པོ་བཤད་སོང་། ཟམ་གདོང་བླ་མའི་མགོ་ཁྲིད་ཀྱི་ནུས་པ་རེད། ཁོང་གིས་གང་བྱས་བླ་མའི་མཛད་པར་མཐོང་གི་མེད། ཟམ་གདོང་རིན་པོ་ཆེར་སྐྱོན་བརྗོད་ཞུ་ས་མེད་པ་འདི་ཞན་ཆ་ཞིག་ལ་མཐོང་གི་ཡོད། དེ་བཞིན་རིན་པོ་ཆེས་མ་མཁྱེན་པ་ཡོད་ན། འདི་ཁས་ལེན་མ་བྱས་པར་འགྲེལ་བཤད་སྐོར་སྐོར་ནས་དུས་ཚོད་འཁྱོལ་ཐབས་བྱེད་པ་འདི་ཡང་རིན་པོ་ཆེའི་སྐྱོན་ཞིག་རེད། དེ་ལ་རྒྱལ་བ་རིན་པོ་ཆེ་ངོ་མ་འདྲ་གི་མ་རེད། མཁྱེན་གྱི་མེད་ན། འདི་ངས་མི་ཤེས་ཅེས་སྤོབས་པའི་ཐོག་ནས་གསུངས་ཐུབ་ཀྱི་འདུག ཟམ་གདོང་རིན་པོ་ཆེ་ལ་དེའི་སྤོབས་པ་མིན་འདུག
གང་ཟག་ང་འདྲ་བོ་ཞིག་གིས་ཆོས་འདི་ལྟ་བུ་ཞིག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་འདུས་མང་ལ་བཤད་པ་ནི་བློ་ཡུལ་ལ་མ་ཤོང་བ་དང་། ཧམ་པ་ཚ་ཐག་ཆོད་པ་རེད་གསུངས་འདུག ངོ་མ་བདེན་པ་རེད། ཆབ་སྲིད་པས་རྩེད་མོ་རྩེ་གྱིན་འདུག
ཟམ་གདོང་སྤྲུལ་སྐུ་ཟམ་གདོང་བླ་མ་ཆགས། ། མཁས་དབང་གཟམ་གདོང་རྡོ་རྗེ་འཆང་བར་གྱུར། ། བཙན་བྱོལ་བོད་མིའི་མི་ཚེའི་བརྒྱུད་རིམ་ནང་། ། མི་མཐོང་དགུ་མཐོང་མཐོང་རྒྱུ་མང་པོ་འདུག །
ད་བླ་རྒན་འདིས་མི་ཆོས་བླ་མའི་རྫུན་རྐྱང་རྐྱང་བཤད་ཀྱིན་འདུག ཁྲི་བྱང་གིས་ཁོ་རང་མ་འོངས་ཆོས་འཆད་ཉན་བྱེད་མཁན་དུ་ལུང་བསྟན་བྱས་པ་འདྲ་བོ། མགོན་པོ་ཕྱག་དྲུག་པར་འཕྲིན་བཅོལ་བྱས་ནས་བཟང་རྟགས་ཐོན་པ་འདྲ་བོ། ༧གོང་ས་མཆོག་གིས་སྟོན་པའི་སྐུ་འདྲ་གནང་བ་དེས་ཁོས་གང་བཤད་ལ་ནོར་འཁྲུལ་མེད་པའི་བདེན་དཔང་བྱེད་ཐུབ་པ་འདྲ་བོ་བཤད་ཀྱིན་འདུག ད་དུང་ཕྱི་དྲོའི་ཁ་ཟས་ལ་ཁ་གཡར་དེ་དགེ་འདུན་འདུ་སྒོ་འཕྲོག་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག ད་ཡག་པོ་ཞེ་དྲག་འདུག དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་དགེ་འདུན་དབྱེན་བྱས་ཏེ་དགེ་ལུགས་ཁག་གཉིས་བགོས་ཡོད་པ་རེད། ད་དགེ་འདུན་གྱི་འདུ་སྒོ་འཕྲོག་དང་མཚམས་མེད་ཀྱི་ལས་དང་མཚམས་མེད་དང་ཉེ་བའི་ལས་གཉིས་ཀ་ཚང་པ་རེད། ད་ལམ་ཡིག་ཡག་ཐག་ཆོད་གྲ་སྒྲིག་བྱེད་ཚར་འདུག ནམ་འགྲོ་ན་འགྲོ་རྐྱང་རེད། བདེ་མོར་ཕེབས།
མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་བར་བྱའོ།
མཁས་དབང་ཟམ་གདོང་རིན་པོ་གསུང་བཤད་ཆ་ཚང་ཞིག་ཉན་པ་ཡིན། ཐུགས་རྗེ་ཆེ་སླད་མར་མུ་མཐུད་ནས་འདི་འདྲ་གསུང་རོགས་ཞུ།།
རྗེས་སུ་མཁས་དབང་བློ་བཟང་སེང་གེས་ཀྱང་རྒྱུད་སྨད་དུ་དབང་བསྐུར་ནས་ཚོགས་བཤད་གནང་རྒྱུ་ཡིན་ཨ། ཧཧཧ ཆོས་ཀྱིས་རྩེད་མོ་རྩེད་ཀི་འདུག་ག
མི་ཚེ་དོན་དང་ལྡན་པ་ཟེར་ན་འདི་འདྲ་རེད།
ཟམ་གདོང་རིན་པོ་ཆེ་ཡིས་དྲི་བ་གཏོང་མཁན་ཚོའི་དྲིས་ལན་དུ་སྟོན་པའི་སྐུ་འདྲ་དེ་མིག་སྟོན་གནང་གི་འདུག་ལབ་སོང་། ཧ་ཧ་ཧ།
བོད་ཀྱི་དགེ་སློང་དང་། དགེ་ཚུལ་ཚོས། ཕྱི་དྲོ་ཁ་ཟས་གཅོད་མཁན་ཉུང་ཉུང་ཡོད་པ་དང་། བླ་གོས་ཕྲག་པ་གཅིག་ཏུ་གཟེར་ནས་མ་གཏོགས། གཟན་ཕྲག་པར་གཟེར་ནས་ཞེས་པ་མི་འདུག་ཅེས་གསུངས་འདུག གསུང་ཆོས་ཉན་ལོང་མ་བྱུང་ཡང་། བསླབ་བྱ་བསྟན་འཛིན་ཀུན་ལ་ཕན་ངེས་གསུངས་འདུག་པས། ཀུན་གྱིས་གསན་གཟིགས་མཛོད་ཅིག་གུ
ཆོས་ཉམས་ལེན་རྒྱུད་ལ་མི་བྱེད་ན། །
ངས་ཤེས་སོང་ཟེར་ཡང་མགོ་སྐོར་ཡིན། །
དོན་སྙན་བརྒྱུད་ཀྱི་གདམས་ངག་མི་སྒོམ་ན། །
གནས་རི་ཁྲོད་འགྲིམ་ཡང་རང་སྡུག་ཡིན། །
རྗེ་མི་ལས།
གྲྭ་པས་ཆབ་སྲིད་སྐྱོང་གཉེར་ཆོག་ས་ནས་ཕྱི་དྲོའི་ཁ་ཟས་བཟའ་མི་ཆོག་པ་གང་ཡིན་ནམ། འདི་ལ་བསམས་ནས་འབྲུག་པ་ཀུན་ལེགས་ཀྱིས་སེ་རའི་ཕ་བོང་ཆེ་བ་འགོམས་ནས་ཆུང་བར་བྱོལ་བའི་གཏམ་རྒྱུད་དེ་དྲན་སོང་།
གྲྭ་པས་སྲིད་གཉེར་མི་ཆོག་པ་ཡིན་གྱི་མ་རེད། གཉེར་ན་འགྲིགས། དེ་ཡང་ཡག་པོ་ཞིག་གཉེར་ན་དེ་བས་འགྲིགས། ངའི་ཆབ་སྲིད་ཀྱི་དབང་ཆ་དེ་མི་ཆང་རྐྱལ། བླ་མེད་སྲོག་མེད་མགོ་སྟོང་ཞིག་གིས་སྐྱོང་བ་ལས། གྲྭ་པ། ཆགས་བཞེན་ཆུང་བ། རིགས་པ་བཟང་བ། རྒྱུ་འབྲས་ཤེས་པ། ཚུལ་ཁྲིམས་དག་པ། བོད་དབྱིན་ཚང་མ་ཤེས་མཁན། སྤྱི་སེམས་བཟང་བ་ཞིག་གིས་གཉེར་ན་དེ་བས་དགའ་བསུ་ཞུ་རྒྱུ་ཡིན།
དེར་བརྟེན། གལ་ཏེ་རྒྱལ་བ་རིན་པོ་ཆེས་སླར་སྲིད་སྐྱོང་བར་ཕེབས་ན། ངའི་འོས་ཤོག་དེ་ཁོང་ལ་འཕེན་ངེས་ཡིན་ལ། འདིར་ཕེབས་པའི་དྲ་གྲོགས་མང་པོ་ཞིག་གིས་ཀྱང་དེ་ལ་ཐེ་འཚོམ་མེད།
