༼བཅར་འདྲི་འདི་ནི་་ དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་གློག་བརྙན་བཟོ་མཁན་སྐུ་ཞབས་ལཱུག་(Luc Schaedler)ལགས་ཀྱིས་བཅར་འདྲི་ཞུས་པ་ཞིག་རེད། ཁོང་གི་གློག་བརྙན་གྱི་སྐོར་འདི་ན་གསལ།༽
དྲི་བ། ཨ་ཁུའི་མཚན་ལ་ག་རེ་ཞུ་གི་ཡོད།
ལན། ངའི་མིང་ལ་འཇིགས་མེད་ཐེག་མཆོག
དྲི་བ། དགུང་ལོ་ག་ཚོད་ཡིན།
ལན། ལོ་ ༤༥ ཡིན།
དྲི་བ། ཕ་ཡུལ་གང་ནས་ཡིན།
ལན། ཕ་ཡུལ་རེབ་གོང་ཡིན།
དྲི་བ། ད་ལྟ་བྱ་བ་ག་རེ་གནང་གི་ཡོད།
ལན། མཚོ་སྔོན་ནང་བསྟན་སློབ་གྲྭའི་དགེ་རྒན་ཡིན།
དྲི་བ། ཁྱེད་རང་གིས་ཐོག་དང་པོར་དགེ་འདུན་ཆོས་འཕེལ་གང་འདྲ་བྱས་ནས་གོ་སོང་།
ལན། ང་ལོ་བདུན་བརྒྱད་ཕལ་ཆེར་དེ་འདྲ་ཞིག་གི་སྐབས་སུ་དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུ་ཡིན་ཟེར་བ་དེ་འདྲའི་བྱིས་པ་ཞིག་ངའི་ཁྱིམ་དུ་བསྡད་མྱོང་། དང་པོར་དགེ་འདུན་ཆོས་འཕེལ་གྱི་མིང་དེ་ནས་གོ་བ་རེད། སྐབས་དེར་དགེ་འདུན་ཆོས་འཕེལ་མི་གང་འདྲ་ཞིག་ཡིན་མིན་ཧ་གོ་གི་མེད། དེའི་རྗེས་སུ་ང་ལོ་ཉི་ཤུ་རྩ་བཞི་རྩ་ལྔར་སླེབས་ནས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ནང་སློབ་སྦྱོང་བྱེད་པའི་སྐབས་དེར་ཨ་ཁུ་གསུང་རབ་རྒྱ་མཚོ་ཞུ་བའི་མཁས་པ་ཞིག་ཡོད། ཁོང་ང་གཉིས་འབྲེལ་བ་ཡག་པོ་ཡོད། ཕན་ཚུན་སྐད་ཆ་དུས་དགེ་འདུན་ཆོས་འཕེལ་གྱིས་ཆུང་དུས་སཉྱིས་ཚ་དགོན་པའི་ནང་སློབ་གཉེར་བྱེད་པའི་སྐབས་ཨ་ཁུ་གསུང་རབ་རྒྱ་མཚོ་དགེ་འདུན་ཆོས་འཕེལ་གྱི་དགེ་རྒན་རེད། དེའི་སྐོར་གྱི་སྐད་ཆ་བཤད་ནས། དགེ་འདུན་ཆོས་འཕེལ་ཁྱེད་ཚོ་རེབ་གོང་གི་མི་རེད། ཁོང་གི་རྣམ་དཔྱོད་འདི་འདྲའི་ཡག་པོ་ཡོད་པ་རེད་ཟེར་དེ་འདྲའི་སྐད་ཆ་གོ་བ་དེ་ཐོག་དང་པོ་རེད། ཁོང་གི་དགེ་རྒན་ཨ་ཁུ་གསུང་རབ་རྒྱ་མཚོས་བཤད་པ་ལྟར་ན། དགེ་འདུན་ཆོས་འཕེལ་གྱིས་དཔེ་ཆ་བློར་འཛིན་དུས་ཉི་མ་གཅིག་ལ་འདི་འདྲའི་ཤོག་གྲངས་བཅུ་ཐམ་པ་རེ་བློ་ལ་འཛིན་གྱི་རེད་ཟེར། དེ་ཡང་མང་པོ་ཞིག་མི་འགོར་བར་བློ་ལ་བཟུང་བཞག་གི་འདུག ཉིན་ཞིག་ལ་རྗེ་རིན་པོ་ཆེའི་གསུང་རྟེན་འབྲེལ་བསྟོད་པ་ཞེས་པའི་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པའི་གཞུང་ཆུང་ཆུང་ཞིག་ཡོད་པ་རེད། དབུ་མའི་གནད་དོན་ཚང་མ་ནང་དུ་འདུས་པའི་གཞུང་རྩ་ཆེན་ཞིག་རེད། དེར་མཁས་པ་ཆེན་པོ་ཡིན་ནའང་འགྲེལ་རྒྱག་རྒྱུ་དཀའ་རྒྱུ་རེད། ཁོང་གིས་ཉིན་ཞིག་དེ་ལ་ཚིག་འགྲེལ་ཞིག་བྲིས་འདུག་ཟེར། ཚིག་འགྲེལ་བྲིས་ནས་ཤོག་གྲངས་གཅིག་གཉིས་ཤིག་བྲིས་འདུག་ཟེར། དེ་ཁྱེད་རང་གིས་བྲིས་ཞེས་བཤད་པའང་མ་རེད། རྗེས་སུ་ཨ་ཁུ་གསུང་རབ་རྒྱ་མཚོས་ཁྱེད་ཀྱིས་མི་གཞན་ལ་མ་དྲི། དཔེ་ཆ་ལའང་མ་བལྟ་བར་ཁྱེད་རང་གིས་འབྲིས་ནས་མཇུག་སྐྱོང་ཞེས་བཤད་པ་ཡིན་ཟེར། དེའི་མཇུག་སྐྱང་ཚར་ནས་ཧ་ཅང་ཡག་པོ་འདུག་ཟེར། སྔོན་ལ་ཁོང་གིས་དེའི་ཕྱོགས་ལ་སློབ་སྦྱོང་བྱས་ཡོད་པ་མ་རེད། དཔེ་ཆ་ལའང་བལྟས་ཡོད་པ་མ་རེད། དེ་ལྷན་སྐྱེས་ཀྱི་ཤེས་རབ་ཀྱིས་ཤེས་པ་དེ་རེད་ཟེར། དེ་ནས་ཁོང་ཡ་མཚར་སོང་ཟེར། འདི་འདྲ་ཁག་པོ་ཡིན་རྒྱུ་རེད་ཟེར། དགེ་འདུན་ཆོས་འཕེལ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སོང་རྗེས་སུའང་ཨ་ཁུ་གསུང་རབ་རྒྱ་མཚོས་ཁོང་གིས་བྲིས་བ་དེ་དོ་དམ་བྱས་འདུག ལྔ་བཅུ་ང་བརྒྱད་ང་དགུའི་སྐབས་དེར་མ་ཡིག་མེད་བརླག་ཏུ་ཕྱིན་སོང་བ་རེད། དེང་སྐབས་དེ་མི་འདུག ཁོང་གི་རྒྱུ་མཚན་བཤད་ན་དེ་ལྟར་བཤད་ཀྱི་འདུག རྗེས་སུ་རྩོམ་དེ་འདྲ་འབྲི་དགོས་ན། རིག་གནས་ཀྱི་སྐོར་བཤད་དགོས་ན་ཁོ་རང་གཅིག་བསླབ་བཞག་ན་ཤེས་འགྲོ་གི་ཟེར། མ་བསླབ་པའི་རིགས་ཤེས་འགྲོ་གི་ཟེར། ཆུང་དུས་ནས་དེ་འདྲའི་མཁས་པའི་བཟོ་ལྟ་ཅན་ཞིག་རེད་ཟེར། བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་དུས་དགེ་འདུན་ཆོས་འཕེལ་སྡོད་ས་དེ་ཨ་ཁུ་གསུང་རབ་རྒྱ་མཚོའི་ངོ་ཤེས་ཤིག་ཡིན་ཟེར། ཨ་ཁུ་གསུང་རབ་རྒྱ་མཚོས་ཁོང་གི་སྐོར་ལ་སེམས་ཁྲལ་བྱས་ནས་དུས་རྒྱུན་དུ་ཁོང་གི་སྐོར་དྲིས་པ་ཡིན་ཟེར། སྐབས་དེར་བླ་བྲང་བཀྲ་ཤིས་འཁྱིལ་དུ་མཁས་པ་མང་པོ་ཡོད། ཁོ་རང་ལོ་ཆུང་ཆུང་རེད། ཡིན་ནའང་རིག་པ་ལ་འགྲན་ཟླ་མི་འདུག་ཅེས་པའི་གནས་ཚུལ་དེ་འདྲ་གོ་བས་ཁོ་རང་དགའ་བོ་བྱུང་བ་དེ་འདྲའི་སྐད་ཆ་ལེན་ཚན་ཞིག་བཤད་ཀྱི་འདུག དེ་དུས་ངས་དགེ་འདུན་ཆོས་འཕེལ་མི་ཡག་པོ་ཡིན་རྒྱུ་རེད་ལ། ལྷག་པར་ལྷན་སྐྱེས་ཀྱི་ཤེས་རབ་ཅན་གྱི་གང་ཟག་ཅིག་ཡིན་རྒྱུ་རེད་བསམ་པ་དེ་ངས་ཐོག་དང་པོར་དྲན་པ་དེ་རེད། ང་ལོ་ཉི་ཤུ་རྩ་བཞི་རེད།
དྲི་བ། ཁྱེད་རང་གིས་དགེ་འདུན་ཆོས་འཕེལ་ཆུང་དུས་སྐབས་ཀྱི་སྒྲུང་དེ་འདྲ་གོ་མྱོང་ངམ།
ལན ། ངས་གོ་བ་མྱོང་བ་དེ་ཁོང་ཆུང་དུས་ཞོ་ཕོང་དུ་བཞུགས་དུས། གཡའ་མ་བཀྲ་ཤིས་འཁྱིལ་དེ་ཁོང་ཚོའི་དགོན་པ་རེད། དེའི་ནང་དུ་ཁོང་གིས་རྩ་རླུང་སྦྱང་མྱོང་བ་རེད་ཟེར། རྩ་རླུང་སྦྱང་དུས་ཁོང་ཚོ་མི་དྲུག་བདུན་ཙམ་ལ་རྩ་རླུང་བསླབ་པ་རེད་ཟེར། རྩ་རླུང་སྦྱང་དུས་ལམ་སེང་འབྲས་བུ་ཐོན་མཁན་ཨང་དང་པོ་དེ་དགེ་འདུན་ཆོས་འཕེལ་རེད་ཟེར། ལོ་ཆུང་ཆུང་རེད། སྐབས་དེར་ཁོང་གི་རོགས་དེ་ཚོའི་ཁྲོད་སྔོན་ལ་སྦྱང་མྱོང་དེ་འདྲ་ཡོད་པ་རེད། ཡིན་ནའང་སྐབས་དེར་རྩ་རླུང་སྦྱང་དུས་ལམ་སེང་ནུས་པ་ཐོན་པ་དེ་འདྲའི་རྟགས་ཁྱད་པར་བ་ཞིག་འདུག་ཅེས་བཤད་ཀྱི་འདུག ང་ལ་དེ་བཤད་མཁན་ང་ཚོའི་རྒྱལ་བོ་ཟེར་བའི་ས་དེར་ཡོད་པ་ཞིག་ཡིན། ད་སྐབས་མི་དེ་མི་འདུག ཁོང་རྙིང་མ་བ་ཞིག་རེད། ཁོང་རྒན་ཊོན་ཞིག་རེད། དེ་ཁོ་རང་གིས་ཤེས་པ་ཡིན་ཟེར། སྤྱིར་ང་ཚོའི་བཤད་ཚུལ་ལ། དགེ་འདུན་ཆོས་འཕེལ་གྱི་ཕ་དེ་ཏྲོགས་པ་མཐོན་པོ་ཞིག་རེད། དེ་ཁོང་གི་ཕ་ལ་ཏྲོགས་པ་མཐོན་པོ་ཅན་གྱི་བུ་གསུམ་ཡོད་པའི་ནང་གི་གཅིག་རེད། དེ་ང་ཚོ་རེབ་གོང་ཕྱོགས་སུ་ཁྱད་པར་བ་ཞིག་ཏུ་བཻི་སྲོལ་གྱི་རྟགས་གཅིག་དེ་རེད།
དྲི་བ། དགེ་འདུན་ཆོས་འཕེལ་སྐོར་ལ་དམིགས་བསལ་གྱི་མི་འདྲ་གཞན་གོ་མྱོང་ངམ།
ལན། ཚང་མས་བཤད་ཀྱིན་ཡོད་པ་དེ་ངས་བཤད་ཀྱི་མིན། དེ་དཔེ་ཆའི་སྟེང་ནས་ཤེས་པ་དང་ད་སྐབས་ཚང་མས་བཤད་ཀྱི་ཡོད་པ་རེད། ཚང་མས་བཤད་ཀྱི་མེད་པ་དེ་འདྲ་གོ་མ་མྱོང་།
དྲི་བ། དགེ་འདུན་ཆོས་འཕེལ་རྩོད་པ་གནང་བར་ཡག་པོ་ཡོད་པ་རེད་ཟེར། དེ་ཡིན་དུས་ཁོང་གིས་དགེ་རྒན་དང་མི་གཞན་དང་མཉམ་རྩོད་པ་བྱས་པའི་སྒྲུང་དེ་འདྲ་གོ་མྱོང་ངམ།
ལན། དགེ་འདུན་ཆོས་འཕེལ་གྱིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་གནང་དུས་ཁོང་ཚོའི་འཛིན་གྲྭ་དེ་རིག་པ་ཡག་པོ་རྐྱང་རྐྱང་རེད་ཟེར། ཁོང་ཚོའི་སྐད་ཆ་བཤད་སྟངས་ཤིག་ལས་ཁོང་ཚོའི་འཛིན་གྲྭ་དེར་ཐ་སྙད་གྲྭ་ཚང་ཟེར་བ་དེ་འདྲའི་མིང་ཞིག་ཁོང་ཚོའི་རོགས་པ་ཚང་མར་ཐོག་འདུག ཁོང་ཚོར་སྐད་ཆ་བཤད་སྟངས་སཁ ་ཚོགས་ཤིག་ཡོད་པ་འདྲ། སྐད་ཆའི་ཚིག་སཋོང་གི་ཡོད་པ་དེ་འདྲ། གབ་ཚིག་གི་སྐད་ཆ། མགོ་མཇུག་སལོག་ནས་བཤད་པ་དེ་འདྲའི་དབང་གིས་འཁྲིས་ནས་བོད་སྐད་བཤད་པ་ཡིན་ནའང་གཞན་གྱིས་གོ་མི་ཐུབ་པ་དེ་འདྲའི་རིག་པ་ཡོད་པ་རེད་ཟེར། དེ་ནས་རྩོད་པ་བྱེད་དུས་གཅིག་གིས་གཅིག་རོགས་བྱེད་དགོས་ན་སྐད་ཆ་བཤད་སྟངས་གཞན་པ་ཞིག་ནས་བཤད་བཞག་ན་དེ་གཞན་གྱིས་ཚོར་གྱི་མི་འདུག་ཟེར། རོགས་འདི་ལྟར་བྱེད་ཀྱི་འདུག འདི་བཤད་ཀྱི་འདུག་ཅེས་ཤེས་ཐུབ་ཀྱི་མི་འདུག་ཟེར། དེ་འདྲའི་སྐད་ཆ་བཤད་སྟངས་ཤིག་བཟོས་ཡོད་པ་རེད། དེ་དགེ་འདུན་ཆོས་འཕེལ་གྱིས་བཟོས་པ་རེད་ཟེར་གྱི་འདུག དེ་བཞིན་བླ་བྲང་བཀྲ་ཤིས་འཁྱིལ་དུ་རྩོད་པ་གནང་བ་དང་། ཚོགས་ལང་དེ་འདྲ་གནང་དུས་ཁོ་རང་ངོས་ཀྱི་རིག་པ་ཧ་ཅང་ཡག་པོ་རེད་ཟེར། ཡིག་ཆ་དེ་འདྲ་ཁས་ལེན་མ་བྱས་པར་རིག་པས་བསྒྲུབ་དགོས་ན་ཐབས་ཤེས་མེད་པ་དེ་འདྲ་ཐེངས་མང་པོ་བྱུང་བ་རེད་ཟེར། སྐབས་དེར་བླ་བྲང་ནས་ཁོ་རང་ཡོད་པའི་སྐབས་ལ་ལེན་འདེབས་བྱ་རྒྱུ་དེ་ལས་སལ་བོ་ཞིག་ཡོད་ཀྱི་མེད་པ་རེད། རྗེས་སུ་བཤད་སྟངས་སཁ ་ཚོགས་ཡོད་པ་རེད། དགེ་འདུན་ཆོས་འཕེལ་ཁོང་ཚོའི་ཡིག་ཆ་དང་དཔེ་ཆའི་སྟེང་གི་བཤད་སྟངས་དེ་ཚོ་མ་ཤེས་པ་མ་རེད། ཡིན་ནའང་དེའི་ཕན་ཆུད་ནས་ཁོ་རང་གི་རིག་པ་བཏང་བ་ཡིན་ན་རིག་པ་ཡག་པོ་གཏོང་རྒྱུ་ཡོད་པ་རེད། ལན་ཐེབས་ཀྱི་མེད་པ་དེ་འདྲའི་ལོ་རྒྱུས་མང་པོ་བཤད་རྒྱུ་འདུག ཁྱེད་ཚོ་བླ་བྲང་དུ་ཕྱིན་དང་བཤད་ཀྱི་རེད། དེང་སང་ཡིན་ནའང་དེའི་སྐོར་བཤད་ཀྱི་ཡོད་པ་རེད། རག་ར་སྤྲུལ་སྐུའི་དེབ་ནང་བཤད་པ་དེ་ཚོ་ཡང་དེང་སྐབས་བླ་བྲང་དུ་བཤད་ཀྱི་ཡོད་པ་རེད། འཕྲུལ་འཁོར་དེ་འདྲ་ཡག་པོ་ལས་ཤེས་ཀྱི་ཡོད་པ་དེ་ཚོ་ཚང་མ་བཤད་ཀྱི་ཡོད་པ་རེད།
དྲི་བ། རྗེས་སུ་དགེ་འདུན་ཆོས་འཕེལ་འབྲས་སྤུངས་ལ་ཕྱིན་པ་རེད། སྐབས་དེའི་ལོ་རྒྱུས་དེ་འདྲ་གོ་མྱོང་ངམ།
ལན། དེ་ངས་གོ་མ་མྱོང་། ཤེས་ཀྱི་མེད།
དྲི་བ། དགེ་འདུན་ཆོས་འཕེལ་གྱི་མི་ཚེ་ནང་དུ་ལྟ་དུས་ཁྱེད་རང་གིས་ག་རེ་གལ་ཆེ་ཤོས་རེད་བསམ་གྱི་འདུག་གམ།
ལན། ང་རང་གི་ལྟ་ཚུལ་བྱས་ན་གཉིས་ཡོད་པ་རེད། གཅིག་དེ་མཁས་པ་ཆེན་པོ་རེད་ཅེས་སྐད་གྲགས་ཆེན་པོ་ཡོད་པ་རེད། དེ་གང་རེད་ཅེ་ན། ཁོ་རང་གིས་གྲྭ་སར་མི་གཞན་དང་འདྲ་བར་ལོ་མང་པོའི་རིང་སློབ་སྦྱོང་བྱས་མི་འདུག ཡིན་ནའང་ཕྱོགས་གང་ཞིག་ནས་བཤད་དགོས་ན་རྩོད་པ་བྱས་པ་ཡིན་ན་ཕལ་ཆེར་འགྲན་ཟླ་བྲལ་བའི་རིག་པ་ཡག་པོ་ཡོད་པ་རེད། གཞུང་ལུགས་ཀྱི་སྟེང་ནས་རིག་པ་ཡག་པོ་ཡོད་པ་རེད་ཅེས་སྙན་གྲགས་ཆེན་པོ་ཡོད་པ་རེད། ཕྱོགས་གཅིག་དེ་བསམ་བློའི་སྟེང་གི་རེད། བསམ་བློའི་སྟེང་ནས་ཆོས་འཇིག་རྟེན་གང་ཡིན་ནའང་གཞུག་འདང་ཕོག་གི་ཡོད་པ་རེད། གཙོ་བོ་དེ་བྱ་བ་གང་དང་གང་ཡིན་ནའང་གཞུག་ལ་འདང་བརྒྱབས། ཆོས་ཡིན་ནའང་གང་འདྲ་ཞིག་གི་ཐོག་ནས་དར་ཁྱབ་བྱེད་དུ་བཅུག་ན་ཡག་པོ་ཡོད་མེད་ཀྱི་རྒྱུ་རྐྱེན་དང་ལམ་དངོས་གནས་པ་དེ་ཁོ་རང་གིས་ཤེས་ཀྱི་ཡོད་པ་རེད། འཇིག་རྟེན་གྱི་ཕྱོགས་ནས་བྱ་བ་ལས་ནའང་། སྐབས་སྐབས་སུ་གང་དགོས་མཁོ་ཡོད་མེད། སྐབས་གང་ཞིག་ཏུ་སླེབས་ཡོད་མེད། རྗེས་སུ་འདི་ལྟར་ལས་ན། བྱ་གང་ལས་ན་འགྲིག་གི་ཡོད་མེད། གང་ལས་ན་འགྲིག་གི་མེད་པ་བཅས་ཁོ་རང་གིས་གསལ་བོ་ཤེས་ཀྱི་ཡོད་པ་རེད། ཤེས་རིག་གཅིག་པུ་མ་རེད་མཁས་པ་རེད། གཅིག་འཇིག་རྟེན་གྱི་བྱ་བའི་ཐོག་ལ་བསམ་བློ་རྒྱ་ཆེན་པོ་རེད། དེ་གཉིས་ཀྱི་ཐོག་ནས་སྐད་གྲགས་ཆེན་པོ་ཡོད་པ་རེད།
