འབའ་སྲས།
སྐུ་ཡི་སྤྱོད་པས་སྐལ་ལྡན་དང་བ་འདྲེན།།
གསུང་གི་བདུད་རྩིས་རྨོངས་པའི་མུན་པ་འཁྲུད།།
ཐུགས་ཀྱི་བརྩེ་བས་འགྲོ་བ་རྗེས་སུ་འཛིན།།
ཁྱེད་ཀྱི་མཛད་པ་འཛིན་མའི་རྒྱན་དུ་མཛེས།།
འཆད་པ་འབུམ་གྱིས་ཐོས་ལྡན་ཤིས་པར་བསྒྲུབས།།
རྩོམ་པ་སྟོང་གིས་ས་ལ་གླེགས་བམ་བརྩིགས།།
རྩོད་པའི་གྲི་ཡིས་ལོག་རྟོག་རྨུ་ཐག་བཅད།།
ཁྱེད་ཀྱི་ཡོན་ཏན་འཛིན་མའི་ས་ལེ་སྦྲམ།།
ལེགས་བཤད་སྤྲིན་གྱི་ཕང་བ་རུ།།
རྣམ་དཔྱོད་གློག་གི་གར་སྟབས་ཀྱིས།།
ཡོན་ཏན་སྦྲང་ཆར་བཅུད་འཐུངས་པས།།
ས་སྲུང་བསིལ་བའི་གཉེན་དུ་མཆོག །
མཚོ་ཆེན་ཐུགས་ཀྱི་གཏིང་ཀ་ནི།།
ཤེས་བྱ་ཆུ་ཡི་མ་མ་སྟེ།།
ཀླུང་ཆེན་མཐའ་དག་འཐུངས་ན་ཡང་།།
ད་དུང་འགེང་མེད་སྣོད་དུ་ཆེ།།
རྣམ་དཔྱོད་གློག་གི་རྩེ་དགའ་ལས།།
བསྟན་བཅོས་འབྲུག་གི་སྒྲ་དབྱངས་ཅན།།
བློ་གྲོས་སོར་མོའི་སྤྲིན་གསེབ་ནས།།
སྐལ་ལྡན་ས་ལ་ཆར་བཞིན་བསྙིལ།།
མཁྱེན་པ་ལྷ་ཡི་རྫིང་རིང་དུ།།
ལྗགས་རྩོམ་འབྲུག་བརྒྱ་ལྡིར་བ་ན།།
སྐལ་ལྡན་མདོངས་མཐའ་མྱོས་པ་ཡིས།།
དད་པའི་སྒྲོ་གུར་མཆོད་པར་བྱེད།།
སྒྲིབ་པའི་སྨག་གིས་བསྒྲིབས་པ་ཡི།།
བློ་དམན་རི་འབུར་མུན་གཟུགས་ནི།།
ཡོན་ཏན་འོད་ཀྱིས་མཐོང་བྱེད་པ།།
ཁྱོད་ནི་ཉིན་མོའི་དབང་ཕྱུག་གོ །
ལོག་རྟོག་མུན་སྟུག་འཐིབས་པའི་མཚན།།
ལེགས་བཤད་གསེར་གྱི་ཟླ་བ་ཡིས།།
ཉིན་མོ་བཞིན་དུ་གསལ་བྱས་པས།།
ཁྱོད་ནི་མཚན་མོའི་མགོན་པོ་འོ།།
རྩ་བ་ལྟུང་བའི་དུག་མཚོ་ལས།།
བགྲོད་འདོད་རྣམས་ལ་མཆོག་གི་གྲུ།།
རྡོ་རྗེ་ཐེག་པས་བསྐྲུན་པ་ཡིས།།
ཁྱོད་ནི་ཐར་འདོད་འདྲེན་པའི་མགོན།།
ས་ཆེན་དབྱིག་གི་ཕང་བ་རུ།།
ཤེས་བྱའི་མཛེས་པ་དགོད་པ་ཡི།།
ལྗགས་རྩོམ་སྟོང་གི་མེ་ཏོག་ནི།།
ཡིད་དུ་འོང་བ་ཉིད་དུ་བཀྲམས།།
བསྟན་བཅོས་བརྩམས་པའི་གླེགས་བམ་ནི།།
འཛིན་མ་གནོན་པའི་བྲག་རི་དང་།།
མཁྱེན་པའི་རྣམ་དཔྱོད་ཡངས་པ་ནི།།
ལྷ་ཡི་རྫིང་རིང་ཉིད་དུ་མཐོང་།།
འོན་ཀྱང་མི་བཟོད་དུག་གི་མཚོར།།
གནས་པའི་སྦྲུལ་ཆེན་དག་གིས་ནི།།