ཟམ་གདོང་རིན་པོ་ཆེར་རྩ་བ་ནས་མི་དགའ་མཁན་གྱི་མི་འགའ་ཤས་ཐུག་མྱོང་། ང་རང་ཡང་ཁོང་གི་ཆབ་སྲིད་ཀྱི་བྱེད་སྟངས་འགའ་ལ་ཡིད་ཐང་ཆད་སོང་། ཡིན་ནའང་། རྡ་སར་ཐེངས་གཅིག་བསྐྱོད་པ་ཡིན། ཁོང་གི་བྱས་རྗེས་མིག་བདུན་ལ་ཧྲིལ་ཧྲིལ་མཐོང་བྱུང་། དང་པོ། གཞུང་གི་དངུལ་རྩིས་ཉར་སྟངས་འདི་ཤིན་དུ་ནས་ལེགས་པོ་རེད་འདུག གཉིས་པ། གཞུང་དངུལ་ལྐོག་བཟའ་བྱེད་རྒྱུ་ཤིན་དུ་ནས་ཁག་པོ་བཟོས་འདུག འདི་ཡང་ལེགས། གསུམ་པ། ལས་བྱེད་པས་གཞུང་གི་དངུལ་བཏང་ནས་སྒེར་གྱི་ཁེ་དབང་སྒྲུབ་ས་མེད་པ་བཟོས་འདུག འདི་ཡང་ལེགས། བཞི་པ། ཟམ་གདོང་རིན་པོ་ཆེ་སྲིད་ལ་ཕེབས་ནས། བོད་གཞུང་གི་བོད་ཡིག་ཆུ་ཚད་དང་བོད་ཀྱི་རིག་གཞུང་ལ་དོ་སྣང་མང་དུ་ཕྱིན་སོང་།
ཟམ་གདོང་རིན་པོ་ཆེའི་སྐབས་ལ། ལྟ་བ་ཡོད་པའི་གཞུང་ཞིག་བསྐྱངས་སོང་། འདོད་མོས་ཡོད་ཀྱང་རུང་མེད་ཀྱང་རུང་། དབུ་མའི་ལྟ་བ་ཞེས་བཙལ་བྱོལ་བོད་གཞུང་འདི་ལ་ལྟ་བ་ཞིག་ཡོད། འདི་ཡང་མ་འགྲིགས་པ་མེད། དེ་ནས་དོལ་རྒྱལ་བསྟེན་མཁན་ཚོ་དང་འབྲེལ་བ་མེད་པ་བཟོས་ནས། སྲིད་ཇུས་གསལ་པོ་བཟོས་སོང་། དེ་ཡང་འགྲིགས།
ད་དུང་། ཆོལ་ཁ་གསུམ་གྱི་བོད་ཅེས་ཁ་གསལ་པོ་བཟོས་ནས། རྒྱས་ཁས་ལེན་རུང་མ་རུང་ཡིག་ཐོག་ལ་ཚིག་ཐོ་གསལ་ཐག་ཆོད་ཅིག་སྤྲད་པ་དེའི་ནང་ལ་བོད་ཆོས་ཁ་གསུམ་ཟེར་བ་འདི་ལ་སྒྱུར་བ་མེད་པ་གསལ་པོ་བཟོས་སོང་།
ད་ཆ་སྐྱ་བོས་སྐྱོང་བཞིན་པའི་སྲིད་གཞུང་དེའི་ལྟ་བ་གསལ་པོ་མེད་ལ། ལམ་ཕྱོགས་གསལ་པོ་མེད། མཐའ་ན་དམངས་གཙོ་ཡང་བཙོང་ཚར་སོང་།
ངོ་མ་བླ་རྒན་འདི་མགོ་མཁྲེགས་པོ་ཡོད་ལ། མཁྲེགས་རིན་ཆོག་པ་འདུག རྒྱ་གཞུང་གིས་མཐའ་མའི་ཐག་གཅོད་ནི། “ང་ཚོའི་དབར་ལ་ཧེ་བག་ཆེ་དྲག་ནས་འབབ་ས་མིན་འདུག”ཟེར། འདི་འགྲིགས་འདུག ག་རེ་དགོས་པ་འདི་གསལ་པོ་བཤད་སོང་། ཟམ་གདོང་བླ་མའི་མགོ་ཁྲིད་ཀྱི་ནུས་པ་རེད།