དྲི་བ། ཁྱེད་རང་གིས་བསམ་བློ་རྒྱ་ཆེན་པོ་གཏོང་གི་ཡོད་པ་རེད་ཟེར་བ་དེ་གང་གི་ཕྱོགས་ལ་བསམ་བློ་རྒྱ་ཆེན་པོ་གཏོང་གི་ཡོད་མེད་ཐོག་འགྲེལ་བཤད་ཅིག་གནང་རོགས།
ལན། ངས་བལྟས་ན། བོད་ལ་རིག་གནས་ཆེན་པོ་ཡོད་པ་རེད། རིག་གནས་ཆེན་པོ་དང་གཏིང་ཟབ་མོ་ཡོད་པ་རེད། རྒྱ་གར་ནས་ཚུར་དར་བའི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཕར་ཆེར་སྐབས་དེར་བོད་མ་གཏོགས་རྒྱ་གར་ནའང་དེ་འདྲའི་ཆེན་པོ་ཡོད་པ་མ་རེད་བསམས། བོད་འདི་རིག་གནས་ཀྱི་ལྟེ་བ་རེད། དེ་གོང་འཕེལ་དུ་འགྲོ་དགོས་ན་སྔོན་གྱི་བྱ་བ་ལས་སྟངས་དེ་འདྲ་ཞིག་གིས་རིག་གནས་ཀྱང་གོང་འཕེལ་ལ་འགྲོ་གི་མེད་པ་དང་། རིག་གནས་གོང་འཕེལ་ལ་འགྲོ་དགོས་ན་དེའང་ཐབས་ཤེས་གཞན་ཞིག་གི་ཐོག་ལ་བརྟེན་དགོས་པ་རེད། ཐབས་ཤེས་གཞན་ཞིག་གི་ཐོག་ལ་བརྟེན་དགོས་ན་སྔོན་ཆད་ཀྱི་ལམ་ལུགས་དེ་ཐབས་ཤེས་ཡག་པོ་ཞིག་མ་རེད། དེ་གོང་འཕེལ་འགྲོ་བའི་ལམ་ལུགས་ཤིག་མ་རེད་ཟེར། དེ་བཞིན་རིག་གནས་དེ་རང་གི་ས་ཆ་གཅིག་པུ་མ་གཏོགས་གཞན་ལ་སྤེལ་བའི་ཐབས་ཤེས་མེད་པ་རེད། འདི་དག་གི་ཐོག་ལ་ཁོང་གི་དམིགས་ཡུལ་རྒྱ་ཆེན་པོ་ཡིན་རྒྱུ་རེད། ཡི་གེའི་ཐོག་ཡིན་ནའང་ཆོག་གི སྐད་རིགས་ཀྱི་ཐོག་ནས་ཡིན་ན་འདྲ། རྒྱལ་ཁབ་གཞན་ལ་འབྲེལ་འདྲིས་ཀྱི་ཐོག་ནས་ཡིན་ནའང་འདྲ། ཕྱོགས་གང་ཐད་ནས་འཛམ་གླིང་གི་ཐོག་ལ་སྤེལ་ཐབས་བྱེད་རྒྱུ་དང་། གཅིག་དེ་ཆོས་ལུགས་འཛམ་གླིང་ནང་སྤེལ་ཐབས་བྱེད་རྒྱུ། དེ་དག་གི་ཐད་ཁོ་རང་གིས་དྲན་པ་གཅིག་པུ་མ་ཡིན་པར་དེའི་ཐད་ལས་ཀ་བྱེད་དུ་བཅུག་པ་ཡིན་ནའང་བྱེད་ཐུབ་པའི་ནུས་པ་ཡོད་པ་རེད། གཅིག་དེ་སྔོན་མའི་བོད་ཀྱི་ལམ་ལུགས་རྙིང་བ་དེ་དངོས་གནས་གོང་འཕེལ་ལ་འགྲོ་བའི་ལམ་ལུགས་ཤིག་མ་རེད། འདི་དག་གི་ཐོག་ལ་འགྲུབ་ཀྱི་མེད་པའི་བྱ་བ་གང་ཡིན་མིན། ཡང་ན་ངེས་པར་དུ་དགོས་མཁོ་ཡོད་པ་དེ་གང་ཡིན་མིན། དུས་སྐབས་དེར་བལྟས་ནས་གང་འདྲ་ཞིག་གི་ལམ་ནས་གོང་འཕེལ་ལ་གཏོང་དགོས་པའི་བསམ་བློ་དེ་གཞན་ལ་འཁོར་ཐུབ་ཀྱི་མེད་པ་དེ་ཁོ་རང་འཁོར་གྱི་ཡོད་པ་རེད། བསམ་བློ་འཁོར་བ་གཅིག་པུ་མ་རེད་ཁོ་རང་ལ་དེའི་ཐོག་ལས་ཀ་བྱེད་དུ་བཅུག་པ་ཡིན་ནའང་། ཁོ་རང་ལ་དེའི་ཐད་ལས་ཐུབ་པའི་ཡོན་ཏན་ཡོད་པ་རེད། མི་གཞན་ལ་བསམ་བློ་དེ་འདྲ་འཁོར་ཐུབ་པ་ཡིན་ནའང་ཡོན་ཏན་གྱི་ཆ་རྐྱེན་ཡོད་པ་མ་རེད། ཁོ་རང་ལ་དེའི་ཆ་རྐྱེན་ཡོངས་སུ་རྫོགས་པ་ཡོད་པ་རེད། ཕྱོགས་གཉིས་ཀྱི་ཐོག་ནས་བསམ་བློ་གཏོང་གི་ཡོད་པ་རེད། ཆོས་སྲིད་གཉིས་ཀྱི་ཐོག་ནས་རྒྱལ་ཁབ་གཞན་གྱི་ཉམས་མྱོང་ལ་བལྟས། འཛམ་གླིང་གི་གནས་ཚུལ་ལ་བལྟས་ནས་གོང་འཕེལ་ལ་གཏོང་འདོད་ཀྱི་བསམ་བློ་ཡོད་པ་རེད།
དྲི་བ། སྔོན་མའི་བོད་ཀྱི་སྤྱི་ཚོགས་དེ་རྗེས་ལུས་ཐེབས་ཡོད་པ་རེད། དགེ་འདུན་ཆོས་འཕེལ་གྱིས་དེ་ཡར་རྒྱས་སུ་གཏོང་འདོད་ཀྱི་བསམ་བློ་ཡོད་པ་རེད། ཁྱེད་རང་གིས་བལྟས་ན་སྐབས་དེའི་བོད་པའི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་སྟངས་དེ་གང་འདྲ་ཞིག་ཡོད་ཀྱི་བསམ་གྱི་འདུག་གམ།
ལན། བོད་སྤྱིའི་བསམ་བློ་གཏོང་སྟངས་ཧ་ཅང་ཆུང་གི་རེད། དེ་ཆུང་བའི་རྒྱུ་མཚན་གང་རེད་ཅེ་ན། སྐབས་དེའི་བོད་ཀྱི་བྱ་བ་ལས་མཁན་ཚང་མ་ཉམས་མྱོང་གི་ཐོག་ནས་བཤད་ནའང་འདྲ། རིག་གནས་ཀྱི་ཐོག་ནས་བཤད་ནའང་འདྲ། མཐོང་ཐོས་གང་གི་ཕྱོགས་ནས་བཤད་ནའང་དེ་འདྲའི་ཤེས་བྱ་ཅན་གྱི་མི་མ་རེད། དབང་ཆས་བཟུང་ཡོད་པ་མ་གཏོགས་ཡོན་ཏན་ཅན་གྱི་མིས་བཟུང་ཡོད་པ་མ་རེད། དེ་འདྲ་ཡིན་དུས་བསམ་བློ་ཧ་ཅང་གི་གུ་དོག་པོ་ཡིན་རྒྱུ་རེད། ང་རང་གིས་བསམ་བློ་བཏང་བ་ཡིན་ན། སྐབས་དེའི་མིས་བོད་ལ་བསམ་བློ་གཏོང་ཐུབ་ཀྱི་ཡོད་པ་མ་རེད། ལྷ་ས་གྲོང་ཁྱེར་ལའང་བསམ་བློ་གཏོང་ཐུབ་ཀྱི་ཡོད་པ་མ་རེད་བསམ་གྱི་འདུག གཞུང་གི་བྱ་བ་ལས་མཁན་དང་སྐུ་དྲག་དེ་ཚོར་བོད་མི་རིགས་ཀྱི་བསམ་བློ་ཡོད་པ་མ་རེད། ཕལ་ཆེར་ལྷ་ས་བོད་ཡུལ་ཁྲི་སྐོར་བཅུ་གསུམ་དེའི་ནང་བྱ་བ་སྟངས་ལ་བསམ་བློ་ཡག་པོ་འཁོར་ཐུབ་ཡོད་ཀྱི་མ་རེད།
དྲི་བ། སྐབས་དེར་དགེ་འདུན་ཆོས་འཕེལ་བསམ་བློ་རྒྱ་ཆེན་པོ་གཏོང་མཁན་ཞིག་རེད། བོད་ཀྱི་སྤྱི་ཚོགས་དེ་བསམ་བློ་རྒྱ་ཆུང་བ་གཏོང་མཁན་ཞིག་རེད། ཡིན་ནའང་ཁྱེད་རང་གིས་སྐབས་དེར་དགེ་འདུན་ཆོས་འཕེལ་གྱི་བསམ་བློ་དེར་དོ་སྣང་བྱེད་ཀྱི་ཡོད་པ་རེད་བསམ་གྱི་འདུག་གམ། ཡང་ན་དོ་སྣང་བྱེད་ཀྱི་ཡོད་པ་མ་རེད་བསམ་གྱི་འདུག
ལན། བསམ་བློ་བཏང་ན་ཉན་གྱི་ཡོད་པ་རེད། ཡིན་ནའང་ལས་ཐུབ་ཀྱི་ཡོད་པ་མ་རེད། དེ་གང་རེད་ཅེ་ན། ཁོང་ཚོར་བལྟས་ན་དགེ་འདུན་ཆོས་འཕེལ་ཡོན་ཏན་ཆེ་བ་ཡང་ཤེས་ཀྱི་རེད། དགེ་འདུན་ཆོས་འཕེལ་གྱིས་བྱ་བ་ལས་ན་ལས་ཐུབ་ཀྱི་ཡོད་པའང་ཤེས་ཀྱི་རེད། འོན་ཀྱང་ཁོ་ཚོའི་ལག་ནས་ལས་ཐུབ་ཀྱི་མ་རེད། དེ་ཡིན་དུས་དགེ་འདུན་ཆོས་འཕེལ་གྱི་ཡོན་ཏན་དེ་སྐབས་དེར་གཉའ་གནོན་བྱེད་མཁན་མང་དྲག་ནས་འགལ་རྐྱེན་མང་པོ་ཡོད་པ་རེད། གོང་གི་མི་ཚང་མས་ཁོ་རང་མི་བསམ་བློ་ཡག་པོ་རེད། ཤེས་པའང་ཡག་པོ་རེད། དམིགས་ཡུལ་ཡང་ཡག་པོ་ཡིན་པ་ཤེས་ནའང་རྒྱབ་སྐྱོར་བྱེད་མཁན་ཡོད་པ་མ་རེད། འདིའི་དབང་དུ་བཏང་ནས་སོང་ན་ལམ་ལུགས་གཞན་པ་ཞིག་ལ་འགྲོ་རྒྱུ་རེད། ལམ་ལུགས་གཞན་པ་ཞིག་ཏུ་སོང་ན་སོ་སོའི་གོ་གནས་དང་དབང་ཆ་བརྟན་རྒྱུ་མ་རེད་ཅེས་གོང་གི་མི་མང་པོ་ཞིག་བསམ་པར་དེ་འདྲ་ཡོད་པ་རེད། སྐད་ཆའི་ནང་དོན་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་ཁོག་ནས་དེ་བདེན་པ་རེད་བསམ་ནའང་དེ་ལས་བ་ལ་སོ་སོའི་དབང་ཆ་སྤྲད་འདོད་ཡོད་པ་མ་རེད། དེ་ཡིན་དུས་ཁ་ནས་དེ་ཡག་པོ་རེད་ཅེས་བཤད་ཀྱི་མ་རེད་ལ་སྐད་ཆ་གཞན་ཞིག་གི་ཐོག་ནས་བཤད་ཀྱི་རེད།
དྲི་བ། ད་ལྟ་བོད་ནང་ཡིན་ནའང་འདྲ་། ཕྱི་རྒྱལ་ཡིན་ནའང་འདྲ་དགེ་འདུན་ཆོས་འཕེལ་སྐོར་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དེ་ག་རེ་བྱས་ནས་བྱེད་ཀྱི་ཡོད་ན།
ལན། ང་རང་གི་བསམ་ཚུལ་བྱས་ན། སྔོན་ཆད་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ཕལ་ཆར་ཤེས་ཀྱི་ཡོད་པ་མ་རེད། དགེ་འདུན་ཆོས་འཕེལ་ས་ཆ་མང་པོར་སོང་བ་རེད། ཁོ་རང་ཨ་མདོ་ནས་རེད། ཨ་མདོའི་ས་ཆ་ནས་ཁོ་རང་ལ་སྙན་གྲགས་ཡོད་པ་མ་གཏོགས་བཤད་རྒྱུ་གཞན་ཡོད་པ་མ་རེད་ཁོ་རང་ལོ་ཆུང་དུས་བསྡད་པ་རེད། ལྷ་སར་སོང་ནས་དཔེ་ཆར་བལྟ་དུས་ཀྱང་ཤེས་རབ་ཡག་པོ་ཡོད་པ་རེད་ཟེར་བ་མ་གཏོགས་བཤད་རྒྱུ་གཞན་ཡོད་པ་རེད། འོན་ཀྱང་གཙོ་བོ་རྒྱལ་ཁབ་གཞན་པ་ནས་དགེ་འདུན་ཆོས་འཕེལ་གྱིས་རྩོམ་འདི་འདྲ་ཞིག་བྲིས་ཡོད་པ་རེད། བྱ་བ་འདི་འདྲ་ལས་བ་རེད། བསམ་བློ་འདི་འདྲ་བཏང་བ་རེད་ཅེས་ཁོ་རང་གི་སོང་ཡུལ་དང་བྱ་བ་ལས་སྟངས། ཁོ་རང་ཆ་རྐྱེན། སྐབས་དེར་ཁོ་རང་ལ་བོད་ནང་དུ་རོགས་པ་བྱེད་མཁན་ཡོད་མེད་དེ་དག་ཐམས་ཅད་ཀྱི་ཐོག་ནས་དགེ་འདུན་ཆོས་འཕེལ་ཁོ་རང་གིས་འདི་འདྲ་ཞིག་དྲན་པ་དང་། དེར་གཞན་གྱིས་རོགས་མ་བྱས་པར་གནོད་པ་བཏང་བ་དེ་དག་ལ་བསམ་བློ་བཏང་ནས་མིའི་བསམ་བློའི་ནང་ཁོ་རང་གིས་མི་རིགས་ཐོག་བསམ་བློ་འདི་འདྲ་མང་པོ་བཏང་འདུག བྱ་བ་འདི་འདྲ་མང་པོ་ཞིག་ལས་ཡོད་པ་རེད། ད་དུང་ཁོ་རང་དཀའ་ཁག་འདི་འདྲ་ཞིག་ལ་ཐུག་ཏུ་བཅུག་ཡོད་པ་རེད་ཅེས་སེམས་ཀྱི་མ་ནུས་པ་དེ་རེད་བསམ་གྱི་འདུག
དྲི་བ། ཁྱེད་རང་གིས་དགེ་འདུན་ཆོས་འཕེལ་གྱི་རྩོམ་དེ་འདྲ་ཀློག་མྱོང་ངམ།
ལན ། མྱོང་།
དྲི་བ། གང་གང་ཀློག་མྱོང་ངམ།
ལན། ད་སྐབས་དཔར་དུ་བཏབ་ཡོད་པ་ཚང་མར་བལྟས་མྱོང་།
དྲི་བ། ཁྱེད་རང་དགེ་འདུན་ཆོས་འཕེལ་གྱི་རྩོམ་ཀློག་མྱོང་བའི་ནང་ནས་གང་དགའ་ཤོས་ཆགས་སོང་ངམ།
ལན། ང་ཁོ་རང་གིས་བྲིས་པའི་ནང་ནས་དང་པོ་རྒྱ་གར་ལམ་ཡིག་ལ་དགའ་སོང་། རྒྱ་གར་ལམ་ཡིག་དེ་སྔོན་གྱི་ཆོས་ལུགས་ཀྱི་སྟེང་གི་གནས་ཆེན་དེ་དག་ངོས་འཛིན་བྱེད་རྒྱུ་དགེ་འདུན་ཆོས་འཕེལ་བར་གཞན་སུ་ཞིག་གིས་ཀྱང་མ་ཤེས་པ་རེད། བོད་ཡིན་ན་རྒྱ་གར་ཕྱིན་ནས་གནས་མཇལ་བྱེད་རྒྱུར་ཧ་ཅང་དགའ་བོ་ཡོད་པ་རེད། ཡིན་ནའང་མང་པོ་ཞིག་གིས་ཤེས་ཀྱི་ཡོད་པ་མ་རེད། དེར་ལམ་ཡིག་གསལ་བོ་བྲིས་ནས་རོགས་རམ་བྱས་པ་དེ་འདྲ་ལོ་རྒྱུས་ཀྱི་སྟེང་ན་ཡོད་པ་མ་རེད། དེ་སྔོན་བོད་ན་ཡོད་པ་མ་རེད་ལ། རྒྱ་གར་དུའང་ཡོད་པ་མ་རེད་ཟེར། ཁོང་གིས་ཕྱོགས་གང་ཐད་ནས་ཆོས་ལུགས་པ་དང་གནས་སྐོར་ལ་འགྲོ་མཁན་ཚང་མར་བསམ་བློ་ཞིག་བཏང་ཡོད་པ་རེད། ཁོ་རང་སངས་རྒྱས་དང་ཆོས་ལ་དགའ་བའི་རྟགས་ཤིག་ཀྱང་དེ་རེད། སངས་རྒྱས་དང་ཆོས་ལ་དད་པ་ཡོད་མཁན་ཚོར་བསམ་བློ་ཞིག་བཏང་ཡོད་པ་དེའང་རྟགས་ཤིག་རེད། གཞན་ལེགས་སྦྱར་བང་མཛོད་དེ་རེད། ལེགས་སྦྱར་བང་མཛོད་དེའི་སྟེང་དུ་ཁོ་རང་གིས་ཆོས་ཀྱི་སྟེང་ནས་ཚིག་གཅིག་ཡིན་ནའང་རྒྱ་དཔེ་བསྐུན་ནས་རྒྱ་གར་ཚུར་བསྒྱུར་དུས་ནོར་ཡོད་མེད་ལ་བསམ་བློ་ཧ་ཅང་ཞིབ་མོ་བཏང་ཡོད་པ་རེད། དེ་ཆོས་ལ་ཤ་ཚ་བའི་རྟགས་རེད། སྐབས་དེར་ཁོ་རང་ལྟ་བུའི་ལོ་ཙ་བ་ཆེན་པོ་དེ་འདྲའང་ཡོད་པ་མ་རེད། ཁོ་རང་དེ་འདྲའི་ཆ་རྐྱེན་མེད་པ་ཞིག་གི་ཐོག་ནས་སོང་པས་ཆོས་རྐྱང་རྐྱང་གི་ཐོག་ལ་དེ་འདྲའི་བསམ་བློ་གཏོང་རྒྱུ་དེ་ལས་སལ་བོ་ཞིག་མ་རེད། ཁོ་རང་གིས་དཔེ་ཆ་མང་པོ་ཞིག་རྒྱབ་ལ་ཁུར་ནས་ཕྱིན་པའང་མ་རེད། ཁོ་རང་གི་སེམས་ན་དེ་འདྲའི་ཆོས་མང་པོ་ཞིག་མེད་ན་ཕར་སོང་དཔེ་ཆ་ཞིག་ལ་ཐད་ཀར་བལྟ་དུས་འདིའི་ཐད་གནད་དོན་འདི་འདྲ་ཞིག་ཡོད་རྒྱ་གར་གྱི་འདིའི་ནང་གང་འདྲ་བཤད་ཀྱི་ཡོད་པར་བལྟ་བསམ་ནས་བལྟ་རྒྱ་དེའང་ཁག་པོ་ཡིན་རྒྱུ་རེད་ལ། དེ་ཐག་གཅོད་ཀྱང་བྱེད་ཐུབ་ཀྱི་མ་རེད། ཁོ་རང་གི་ཁོག་ན་བོད་ལ་འགྱུར་བའི་ཆོས་ཚང་ཡོད་པ་དེས་བདེན་དཔང་བྱེད་ཐུབ་ཀྱི་ཡོད་པ་རེད། དེ་ནས་རྒྱ་གར་གྱི་གཞུང་དང་བསྟུན་ནས་བསྒྱུར་བ་དེ་དག་འགྲིག་མི་འགྲིག་གསལ་བོ་བྱས་ནས་བལྟས་པ་དེ་ཆོས་ལ་ཞེན་ཁ་ཆེ་བའང་རེད་ལ། ཁོ་རང་ཆོས་ཡོངས་སུ་རྫོགས་པ་ཤེས་ཡོད་པའི་རྟགས་ཀྱང་རེད། དེ་འདྲའི་ཚིག་ཆུང་ཆུང་དང་ཕྱོགས་གང་ལ་བསམ་བློ་བཏང་ནས་དཀའ་སྡུག་མྱོང་མཁན་གྱི་ལོ་ཙ་བ་བོད་ན་ཉུང་ཉུང་ཡིན་རྒྱུ་རེད་བསམས། སྔོན་གྱི་ལོ་ཙ་བ་དེ་དག་ཡིན་ན་རྒྱབ་སྐྱོར་བྱེད་མཁན་གྱི་མི་ཡོད་པ་རེད། དགེ་འདུན་ཆོས་འཕེལ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་ཡོད་པ་མ་རེད། ཁོ་རང་མི་གཅིག་འཁྱམས་པོ་བྱས་ནས་སོང་བ་རེད། དེ་འདྲ་ཡིན་དུས་དེ་འདྲའི་བསམ་བློ་གཏོང་རྒྱུ་ཁག་རེད་ལ། དེ་འདྲ་ནུས་རྒྱུ་དཀའ་ལས་ཁག་པོ་ཡིན་རྒྱུ་རེད། གཅིག་དེའི་ཐོག་ནས་ང་ཁོ་རང་ལ་དགའ་བོ་བྱུང་། དེ་བཞིན་བོད་ཀྱི་རྒྱལ་རབས་དེབ་ཐར་དཀར་པོ་ཡིན་ནའང་སྐབས་དེར་ཨ་མདོའི་ས་ཆ་དང་བོད་ཀྱི་ས་ཆ་ན་ཏུན་ཧོང་གི་ཡི་གེ་དང་རྒྱ་ནག་གི་ཐང་ཡིག་གསར་རྙིང་གི་དཔེ་ཆ་ཀློག་རྒྱུའང་ཡོད་པ་མ་རེད། ཁོང་གིས་དེ་དག་ཚང་མ་བཙལ་ནས་ཕྱོགས་སྒྲིག་བྱས་པ་རེད། དེ་ཡང་བོད་ཀྱི་ལོ་རྒྱུས་ཞིབ་མོ་ཞིག་སེམས་ན་མེད་པ་ཡིན་ན་གང་དགོས་པ་དང་གང་མི་དགོས་དེའང་ཤེས་ཀྱི་མ་རེད། སྔོན་ཆད་འདི་འདྲ་ཞིག་གནད་དོན་འདི་འདྲ་ཞིག་ཐག་ཆོད་ཀྱི་ཡོད་པ་མ་རེད་ཅེས་དེ་དག་ཐག་ཆོད་ཀྱི་ཡོད་པ་དེ་ཡ་མཚན་རེད། སྐབས་དེར་བོད་ན་དེ་འདྲའི་རྒྱུ་ཆ་ཡག་པོ་ཞིག་ཡོད་པ་མ་རེད། དེ་ཁོ་རང་གིས་དཀའ་སྡུག་མྱངས་ནས་རྒྱུ་ཆ་བཙལ་བ་རེད། སྔོན་གྱི་དེབ་ཐར་དང་རྗེས་ཀྱི་ལོ་རྒྱུས་གཉིས་ལས་ཁོ་རང་གི་རྒྱལ་རབས་དེབ་ཐར་དཀར་པོའི་ནང་གི་བོད་ཀྱི་ལོ་རྒྱུས་དེ་མི་རིགས་གཞན་གྱི་ལོ་རྒྱུས་ཀྱི་ནང་ནས་བླངས་ཏེ་བྲིས་པ་དེ་ཁྱད་དུ་འཕགས་པ་ཞིག་རེད། དེ་རང་གིས་བྲིས་པ་མ་རེད་མི་རིགས་གཞན་གྱི་ལོ་རྒྱུས་ནང་ཡོད་པ་རེད། སྔོན་ཆད་ཡིན་ན་རང་གིས་བྲིས་པ་དེ་ཡག་པོ་ཞིག་ལ་བཻི་བཞིན་ཡོད་པ་རེད། ཨང་དང་པོ་ཡིན་ན་གཞན་གྱི་ལོ་རྒྱུས་ནང་ཡོད་པ་དེ་བོད་རང་གི་ལོ་རྒྱུས་ཀྱི་བདེན་དཔང་ཡག་པོ་ཞིག་རེད། དེའི་སྐབས་ཀྱིས་རྒྱལ་རབས་དེབ་ཐར་དཀའ་པོ་ཡག་པོ་འདུག དེ་ནས་ཆོས་ཀྱི་ཚིགས་སུ་བཅད་ཟེར་བ་དེ་འདྲའི་ཆོས་མང་པོ་ཞིག་བསྒྱུར་ཡོད་པ་རེད། དེའི་མགོ་དང་མཇུག་ཏུ་ཚིག་བཅད་ཁ་ཤས་བྲིས་འདུག དེའི་ནང་དུ་ཁོ་རང་སྔོན་ཆད་ཀྱི་བོད་ཀྱི་ལོ་ཙ་བ་ཞིག་རྒྱ་གར་ལ་སོང་ནས་ལོ་མང་པོར་བསྡད་ནས་ཕྱིར་ཡོང་བ་དེ་འདྲ་ཞིག་གི་སྤྲུལ་སྐུ་ཡིན་པ་དེ་འདྲའི་ངོས་འཛིན་ཞིག་བྱས་འདུག ང་རང་ཡིན་ན་དེ་ལ་ཡིད་ཆོས་བྱེད་ཀྱི་ཡོད།
དྲི་བ། དགེ་འདུན་ཆོས་འཕེལ་གྱིས་ཀླུ་སྒྲུབ་དགོངས་རྒྱན་བྲིས་པ་རེད། ཁྱེད་རང་གིས་ཀླུ་སྒྲུབ་དགོངས་རྒྱན་སྐོར་ལ་ག་རེ་བསམ་གྱི་འདུག་གམ།
ལན། ང་རང་ལ་ཀླུ་སྒྲུབ་དགོངས་རྒྱན་བྲིས་པ་དེར་བསམ་ཚུལ་གང་འདྲ་ཞིག་ཡོད་ཅེ་ན། དགེ་འདུན་ཆོས་འཕེལ་ཁོ་རང་སྤྱིར་གྲུབ་མཐའ་རྙིང་མ་བ་རེད། ཡིན་ནའང་ང་རང་གི་བལྟ་ཚུལ་བྱས་ན། ཁོ་རང་གྲུབ་མཐའ་རྙིང་མ་བ་གཅིག་གི་ཕྱོགས་འཛིན་མཁན་གྱི་མི་ཞིག་ཡིན་རྒྱུ་མ་རེད་བསམ་གྱི་འདུག ཀླུ་སྒྲུབ་དགོངས་རྒྱན་དུ་རྙིང་མ་བའི་འདོད་པ་དང་མཐུན་པ་མང་པོ་ཡོད་ཀྱི་རེད། ཡིན་ནའང་གཙོ་བོ་ཁོ་རང་གིས་སེ་འབྲས་དགེ་གསུམ་དུ་དཔེ་ཆར་བལྟས་པ་རེད། དཔེ་ཆར་བལྟ་དུས་གྲྭ་སའི་མཁས་པ་དང་དགེ་བཤེས་ཚོས་ཁོ་རང་ཁས་ལེན་གྱི་ཡོད་པ་མ་རེད། མར་གནོན་རྒྱུ་ལས་ཁས་ལེན་བྱེད་ཀྱི་མ་རེད། དེའི་ནང་དུ་ཁོ་རང་གིས་བསམ་བློ་བཏང་བའི་རིག་པ་མང་པོ་ཡོད་པ་རེད། ཁྱེད་ཚོར་དེ་འདྲ་བཤད་རྒྱུ་ཡོད་ན་ངའི་འདི་ལ་ལན་ཐོབས་ཤེས་རྐང་བཙུགས་ནས་རྩོད་པའི་ཆེད་དུ་བརྩམས་པ་རེད་བསམ་གྱི་འདུག མཁས་པ་གང་འདྲ་ཡོད་མེད་ཀྱི་ཉམས་ལ་བལྟས་པ་དེ་འདྲའི་རྒྱུ་མཚན་ཞིག་ཡིན་རྒྱུ་རེད། དགེ་འདུན་ཆོས་འཕེལ་གྱི་ལྟ་བ་དེ་འདྲ་འཛིན་མཁན་ཁོ་རང་གཅིག་པུ་མ་རེད། ཨ་མདོ་ནའང་ཡོད་པ་རེད་ལ། གཞན་ནའང་ཡོད་པ་རེད། ཁོ་རང་གི་ལྟ་བ་དངོས་གནས་པ་དེ་གང་ཡིན་མིན་སུས་ཀྱང་ཐག་གཅོད་ཐུབ་ཀྱི་མ་རེད། ཁོ་རང་གི་བཤད་ཕྱོགས་ཀྱི་ཐོག་ནས་རྙིང་མ་བ་སྐྱོར་བ་དེ་ཁོ་རང་རྙིང་མ་བའི་གྲུབ་མཐའ་བ་ཞིག་རེད་ཅེས་བཤད་བཞག་ན་ངས་དེ་སྐྱོར་རྒྱུ་ཡིན། ད་ཁྱེད་རང་གིས་ང་ལ་ལན་ཐོབས་ཞེས་རིག་པས་དཔྱད་པ་ཞིག་རེད། དེར་རྟགས་གང་འདྲ་ཞིག་འདུག་ཅེ་ན། ཁོ་རང་ཡོད་དུས་དེར་ལན་འདེབས་མ་ཐུབ་པ་རེད། ཁོ་རང་ཡོད་དུས་ལན་བྲིས་པ་ཡིན་ན་ཁོ་རང་ལ་ད་དུང་གཞན་བཤད་རྒྱུ་ཡོད་པ་རེད་བསམ་ཀྱི་འདུག རྗེ་རིན་པོ་ཆེའི་གསུང་དང་མི་འདྲ་བ་དེ་འདྲ་ཀླུ་སྒྲུབ་དགོངས་རྒྱན་ནང་མང་པོ་ཡོད་པ་རེད། རྗེ་རིན་པོ་ཆེར་ཕལ་ཆེར་དགག་པ་རྒྱག་གི་ཡོད་པ་རེད། ཡིན་ནའང་ཁོ་རང་རྗེ་རིན་པོ་ཆེར་དགའ་མི་དགའ་དེ་ཐག་ཆོད་པ་ཞིག་མ་རེད། ཁོ་རང་རྗེ་རིན་པོ་ཆེར་མ་དགའ་བར་དེ་འདྲ་བཤད་པ་རེད་ཅེས་ང་རང་གིས་བཤད་ཐུབ་ཀྱི་མི་འདུག ཁོ་རང་ཆོས་ལུགས་པ་ཞིག་ཡིན་རྒྱུ་ཨེ་རེད་ཟེར་ན། ཆོས་ལུགས་པ་ཞིག་ཡིན་རྒྱུ་རེད། ཀླུ་སྒྲུབ་དགོངས་རྒྱན་ནང་དུ་བཤད་པ་དང་ཁོ་རང་གི་སེམས་ལ་དྲན་པ་གཉིས་གཅིག་ཡིན་རྒྱུ་རེད་ཅེས་བཤད་ཐུབ་རྒྱུ་མ་རེད། སྔོན་ཆད་མཁས་པ་དེ་ཚོ་དེ་འདྲ་ཡིན་རྒྱུ་རེད། ཁོ་རང་སྟག་ཚང་ལོ་ཙ་བའི་བཤད་ཕྱོགས་དགའ་བོ་ཡོད་པ་རེད་ཅེས་དེ་འདྲའི་བཤད་ཚུལ་འདུག སྟག་ཚང་ལོ་ཙ་བས་ཀྱང་དེ་འདྲ་བཤད་ཡོད་པ་རེད། དེ་འདྲ་ཡིན་དུས་ང་རང་གིས་དགེ་འདུན་ཆོས་འཕེལ་གྱིས་ཀླུ་སྒྲུབ་དགོངས་རྒྱན་བརྩམས་ནས་་་ སྐབས་དེར་རྙིང་མ་བའི་ཕྱོགས་སུ་མཁས་པ་མེད་པ་ཡིན་རྒྱུའང་མ་རེད། ཡིན་ནའང་བཤད་ཕྱོགས་ནས་དེ་འདྲ་ཡག་པོ་མེད་པ་ཡིན་རྒྱུ་རེད། ཁོ་རང་ལ་རྙིང་མ་བའི་མིང་ཞིག་བཏགས་བཞག་པ་ཡིན་ན། ཁོ་རང་གིས་ཀྱང་དེའི་ཕྱོགས་དེ་སྐྱོར་བཞག་པ་ཞིག་རེད་རྒྱུ་བསམ་གྱི་འདུག གཞན་ཚིག་ལ་བལྟས་ནས་བཤད་ནའང་འདྲ། ཁོ་རང་གི་སྐད་ཆའི་ཕྱོགས་གང་ནས་བཤད་ནའང་མཐའ་གཅིག་ཏུ་རྙིང་མ་བ་སྐྱོར་བསྡད་པའི་གནས་ཚུལ་ཡང་མི་འདུག གསར་མ་ལ་གཏན་ནས་མི་དགའ་བའི་གནས་ཚུལ་དེ་འདྲའང་མི་འདུག དེ་འདི་རྒྱུ་རྐྱེན་མང་པོ་ཞིག་ཡོད་ཀྱི་རེད། ང་རང་གི་ངོས་ནས་ཀླུ་སྒྲུང་དགོངས་རྒྱན་གྱི་ལྟ་ཚུལ་དེ་གང་འདྲ་ཞིག་འདུག་ཅེ་ན། རྗེ་རིན་པོ་ཆེའི་ལྟ་བ་དང་མཐུན་གྱི་ཡོད་པ་མ་རེད། ཡིན་ནའང་དེ་ཁོ་རང་གི་རིག་པས་དཔྱད་སྟངས་ཤིག་ཡིན་རྒྱུ་རེད། དེར་ལན་བཏབ་ན་རྗེ་རིན་པོ་ཆེའི་ལྟ་བ་དེར་ཕན་ཐོག་རྒྱུ་ལས་གནོད་པ་ཡོང་རྒྱུ་མ་རེད་བསམ་གྱི་འདུག
དྲི་བ། རྗེ་ཙོང་ཁ་པའི་ལྟ་བ་ལ་ག་རེ་བྱས་ནས་གནོད་པ་ཡོང་གི་མ་རེད།
ལན། རྗེ་ཙོང་ཁ་པའི་ལྟ་བ་དངོས་གནས་པ་དེ་ཤེས་དགོས་ན། ཧ་ཅང་གི་གནད་འགག་ཕྲ་ས་གཞན་གྱིས་ཤེས་མི་ཐུབ་པ་དེ་ཤེས་དགོས་པ་རེད་བསམ་གྱི་འདུག ཁོ་རང་གིས་གཞན་གྱི་རིག་པས་ཤེས་མི་ཐུབ་པའི་གནད་འགག་དེ་ན་བཤད་ཀྱི་ཡོད་པ་རེད། ང་རང་གི་ངོས་ནས་བཤད་ན་ཐོག་དང་པོར་ཀླུ་སྒྲུབ་དགོངས་རྒྱན་ནང་བཤད་པ་དེ་འགྲིག་གི་འདུག་དྲན་སོང་། དེ་ཡིན་དུས་རྗེ་ཙོང་ཁ་བའི་ལྟ་བ་དེ་ཤེས་དགོས་ན་ནོར་ས་ཞིག་དང་གནད་འགག་ཅིག་ཡོད་ཀྱི་རེད། གནད་འགག་དེ་གང་དུ་ཡོད་མེད་རང་གཞིན་གྱི་མི་ཞིག་གིས་ཤེས་ཀྱི་མ་རེད། གནད་འགག་གི་སྛྱོ་དེ་ནས་གསལ་བཤད་མང་བྱས་དང་ན་ད་གཟོད་ལྟ་བ་དངོས་གནས་པ་དེ་ཤེས་རྒྱུ་རེད། ནོར་ན་ནོར་སའི་གནད་འགག་དེ་ན་ཡོད་པ་རེད།
དྲི་བ ། དགེ་འདུན་ཆོས་འཕེལ་ཕྱི་ལོ་ ༡༩༠༢ ནས་ ༡༩༥༠ བར་བསྡད་པ་རེད། སྐབས་དེའི་བོད་ཀྱི་སྤྱི་ཚོགས་དེ་གང་འདྲ་ཞིག་ཡོད་པ་རེད་བསམ་གྱི་འདུག་གམ།
ལན། ང་རང་གི་བསམ་ཚུལ་བྱས་ན་ཆོས་ཀྱི་སྟེང་ནས་ཀྱང་མར་ཉམས་འགྲོ་གི་ཡོད་པའི་སྤྱི་ཚོགས་དེ་འདྲ་ཞིག་རེད་ལ། རིག་གནས་དང་གཞན་པའི་ཕྱོགས་གང་ཐད་ནས་ཉམས་འགྲོ་བའི་སྐབས་ཤིག་རེད། དེ་དག་གོང་འཕེལ་ལ་འགྲོ་གི་ཡོད་པའི་སྐབས་ཤིག་མ་རེད། ཕྱོགས་གང་ཐད་ཉམས་འགྲོ་བཞིན་པའི་སྤྱི་ཚོགས་དེ་འདྲ་སྐབས་ཤིག་རེད།
དྲི་བ། དགེ་འདུན་ཆོས་འཕེལ་སྔོན་མ་སཉྱེ་བ་གཞུང་གིས་བཟུང་ནས་བཙོན་དུ་བཅུག་པ་རེད། དེའི་དོན་དག་ཁྱེད་རང་གིས་ཤེས་ཀྱི་ཡོད་དམ་མེད།
ལན། ངས་དོན་དག་ངོ་མ་དེ་ཤེས་ཀྱི་མེད། ཁོ་རང་གིས་བྲིས་པའི་རྩོམ་ལ་བལྟས་ན། སཉྱེ་བ་གཞུང་གིས་བཟུང་ནས་བཙོན་དུ་བཅུག་པ་དེ་ཁོ་རང་ལ་སྐྱོན་ཆ་ཡོད་པས་བཟུང་བ་ཡིན་རྒྱུ་མ་རེད་བསམས་ཀྱི་འདུག ཁོ་རང་ལ་ཁ་ཚ་བོ་ཞིག་ཡོད་པ་རེད། ཁོས་བཤད་པའི་སྐད་ཆ་ཚ་བོ་རེད། ཁོང་གི་སྐད་ཆ་མི་མང་པོའི་ངྱ ་བར་འགྲོ་རྒྱུ་རེད། ཁོང་གི་དེ་དངོས་གནས་རེད་བསམ་གྱི་རེད། འོན་ཀྱང་སྐབས་དེར་སྟརྠག་ནས་བཤད་ཐུབ་རྒྱུ་མ་རེད། ཡིན་ནའང་དགེ་འདུན་ཆོས་འཕེལ་གྱི་སྐད་ཆ་བདེན་པ་རེད་བསམ་གྱི་རེད། དེ་ཡིན་དུས་ཁོ་རང་ལ་མི་དགའ་བའི་ཕྱོགས་ནས་ཁོ་རང་ལ་གནོད་པ་བྱས་པ་ཞིག་ཡིན་རྒྱུ་རེད་བསམ་གྱི་འདུག ཁོ་རང་བཟུང་བ་དེ་བོད་མི་རིགས་ལ་བསམ་བློ་བཏང་ནས་བཟུང་བཞག་པ་ཞིག་རྩ་བ་ནས་ཡིན་རྒྱུ་མ་རེད་བསམས། དེ་གང་གི་ཐོག་ནས་ཤེས་ཀྱི་འདུག་ཅེ་ན། བཙོན་ཁང་དུ་བྲིས་པའི་རྩོམ་ཞིག་ཡོད་པ་རེད། རྩོམ་དེའི་ནང་དུ་བོད་ཀྱི་འགྲོ་སྟངས་འདུག་སྟངས་དང་ཁྲིམས་བཅས་ཐམས་ཅད་ཆོས་དང་མཐུན་གྱི་འདུག སྔོན་གྱི་ཆོས་རྒྱལ་གོང་མ་ཚོའི་ལམ་ལུགས་དེ་ཆོས་དང་མཐུན་པ་ཞིག་ཡིན་པས་མི་རིགས་གཞན་གྱི་བཙོན་ཁང་དང་བོད་ཀྱི་བཙོན་ཁང་གཉིས་བསཉྱུར་བ་ཡིན་ན་དེ་གཉིས་བསཉྱུར་ཐབས་མི་འདུག བོད་ཀྱི་བཙོན་ཁང་སྟརྨིད་བོ་རེད་ཅེས་བཤད་ཡོད་པ་རེད། དེ་མ་གཏོགས་བསམ་བློ་ཆེན་པོ་ཞིག་མེད་ན་ཁོ་དེ་ལ་དགའ་རྒྱུ་མ་རེད། ཡིན་ནའང་ཁོ་རང་མི་དགའ་བའི་སྐད་ཆ་གཅིག་ཀྱང་མི་འདུག
དྲི་བ། རྒྱལ་ཁབ་གཞན་གྱི་བཙོན་ཁང་ལས་བོད་ཀྱི་བཙོན་ཁང་ཡག་པོ་འདུག་ཅེས་པ་དེ་རྩོམ་གང་གི་ནང་དུ་ཡོད་པ་རེད།
ལན། དེ་བཙོན་ནས་བླངས་པའི་མགུར་གླུ་ཞེས་པ་དེའི་ནང་ཡོད་པ་རེད།
དྲི་བ། དེང་སྐབས་དགེ་འདུན་ཆོས་འཕེལ་ལ་དོ་སྣང་ཆེན་པོ་ཡོད་པ་རེད། དོ་སྣང་ཆེན་པོ་བྱེད་པའི་སྐབས་མེད་པ་ཞིག་ལ་ཡོད་པ་རེད་ཟེར་བ་དེ་འདྲ་བྱུང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་དེ་འདྲ་བྱུང་གི་ཡོད་པ་རེད་དམ་མ་རེད།
ལན། དེ་འདྲ་དུས་ཚོད་ལ་བལྟས་ན་ཕལ་ཆེར་མི་འདུག དགེ་འདུན་ཆོས་འཕེལ་ཡག་པོ་འདུག་ཟེར་བ་དེ་ད་ལྟའི་སྐབས་ལ་བལྟས་ནས་ཡག་པོ་འདུག་ཅེས་བཤད་ཀྱི་ཡོད་པ་མ་རེད། སྐབས་དེའི་སྤྱི་ཚོགས་ལ་བལྟས་ནས་ཡག་པོ་འདུག་ཅེས་བཤད་ཀྱི་ཡོད་པ་རེད། སྐབས་དེའི་སྤྱི་ཚོགས་ལ་བལྟས་ནས་ཁོང་ཡག་པོ་འདུག་ཅེས་བཤད་ན་འགྲིག་གི་འདུག བོད་ཀྱི་ལོ་རྒྱུས་ཀྱི་སྟེང་ན་མཁས་པ་དེ་འདྲ་མང་པོ་ཡོད་པ་རེད། ཡིག་རིགས་གཞན་པ་ཤེས་མཁན། སྐད་རིགས་གཞན་པ་ཤེས་མཁན། ཆོས་དང་རིག་གནས། སྲིད། རྒྱལ་ཁབ་དང་ཡུལ་ཁམས་གཞན་གྱི་ཡུལ་མིའི་འགྲོ་སྟངས་འདུག་སྟངས། ཐ་ན་རྩི་ཤིང་ཞིག་ཡིན་ནའང་དེའི་ཐོག་ལ་བསམ་བློ་བཏང་བ་སོགས་ཤེས་བྱ་གང་དང་གང་ཡིན་ཡོངས་སུ་རྫོགས་པ་ཕྱོགས་མང་པོ་ཞིག་བསམ་བློ་བཏང་ནས་རྒྱལ་ཁབ་གཞན་དུ་སྐད་གྲགས་བྱུང་ཡོད་པ་དགེ་འདུན་ཆོས་འཕེལ་མ་གཏོགས་སྐབས་དེའི་མི་ནང་དུ་ཕལ་ཆེར་ཡོད་པ་མ་རེད། དེང་སྐབས་ཡིན་ནའང་དེ་འདྲ་ཁག་པོ་བྱུང་ཡོད་པ་རེད། དེར་བལྟས་ན་དགེ་འདུན་ཆོས་འཕེལ་ཡག་པོ་འདུག་ཅེས་བཤད་བཞག་ནའང་ངས་བལྟས་ན་ཆེ་དྲག་མི་འདུག ངས་བསམ་བློ་འདི་འདྲ་ཞིག་གཏོང་གི་ཡོད། སྤྱིར་མིའི་ནང་དུ་འདི་མཁས་པ་རེད་ཅེས་བཤད་པ་ཡིན་ན་དེ་ལ་བལྟས་ནའང་མཁས་པ་ཞིག་ཡོད་ཀྱི་རེད། དེ་ཡིན་དུས་མཁས་པ་དེ་འདི་རེད་ཅེས་ཐག་གཅོད་རྒྱུ་ཞིག་ཡོད་ཀྱི་མ་རེད། འདི་མི་བཟང་པོ་མ་རེད་ཅེས་བཤད་པ་ཡིན་ནའང་ཁོ་རང་གི་སྟེང་ན་བཟང་ཆ་མེད་པ་ཞིག་ཡིན་རྒྱུ་མ་རེད། ཁོ་རང་གི་མི་བཟང་བའི་ཕྱོགས་ནས་བལྟས་བཞག་པ་རེད་མ་གཏོགས་བཟང་ཆ་ཡོད་པ་རེད་ལ། ཁོ་རང་ལས་མི་བཟང་བའང་ཡོད་ཀྱི་རེད། དེ་འདྲའི་ལྟ་ཚུལ་ཞིག་གི་ཐོག་ནས་བལྟས་པ་ཡིན་ན། ཁོ་རང་གི་རྩོམ་འབྲི་སྟངས་ཡིན་ནའང་འདྲ། ཁོ་རང་གི་ལྟ་བ་བཤད་སྟངས་ཡིན་ནའང་འདྲ། དགེ་འདུན་ཆོས་འཕེལ་གྱིས་བསམ་བློ་དོན་དག་གཅིག་གི་ཐོག་ལ་བཏང་ཡོད་པའི་གནས་ཚུལ་མ་རེད། ཁོ་རང་གིས་བསམ་བློ་མང་པོ་བཏང་ནས་ཕྱོགས་མང་པོ་ཞིག་ལ་བསམ་བློ་གཏོང་གི་ཡོད་པ་རེད། གཞན་གྱིས་གང་བྲིས་ནའང་ཕྱོགས་གཅིག་ལ་མ་གཏོགས་བསམ་བློ་གཏོང་གི་ཡོད་ཀྱི་མ་རེད། དེ་ཡིན་དུས་དགེ་འདུན་ཆོས་འཕེལ་གྱི་སྤྱོད་པ་ཡག་པོ་མི་འདུག་ཅེས་བཤད་ན་དེའང་མི་འགྲིག་པ་ཞིག་རེད། མི་ཡག་པོ་ཡོད་མེད་མིག་གིས་བལྟས་ནས་ཤེས་ཐུབ་པ་ཞིག་མ་རེད། ཁོ་རང་ལ་སེམས་གང་འདྲ་ཞིག་ཡོད་མེད་དང་། ཁོ་རང་ལ་དམིགས་ཡུལ་གང་འདྲ་ཞིག་ཡོད་མེད་མིག་གིས་བལྟས་ནས་ཤེས་ཐུབ་པ་ཞིག་མ་རེད། སྔོན་ཆད་ཀྱི་མཁས་པ་དང་གྲུབ་ཆེན་དེའང་བལྟས་ནས་ཤེས་ཐུབ་པ་ཞིག་མ་རེད། འོན་ཀྱང་ཕྱོགས་གཅིག་གི་སྟེང་ནས་བློ་ལ་མ་བབས་པར་འདི་སྐྱོན་ཆ་རེད་ཅེས་བཤད་པ་ཡིན་ན། ཡོངས་སུ་རྫོགས་པ་ལ་སྐྱོན་ཆ་ཡོད་ཀྱི་རེད། སྐྱོན་ཆ་དེའི་ཐོག་ནས་ཀྱང་བཤད་མི་ཆོག་པ་ཞིག་རེད། སྐབས་དེའི་སྤྱི་ཚོགས་ཀྱི་སྟེང་ལ་དགོས་མཁོ་ཡོད་པའི་ཡོན་ཏན་ཡོད་མེད་ཀྱི་ཐོག་ནས་བཤད་དགོས་པ་རེད། དེའི་སྟེང་ནས་བཤད་ན། ངས་བལྟས་ན་ཁོ་རང་ལ་སྐྱོན་ཆ་མི་འདུག
དྲི་བ། མཚམས་མཚམས་ལ་དགེ་འདུན་ཆོས་འཕེལ་ཟེར་ན། བླ་མ་སྨྱོན་པ་འདྲ་བོ་ཞིག་མཐོང་གི་ཡོད་པ་རེད། ཁྱེད་རང་གིས་བལྟས་ན་གང་འདྲ་ཞིག་འདུག་གམ།
ལན། སྔོན་མ་ཁོ་རང་གྲྭ་བ་ཞིག་ཡིན་པའི་ཐོག་ནས་བཤད་ན་རྗེས་སུ་གྲྭ་བྱས་ནས་མ་བསྡད་པ་རེད། སྐབས་དེའི་བོད་ཀྱི་འགྲོ་སྟངས་དེ་གུ་ཧ་ཅང་དོག་མོ་རེད། སེམས་ཀྱི་གུ་ཧ་ཅང་དོག་མོ་རེད་ལ། སྤྱོད་པ་དང་ཡོངས་སུ་རྫོགས་པ་དོག་མོ་དོག་མོ་ཞིག་རེད། ཁོ་རང་གིས་ཆེ་ས་དང་མང་ས་མིག་གིས་མཐོང་བཞག་པ་རེད། དེ་ཡིན་དུས་ལུང་པའི་ནང་གི་མི་མང་ཆེ་བས་རྒྱལ་ཁབ་གཞན་གྱི་གནས་ཚུལ་དང་འགྲོ་སྟངས་འདུག་སྟངས་ཤེས་མེད་པའི་དབང་གིས་ཁོ་རང་སྨྱོན་པ་རེད་ཅེས་ཕར་ཆེར་ལབ་བཞག་པ་ཞིག་རེད་བསམ་གྱི་འདུག དེ་ད་ལྟའི་སྐབས་འདིར་བསམ་བློ་བཏང་ནའང་ཤེས་ཐུབ་པ་ཞིག་རེད། མི་གཅིག་ཡོང་ནས་བོད་ལ་མི་འཕྲོད་པ་དང་བོད་ཀྱི་མིག་ལམ་མི་མཛེས་པ་དེ་འདྲའི་བྱེད་སྟངས་ཤིག་བྱས་པ་ཡིན་ན་སྨྱོན་པ་རེད་ལབ་ཀྱི་རེད། འོན་ཀྱང་དེ་འདྲའི་སྤྱོད་པ་ཅན་ཧ་ཅང་མང་པོ་ཡོད་ན་སྨྱོན་པ་རེད་ཅེས་ལབ་མ་རེད། དགེ་འདུན་ཆོས་འཕེལ་གྱིས་རྒྱལ་ཁབ་གཞན་གྱི་འགྲོ་སྟངས་འདུག་སྟངས་ཀྱི་མང་པོ་ཞིག་མཐོང་ཡོད་པ་རེད། དེ་དུས་ཁོ་རང་གི་ཐད་ནས་བསམ་བློ་བཏང་བ་ཡིན་ན་སྨྱོན་པའི་སྐྱོན་ཆ་མི་འདུག མི་གཞན་པས་སྨྱོན་པ་རེད་ཟེར་བ་དེ་གཞན་མིག་གིས་མ་མཐོང་བའི་སྐྱོན་རེད་དེ་བསམས་ཀྱི་འདུག ད་ལྟའི་ཉམས་མྱོང་ལ་བལྟས་པ་ཡིན་ནའང་དེ་རེད།
དྲི་བ། དགེ་འདུན་ཆོས་འཕེལ་བླ་མ་སྨྱོན་པ་འདྲ་བོ་ཞིག་ལབ་ཀྱི་ཡོད་པ་རེད། དགེ་འདུན་ཆོས་འཕེལ་གྱིས་ཐ་མག་འཐེན་པ་སོགས་ཀྱི་སྤྱོད་པ་དེ་དག་ཁོ་རང་གིས་རྐང་བཙུགས་ནས་དེ་འདྲ་བྱས་པ་ཞིག་རེད་བསམ་གྱི་འདུག་གམ།
ལན། སྤྱིར་ཁོ་རང་གི་སེམས་ན་དམིགས་ཡུལ་ཞིག་ཡོད་ཀྱི་རེད། འགྲོ་སྟངས་འདུག་སྟངས་འདི་འདྲ་ཞིག་བྱེད་དགོས་པ་དང་། བྱ་བ་འདི་འདྲ་ཞིག་བྱས་ན་ཡག་པོ་མི་འདུག་འདི་འདྲ་ཞིག་བྱེད་དགོས་པ་རེད་ཟེར་བ་དེ་འདྲའི་བཅོས་བསྒྱུར་བྱེད་ན་འདི་འདྲ་ཞིག་བྱེད་དགོས་པ་རེད་ཟེར་བ་དེ་འདྲའི་བསམ་བློ་མང་པོ་ཞིག་ཡོད་ཀྱི་རེད། ཁོ་རང་ལ་ཡོན་ཏན་ཀྱང་ཆེན་པོ་ཞིག་ཡོད་པ་རེད། ཡིན་ནའང་གོང་གི་མི་དེ་ཚོས་དེ་ཁས་མ་བླངས་པར་མར་མནན་ནས་ཁོ་རང་ནུས་པར་བཏང་ནས་བྱ་དེ་དག་ལས་ས་མི་འགྲོ་བར་བཏང་བཞག་པ་རེད། དེ་ཡིན་དུས་བསམ་བཞིན་དུ་ཁོང་ཁྲོ་བསླངས་པ་རེད། ད་བྱ་བ་ལས་པར་ཐབས་ཤེས་མི་འདུག ཕར་བཤད་ན་ཉན་གྱི་མེད་པས་བསམ་བཞིན་དུ་ཁོང་ཁྲོ་བསླངས་པ་རེད། དེ་མ་གཏོགས་ནམ་རྒྱུན་གྱི་ཁོ་རང་གི་འདོད་པ་དེ་འདྲ་ཞིག་ཡིན་རྒྱུ་མ་རེད་བསམས།
དྲི་བ། དགེ་འདུན་ཆོས་འཕེལ་བཙོན་ནས་ཐོན་རྗེས་ཐ་མག་འཐེན་པ་དང་། ཆང་འཐུང་བ། སྐྱེས་དམན་མཉམ་དུ་འགྲོ་བ་དེ་འདྲ་སྔོན་ལས་མང་དུ་ཆགས་པ་འདྲ་ཞིག་བྱུང་བ་རེད། མཐར་ཐ་མག་མང་པོ་འཐེན་པ་དང་ཆང་མང་པོ་འཐུང་ནས་གྲོངས་པ་རེད། ཁྱེད་རང་གིས་དེའི་སྐོར་ལ་ག་རེ་བསམ་གྱི་འདུག་གམ།
ལན། ང་རང་གིས་བསམ་བློ་བཏང་ན། ཁོ་རང་གི་ཁོག་པའི་ནང་གི་བྱ་བ་ཚང་མ་ལས་མ་ཐུབ་པ་རེད། དེ་ལ་བཀག་འགོག་མང་པོ་བྱུང་བ་རེད། དེ་ནས་གཞན་གྱིས་གནོད་པ་གཏོང་རྒྱུ་མང་སོང་བ་རེད། གཞན་གྱིས་གནོད་པ་བཏང་ནས་ལུས་ལ་དུག་ཕོག་པ་དེ་འདྲའི་རྒྱུ་མཚན་ཞིག་ཡོད་ཀྱི་རེད། དེ་འདྲའི་དབང་གིས་ཡིན་རྒྱུ་རེད།
དྲི་བ། ཁྱེད་རང་གིས་དགེ་འདུན་ཆོས་འཕེལ་ལ་གནོད་པ་བྱེད་ཀྱི་ཡོད་པ་རེད་ཟེར། ག་རེ་བྱས་ནས་གནོད་པ་བྱེད་ཀྱི་ཡོད་པ་རེད་དམ།
ལན། ཁོ་རང་བཙོན་དུ་བཅུག་ནས་ཕྱོགས་གཞན་དུ་འགྲོ་མི་ཆོག་པ་དང་མི་ལ་ཐུག་མི་ཐུབ་པ་དེ་འདྲ་ཞིག་བྱས་པ་རེད། ཁོ་རང་ཡིན་ན་དེ་དག་དེ་ཚོ་ཁོ་རང་གི་དོན་དག་མ་རེད། ཁོང་ཚོའི་དོན་དག་རེད་ལ། ཡོངས་སུ་རྫོགས་པའི་དོན་དག་རེད། ཁོ་རང་དེ་འདྲའི་དབང་ཆ་ཡོད་པ་མ་རེད་ལ་དབང་ཆ་ཚང་མ་བླངས་བཞག་པ་རེད། དེ་ནས་ཁོ་རང་ལ་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་པ་རེད། དཔེར་བཞག་ན། རྒྱལ་རབས་དེབ་ཐར་དཀར་པོ་འབྲི་དུས་ཤོག་བུ་དང་སྣག་ཚ་ཡོད་པ་མ་རེད་ཟེར། མི་གཞན་ལ་ཐུག་མི་ཆོག་པ་དང་དཔེ་ཆ་གཞན་ལ་བལྟ་ཐུབ་ཀྱི་ཡོད་པ་མ་རེད། དེ་ནས་ཐོག་མར་བསམ་བློ་རྒྱ་ཆེན་པོ་གཏོང་རྒྱུ་མང་དྲག་པ་དང་། རྗེས་སུ་བསམ་བློ་བཏང་བའི་འབྲས་བུ་བྱ་བ་གཅིག་ཀྱང་ལས་མ་ཐུབ་པ་རེད། དེ་ཡིན་དུས་ཁོ་རང་སེམས་འཁྲུག་སོང་བ་ཡིན་རྒྱུ་རེད། ང་ལ་བསམ་བློ་གཏོང་སྟངས་དེ་འདྲ་ཞིག་ཡོད།
དྲི་བ། དགེ་འདུན་ཆོས་འཕེལ་ཟེར་བ་དེ་རེབ་གོང་དང་ཨ་མདོ། ཡང་ན་བོད་བཅས་ལ་གལ་ཆེན་པོ་ཞིག་རེད་བསམ་གྱི་འདུག་གམ།
ལན། གལ་ཆེན་པོ་རེད། ལོ་རྒྱུས་ཀྱི་སྟེང་གི་མི་སཁ ་ཞིག་ཆགས་སོང་བ་རེད། ཆུང་དུས་རིག་པ་ཡག་པོ་ཡོད་པ་དེའི་ཐོག་ནས་ཀྱང་མི་གཞན་དང་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཤིག་ཡོད་པ་རེད། ཆོས་ཀྱི་ཐོག་ནས་རྩོད་པ་བྱས་ན། དཔེ་ཆར་བལྟས་ན། བློ་ལ་བཟུང་བ་བཅས་ཆོས་ཀྱི་ཕྱོགས་གང་ནས་ཀྱང་ཐུན་མོང་མ་ཡིན་པ་ཞིག་བྱུང་བ་རེད། དེ་ནས་ཡིག་རིགས་མང་པོ་ཤེས་ཀྱི་ཡོད་པ་རེད། སྐད་རིགས་མང་པོ་ཤེས་ཀྱི་ཡོད་པ་རེད། ཕྱོགས་མང་པོ་ཞིག་ལ་སོང་ཡོད་པ་རེད། ཕྱོགས་གཅིག་མ་ཡིན་པར་ཕྱོགས་གང་ཡིན་ནའང་བསམ་བློ་མང་པོ་བཏང་ཡོད་པ་རེད། བསམ་བློ་བཏང་བ་གཅིག་པུ་མ་རེད་ཁོ་རང་གིས་མིག་གིས་མཐོང་བ་མང་པོ་རེད། ཕྱོགས་གང་ཐད་ནས་ཁོ་རང་གི་ཤུལ་དུ་དཔེ་ཆ་ཡོད་པ་ཡིན་ནའང་འདྲ། དཔེ་ཆ་མེད་པར་སྐབས་དེའི་མིས་བཤད་ཕྱོགས་གླེང་ཕྱོགས་དེ་ཡིན་ནའང་འདྲ། དུས་རབས་དེར་དེ་འདྲའི་མི་བྱུང་མི་འདུག དུས་རབས་དེ་བོད་འདི་ཧ་ཅང་ཉམས་རྒུད་འགྲོ་བཞིན་པའི་དུས་རབས་ཤིག་རེད། སྐབས་དེར་དེ་འདྲའི་མི་ཧ་ཅང་དཀོན་པོ་རེད། བོད་ཀྱི་དུས་རབས་དུས་རབས་ཀྱི་ལོ་རྒྱུས་བྱས་ན་དུས་རབས་དེའི་ནང་གི་མཆོག་ཏུ་གྱུར་བའི་མི་སྣ་ཞིག་རེད། དེ་གང་རེད་ཅེ་ན། ཕྱོགས་གང་གི་ཐད་ནས་ཀྱང་ཁོ་རང་ལ་བཤད་རྒྱུ་ཞིག་ཡོད་པ་རེད། གཞན་པ་མཁས་པ་ཡིན་ཟེར་བ་དེ་འདྲ་ཡོད་ནའང་། ཕྱོགས་གང་གི་ཐད་ནས་ཀྱང་རྟགས་ཡོད་པ་དེ་འདྲ་མི་འདུག ཁོ་རང་གི་རྗེས་སུ་སྟོན་རྒྱུ་ཡོད་པ་རེད། བྱས་རྗེས་ཡོད་པ་རེད། དེར་བལྟས་ན་དུས་སྐབས་དེའི་ལོ་རྒྱུས་ཀྱི་མི་སྣ་ཞིག་རེད། སྐབས་དེར་མཁས་པ་ཡོད་པ་རེད་ལ་མི་ཡག་པོ་ཡང་ཡོད་པ་རེད། འོན་ཀྱང་ཆོས་ཀྱི་གཞུང་གཅིག་ཤེས་ན་གཞུང་གཅིག་མི་ཤེས་པ་དང་། མདོ་ཤེས་ན་སྔགས་མི་ཤེས་པ། རིག་གནས་ཤེས་ན་ཆོས་མི་ཤེས་པ་དེ་འདྲ་ཡོངས་སུ་རྫོགས་པ་ཤེས་མཁན་ཡོད་པ་མ་རེད། ཁོ་རང་གིས་ཡོངས་སུ་རྫོགས་པ་ཤེས་ཀྱི་ཡོད་པ་རེད། བོད་ཀྱི་སྟེང་དུ་འགྱུར་བསྡད་ཡོད་པའི་ཆོས་ཤེས་ན་ལེགས་སྦྱར་ཤེས་ཀྱི་ཡོད་པ་མ་རེད། ཁོ་རང་བོད་ལེགས་སྦྱར་གཉིས་ཀྱི་སྟེང་གི་ཆོས་ཀྱི་སྐོར་དེ་ཤེས་ཀྱི་ཡོད་པ་རེད། མི་གཞན་པ་ཞིག་ཡིན་ན་ཆོས་ཤེས་ན་སྲིད་ཤེས་ཀྱི་མ་རེད། ཁོ་རང་གིས་སྲིད་ཀྱི་སྟེང་ནས་སྔོན་གྱི་ལོ་རྒྱུས། སྐབས་དེའི་འགྲོ་ཕྱོགས། མ་འོངས་པར་གང་འདྲ་ཞིག་གི་ཐོག་ལ་འགྲོ་དགོས་མིན། རྒྱལ་ཁབ་གཞན་གྱི་འགྲོ་སྟངས་གང་འདྲ་ཞིག་ཡིན་མིན། བོད་ཀྱི་གནས་ཚུལ་གང་འདྲ་ཞིག་ཡིན་མིན། གནས་ཚུལ་དེ་དང་བསྟུན་ན་གང་འདྲ་ཞིག་བྱེད་དགོས་མིན་བཅས་ཀྱི་བསམ་བློའང་འཁོར་ཡོད་པ་རེད། ཁ་ཤས་ཀྱིས་བོད་ཀྱི་སྐད་ཆ་ཤེས་ན་རྒྱ་གར་གྱི་སྐད་ཤེས་ཀྱི་མ་རེད། རྒྱ་གར་དང་བོད་གཉིས་ཀྱི་སྐད་ཆ་ཤེས་ནའང་དབྱིན་ཇི་དེ་འདྲའི་སྐད་ཤེས་མཁན་ཡོད་པ་མ་རེད། གལ་སྲིད་སྐད་ཆ་ཤེས་མཁན་ཡོད་ནའང་མི་དེ་དེར་སླེབས་ཐུབ་ཀྱི་མ་རེད། གལ་སྲིད་སླེབས་ཐུབ་པ་ཡོད་ནའང་འབྲི་ཐུབ་ཀྱི་མ་རེད། སླེབས་ཡོད་པ་དང་བྲིས་ཡང་ཡོད་པ་དེ་འདྲ་ད་ལྟ་མིག་སྟོན་བྱེད་རྒྱུ་ཡོད་པ་གཅིག་ཀྱང་མི་འདུག དེ་འདྲའི་ཕྱོགས་ཡོངས་ལ་བལྟས་པ་ཡིན་ན་མི་དེ་འདྲ་མི་འདུག