ཁོང་གིས་གང་བྱས་བླ་མའི་མཛད་པར་མཐོང་གི་མེད། ཟམ་གདོང་རིན་པོ་ཆེར་སྐྱོན་བརྗོད་ཞུ་ས་མེད་པ་འདི་ཞན་ཆ་ཞིག་ལ་མཐོང་གི་ཡོད། དེ་བཞིན་རིན་པོ་ཆེས་མ་མཁྱེན་པ་ཡོད་ན། འདི་ཁས་ལེན་མ་བྱས་པར་འགྲེལ་བཤད་སྐོར་སྐོར་ནས་དུས་ཚོད་འཁྱོལ་ཐབས་བྱེད་པ་འདི་ཡང་རིན་པོ་ཆེའི་སྐྱོན་ཞིག་རེད། དེ་ལ་རྒྱལ་བ་རིན་པོ་ཆེ་ངོ་མ་འདྲ་གི་མ་རེད། མཁྱེན་གྱི་མེད་ན། འདི་ངས་མི་ཤེས་ཅེས་སྤོབས་པའི་ཐོག་ནས་གསུངས་ཐུབ་ཀྱི་འདུག ཟམ་གདོང་རིན་པོ་ཆེ་ལ་དེའི་སྤོབས་པ་མིན་འདུག
གང་ཟག་ང་འདྲ་བོ་ཞིག་གིས་ཆོས་འདི་ལྟ་བུ་ཞིག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་འདུས་མང་ལ་བཤད་པ་ནི་བློ་ཡུལ་ལ་མ་ཤོང་བ་དང་། ཧམ་པ་ཚ་ཐག་ཆོད་པ་རེད་གསུངས་འདུག ངོ་མ་བདེན་པ་རེད། ཆབ་སྲིད་པས་རྩེད་མོ་རྩེ་གྱིན་འདུག
ཟམ་གདོང་སྤྲུལ་སྐུ་ཟམ་གདོང་བླ་མ་ཆགས། །
མཁས་དབང་གཟམ་གདོང་རྡོ་རྗེ་འཆང་བར་གྱུར། །
བཙན་བྱོལ་བོད་མིའི་མི་ཚེའི་བརྒྱུད་རིམ་ནང་། །
མི་མཐོང་དགུ་མཐོང་མཐོང་རྒྱུ་མང་པོ་འདུག །
ད་བླ་རྒན་འདིས་མི་ཆོས་བླ་མའི་རྫུན་རྐྱང་རྐྱང་བཤད་ཀྱིན་འདུག ཁྲི་བྱང་གིས་ཁོ་རང་མ་འོངས་ཆོས་འཆད་ཉན་བྱེད་མཁན་དུ་ལུང་བསྟན་བྱས་པ་འདྲ་བོ། མགོན་པོ་ཕྱག་དྲུག་པར་འཕྲིན་བཅོལ་བྱས་ནས་བཟང་རྟགས་ཐོན་པ་འདྲ་བོ། ༧གོང་ས་མཆོག་གིས་སྟོན་པའི་སྐུ་འདྲ་གནང་བ་དེས་ཁོས་གང་བཤད་ལ་ནོར་འཁྲུལ་མེད་པའི་བདེན་དཔང་བྱེད་ཐུབ་པ་འདྲ་བོ་བཤད་ཀྱིན་འདུག
ད་དུང་ཕྱི་དྲོའི་ཁ་ཟས་ལ་ཁ་གཡར་དེ་དགེ་འདུན་འདུ་སྒོ་འཕྲོག་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག ད་ཡག་པོ་ཞེ་དྲག་འདུག དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་དགེ་འདུན་དབྱེན་བྱས་ཏེ་དགེ་ལུགས་ཁག་གཉིས་བགོས་ཡོད་པ་རེད། ད་དགེ་འདུན་གྱི་འདུ་སྒོ་འཕྲོག་དང་མཚམས་མེད་ཀྱི་ལས་དང་མཚམས་མེད་དང་ཉེ་བའི་ལས་གཉིས་ཀ་ཚང་པ་རེད། ད་ལམ་ཡིག་ཡག་ཐག་ཆོད་གྲ་སྒྲིག་བྱེད་ཚར་འདུག ནམ་འགྲོ་ན་འགྲོ་རྐྱང་རེད། བདེ་མོར་ཕེབས།
བློ་སེང་སྲིད་སྐྱོང་ཟུར་བ་ཆགས་སྐབས་འདི་བཞིན་རྒྱུད་སྟོད་ཚང་ལ་ཐུགས་རྗེ་གཟིགས་པར་ཞུ་ཞུ་་་་