༼གོང་གསལ་བཅར་འདྲི་འདི་བཞིན་བོད་ཡིག་གི་ཡིག་གཟུགས་རྙིང་པ་ནས་གསར་པར་བསྒྱུར་སྐབས་ འགྱུར་ནོར་ཤོར་བ་ཡོད་སྲིད་པས། མ་དཔེ་ལ་གཟིགས་ན་འདིར་ནོན། JigmeTheckchokTib ༽
༡ བོད་ཀྱི་བཙོན་ཁང་གཞན་ལས་ཡག་པོ་ཡིན་པའི་སྐོར་བཙོན་ནས་བླངས་པའི་མགུར་གྱི་ནང་ཡོད་པ་རེད་ཟེར། དེ་ལན་ནོར་བ་རེད་དམ་ཁོང་གི་ལན་མར་ཕབ་བཤུ་བྱེད་དུས་ནོར་བ་རེད།
༢ མི་མང་ཆེ་བས་རྒྱལ་ཁབ་གཞན་གྱི་གནས་ཚུལ་དང་འགྲོ་སྟངས་འདུག་སྟངས་ཤེས་མེད་པའི་དབང་གིས་ཁོ་རང་སྨྱོན་པ་རེད་ཅེས་ཕར་ཆེར་ལབ་བཞག་པ་ཞིག་རེད་བསམ་གྱི་འདུག་ཅེས་ལན་གནང་འདུག་ཀྱང་། དགེ་ཆོས་ཀྱིས་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་འགྲོ་སྟངས་འདུག་སྟངས་བྱས་སྨྱོན་པའི་མིང་ཐོགས་པ་རེད་ཟེར་བ་ཞིག་ད་སྔ་མཐོང་མ་མྱོང་། ཁོང་གི་ལོ་རྒྱུས་ཚོ་ཀློག་ཡོང་བ་ཡིན་ན་ཕྱོགས་མང་པོ་ཞིག་ནས་རྣལ་འབྱོར་བ་རྟོག་མེད་ཀྱི་བཟོ་འདྲ་བོ་དང་ཞིག་པོ་ཞིག་མོའི་སྤྱོད་པ་ལྟ་བུ་གང་སར་མཐོང་རྒྱུ་འདུག
ཆོས་མིན་སྤྱོད་པའི་ཐན་སྙེ་མགོ་འཕངས་མཐོ། །ཞེས་པའི་ཚིག་དེར་དགོངས་ཚུལ་ག་རེ་ཡོད།
དགེ་འདུན་ཆོས་འཕེལ་ལགས་སྐོར་གླེང་རན་ཞིག་ཡོད་དམ། དེ་ལས་བོད་མི་རིགས་ཀྱི་མཛད་རྗེས་ཅན་གྱི་སྐོར་གླེང་ན་ལེགས།
ཆོས་མིན་སྤྱོད་པའི་ཐན་སྙེ་མགོ་འཕང་མཐོ། །ཞེས་པ་དེའི་སྐོར་འདི་དང་འབྲེལ་བ་ཡོད་དམ་་་་་་་
དགེ་འདུན་རབ་གསལ་ཟེར་མཁན་དེས་ཡང་བོད་དོན་ཚ་ཚ་འུར་འུར་དུ་འགྲོ་བཞིན་སྐབས་འདིར་དགེ་འདུན་ཆོས་འཕེལ་གྱི་སྐོར་གླེང་བཞིན་པ་ནི་དོན་མེད་རང་རེད། ཡང་ཁོས་བཅར་འདྲི་བྱེད་ས་དེར་མཁས་དབང་གི་མིང་ཞིག་བཏགས་ནས་སྤྲེལ་ལད་བྱེད་བཞིན་པར་ཏན་ཏན་དོན་དག་ཅིག་ཡོད་པར་ངེས། གཅིག་ནས་ཕ་ཡུལ་སྐོར་དྲིས་ནས་རེབ་ཀོང་ཡིན་ཟེར་དུ་བཅུག་པ་དེ་ཡང་ཞེན་ཁོག་གི་དར་ཆ་འཕྱར་བཞིན་འདུག མི་ངན་ཁོ་ཐག་རེད།
མཁས་དབང་དགེ་འདུན་ཆོས་འཕེལ་དུས་སྐབས་དེར་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་རེད། དེང་སང་བཤད་ན་ལྷག་ཏུ་གལ་ཆེན་པོ་རེད། ཁོང་གི་སྐོར་གླེང་དགོས་བྱུང་ན་མཐོ་ས་ནས་བོད་སྔ་ཕྱིའི་གྲུབ་མཐའ་དང་ལྷག་ཏུ་རྗེ་ཙོང་ཁ་བའི་ལྟ་བའི་སྐོར་དང་དམའ་ས་ནས་བཤད་ན་སྐྱེས་པ་བུད་མེད་བཟའ་བཏུང་ཡོད་བྱད་ཚུན་ཆད་ནས་ཞིབ་འཇུག་གནང་ཡོད་པ་མཐོང་གསལ་རེད། ཁོང་འདས་ནས་རྗེས་སུ་མ་གཏོགས་ཧ་ལམ་ཁོང་གི་སྐོར་ལ་དོ་སྣང་བྱེད་མཁན་མ་བྱུང་བ་འདྲ།
དྲི་ལན་ཁ་ཤས་བཀླགས་ནས་རྟེན་འབྲེལ་བསྟོད་པའི་འགྲེལ་པ་བྲིས་ཚུལ་དང་། རྩ་རླུང་གི་ཉམས་དང་པོ་ཐོན་སྟངས་འདིས་ང་ཉོབ་བཅུག་སོང་ངོ་། །
(Luc Schaedler)ལགས་ཀྱིས་བཅར་འདྲི་བྱེད་ས་དེར་རེབ་གོང་གདན་རབས་རྩོམ་པ་པོ་དགེ་བཤེས་འཇིགས་མེད་ཐེག་མཆོག་ཚང་རེད། ཁོང་གིས་ལན་ག་འདྲ་ཡག་པོ་བརྒྱབ་འདུག །གོ་ཐོས་ལ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་མཐར་ཕྱིན་སློབ་མ་ཞིག་རོང་བོ་དགོན་པར་གྲྭ་བ་བྱས་ནས་སྐད་གྲགས་ཡོད་པའི་མི་སྣ་ཞིག་ཆགས་འདུག །ང་རང་ཆུང་དུས་དམ་པ་ཁོང་ལ་མཇལ་མྱོང་། །ཁོང་དང་ལྷན་དུ་ཁ་བརྡ་གླེང་མོལ་ཡང་བྱས་མྱོང་ཡོད། ཁོང་ནི་མི་ཆེ་ཆུང་མེད་པར་སུ་ལ་ཐུག་ནའང་ཞལ་གསངས་པོ་དང་ཁ་རུ་ཁར་ཐུག་གནང་མཁན་ཞིག་རེད་ལ། ང་རྒྱལ་ཁེངས་དྲེགས་མེད་པའི་དགེ་བའི་བཤེས་གཉེན་བཟང་པོ་ཞིག་རེད། མཚོ་སྔོན་ནང་བསྟན་སློབ་གླིང་ཐོག་མར་དབུ་འཛུགས་བྱས་དུས་འགན་འཛིན་ཨ་ཀྱ་རིན་པོ་ཆེ་དང་། དགེ་རྒན་ཨ་ལགས་ཤར་གདོང་ཚང་། ཨ་ལགས་ཆོས་ཞི་ཚང་། དགེ་བའི་བཤེས་གཉེན་ཨ་ཁུ་ཡེ་ཤེས་སོགས་དགེ་རྒན་ལྔ་གོ་སྒྲིག་བྱས་ཡོད་ཟེར། དེ་དུས་ང་རང་ནང་བསྟན་སློབ་གླིང་ན་ཡོད་དུས་དགེ་བཤེས་འཇིགས་མེད་ཐེག་མཆོག་ཚང་ལ་མཇལ་མ་མྱོང་། རྗེས་སུ་གདན་འདྲེན་ཞུས་བ་ཡིན་རྒྱུ་རེད།
གྲོགས་པོ་ཚོས་གླེང་མོལ་གནང་བཞིན་པ་ལ་ཐུགས་རྗེ་ཆེ་ཞུ། བཅར་འདྲི་འདི་དག་ནི་ཉེ་ཆར་ཕྲན་ལ་རག་བྱུང་། དཔྱད་གཞིའི་རྒྱུ་ཆ་ཁོ་ནའི་ཆེད་ཕན་ཐོགས་ཡོང་ངེས་རེད་བསམས་ནས་འདིར་བཀོད་པ་ཡིན། ད་དུང་མི་སྣ་གཞན་ལ་བཅར་འདྲི་ཞུས་པ་འགའ་ཡོད་པ་རིམ་གྱིས་སྤེལ་ཆོག་པ་ཞུ། རྒྱུས་ཡོད་ཅན་གྱི་མི་སྣ་མང་པོ་འདས་ཚར་པ་རེད། ད་བཅར་འདྲི་འདི་དག་གི་ལོ་རྒྱུས་ཀྱི་རིན་ཐང་ཡང་ཆེ་རུ་འགྲོ་གི་འདུག དེ་ཙམ་ལ་དགོངས་པ་བཞེས་རོགས་གནང་། ཆོས་ལུགས་ཀྱི་ཕྱོགས་ཞེན་ལྟ་བུའི་སྒེར་ལ་གནོད་པའི་ཚིག་མ་སྤྱོད་རོགས་གནང་།
བོད་གཞུང་དཔེ་མཛོད་ཁང་གི་འགན་འཛིན་ཨ་མཆོག་རིན་པོ་ཆེས་དབུ་ཁྲིད་པའི་གྲྭ་བཙུན་རྣམས་ལ་ཚན་རིག་ཟབ་སྦྱོང་སེ་ར་ནས་ཚུགས་སྐབས་ཐེངས་གཅིག་གི་སློབ་ཚན་ལ་དགེ་འདུན་ཆོས་འཕེལ་སྐོར་གྱི་གློག་བརྙན་དང་འབྲེལ་བའི་དགེ་འདུན་ཆོས་འཕེལ་ལ་བཤད་ཕོད་པ་དང་འབྲི་ཕོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དྲུག་ལྡན་ཚུལ་སྐོར་འགྲེལ་བཤད་རྒྱག་མཁན་གོང་གི་བཅར་འདྲི་བྱེད་མཁན་(LucSchaedler)ཟེར་བ་ཁོང་ཡིན་ནམ་སྙམ་ཡང་གསལ་བོར་མ་ངེས། གློག་བརྙན་དེའི་ནང་བཅར་འདྲི་མང་པོ་བྱས་འདུག་ལ། དགེ་ཆོས་འདོད་སྲེད་ལ་དགའ་བའི་སྐོར་དང་ལྷ་ས་ནས་ཐོན་པའི་སྐོར། གསར་གཏོད་ཀྱི་སྐོར། ཁོང་གིས་དཔྱད་པ་བྱེད་སྟངས་ཚན་རིག་དང་མཐུན་པའི་སྐོར་བཀོད་འདུག །ད་དུང་རག་ར་སྤྲུལ་སྐུ་དང་ལྷན་དུ་ཆུང་དུས་ཀྱི་འདྲ་པར་ཁག་སྙིང་རྗེ་བོ་དེ་འདྲ་འདུག །
ཡག་པོ་བྱུང་འདུག དགེ་རབ་ལགས། མཁས་དབང་དགེ་འདུན་ཆོས་འཕེལ་དེ་བོད་རང་གིས་རང་མྱི་བརླགས་ཟིན་པ་རེད། འགྱོད་པ་སྐྱེ་དགོས་ས་དངོས་ཤིག་རེད། ཆོས་ལུགས་ལ་ཡང་ཕྱོགས་སུ་ཆད་པའི་ལྟ་ངན་ཞིག་ངེས་པར་ཡོད་ས་རེད། དགེ་ལུགས་པའི་གྲྭ་སའི་ཆགས་སྡང་དང་། ཕྲག་དོག་གིས་མ་ཉེས་ཁ་གཡོགས་དང་། ཉེས་མེད་བཙོན་དུ་བཟུང་བ་འདི་ཚོ་བསམ་ཚེ། ༧གོང་སས་དགའ་ལྡན་ཕོ་བྲང་དེ་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་བ་ལ་དགོས་པ་ཆེན་པོ་མཐོང་གི་འདུག །
བཅར་འདྲི་བྱ་ཡུལ་དགེ་འདུན་པ་ཁོང་ནི་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ཡིན་པ་མ་ཟད།ཤར་སྐལ་ལྡན་རྒྱ་མཚོའམ་རེབ་གོང་སྐྱབས་མགོན་གྱི་ཡོངས་འཛིན་གནང་བ་རེད། མདོ་སྔགས་དང་བཅས་ལ་མཁས་པ་དང་། ལྷག་པར་རིག་གནས་ལ་མཁས་པ། ད་དུང་རྩོམ་ཡིག་ཨ་ཅང་ཅང་རེད། སྐབས་དེར་རེབ་གོང་ན་མིང་དུ་གྲགས་པའི་འཛིན་གྲྭ་ཞིག་ཡོད་པ་རེད། དེའི་ནང་གི་ཁག་ཅིག་སྐྱ་སར་བབ་པ་དཔེར་ན། འཇིགས་མེད་བསམ་འགྲུབ་དང་། ཆུ་སྐྱེས་བསམ་གཏན་སོགས་ཁ་ཤས་ཡོད་ཀྱང་། ད་ལྟ་ངས་གསལ་བོ་ཞིག་མི་དྲན་པས་བཞག་པ་ཡིན། གང་ལྟར་བཅར་འདྲི་བྱེད་ས་ནོར་མི་འདུག བཅར་འདྲིའི་ལན་ལ་གཟིགས་དང་དགེ་ཆོས་སྐོར་གྱི་གནས་ཚུལ་གང་མང་ཞིག་དཔེ་དེབ་ཁྲོད་ནས་མ་རྙེད་པ་མ་གོ་བ་རིགས་གོ་གི དཔེར་ན། རྟེན་འབྲེལ་བསྟོད་པའི་འགྲེལ་བ་བརྩམས་པ་དང་། ཨ་ཁུ་གསུང་རབ་ཀྱིས་ཉར་ཚགས་བྱས་ཀྱང་ང་བརྒྱད་སྐབས་བོར་བརླག་ཕྱིན་པ་ལྟ་བུ་རེད།
ངས་དགེ་ཆོས་སྐོར་ལ་དོ་སྣང་ཙམ་བྱས་ཏེ་དཔེ་དེབ་ཁག་ཅིག་བཀླགས་ཡིན། དེ་འདྲ་ཞིག་མ་གོ
གང་ལྟར་བོད་ནང་གི་སྤུན་ཟླ་ཚོའི་བདེ་སྡུག་གླེང་དགོས་པ་འགན་འཁྲི་དང་།་ཞོར་ནས་གསར་འགྱུར་གཞན་དང་རྩོམ་ཡིག་གཞན་སྤེལ་མི་འོས་རབས་གླེང་ན་དེ་ནི་གནས་ལུགས་དང་མི་མཐུན་པ་ཀུན་གྱིས་མཁྱེན་པར་མཛོད། དེ་ཙམ་བྱོས།
དགེ་རབ་ལགས།་སྒུག་ནས་འདུག་མུ་འགོད་བྱོས།
ཡོངས་གྲགས་སུ་དགེ་འདུན་ཆོས་འཕེལ་དགེ་བཤེས་ཤེས་རབ་ཚང་གི་སློབ་མ་ཡིན་མིན་ཐད་ལའང་སྣ་ཚོགས་ཤིག་སྨྲ་མོད།དེ་ཚོའི་གྲས་ཕལ་ཆེ་བ་ཆགས་སྡང་རིས་གཅོད་ཀྱི་སྐད་ཆ་རང་ཡིན་ནམ་སྙམ་པའི་དོགས་པ་འདུག །རག་ར་སྤྲུལ་སྐུས་མང་པོ་ཞིག་བཤད་མོད་དགེ་ཆོས་གྲྭ་སར་ཕེབས་ནས་དགེ་རྒན་སུ་བསྟེན་ཡོད་མེད་གསལ་ཁ་མེད་ལ་གཅིག་བྱས་ན་སྐུ་དྲག་ནང་ཁུལ་གྱི་འགལ་ཟླ་ལས་དགེ་རྒན་འདི་ཡིན་གསལ་བོར་བརྗོད་མ་ཐུབ་པ་ཡིན་ནམ། དགེ་འདུན་ཆོས་འཕེལ་གྲྭ་སར་ཕེབས་ནས་ཀླུ་འབུམ་ཁམས་ཚན་དུ་ཞུགས་པའི་ལོ་དེར་དགེ་བཤེས་ཤེས་རབ་ཚང་གིས་ལྷ་རམས་པའི་དམ་བཅའ་བཞག་ནས་ལོ་ངོ་བཅུ་གཉིས་སོང་བའི་སྐབས་ཡིན་པ་དང་དགུང་ལོའི་བབས་དང་བསྟུན་ནའང་ལོ་བཅུ་དགུ་ལས་རྒན་པ་དང་ཁོང་ཁམས་ཚན་རྒན་ཡིན་ཐོག་སྒོ་བློ་གཉིས་ཀྱི་སློབ་བུ་མང་པོར་དཔེ་ཁྲིད་གནང་བཞིན་པས་དགེ་ཆོས་ཀྱིས་ཀྱང་དགེ་རྒན་དུ་བསྟེན་ཡོད་ཚུལ་ཧོར་ཁང་གིས་བཤད་པ་དེ་བློ་གཟུ་བོར་གནས་པའི་གཏམ་ཡིན་ནམ་སྙམ།
ཨ་ཁུ་ལྷ་སྡེས་གསུངས་པ་ལྟར་དགེ་ལུགས་པའི་ངོས་ནས་བཤད་ན་ཀླུ་སྒྲུབ་དགོངས་རྒྱན་ཁས་བླངས་ས་འགྲོ་ནི་མ་རེད། ཀླུ་སྒྲུབ་དགོངས་རྒྱན་ངོས་ནས་བལྟས་ན་དཔྱད་རྩོམ་ཕུལ་དུ་བྱུང་བ་ཞིག་རེད། དེ་གཉིས་ཀྱི་བརྗོད་གཞི་ཐ་སྙད་ཚད་གྲུབ་ཡོད་མེད་རེད། དོན་ངོ་མས་དགེ་ཆོས་རང་གིས་ཐ་སྙད་ཚད་གྲུབ་ཁས་ལེན་པ་བསྙོན་དུ་མེད་མོད། དེ་འདྲའི་དོགས་སློང་མཛད་པ་ལ་མི་ཤེས་པ་མང་པོས་ལྟ་ལོག་ཅེས་བརྗོད་པ་ནི་ཕྱོགས་ལྷུང་གདོན་ཁས་བཟི་བའི་སྐྱོན་རེད། བདག་ཅག་གི་སྟོན་པས་གང་ཟག་གི་བདག་ཡོད་པར་གསུངས་ཡོད་ལ་མེད་པར་ཡང་གསུངས་ཡོད། དེ་ལ་བདེན་རྫུན་གྱི་དབྱེ་བ་ཇི་ལྟར་འབྱེད། ལ་ལ་ཞིག་གིས་ཐ་སྙད་ཚད་གྲུབ་ཡོད་པར་མ་རྙེད་པ་དང་མེད་པར་མཐོང་བ་གཉིས་ལ་ཁྱད་པར་འབྱེད་དགོས། དབུ་སྨྲ་བས་བདེན་གྲུབ་མ་བརྙེད་པ་དང་མི་འདྲ།
དགེ་འདུན་ཆོས་འཕེལ་ལ་མི་ཚེ་འདིར་མཇལ་མ་མྱོང་། ལན་གཅིག་རྨི་ལམ་ནང་མཇལ་སོང་། སྐྱོ་གདུང་དྲག་པོ་ཞིག་གིས་ཁོང་གི་པང་དུ་འཁྱུད་ནས་ངུས་པ་ཡིན། རྒྱུ་མཚན་བཤད་རྒྱུ་མེད། མཇལ་ས་དེ་ཡང་རག་རས་ཁོང་རྨི་ལམ་ནང་མཇལ་ས་དང་འདྲ་བར་ཟླ་བའི་སྒང་ལྟ་བུ་སྐྱ་རབ་རིབ་ཅིག་ཏུ་རེད་འདུག ཁོང་གིས་ཕྱུ་བ་ཞིག་གྱོན་འདུག དེ་ཡང་རྒྱ་སྨུག་ཅིག་རེད། ཞལ་རས་ལ་གཟི་བརྗིད་ཅིག་འདུག ཞོགས་པར་གཉིད་ལས་སད་དུས་སུ་ད་དུང་ངུ་རྒྱུ་ཡོང་བ་དེ་འདྲའི་སྐྱོ་ཤས་ཤིག་སྐྱེས་སོང་།
དབྱིན་ཡིག་ཤེས་མཁན་འདྲ་ཡོད་ན། ཆུ་ཚོད་ཡོད་མཁན་འདྲ་ཡོད་ན། རྒྱ་རྒན་ཁ་ཤས་ཀྱིས་བཏབས་པའི་མཆན་འདི་དག་ལ་ངེས་བར་དུ་ལན་འདེབས་དགོས་བ་སེམས། གནད་དོན་འདི་དག་ལ་ལན་བཏབས་པ་ཙམ་མ་ཡིན་པ་དུས་ཐོག་ཏུ་ལན་འདེབས་དགོས་བ་ལས་ཕྱི་མི་ཉན། ཕྱིས་དྲགས་ན་མཆན་སྒོ་རྒྱག་པས་ཐད་ཀར་ལན་འདེབས་བྱེད་པའི་གོ་སྐབས་མེད་པས་ཡིན།
http://edition.cnn.com/2012/02/21/world/asia/tibetan-new-year-celebration/index.html
ཐ་སྙད་གྲྭ་ཚང་ཟེར་བ་དེའང་ནོར་འདུག བླ་བྲང་དུ་དགེ་འདུན་ཆོས་འཕེལ་གྱི་འཛིན་གྲྭ་དེ་ལ་ཐ་སྙད་འཛིན་གྲྭ་ཟེར་ནས་འབོད་ཀྱི་ཡོད་པ་ལས་ཐ་སྙད་གྲྭ་ཚང་ཟེར་གྱི་མེད་ཚོད། ཁོང་ཚོའི་འཛིན་གྲྭ་དེ་འཛིན་གྲྭ་གང་གིས་ཀྱང་རྩོད་ཟླ་དཀའ་བ་ཞིག་ཡོད་སྐད། དེ་ཡང་འཛིན་གྲྭའི་ནང་སྐད་གྲགས་ཆེ་ཤོས་དེ་དགེ་འདུན་ཆོས་འཕེལ་དང་དབྱིག་ཀྱའི་འཇམ་དབྱངས་གཉིས་དང་། འཛིན་གྲྭའི་མི་རེ་རེ་བཞིན་ལེགས་སྦྱར་གྱི་མིང་ངམ་སྔགས་མིང་རེ་ཡོད་པ་རེད་ཟེར། དགེ་ཆོས་དེ་ནམ་རྒྱུན་སློབ་སྦྱོང་ལ་བརྩོན་པ་ཆེན་པོ་ཡོད་མཁན་དེ་འདྲ་མིན་པར་སྣང་བ་སྐྱིད་པོ་དང་གང་ཡངས་ཡངས་བྱས་སྡོད་མཁན། ཁ་ཐུ་སྐྱ་ཐུའི་གྲས་ཡིན་སྐད།
འཛིན་གྲྭ་གཏུག་དགོས་སྐབས། གནད་འགག་ཅན་ཚང་མ་འཛིན་གྲྭ་ཡོངས་ཀྱིས་བགོ་བཤའ་བརྒྱབ་ནས་བློ་འཛིན་བྱས་ཏེ། དངོས་སུ་འཛིན་གྲྭ་ཐུག་སྐབས་ཁོང་ཚོའི་འཛིན་གྲྭ་དེའི་ཁ་གཏད་སུས་ཀྱང་ཆོག་གི་མེད་ཚོད། སྔོན་བླ་བྲང་དུ་མཚན་འཕེལ་བཞི་མ་གཏོགས་མེད་པ་ལ་དགེ་ཆོས་དང་དབྱིག་ཀྱའི་འཇམ་དབྱངས་གཉིས་དེར་བཞུགས་སྐབས་རྩོད་པ་སྨར་པོ་བྱུང་ནས་མཚན་འཕེལ་ལྔར་བཏང་སྐད། ཚོགས་ཆེན་རྡོ་གཅལ་ཆེན་པོ་ཡོད་ས་དེར་མར་ཅུང་དོང་ལ་བབས་ཡོད་པའི་ས་ཞིག་ཡོད་པ་དེའང་དགེ་ཆོས་སྐབས་རྩོད་པ་འཕེལ་བོ་བྱུང་ནས་བྱུང་པ་རེད་ཟེར།
དབྱིག་ཀྱའི་འཇམ་དབྱངས་དེ་རྗེས་སུ་རང་ཡུལ་མདའ་ཚན་ནམ་སྟག་ཚང་ལྷ་མོ་གང་རུང་ཞིག་ནས་གྲོངས་འདུག ས་ཆ་ཆེ་སར་འགྲོ་མ་ཐུབ་པས་སྙན་གྲགས་རྒྱས་ཐུབ་མི་འདུག དགེ་ཆོས་དབུས་སུ་བཞུགས་སྐབས། དབྱིག་ཀྱའི་འཇམ་དབྱངས་ལ་དབུས་ཤོག་སེར་པོའི་ཐོག་བྲིས་པའི་ཡི་གེ་ཞིག་མདའ་ཚན་དུ་འབྱོར་འདུག་ཀྱང་དབྱིག་འཇམ་དེའི་སྐབས་མེད་པར་ཡི་གེ་དེ་རྗེས་སུ་ངའི་ཕ་རྒན་གྱི་ལག་པར་སླེབས་འདུག ཕ་རྒན་གྱི་ངག་ཐོག་ན་རྩོམ་ཤོ་ལོ་ཀ་འགའ་རེ་འདོན་རྒྱུའང་འདུག་པ་དེ་དག་ལོ་ཤས་གོང་དྲ་ཐོག་རེ་འགར་དགེ་ཆོས་ཀྱི་རྩོམ་གསར་རྙེད་འདྲ་བོ་ཞིག་ཟེར་ནས་ཐོན་སོང་བསམ་སོང་། ཕ་རྒན་གྱི་ངག་ཏུ་སྐྱོར་རྒྱུ་ཡོད་པ་དེ་ཚོ་ངོ་མ་སྙན་པོ་དགེ་ཆོས་ཀྱི་རྩོམ་ཉམས་འཁྲུལ་མེད་ལྟ་བུར་མཐོང་ཡང་། རྗེས་སུ་དྲ་ཐོག་སླེབས་པ་དེ་ཚོའི་བར་ཅུང་ཟད་མི་འདྲ་བ་འདྲ་ཞིག་མཐོང་སོང་།
སྐུ་ཞབས་མགོན་ཕྱག་ལགས།
ཁྱེད་ཀྱི་ཕ་རྒན་གྱི་ངག་ཐོག་ཏུ་སྐྱོར་རྒྱུ་ཡོད་པའི་དགེ་ཆོས་ཀྱི་འཕྲིན་ཡིག་སྙན་ཚིག་ཅི་དྲན་འདིར་བཀོད་རོགས་ཞུ་་་་བཀའ་དྲིན་ཆེ།
དགེ་ལུགས་གྲྭ་བས་ནག་པོར་མ་བཏང་ཞིང་།།
རིག་འཛིན་རྙིང་མས་དཀར་རྐྱང་བཟོས་མིན་པའི།།
སྐྱ་སེར་སེར་སྐྱའི་རྟེན་ཅན་དགེ་ཆོས་ཞབས།།
ཐབས་མཁས་ཐུགས་རྗེར་རྨོངས་འདི་འོས་སམ་ཅི།།
དགེ་ཆོས་ཆོས་དང་སྲིད་ཀྱི་མཐར་ལྷུང་མིན།།
ཡུལ་དུས་རང་བཞིན་ལྟོས་ནས་འཇོག་པ་ལས།།
༸གོང་ས་ཆེན་པོས་ཆོས་སྲིད་ཕྲལ་བའི་ཕྱིར།།
དགའ་ལྡན་ཕོ་བྲང་བསྣམས་དེར་འབྲེལ་མཆིས་སམ།།
དུས་ལ་བབ་ནས་དགའ་སྤྲོས་ལྷུར་བླངས་པར།།
གནོན་ཤུགས་ཐེབས་པར་གཟིགས་ན་རང་ཉིད་ཁྲུལ།།
སྤྱི་ཚོགས་འགྲོས་དང་བསྟུན་ནས་མཚན་བརྗེས་པར།།
གཞུང་སའི་མཚང་དུ་འཛིན་པ་བླུན་པོའི་གཤིས།།
དགའ་ལྡན་ཕོ་བྲང་མཚན་གནས་ཕར་བ་འདི།།
དགའ་གྲྭའི་འཐེན་འཁྱེར་གཞོམ་ཕྱིར་བྱུང་ཡོད་ན།།
དགའ་ལྡན་ཕོ་བྲང་རིས་མེད་༸དབུ་འཁྲིད་ཀྱིས།།
དགའ་བཞིན་སྤྲོ་བཞིན་བདག་གིར་བཞེས་དོན་ཅི།།
གཞན་ཡང་རྟེན་འབྲེལ་བསྟོད་པའི་འགྲེལ་བ་ཞིག །
དགེ་ཆོས་ཚང་གིས་མཛད་པ་རབ་བདེན་ན།།
ཐ་སྙད་ཚད་གྲུབ་དབང་དུ་འགྲེལ་ཡོད་དམ།།
ཡོད་མིན་མེད་མིན་ལྟ་བ་གང་དུ་འགྲེལ།།
དགོངས་དག རྩོམ་དེ་ཚོ་དྲན་གྱི་མི་འདུག ཕལ་ཆེར་དགེ་ཆོས་ཀྱི་ལོ་རྒྱུས་འབྲི་མཁན་ཧེ་དྷར་ལ་ཡོད་ན་ཐང། ཁོང་སྔགས་མང་ཞིབ་འཇུག་ཁང་གི་ཧྰུམ་ཆེན་དང་མཉམ་དུ་ངའི་ཕ་རྒན་སར་དགེ་ཆོས་སྐོར་བཅར་འདྲི་ཞུ་གི་ཐེངས་གཅིག་སླེབས་འདུག
བླ་མ་སྐྱབས་ཀྱིས་ངའི་ཕ་རྒན་ལ་བཅར་འདྲི་ཞུས་པའི་ཀྲེབ་ཐག་རྙིང་པ་ཞིག་འདི་བ་ཅིག་ལ་ཡོད་ཀྱང་ལམ་སེང་རྙེད་ཁག་པོ་འདུག་ལ་ཀྲེབ་འཁོར་ཡང་མེད། དེའི་ནང་རྩོམ་དེའི་སྐོར་ཡོད་མེད་ཀྱང་ཧ་གོ་མ་སོང་། རྗེས་མ་ཞིག་རྙེད་ན་འདིར་བཀོད་དགོས། བོད་ནང་དྲ་ཐོག་ཏུ་ཐོན་པའི་རྩོམ་གསར་དེའི་ཁུངས་ངའི་ཕ་རྒན་ཡིན་པར་ཐེ་ཚོམ་མེད་ཀྱང་ད་ལྟ་ཁོང་རྒས་ཡོད་པར་བརྟེན་ཚིག་དོན་ཁ་ཤས་སྐྱོར་ཉེས་བྱས་མེད་འགྲོ་བསམ།
ངས་ཕ་ཡུལ་ལ་ཁ་པར་བཏང་དུས་ཤིག་སྐྱར་དུ་འདྲི་དགོས། ད་སེམས་ངོས་སུ་ཚིག་དོན་མ་ཉམས་པར་གནས་ཡོད་མེད་ཅི་གོ།
རྩམ་དགའ་ལགས།
ངས་ད་སོ་མ་ཕ་ཡུལ་ཁ་པར་བཏང་ནས་ཕ་རྒན་ལ་སྙན་ངག་དེའི་སྐོར་སྐད་ཆ་དྲིས་པ་ཡིན། དབྱིག་ཀྱའི་འཇམ་དབྱངས་ལ་སྐུར་བ་དེ་ཁོང་གཉིས་ཀྱི་མཛའ་བརྩེ་བརྗོད་གཞི་བྱས་པའི་ཡི་གེ་གཅིག དེ་མཉམ་དུ་ད་ལྟའི་མཚོ་སྔོན་བོད་ཡིག་གསར་འགྱུར་ལས་ཆུང་ཞིང་ཚོན་ཁྲ་མེད་པའི་ཚགས་པར་ཁ་ཤས། དེ་ནས་རྒྱ་གར་གྱི་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ལྟ་བུ་ཞིག གཞན་བསླབ་བྱ་ལྟ་བུ་ཞིག་བཅས་འདུག་ཟེར། ཁོང་གི་བློ་ཐོག་ཏུ་ཤོ་ལོ་ཀ་རེ་ཟུང་ལས་དྲན་གྱི་མི་འདུག་ཟེར།
ཡི་གེའི་ཐོག་དང་པོར།
ཀློག་རྣམ་པར་རོལ་བ་སངས་རྒྱས་ལ་ཕྱག་འཚལ་ལོ།
དབྱངས་ཅན་རིག་པ་མ་སྨད་འདི།། ངེས་པར་ངག་རྣམས་གསལ་བྱེད་དེ།། འཇིག་རྟེན་གསལ་བྱེད་ངག་གིས་ནི།། ཁྱེད་ཅག་མགྲིན་པ་མཛེས་གྱུར་ཅིག།
བཀྲ་ཤིས་ལྗོངས་འདིར་སྔོན་བྱུང་བའི།། བརྟུལ་དང་བསམ་པ་བཟང་ལྡན་པ།། མཆོག་གི་ལམ་ལ་རྗེས་ཞུགས་པའི།། ཁྱུ་མཆོག་ལཀྴུ་ས་རའོ།། ཞེས་དང་། ཁྱོད་གདོང་ཡིད་ལ་དྲན་པ་ན།། སྨྲ་མི་ཤེས་པའི་གདུང་བ་ཐོབ།། ཟེར་བ་ལྟ་བུ།
རྗེས་སུ། བརྗོད་བྱ་ངོ་བོ་དམན་པ་ཕལ་བའི་རྡོ།། རྗོད་བྱེད་མཛེས་པའི་ཚོན་གྱིས་ཁ་བསྒྱུར་བའི།། བསྟན་བཅོས་ནོར་བུའི་ཟོབ་འདི་མཁས་རྣམས་ཀྱི།། བློ་གྲོས་ཡངས་པའི་ཁང་བཟང་འགྲིམ་དུ་ཆུག།
ཡང་བསླབ་བྱའི་ནང་ཤོ་ལོ་ཀ་གཉིས་དྲན་སོས་ཀྱི་འདུག་པའི་དང་པོ་ཡོངས་གྲགས་ཤིག་དང་གཉིས་པ་དེ་གསར་པ་ཞིག་རེད་འདུག་པ་གཤམ་གསལ།
རྒྱ་ཆེན་དོན་གཉིས་གྲུབ་པའི་དགའ་སྟོན་ལ་རོལ་བའི།། མ་འདྲིས་འགྲོ་བའི་རྩ་ལག་ཟས་གཙང་གི་སྲས་པོ།། མཐའ་དང་ཟད་དུ་མེད་པའི་བྱིན་རླབས་ཀྱི་སྦྲང་ཆར།། ཐུགས་རྗེ་ཆུ་འཛིན་འཁྲིགས་པའི་གུར་ཁང་ནས་ཕོབ་ཅིག།
སྔོན་མཐའ་མེད་པའི་དུས་ནས་རིགས་དྲུག་གི་གནས་འདིར།། སྡུག་བསྔལ་འདི་མ་མྱོང་བའི་རྣམ་གྲངས་ཤིག་མེད་ཀྱང་།། ད་དུང་སྔར་བྱས་ལས་ལ་སུན་པ་ཙམ་མེད་པར།། སོས་དལ་རང་དགར་སྡོད་པའི་ངང་ཚུལ་འདི་སོམས་དང་།། ཞེས་པ་ལྟ་བུ་འདུག རྗེས་སུ་སེམས་ལ་དྲན་ན་ཡང་སྐྱར་བཤད་དགོས་ཟེར། ཁོང་གིས་བཤད་པ་དག་ད་ལྟ་ཕྱི་ལ་ཁྱབ་བཞིན་འདུག ཡིན་ནའང་ནང་ལ་ལྷད་བཅུག་པ་དེ་འདྲ་འདུག་ཟེར། དཔེ་བཞག་ན། འཕྲིན་ཡིག་ནང་། ཀློག་རྣམ་པར་རོལ་བའི་སངས་རྒྱས་ལ་ཕྱག་འཚལ་ལོ་བྲིས་ཡོད་ཀྱང་། ད་ལྟ་ཕྱི་རུ་ཐོན་པའི་ནང་། ཀློག་རྣམ་པར་རོལ་བའི་དབྱངས་ཅན་ལ་ཕྱག་འཚལ་ལོ་ཟེར་ནས་བཀོད་འདུག་ཟེར།
ལྷད་སུས་འཇུག་གི་ཡོད་མེད་སྐོར་དྲིས་ཀྱང་དེ་མི་ཤེས། སྔོན་ཕྱི་རྒྱལ་གྱི་ཞི་མོ་ཞིག་དང་མཉམ་དགེ་འདུན་ཆོས་འཕེལ་གྱི་ཚ་བོ་ཡིན་ཟེར་བ་ཞིག་སླེབས་སོང་། ཕལ་ཆེར་དེ་འདྲ་ཞིག་མིན་ན་ཟེར། དེ་ཙམ་ཡིན།
ད་འདིར་གསལ་བཤད་ཅིག་ལ། ཨ་ལག་ཙ་ཡུའི་བཅར་འདྲིའི་ནང་ཡིག་རྒྱའི་འཇམ་དབྱངས། གཡུག་རྒྱའི་འཇམ་དབྱངས་བྲིས་པ་དེ་ནོར་འདུག དབྱིག་ཀྱའི་འཇམ་དབྱངས་དེ་དག་པ་རེད། ག་རེ་རེད་ཟེར་ན། དབྱིག་འཇམ་དེ་བླ་མ་དབྱིག་ཀྱ་ཚང་གི་རེད།
དགེ་འདུན་རབ་གསལ་སེར་མོའི་མཆོག་ལ་མི་དགའ་ཐག་གཅོད་རེད། སེར་མོའི་ཕྱོགས་ལབསྐུར་འདེབས་ཞུ་སའི་སྡིང་ཆ་གཙོ་བོ་ཞིག་རེད་འདུག ད་ཐེང་དགེ་ཆོས་ལོ་རྒྱུས་གཏོང་བ་འདི་བཟང་རབ་ཞིག་རེད་མི་སྐྱོན། དེ་མིན་བོད་མཐུན་སྒྲིལ་ལ་བསམ་ཞིབ་ངེས་པར་གནང་རོགས་གནང་། ཐུགས་རྗེ་གཟིགས།
དགེ་ཆོས་སྐོར་རིམ་སྤེལ་གནང་བར་བཀའ་དྲིན་ཆེ་ཞུ། ཁོང་གི་སྐོར་གྱི་གློག་བརྙན་དེར་ཐེངས་གཉིས་གསུམ་ཙམ་བལྟས་པ་ཡིན། ཁ་སྔོན་བཅར་འདྲི་ཁག་དྲ་ངོས་འཇོག་འགོ་བཙུགས་པས་མདང་དགོང་ཡང་གློག་བརྙན་དེར་ཚར་གཅིག་བལྟས་པ་ཡིན། བཅར་འདྲི་མང་པོ་བྱས་པའང་ཧ་ཅང་ཡག་པོ་འདུག འོན་ཀྱང་འགའ་ཤས་ཀྱི་དྲིས་ལན་ནི་ས་བཅད་མ་སྟོང་ཙམ་རེད་མོད། སྤྱིའི་ཆ་ནས་རྒྱུ་ཆ་མང་ཐག་ཆོད་འདུག་པས་བསྔགས་པར་འོས།
ད་དུང་དྲ་གྲོགས་རྙིང་པ་མགོན་ཕྱག་ལགས་ཀྱིས་ཕ་རྒན་ལ་ཁ་པར་བཏང་སྟེ་ཚིགས་བཅད་མ་མཐོང་བ་མང་པོ་ཁ་སྣོན་བྱས་པ་ནི་དེ་བས་ཀྱང་བསྔགས་པར་འོས། དམིགས་ཀྱིས་བཀའ་དྲིན་ཆེ་ཞུ་འདོད་བྱུང་།
ད་ཐེངས་དགེ་ཆོས་སྐོར་གྱི་བཅར་འདྲི་མང་པོ་ཡིག་ཐོག་ནས་དྲ་བར་བཀོད་པ་འདི་ནི་རང་ག་བའི་ཤེས་ལྡན་པ་ཞིག་གིས་བསྒྲུབས་མོ་ཕོད། རྒྱུ་མཚན་ནི་ང་ཚོའི་རྩོམ་པ་པོ་དང་ཞིབ་འཇུག་པར་རློམ་པ་མང་པོ་ཞིག་གིས་རང་གིས་མི་འཇོན་ཁར་རྒྱུ་ཆ་ཚང་མ་གསང་ཉར་བྱས་སྡོད་ཀི་རེད།
འདིའི་ཐད་ནས་བཀུར་འོས་དགེ་རབ་ལགས་ལའང་བཀའ་དྲིན་ཆེ་ཆེ་ཟེར་འདོད་བྱུང་།
དགེ་ཆོས་སྐོར་གྱི་ལོ་རྒྱུས་དྲི་བ་དང་། དེའི་མཆན་སོགས་ཆ་ཚང་ཀློག་པ་ཡིན་དེ་སྙན་མོ་བྱུང་། ཡིན་ནའང་དགེ་འདུན་ཆོས་འཕེལ་བཙོན་ལ་བཅུག་དགོས་པའི་གནད་དོན་དེ་སུས་ཀྱང་ཁ་གསལ་གསུང་མི་འདུག དེའི་སྐོར་གནས་ཚུལ་ངག་རྒྱུན་དང་རྒྱུས་མངའ་ཅན་རེ་ཡོད་ན་གསུང་རོགས་གནང་། གོང་དུ་མགོན་པོ་ཕྱག་གཉིས་པས་དྲངས་པའི་དགེ་ཆོས་ཀྱི་ཚིག་དེ་ཚོ་སྙན་མོ་བྱུང་།
མཆན་ཐོག་ཏུ་རྩམ་དགའ་མཇལ་བར་དགའ་བོ་བྱུང་། ཁྱེད་དགེ་ཆོས་ལ་དགའ་མཁན་གྱི་མྱི་ཤ་སྣག་འདྲ་བོ་ཡིན་རྒྱུ་རེད།
དགེ་ཆོས་བཙོན་འཇུག་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་གོ་མིན་ཏང་གི་གསང་ཉུལ་རེད་ཟེར་ནས་ཁག་བཀལ་བ་རེད།
རེད་འདུག དེའི་སྐབས་ཀྱི་གནས་སྟངས་ཁག་ཅིག་ཧ་གོ་ཡོང་གི་འདུག དཔེར་ན་སྟོན་པ་དང་༧གོས་མཆོག་གི་སྐུ་པར་དང་ལྷན་རྒྱ་ནག་རྒྱལ་པོའི་པར་ཡང་ལྷན་བཞག་པ་འདི་རེད། འདིས་གང་ཞིག་མཚོན་གི་ཡོད་མེད་མི་ཤེས་ཏེ་རྒྱ་མི་ལ་དགོས་ཡ་གི་སྐད་ཆ་ཞིག་རེད། སྤྱིར་ཡག་པོ་འདུག
སྒྲོང་དེ་ལ་བལྟས་ན་མགོ་བོ་ཉོབས་ཏུ་གཏོང་ཅད་རེད་ཕར་ཟུར་དུ་གཡུགས་ན་བཟང་བར་མཐོང་
འདི་རྒྱ་གུང་བྲན་ལ་ཤོད་དགོས་པའི་དཔང་རྟགས་ཀྱི་སྐད་ཆ་གཅིགནི།
་་་་། དེ་གང་གི་ཐོག་ནས་ཤེས་ཀྱི་འདུག་ཅེ་ན། བཙོན་ཁང་དུ་བྲིས་པའི་རྩོམ་ཞིག་ཡོད་པ་རེད། རྩོམ་དེའི་ནང་དུ་བོད་ཀྱི་འགྲོ་སྟངས་འདུག་སྟངས་དང་ཁྲིམས་བཅས་ཐམས་ཅད་ཆོས་དང་མཐུན་གྱི་འདུག སྔོན་གྱི་ཆོས་རྒྱལ་གོང་མ་ཚོའི་ལམ་ལུགས་དེ་ཆོས་དང་མཐུན་པ་ཞིག་ཡིན་པས་མི་རིགས་གཞན་གྱི་བཙོན་ཁང་དང་བོད་ཀྱི་བཙོན་ཁང་གཉིས་བསཉྱུར་བ་ཡིན་ན་དེ་གཉིས་བསཉྱུར་ཐབས་མི་འདུག ཟེར་བའདི་རེད་འདུག
ང་རང་ལ་བསམ་ན་སེམས་སྟེང་ནས་དགེ་ཆོས་ལ་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཡིན། འོན་ཀྱང་སྔོན་དགེ་ཆོས་སྐུ་ཚེ་རིང་ཙམ་བཞུགས་ན་བོད་དེ་མ་འདྲ་བ་ཞིག་ཆགས་ཡོད་རེད་དྲན་གྱི་མི་འདུག་གང་ཡིན་ཟེར་ན་མི་གཅིག་གིས་རང་གི་བསམ་ཚུལ་བཟང་པོ་ཡོད་པ་ཙམ་གྱིས་སྤྱི་ཚོགས་ལ་འགྱུར་ལྡོག་འགྲོ་བ་ཧ་ཅང་ཁག་པོ་རེད། དེ་བཞིན་སྔོན་སྡེ་པ་གཞུང་གིས་ཁོང་གི་ཞལ་ལ་མི་མཉན་པར་ཡང་ཁག་ཡོད་མ་རེད། དཔེར་ན་དེང་སང་ཤེས་ཡོན་ཅན་དང་རྩོམ་པ་པོ་རྣམས་ཀྱིས་རྒྱལ་ཁབ་ལ་ཡ་འདྲ་དགོས་རེད་མ་འདྲ་དགོས་རེད་ཟེར་ནས་བཤད་ཀྱི་ཡོད་རེད་དེ་རྒྱལ་ཁབ་སུ་གཅིག་གིས་ཀྱང་རང་གི་ཆབ་སྲིད་རྩོམ་པ་པོ་མཁས་དབང་ཞིག་གིས་ཁ་ལ་མཉན་ནས་འགྱུར་བཅོས་བཏང་མྱོང་ཡོད་མ་རེད། དེས་ན་དེ་སང་མི་མང་པོ་ཞིག་གིས་སྔར་བོད་གཞུང་གིས་དགེ་ཆོས་ཀྱི་ཞལ་ལ་མ་གསན་པ་ལ་ཧ་ལས་མདོག་བྱེད་པ་ནི་རང་ལ་མཐོང་རྒྱ་གང་ཡང་མེད་པའི་རྟགས་རེད། ཡང་བོད་གཞུང་གིས་དགེ་ཆོས་བཙོན་ཏུ་བཅུག་པ་ཡང་མ་ཉེས་ཁག་གཡོག་ཞིག་མ་ཡིན་པར་ཧ་གོ་ཐུབ། རྒྱུ་མཚན་ནི་དགེ་ཆོས་ནི་སྐུ་དྲག་ཚོ་དང་དགེ་བཤེས་དབང་ཆ་ཡོད་མཁན་རྣམས་དང་ཧ་ཅང་གི་འབྲེལ་བ་ཆེན་པོ་ཡིན་པས་དོན་མེད་ཀྱི་མ་ཉེས་ཁག་གཡོག་དེ་འདྲ་བྱེད་ཐུབ་ས་ཡོད་མ་རེད། བཙུན་དུ་བཅུག་པའི་སྐབས་སུ་ཡང་སྐུ་དྲག་ཚོའི་རོགས་རམ་ལ་བརྟེན་ནས་ལྕག་ཚན་ཚུན་ཆད་ཡངས་སུ་བཏང་ཡོད་པ་ལ་གཟིགས་དང་མ་ཉེས་ཁ་གཡོག་ཕོག་ཆོག་ཆོག་དེ་འདྲ་མིན་པ་ཤེས་ཐུབ། འོ་ན་གང་ལ་བརྟེན་ནས་བཙུན་དུ་བཅུག་པ་རེད་སྙམ་ན་དགེ་ཆོས་ཕྱི་ཕྱོགས་གནས་ཚུལ་དང་འགྱུར་བ་མཁྱེན་མཁན་ཡིན་ཙང་བོད་ནང་ལ་ཡང་ཆབ་སྲིད་འགྱུར་བཅོས་གཏོང་བའི་རེ་བ་དང་ཕྱག་ལས་གནང་བ་ལ་བརྟེན་ནས་རེད། དེའི་སྐབས་ཀྱི་བོད་གཞུང་ནི་དམངས་གཙོའི་གཞུང་མིན་པས་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་འཛིན་བཟུང་བྱས་པ་དེ་ཡང་བསམ་ཐུབ་པ་ཞིག་རེད། མདོར་ན་དགེ་ཆོས་ཀྱི་ཐུགས་བསམ་བོད་ཀྱི་ཆེད་ཡིན་ན་ཡང་དེ་དུས་ཀྱི་བོད་ཀྱི་ཁྲིམས་དང་འགལ་བའི་ཕྱག་ལས་གནང་བ་རེད་དེ་ལ་བསམ་ན་མ་ཉེས་ཁ་གཡོག་མ་རེད།
ཚེ་བརྟན་གཡུ་སྒྲོན་ལགས་ཀྱིས་བཅར་འདྲི་ལན་འདེབས་ནང་དགེ་ཆོས་ཀྱིས་བལ་པོ་ཞིག་གི་འགྲམ་ནས་གྲོན་དངུལ་འཁྱེར་ཡོང་གི་ཡོད་པ་དང་དེ་ཡང་སྤོམ་མདའ་ཚང་གི་བུ་རབ་དགས་བསྐུར་གྱི་ཡོད་པ་འདྲ་ཞིག་དྭོགས་སློང་གནང་འདུག
སྤྱིར་སྤོམ་མདའི་བུ་རབ་དགའ་དང་དགེ་ཆོས་ཀྱི་དབར་འབྲེལ་བ་ཉེ་ཙམ་ཞིག་བྱུང་ཡོད་ཚོད། ཕལ་ཆེར་འབྲེལ་བ་དེ་ཡང་ཆོས་དང་རིག་གཞུང་གི་ཐོག་ནས་དང་རྒྱུ་དང་དཔལ་འབྱོར་གྱི་ཐོག་ནས་མིན་པར་ཆབ་སྲིད་ཀྱི་ལྟ་ཚུལ་མཐུན་པའི་རྨང་གཞི་ཞིག་གི་སྟེང་ནས་བྱུང་བ་མིན་ནམ་བསམ་གི སྤོམ་མདའི་བུ་རབ་དགའ་རྒྱ་ནག་ཏུ་སློབ་སྦྱོང་ལ་ཕྱིན་སྟབས་དམར་ཤོག་གི་ལྟ་བར་གང་འཚམ་རྒྱུས་ཡོད་ཡིན་ངེས་ཅན་རེད། རབ་དགའ་སོགས་ཀྱིས་བཙུགས་པའི་ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཅེས་པའི་ཚོགས་པའི་ཡིག་ཆའི་ནང་དུ་ཡང་དམར་ཤོག་གི་ལྟ་བའི་ཤན་ཤུགས་ཡོད་པར་བཤད་སྲོལ་ཡོད་ཅིང་། ཚོགས་པའི་ལས་རྟགས་སུ་ཡང་ཟོར་བ་བཀོད་ནས་ཡོད་པར་བཤད།
དེས་ན་དགེ་ཆོས་བཙོན་དུ་ཚུད་ནས་དཀའ་སྡུག་མྱངས་པའི་སྐབས་རབ་དགས་རང་གི་ཐབས་གྲོགས་ལ་ཕན་གང་ཐོགས་བྱ་རྒྱུ་དེ་ལུགས་དང་མཐུན་པ་ཞིག་རེད།
ངས་དགེ་ཆོས་མཆོག་དམར་ཤོག་པ་རེད་ཞུ་གི་མེད་ཀྱང་དཔྱད་པའི་གཞི་ཞིག་འདུག་ཞུ་གི་ཡོད། འདྲོགས་མགོ་ལངས་ཆོག་ཆོག་ཚོས་གང་བྱུང་གིས་གཤེ་གཤེ་མ་བྱེད་རོགས།
དགེ་ལེགས་ཀུན་འབྱུང་སྣ་ཚོགས་རིག་གཞུང་ལ།།
འདུན་པ་བཟང་པོས་རྟག་ཏུ་བརྩོན་པ་ཡིས།།
ཆོས་དང་ཆོས་མིན་འབྱེད་པའི་རྣམ་དཔྱོད་ཀྱིས།།
འཕེལ་བ་རྫོགས་པའི་སྐྱེས་བུ་དེ་ལ་བསྔགས།།༼ཟམ་གདོང་རིན་པོ་ཆེ།༽
དགེ་འདུན་ཆོས་འཕེལ་བཙོན་དུ་བཟུང་བ་དང་མཐར་མི་མིན་ཁྱི་མིན་དུ་གྱུར་ཏེ་སྨྱོན་པ་ལྟར་གྱུར་པ་ནི། མཐར་གཏུགས་ན་ཁོང་རང་ཉིད་ཐབས་ལ་མ་མཁས་པས་བྱས་པ་རེད། ངའི་འཛིན་གྲོགས་ཤིག་གིས་ཟེར་ན། ཁོས་དགེ་འདུན་ཆོས་འཕེལ་དོན་གྱི་མཁས་པ་ཞིག་ཡིན་པར་ངོས་ལེན་མི་བྱེད་ཟེར། གང་ཡིན་ཟེར་དུས། དོན་གྱི་མཁས་པ་ཟེར་བ་དེ་དོན་དངོས་པོའི་ལག་ལེན་ཐོག་ཐུག་དུས་བྱེད་སྟངས་མ་འདྲ་ཞིག་དགོས་པ་རེད། མདོར་བསྡུས་ན་ཐབས་ལ་མཁས་པ་དགོས་པ་རེད། དགེ་འདུན་ཆོས་འཕེལ་ལ་དེ་སྐབས་ལ་བལྟོས་པའི་མཐོང་རྒྱ་ཐོས་རྒྱ་དང་བློ་གྲོས་ཆེ་ཙམ་ཡོད་ན་ཡང་། ཐབས་ལ་མ་མཁས་པའི་རྒྱུ་མཚན་གྱིས་མཐར་ག་བྱེད་འདི་བྱེད་མེད་པར་གྱུར་པ་རེད། ཁོང་དོན་ངོ་མའི་མཁས་དབང་ཞིག་མ་རེད་ཅེས་བརྗོད་བྱུང་། ལེགས་པར་བསམས་ན། དེ་ག་རང་རེད། ད་དུང་ང་ཚོའི་སྤྱི་ཚོགས་འདིའི་ནང་དེང་འཚོ་བཞིན་བཞུགས་པའི་བསམ་བློ་བ་དང་རྩོམ་པ་པོ། དེ་བཞིན་མཁས་པའི་དབང་པོ་ཡིན་པར་གྲགས་པ་གང་ལ་གང་འཚམས་མཐོང་རྒྱུ་འདུག་པ་ཀུན་གྱིས་ཀྱང་རང་ལ་མི་རིགས་འདིར་ཤ་ཞེན་དང་དེ་སྔོན་ཐོན་དུ་འཁྲིད་འདོད་ཀྱི་འདུན་པ་དྲག་པོ་ཡོད་པ་ཙམ་གྱིས་མི་ཆོག་པར། ངེས་པར་དུ་ཐབས་ལ་མཁས་པ་གནང་དགོས་པ་འདི་ཡང་གནད་འགག་ནང་གི་གནད་འགག་ཅིག་རེད་འདུག དེར་བརྟེན་དེ་རིང་གོ་སྐབས་འདི་བརྒྱུད་ནས་ང་རང་གི་སེམས་ཀྱི་སྐད་ཆ་བཤད་པ་ཡིན། ང་ཚོའི་མི་རིགས་ལ་ལྷག་བསམ་དང་ཤ་ཞེན་མཁྱེན་རྒྱ་ཡངས་པའི་བསམ་བློ་བ་དང་རྩོམ་པ་པོ་དེ་བཞིན་དྲན་དབང་རྣམས་ཀྱིས་ཐབས་ལ་མཁས་པ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ནམ་ཡང་ལྐུགས་པ་ཨུ་ཚུགས་མི་གནང་བའི་རེ་བ་ཞུ། ངང་རྒྱུན་རིང་ཙམ་གནང་རོགས།
དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་དཔྱད་རྩོམ་མང་པོ་འདུག་ལ་ལོ་རྒྱུས་ཞིབ་འཇུག་ཀྱང་ཉུང་མི་འདུག འོན་ཀྱང་ཁོང་ལ་ཡིད་སྨོན་དང་དུས་རབས་ཤིག་གི་དཔའ་བོར་རྩི་མཁན་ཡང་འདུག དེ་ཚོས་ངེས་པར་དུ་ཁོང་གི་ཞན་ཁ་དང་འཐུས་ཤོར་རྣམས་ངོས་ཟིན་དགོས་པ་གལ་ཆེན་པོ་རེད། ཁོང་གི་ཞན་ཆ་ཆེ་ཤོས་དང་འཐུས་ཤོར་ཆེ་ཤོས་དེ་རང་ཤེད་ཆེ་དྲགས་པ་དང་གཞན་བསྟུན་གྱི་བློ་རྒྱ་དོག་དྲགས་པ་དེ་རེད། དེར་བརྟེན་ཁོང་གི་ལོ་རྒྱུས་ལས་བསླབ་བྱ་བསླངས་ཏེ་ཕྱིན་ཆད་ཁོང་ལྟ་བུའི་མི་རིགས་ཀྱི་སྐྱེས་མཆོག་རྣམས་སྐུ་ཚེ་ཡུན་དུ་བརྟན་ཅིང་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པ་ཡོང་ཆེད། ནམ་ཡང་ཐབས་ལ་མཁས་པ་གནང་དགོས་པ་རེད་ཅེས་གལ་པོ་ཆེ་ལ་ནན་ཏན་གྱིས་ཞུ་འདོད་བྱུང་། ཐུགས་རྗེ་ཆེ།
ད་དུང་དགེ་ཆོས་ལ་ཞན་ཆ་ཆེན་པོ་ཞིག་ཡོད་པ་རེད། དེ་ནི་ཁོང་ཤེས་རྒྱ་ཆེ་ཡང་བློ་རྒྱ་དེ་ཙམ་མེད་པ་ཞིག་རེད་འདུག དེ་ཇི་ལྟར་ཤེས་ཀྱི་རེད་ཟེར་ན་ཁོང་བཙོན་ཁང་ནང་ལོ་གསུམ་ཚུད་པ་རེད་ལ་སྡུག་བསྔལ་ཡང་གང་ཙམ་བྱུང་བ་སྨོས་མི་དགོས་པ་རེད་འོན་ཀྱང་མི་རིགས་ཀྱི་ཆེད་ཕྱག་ལས་གནང་མཁན་སྐྱེས་བུ་དམ་པ་མང་པོ་ཞིག་ལོ་བཅུ་ཕྲག་མང་པོ་བཙོན་དུ་འཛུལ་མྱོང་མཁན་ཤག་རྟག་རེད། ཡིན་ནའང་ཁོང་ཚོ་བཙོན་གྲོལ་ཐོབ་རྗེས་སེམས་ཤུགས་ཉམས་པ་དང་ཆང་རག་ཁོ་ན་འཐུང་ནས་བཞུགས་པ་མ་ཡིན་པར་སྔར་ལས་ཀྱང་སེམས་ཤུགས་ཆེར་བསྐྱེད་ནས་མུ་མཐུད་ཕྱག་ལས་གནང་གི་ཡོད་པ་རེད། འོན་ཀྱང་ཁོང་གིས་དེ་ལྟར་གནང་ཐུབ་ཡོད་མ་རེད།
༄༅། གོང་དུ་དྲ྄་གྲོགས་རྣམས་ནས་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཞིབ་ཕྲ་མང་པོ་གསུངས་འདུག །དགེ་ཆོས་ལགས་ཤེས་རྒྱ་ཆེ་བ་དང་རང་བཞིན་གྱི་ང་རྒྱལ་ཡང་ཆེན་པོ་ཡོད་པ་འདྲ། དོན་དུ་ཐ་སྙད་ལ་མཁས་ཀྱང་དོན་དུ་གནད་འགག་ཐུག་དུས་བློ་རྒྱ་ཡོད་མཁན་དེ་འདྲ་མིན་པ་འདྲ། གང་ཡིན་ཞེ་ན་ཁོ་རང་ལ་མ་ཉེས་ཁ་གཡོག་བྱུང་དུས་རྣམ་དཔྱོད་བློ་གྲོས་ལ་བརྟེན་ནས་ཉེས་མིང་དག་ཐེར་ཡོང་འཐབ་བྱེད་དགོས་པ་ལས་སྐྱེ་བོ་ཐ་མལ་གྱི་བྱེད་སྟངས་བཞིན་སྐྱོ་རོགས་ཆང་རག་ལ་བྱེད་ཅིང་ད་དུང་དུག་རྫས་བེད་སྤྱོད་གནང་བ་དེ་ཧ་ལས་པས་ཐབས་སྡུགས་པོ་རེད། མ་ཉེས་ཁ་གཡོག་སྐོར་ལ་བཤད་ཚུལ་མི་འདྲ་བ་གསུམ་ཐོན་གྱི་འདུག ། བོད་དངུལ་རྒྱ་ལོར་བརྫུས་མ་བཟོས་པའི་མིང་། དམར་ཤོག་གི་གསང་དམྱུལ་ཡིན་ཚུལ། ད་དུང་གོ་མིན་ཏང་གི་གསང་དམྱུལ་ཡིན་ཚུལ་བཅས་རེད། དངོས་གནས་བྱས་ན་ཁོ་རང་བཙོན་དུ་ཡོད་དུས་སྐྱིད་པོ་ཞེ་དྲག་བྱུང་འདུག་པ་ཁོ་རང་གིས་གསུང་པར་ཕྱི་རྒྱལ་གྱི་མགྲོན་ཁང་ལས་བོད་ཀྱི་བཙོན་ཁང་སྐྱིད་པ་འདུག་ཅེས་གསུངས་འདུག ། ད་དུང་ཡ་མཚན་པ་ཞིག་ལ་སྡེ་པ་གཞུང་གི་ཆེས་མཐོའི་སྐུ་དྲག་རྣམས་པའི་གསོལ་སྟོན་ཞིག་ལ་ཁོ་རང་ཕེབས་པ་དང་སྐུ་ཟླ་ཡང་མཉམ་འཁྲིད་གནང་འདུག །འོ་ན་སྐབས་དེའི་སྡེ་པ་གཞུང་དེ་གང་འདྲ་ཞིག་ཡིན་ནམ། ད་དུང་ཁོང་ལ་སྲས་མོ་ཞིག་ཡོད་ཚུལ་འདུག་པས་དེ་བདེན་ན་ད་སྐབས་ཁོང་གང་དུ་ཡོད་དམ།
མཁས་དབང་དགེ་ཆོས་མཆོག་ནི་བོད་ཀྱི་ལོ་རྒྱུས་ཐོག་ཧ་ལམ་བྱུང་མྱོང་མེད་པའི་ཡུལ་བསྐོར་པ་དང་སྒྱུ་རྩལ་པ།མཚན་ཉིད་རིག་པ་བ་དང་སྙན་ངག་ཕུལ་བྱུང་འབྲི་མཁན་ཅིག་དང་།ལྷག་པར་དེང་དུས་ཀྱི་སྒྱུ་རྩལ་པ་གྲགས་ཅན་ཚོ་ནང་བཞིན་སེམས་ཚོར་དམིགས་བསལ་པ་དང་གཤིས་ལུགས་ཀྱི་གནད་སྣ་ཚོགས་ལ་བལྟ་སྟངས་མི་འདྲ་བ་ཡོད་མཁན་མི་རྣམ་དཔྱོད་ཅན་ཅིག་ཡིན་པར་བསྙོན་དུ་མེད།འོན་ཀྱང་།ཁོང་ཆབ་སྲིད་པ་དང་སྤྱི་ཚོགས་རིག་པ་བ་ཅིག་མ་རེད་སྙམ།གཅིག་ཁོང་ལ་སྐབས་དེའི་སྤྱི་ཚོགས་ནང་མཐོང་དང་ཆ་འཇོག་ཆེན་པོ་ཡོད་པ་ལོ་རྒྱུས་ཀུན་ཁ་མཐུན་ཡིན་རུང་།ཁོང་གིས་སོ་སོའི་ཆེ་མཐོང་དེ་བེད་སྤྱོད་བཏང་ནས་སྤྱི་ཚོགས་འགྱུར་བཅོས་གང་ཡང་གཏོང་ཐུབ་མེད།གཉིས་ཁོ་རང་ལ་ཨིན་ཇིས་དཀྲུག་ཤིང་གི་དོགས་པ་ཡོད་བཞིན་བོད་ལ་ཡོང་བ་དང་ཉམས་འཇོག་ཡིད་གཟབ་མ་བྱས་པ།གང་བྱུང་སྐུ་དྲག་ཅོལ་ཆུང་རེའི་རྗེས་སུ་རྒྱུགས་ཏེ་བྱེད་བབ་མང་དྲག་རྐྱེན་མཐར་བཙོན་དོང་དུ་ཚུད་པས།སེམས་ནང་ཁོ་ཐག་ཡོངས་སུ་ཆད་དེ་སྐྱོ་སྡུག་དང་དུད་ཆང་གིས་ཚེ་མཇུག་བསྐྱལ་པ་འདི་ཁོ་རང་ལ་བློ་སྟོབས་མེད་པ་དང་སྤྱི་ཚོགས་ཀྱི་ཉམས་མྱོང་མེད་པས་ལན་པ་རེད།གསུམ་ནས་དགེ་ཆོས་ལགས་མཁས་ཆེན་ཡིན་རུང་བསམ་བློ་གུ་དོགས་པོ་དང་ཐུགས་གཤིས་དྲང་དྲག་ནས་ཆགས་སྒོ་མང་པོ་གདོང་གིས་བསུས་འདུག།དཔེར་ན་ལོ་རྒྱུས་རེ་འགར་ཁོང་གིས་ཨིན་གཞུང་ནང་ཕྱག་ལས་ཀྱི་རེ་སྐུལ་དང་ལེན་མ་བྱས་པར་ཨིན་གཞུང་གི་གསང་མྱུལ་བྷ་བྷུ་མཐར་ཕྱིན་སོགས་དོགས་འདྲོགས་ཇེ་ཆེར་སོང་གནས་འདུག་ཅིང་།མཐར་བཙོན་དོང་ནང་འཕེན་མཁན་ཡང་དོན་དངོས་སུ་ཨིན་གཞུང་ཡིན་པ་སྐབས་དེའི་ལྷ་སའི་ཨིན་གཞུང་དོན་གཅོད་པ་ནས་Angry monkཀི་གློག་བརྙན་ནང་བཤད་སོང་ང་།བཞི་སྤོམ་མདའ་རབ་དགའ་དང་སྤྱན་བསལ་ཀུན་འཕེལ་སོགས་བོད་གཞུང་དང་རྒྱབ་འགལ་བྱས་ཏེ་བོད་ནང་གནས་མི་ཐུབ་མཁན་དང་ལྷག་པར་གོ་མིན་ཏང་གི་སོ་མྱུལ་ལ་དོགས་ཡོད་ཁག་གི་སྐྱིད་སྡུག་ནང་ཞུགས་པ་དེ་ཉམས་མྱོང་ཅུང་ཡོད་མཁན་དང་བསམ་བློ་ཅུང་ཟད་གཏོང་ཐུབ་པ་ཅིག་ཡིན་ན།སོ་སོ་བོད་ནང་སླེབས་དུས་གེགས་བར་ཆད་ཀྱི་གཞི་རྩ་དང་རང་གི་རིན་ཐང་བརླག་བྱེད་ཅིག་ཡིན་པར་བསམ་ཐུབ་མི་འདུག
ཡིན་ནའང་།དགེ་ཆོས་མཆོག་རྒྱ་དམར་ནག་དང་ཨུ་རུ་སུ་དམར་པོ་སོགས་ཀྱི་སོ་མྱུལ་ཡིན་པར་སྟག་ལྷ་ཕུན་བཀྲས་ཚིག་ཟུར་ཙམ་དེ་མ་གཏོགས་ད་སྔ་ལོ་རྒྱུས་གང་གིས་ཀྱང་ཁུངས་སྐྱེལ་བྱེད་ཐུབ་མེད་པ་རེད།
ལོ་རྒྱུས་རིག་པའི་ཉམས་ཞིབ་པ་གྲགས་ཅན་མེ་ཀོར་སེ་ཏན་གྱིས་བྲིས་པའི་བླ་མའི་རྒྱལ་ཁབ་ཉམས་ནུབ་ཏུ་གྱུར་ཚུལ་ལས།
དེར་དགེ་འདུན་ཆོས་འཕེལ་ཞེས་པའི་གྲྭ་བ་ན་གཞོན་དེ་རིགས་པ་ཤིན་ཏུ་རྒོད་ཅིང་།
ཆང་དང་བུད་མེད་ལ་ཆེས་དགའ་བ་དང་། དུད་ནག་ཀྱང་འཐེན་གྱིན་འདུག ཨུ་རུ་སུའི་མ་ལེའི་ལྟ་བ་ལ་མོས་ཤིང་། བོད་ཀྱི་སངས་རྒྱས་ཆོས་ལུགས་རུལ་སུང་རྗེས་ལུས་ཡིན་ཞེས་སྨད་པ་དང་། དེང་རབས་རིག་གསར་ལ་བསྔགས་བརྗོད་བྱེད་པ། ནག་ཚོགས་ཏྭང་༼འཇར་མན་གྱི་ལོག་སྤྱོད་མཐུན་ཚོགས་༽ཀྱི་བྱེད་སྟངས་ལའང་དགའ་བའི་གཏམ་ལབ་ཅིང་། རང་མཐོངས་མཁྲེགས་འདིན་ཆེ་ཞིང་བྱ་སྤྱོད་མི་གཞན་དང་མི་མཐུན་པ་བྱེད་མཁན་ཞིག་རེད་ཅེས་བྱུང་། ༡༩༤༥ལོརནུབ་བོད་ལེགས་བཅོས་སྐྱིད་སྡུག་ཅེས་པའི་རྩ་འཛུགས་དེས་མངགས་ནས། དགེ་འདུན་ཆོས་འཕེལ་མཇལ་སྐོར་བའི་ཟོལ་གྱིས་འབྲུག་ཡུལ་བརྒྱུད་བོད་དུ་ལོག་ནས་བོད་ལྗོངས་སྤྱི་དང་ཁྱད་པར་བྱང་གི་ས་མཚམས་ཀྱི་ས་བཀྲ་བྲིས་པ་དབྱིན་ཇིའི་འཕྲིན་ལ་བརྟེན་ནས་རྒྱ་གར་དུ་བསྐུར་བ་དབྱིན་ཇིའི་ཉེན་རྟོག་ལས་ཁུངས་ཀྱིས་ལྐོག་ཏུ་རྩད་བཅད་པས་རྩ་འཛུགས་དེའི་ཡིག་ཆ་སོགས་ཀྱང་ལག་ཏུ་ཆུད་ནས་སྐབས་དེའི་དབྱིན་ཇིའི་རྒྱ་གར་སྲིད་གཞུང་ནས་དེའི་ཚོགས་མི་གཙོ་བོ་རྣམས་འཛིན་བཟུང་ལ་བྱེད་པའི་སྐབས་སྤངས་མདའ་རབ་དགའ་གོ་མིན་ཏང་སྲིད་གཞུང་གི་རོགས་སྐྱོར་བྱས་བས་ཧྲང་ཧེ་རུ་བྲོས་། དགེ་འདུན་ཆོས་འཕེལ་གྱི་གནས་ཚུལ་བོད་སྡེ་བ་གཞུང་ལ་བརྡ་བརྒྱབ་ཏེ་འཛིན་བཟུང་བྱས་ཤིང་། ཕྱི་ཕྱོགས་སུ་བསྒྲགས་དོན་ལ་དགེ་འདུན་ཆོས་འཕེལ་གྱིས་ཤོག་དངུལ་རྫུན་མ་བཟོས་པས་ཁྲིམས་ལ་ཐོགས་ཞེས་གནས་ཚུལ་ངོ་མ་གསང་བ་སོགས་ཀྱི་སྐོར་རྒྱུ་མཚན་མང་པོ་ཞིག་
བྲིས་འདུག་པས་ཞིབ་ཏུ་གཟིགས་འདོད་མཆིས་ཚེ་ལོ་རྒྱུས་དེབ་དེར་གཟིགས་པར་ཞུ།
དགེ་ཆོས་བླ་བྲང་ན་ཡོད་དུས་ཀྱི་འཛིན་གྲ་དེར་རྟགས་སྨྱོ་དགེ་ཉལ་ཟེར་སྐད་ཙམ་གོ་མྱོང་བ་ལས་མཐའ་གཅིག་ཏུ་ཡག་པོ་ཡོད་རབས་ཤིག་གོ་མ་མྱོང་།
དགེ་འདུན་ཆོས་འཕེལ་ནི་ཐ་སྙད་ཙམ་མིན་པར་ངེས་དོན་གྱི་མཁས་དབང་ཞིག་ཡིན་པ་ཡོངས་གྲགས་རེད། ཁོང་གི་ཞལ་མཇལ་བ་དང་གསུང་ཐོས་པའི་སྐལ་བཟང་དེ་མ་བྱུང་ཡང་། ཁོང་གི་གསུང་རྩོམ་ཅི་མང་ཞིག་མཇལ་བའི་གོ་སྐབས་བྱུང་བར་སེམས་གཏིང་ནས་དགའ་ཡོད། བློ་གཟུ་བོས་དཔྱད་ན་ཁོང་མཁས་པ་ཡིན་པ་མ་ཟད་བློ་སྟོབས་ཆེན་པོ་ཞིག་ཡོད་པ་དེའང་དངོས་ཡོད་རེད། སེངྒ་ལའི་རྒྱལ་ཁམས་དང་རྒྱ་གར་གྱི་ཡུལ་གྲུ་ཕལ་མོ་ཆེ་ལ་རང་ཉིད་ཁེར་རྐྱང་དུ་སོང་བ་ནི་བསམ་མི་ཤེས་པའི་ཚད་དུ་སྣང་། དུས་བདེ་ཞོལ་འཇག་འདི་འདྲ་ལའང་ཁེར་རྐྱང་དུ་འགྲུལ་བཞུད་དཀའ་ན་དེའི་སྐབས་སུ་བཤད་ཅི་དགོས། ལ་ལས་དོན་གྱི་མཁས་པ་ཞིག་མིན་ཚུལ་དང་དོན་གྱི་ལས་དོན་ཞིག་མ་འགྲུབ་ཚུལ་ནི་བྱིས་པའི་གཏམ་གླེང་བཞིན་ཉན་རིན་མེད་པ་ཞིག་རེད། ༸གོང་ས་མཆོག་ལྟ་བུ་ཞིག་དེང་སང་རང་རེ་བོད་ལ་མེད་ཀྱང་རང་བཙན་ནས་རང་སྐྱོང་སོགས་ཐབས་ལམ་གང་ཡང་ལམ་སློང་མ་བྱུང་བ་ལ་དོན་གྱི་མཁས་པ་མིན་ཚུལ་སྨོས་ན་སྐུར་འདེབས་ཙམ་ལས་དེར་ཟད་དོ།
གཞན་ཡང་བསམ་བློ་རྒྱ་ཆེན་པོ་དང་གཏིང་ཟབ་མོའི་ཐོག་ནས་བཤད་ན། ཁོང་གིས་ཀླུ་སྒྲུབ་དགོངས་རྒྱན་བརྩམས་པ་དེ་ཡང་མི་ཚེའི་ནང་གི་ནོར་འཁྲུལ་ཆེ་ཤོས་ཤིག་ཤོར་ཡོད་པ་དེ་རེད། ཕྱི་ནང་རྒྱལ་ཁབ་འགྲིམས་ཤིང་མཐོང་རྒྱ་ཐོས་རྒྱ་བསྐྱེད་པའི་གྲུབ་དོན་དུ་ཐབས་ལ་མཁས་པོའི་ཐོག་ནས་བོད་ནང་གི་ཕྱིའི་འཛུགས་སྐྲུན་དང་ནང་གི་བསམ་བློ་སོགས་གང་སྤྱིར་ཡར་རྒྱས་གཏོང་ཕྱོགས་ལ་རུས་སྦལ་ནུར་འགྲོས་ཀྱིས་འབད་དགོས་ཀྱང་། དེ་ལྟར་མ་གནང་བར་སྔོན་གྱི་བླ་རྒན་ཀླད་རྙིང་མཁྲེགས་འཛིན་དག་གི་རྣམ་ཐར་གྱི་ཟུར་ཞིག་བསྐྱངས་པ་དེས་ཀྱང་སྐུ་ཚེའི་མཛད་ཕྲིན་ལ་ཧ་ཅང་གནོད་ཡོད་པ་གོར་མ་ཆག
མགོན་ཕྱག་ཐ་སྙད་་གྲ་ཚང་ཡིན་པ་ཡོད།དགེ་སྐོས་ཀྱི་ཚོགསད་གཏམ་ནང་ང་བླ་བྲང་ཚང་ལ་གྲ་ཚང་དྲུག་བདུན་གི་ནང་ལ་ཐ་སྙད་གྲ་ཚང་ཟེར་བ་ཞིག་མི་སདགོས་ཞེས་ཚོགས་གཏམ་བཏང་པ་རེད་ཞེས་གོ་མྱོང་།སྒོར་མོ་ལེན་ས་དེ་སྤོམ་མདའ་ཡི་བུ་ཡིན་རྒྱུ་མ་རེད།དེ་དགེ་མདུན་བཟོད་པ་ཟེར་བ་དེ་རེད།ང་རྒྱ་གར་རྡོར་གླིང་ནས་དགེ་འདུན་བཟོད་པ་ལ་ང་ཐུག་མྱོང་།ཁོང་ཚོང་བ་རེད།ཁོས་ཟེར་ན།ཀ་སྦུག་དང་བོད་བར་རྟ་དྲེལ་དེད་ནས་ཚོང་འགྲོ་སྐབས།ཞོགས་པ་སྔ་བོ་ཞིག་ལ་ཁོང་ཡོང་ནས་ང་ལ་ཁ་བཏགས་ཞིག་གཡོག་སོང།ནམ་རྒྱུན་ང་རྒྱ་གར་ལ་འགྲོ་དུས་འདི་འདྲ་གནང་གི་མེད།དེ་རིང་དམིགས་གསལ་འདི་འདྲ་ག་རེ་རེད་ལབ་པ་ཡིན།འདི་ལ་རྟེན་འབྲེལ་ཞིག་ཡོདགཞུག་ནས་ང་གཉིས་ཐུག་མིན་མི་ཤེས་ཟེར།ད་ཁྱེད་ཀྱིས་དེ་འདྲ་མ་ཟེར།སྒོར་མོ་དགོས་ན་ཚོང་ཁང་ཞིག་གི་མིང་ལབ་སོང་སྟེ་ངས་དྲན་གྱི་མི་འདུག་དེ་ནས་ལོང་།ལབ་ནས་ང་ཐོན་ཡོང་པ་ཡིན།རྒྱ་གར་ནས་མཚན་ཞིག་ཁོང་སྤྲིན་པ་ཞིག་ལ་ཕེབས་གི་ཡོད་པ་གཉིད་ལམ་བཏང་སོང་།ཀ་སྦུག་གི་ཁྲོམ་ནས་འགྲོ་དུས་གཉིད་ལམ་དེ་དྲན་སོང་།ཁོང་ལ་སྒོར་མོ་རྫོགས་པ་ཡིན་ནམ་ག་རེ་ཡིན་ན་བསམ་ནས་ཏར་ཞིག་བཏང་ནས་ཁོང་ལ་སྒོར་མོ་དགོས་ན་སྤྲད་ལབ་ཡིན།ལན་ལ་ཁོང་དགོང་པ་རྫོགས་ནས་ཉིན་ཁ་ཤས་འགྲོ་སོང་ཟེར།
ངས་སྔོན་མར་ཞུས་ཀྱང་མྱོང་། མཁས་པ་དགེ་འདུན་ཆོས་འཕེལ་ལ། །ཚད་བརྒལ་བསྟོད་སྨད་འཚམ་པོ་མེད་ཅེས་ཞུས་པ་ཡིན། གོང་གི་བསམ་ཚུལ་རྣམས་མཁས་པ་ཁོང་གི་སྐོར་ཞིབ་འཇུག་ཡུན་རིང་བྱས་ནས་སྨྲས་པ་སྨོས་མེད་རེད། ཁོང་ནི་ཤེས་པ་ནང་བཞིན་ལག་ལེན་དུ་བསྟར་ཐུབ་མཁན་ཞིག་མ་རེད། ཁོང་གི་བསམ་གནོའི་མཁྱེན་དཔྱོད་ནི་དུས་སྐབས་དེར་འགྲན་ཟླ་བྲལ་བ་ཞིག་ཡིན་པར་མ་ཟད་གང་ཤེས་སྨྲ་ཕོད་པའི་བློ་སྟོབ་ཅན་ཞིག་ཀྱང་རེད། ཆོས་ཕྱོགས་ནས་བཤད་ན་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ལའང་ཚིག་བསྣན་འཕྲི་གང་ཐུབ་བྱེད་ནས་རང་གི་ལྟ་གྲུབ་དང་བཙན་གྱིས་བསྟུན་པ་ལ་ཞུམས་པ་མེད་རུང་རྗེ་བདག་ཉིད་ཆེན་པོས་གསུངས་ཟིན་གྱི་ཚིག་ཟུར་ཙམ་ཞིག་དང་མ་འདྲ་བ་བྱུང་ན་ལྟ་ལོག་ཏུ་བརྩི་བའི་འཁོར་ཡུག་གུ་དོག་ཞིག་ནས་། ནོར་བ་འདོར་ཞིང་བདེན་པ་ལེན་པར་བློ་དོག་ཙམ་ཡང་མེད་པར་གང་མཁྱེན་གང་རྟོགས་སྨྲ་རྐྱང་བྱས་པ་དེ་ནི། ཁོང་འཁོར་ཡུག་ལ་བསྟུན་ཚུལ་མ་མཁྱེན་པའི་རྐྱོན་ཆ་ཆེ་ཤོས་སུ་མཐོང་ལ། ཆོས་ལ་མཁྱེན་རྒྱ་ཆེ་རུང་ཆོས་ཁོ་ནར་མ་འབད་པར་སྲིད་དོན་གྱི་ཕྱག་ལས་ཀྱང་གང་ཐུབ་བྱས། སྲིད་དོན་ཕྱག་ལས་གནང་ནའང་རྣལ་འབྱོར་པ་ཞིག་གི་སྤྱོད་པ་ནང་བཞིན་ཆང་དང་བུད་མེད་འཛེམ་མེད་སྤྱོད་རྐྱང་མཛད་པ་དེ་དག་གིས་གང་ལྟར་གནའ་དེང་གི་མཁྱེན་ཡོན་རྩེ་གྲས་སུ་ཕྱིན་པ་ནང་བཞིན་པའི་ཕྱག་ལས་བོད་སྤྱི་བར་གནང་ཐུབ་མེད། ཡིན་ནའང་ཁོང་གི་ཕྱག་ལས་བོད་སྤྱི་བར་ཕན་ནུས་ངེས་མང་པོ་གནང་ཡོད་པ་ནི་ཁོང་གི་རྩོམ་ཆོས་དེང་དུས་ལྟ་ཀློག་བྱེད་རྒྱུ་ཡོད་པ་འདི་དག་རེད། གང་ལྟར་ཁོང་ལ་བོད་ཀྱི་སྔོན་བྱོན་གྱི་མཁས་རྣམས་ནང་བཞིན་གྱི་གུས་བཀུར་དང་ཁོང་གི་མཁྱེན་རྒྱ་དང་བློ་ཕོད་ལ་ནམ་ཡང་ཡིད་སྨོས་ཞུ།
ངས་ཐ་སྙད་འཛིན་གྲྭ་ཟེར་ནས་གོ གོང་དུ་ཨ་ལག་ཙ་ཡུས་ཀྱིས་ཀྱང་ཁོང་ཚོའི་འཛིན་གྲྭ་ལ་ཐ་སྙད་འཛིན་གྲྭ་ཞེས་རྩེད་མོའི་ཚུལ་དུ་མིང་བཏགས་པ་རེད་ཅེས་གསུངས་འདུག ཨ་ལག་ཡོངས་འཛིན་ཚང་གི་བཅར་འདྲིའི་ནང་། ཁོང་ཚོ་འདུག་སའི་ཁང་པ་ལ་ཐ་སྙད་གྲྭ་ཚང་ཟེར་གསུངས་འདུག