ཕྲག་དོག་ལྕེ་རྩེ་གཡོ་བ་ཡིས།།
དམོད་པའི་ཁ་ཆུ་འཕེན་པར་རྩོམ།།
ཁྱུ་མཆོག་དབྱིབས་སུ་བགྲོད་པ་ཡི།།
རི་ངོས་དབྱར་གྱི་སྤྲིན་པ་ལ།།
རང་གཟུགས་འཛིན་པ་མི་རུང་ཞེས།།
རྒོལ་བའི་རྣ་ཅན་སྨྱོན་པ་འཁྲུལ།།
སྟག་ལྤགས་གྱོན་པའི་བོང་བུ་འགའ།།
ནགས་ཀྱི་ཚལ་དུ་འགྲོ་ན་ཡང་།།
མཆེ་སྡེར་གཉིས་ཅན་འཕྲད་པ་ན།།
འདར་བའི་རང་གཟུགས་གསལ་བར་འགྱུར།།
མཁྱེན་དང་རྟོགས་པའི་ཐིག་ལེ་བཀྲ།།
ལྗགས་རྩོམ་སྟོང་གི་མཆེ་བ་རྣོ།།
ལོག་རྟོག་གཞོམ་པའི་སྡེར་མོ་རིང་།།
མི་ཡི་རྒྱ་སྟག་སུ་ཡིས་འགྲན།།
དེ་བས་གང་སྐུ་ལྷུན་པོ་དང་།།
གསུང་དབྱངས་འབྲུག་གི་རྔ་བོ་ཆེ།།
མཛད་པ་རྟ་བདུན་དབང་བོའི་འོད།།
བསྐལ་བ་མ་འཇིག་མཐར་དུ་བརྟན།།
ཕྲག་དོག་ཅན་དག་གྲུབ་མཐའ་ཡི།།
དབང་གིས་ཁྱོད་ལ་དམོད་དོ་ཞེས།།
གཏམ་འདི་རྒྱང་ནས་ཐོས་པ་ཡིས།།
ཁོ་ཡིས་འདི་ནས་འདི་ཙམ་བྲིས།།
༡༤/༠༧/༠༧ ཉིན་གྱི་ཕྱི་དྲོར།
མཁས་པ་ཆེན་མོའི་མཚན་ནི་མང་པོ་ཐོས།
བོད་ལ་འགྱུར་ལྡོག་གཏང་་བ་་མཐོང་རྒྱུ་མེད།
དངོས་ཐོག་བདེན་འཚོལ་གྱི་མི་ཆོས་རིང་ལུགས་ཀྱི་བསམ་བློ་བ་ཆེ་མོ་ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་གིས།
ང་ཚོས་ལྷ་སྒྲུང་ལ་དགའ་ཆོག་ལ། ལྷ་སྒྲུང་གི་སྒྱུ་རྩལ་ལ་མྱོང་རོལ་བྱེད་ཆོག
འོན་ཀྱང་ང་ཚོའི་དངོས་ཡོད་ཀྱི་འཚོ་བ་ནི་ལྷ་སྒྲུང་ནང་གི་འཚོ་བ་མིན་སྟབས།
དངོས་ཡོད་དང་དུས་རབས་ཀྱི་འགྲོས་དང་བསྟུན་དགོས། །
འབའ་སྲས་ཡིན་ན་བསམ་གཏན་ལྐུགས་པ་ལེ་ལེ་་་་་་་་་་་་་་་་་་་་འབྲི་གུང་བཀའ་བརྒྱུད་ཚང་གི་གྲྭ་ལོག་་དམ་ཉམ་སྡོམ་ཤོར་བོད་པའི་ཞབས་འདྲེན་འདི་མ་ཟིག་ཁྱོས་བསྟོད་པ་ཡེད་ཀྱི་ཟིག་གང་ནས་དྲན་བཏང་ཐལ་་་་་ཡུམ་ང་དགོད་ཀྱི་ཡོང་ནས་ལ་་་་་མི་བ་ནོ་རེད་་་་་ཨ་མ་ད་ཅི་བྱེད་ཀྱི་ན་་་་་འབའ་ཁ་སྒང་ཡ་་་་་་་་་་
ད་རུང་ར་སེ་ཁོས་དམ་ཆོས་དགོངས་པ་གཅིག་དགོངས་རྒྱན་ནང་ལ་ཡང་བོད་ནང་ཁུལ་ལ་དཀྲུགས་ཤིང་ཅི་ཙམ་བཟོས་ཡོད་པ་སོགས་ཁ་སྒང་ལྐུགས་པ་སོགས་ཀྱིས་རྩ་བ་ནས་མཐོང་ཡོད་ས་མ་རེད་ལ་་་་་་་་་་་དེ་མིན་གངས་ཙན་སྐྱེས་མའི་སྤྱི་བཤད་དང་་་་་བོད་རེ་བ་ཅན་ལ་་་་ལྟོས་དང་ཁོས་སྡོམ་པ་ཤོར་ཚད་ལ་འགེབས་སྲུང་གི་འཆལ་གཏམ་ཇི་ལྟར་བགྲང་འདུག་་་་་་་་་་སྔོན་མ་སྔོན་མ་ཟིག་་་་་འཇར་མེན་ཡིན་ས་ཡོད་་་་་བོད་རིག་པའི་ཚོགས་འདུག་ཅིག་གི་སྒང་ནས་ཅི་ཟིག་བཤད་ནས་ན་ཨེ་དྲན་གི་་་་་་་་དེའི་སྐབས་བྱེས་ཀྱི་བོད་རིགས་སྨྱུག་ཐོགས་ཚོས་ཁོ་ལ་བལྟ་ཚུལ་བྱུང་ཡོད་་་་་ད་ཡིན་ན་་་འབའ་ཡ་་ཁ་སྒང་ཡ་་་་་བསྟོད་མ་ཤེས་ས་བསྟོད་གནམ་བསྟོད་ཡེད་ན་་་་་་ཨ་ཁུ་སྨན་བླས་ཅིག་བཤད་ཡོད་ནོ་དེ་རེད་ཡ་་་་་་་
ཧཧཧཧ།་ད་ཡིན་ན་འབའ་སྲས་ཟེར་བ་འདི་སྨྱོན་ཚར་འདུག མིག་ཐོག་ཚད་མཁས་པ་ལབ་ཀྱི་འདུག
དོན་གྱི་མཁས་པ་ཆེན་མོ་ར་སེ་ལ་ཡང་ཁ་གཏོང་རྒྱུར་འབད། མིག་དམར་ཟེར་བའི་དྲ་འབུ་འདི་སྤྱི་ཚོགས་ཁྲག་བཞིན་དཀྲུགས་མཁན་ཞིག་རེད་འདུག
མཁས་པ་མིན་ན་བླུན་ལུགས་ཤོད།།
དེབ་ཕྲེང་ལྔ་བཅུ་ཐམ་པ་ཡང་།།
བླུན་གཏམ་ཁོ་ནར་མ་ངེས་པས།།
ཁོ་བོས་བསྔགས་པའི་ཡུལ་དུ་མཐོང་།།
ཁོ་བོ་མ་སྨྱོས་སྨྱོས་པའི་མིང་།།
ཅི་ཞིག་བཏགས་ཀྱང་ཁྱོད་ཀྱི་ལག །
འོན་ཀྱང་གཞན་ལ་དེ་ལྟར་དུ།།
དམོད་པ་འཕྱ་བ་མེད་ན་མཛེས།།
མཁས་དབང་ཆེན་མོ་ར་སེ་
དཀོན་མཆོག་རྒྱ་མཚོའི་ལོ་རྒྱུས་
མདོར་བསྡུས།
དེ་ཡང་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པའི་གསལ་བྱེད་བཀའ་བརྒྱུད་བླ་མ་དགྱེས་པའི་འབངས་སམ་ཡོངས་གྲགས་སུ་ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་ནི་སྤྱི་ལོ་ ༡༩༦༨ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་དྲོ་གུང་དཀར་རྫོང་རྨམ་པ་ཡུལ་ཤོག་ར་སེ་གྲོང་ཚོར་སྐུ་བལྟམས། དགུང་ལོ་བརྒྱད་ནས་སློབ་གྲར་འགྲིམ། སྔ་ཕྱིར་འབྲི་གུང་ནང་བསྟན་སློབ་གླིང་དང་། བོད་ལྗོངས་སློབ་ཆེན། སྨན་རྩིས་སློབ་གླིང་སོགས་རིག་གནས་སྤྱི་དང་བྱེ་བྲག་ལ་ཐོས་བསམ་བྱས། དེ་ནས་བཟུང་རྣམ་དཔྱོད་ཀྱི་རྩལ་རྒྱས། ཡོན་ཏན་གྱི་གཏེར་ཁ་རྡོལ། ལྷག་ཏུ་དྭགས་བརྒྱུད་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་དཔའ་ཆུང་རིན་པོ་ཆེ་ཉིད་རིགས་ཀྱི་བདག་པོར་བརྟེན་ཏེ་མཉེས་པ་གསུམ་གྱིས་མདོ་སྔགས་ཆོས་ཚུལ་སྤྱི་དང་ཁྱད་པར་དུ་བཀའ་བརྒྱུད་རང་ལུགས་ཀྱི་ཟབ་ཆོས་མ་ལུས་པ་གདམས་པ་མནོས། དགུང་ལོ་ཉི་ཤུ་ནས་རྩོམ་འབྲིའི་བྱ་བར་གཞོལ་ཏེ། འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་མཛོད་པོད་བརྒྱ་དང་ལྔ་བཅུ་ལྷག་མྱུར་སྐྱོབ་བྱས་ཡོད་ལ། ཁོང་སྒེར་ངོས་ཀྱི་བརྩམས་པའི་གཞུང་ཆེན་གྱི་བསྐོར་སོགས་དཔེ་དེབ་ཁག་ལྔ་བཅུ་ལྷག་ཡོད་དེ།
༡༽ སོ་སོ་ཐར་པའི་མདོའི་མཆན་འགྲེལ་དྲང་སྲོང་དགྱེས་པའི་ཞལ་ལུང་།
༢༽གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་མཆན་འགྲེལ་དམ་པའི་ཞལ་ལུང་།
༣༽ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་ལེགས་བཤད་ཐོགས་མེད་ཞལ་ལུང་།
༤༽ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།
༥༽བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་མཆན་འགྲེལ་རྒྱས་སྲས་ཞི་བའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།
༦༽དབུ་མ་ལ་འཇུག་པའི་མཆན་འགྲེལ་དཔལ་ལྡན་ཟླ་བའི་ཞལ་ལུང་།
༧༽དབུ་མ་རྩ་བ་ཤེས་རབ་ཀྱི་མཆན་འགྲེལ་ཀླུ་སྒྲུབ་དགྱེས་པའི་ཞལ་ལུང་།
༨༽རྣལ་འབྱོར་སྤྱོད་པ་དབུ་མའི་བསྟན་བཅོས་བཞི་བརྒྱ་པའི་མཆན་འགྲེལ་འཕགས་མཆོག་དགྱེས་པའི་ཞལ་ལུང་།
༩༽འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོའི་རྣམ་པར་འགྲེལ་པ་ཤཱཀྱ་ཐུབ་པའི་ཞལ་ལུང་།
༡༠༽བླ་མ་བསྟེན་ཚུལ་ཚིགས་སུ་བཅད་པ་ལྔ་བཅུ་པའི་རྣམ་པར་བཤད་པ་གསང་བ་འཛིན་པའི་ཞལ་ལུང་།
༡༡༽ རྡོ་རྗེ་ཐེག་པའི་རྩ་ལྟུང་བཅུ་བཞིའི་འགྲེལ་བ་རིག་པ་འཛིན་པའི་ཞལ་ལུང་།
༡༢༽བཤེས་པའི་སྤྲིངས་ཡིག་གི་མཆན་འགྲེལ་དགེ་བའི་བཤེས་གཉེན་གྱི་ཞལ་ལུང་།
༡༣༽དམ་ཆོས་དགོངས་པ་གཅིག་པའི་རྩ་བའི་གཞུང་གི་མཆན་འགྲེལ་འཇིག་རྟེན་གསུམ་གྱི་མགོན་པོའི་ཞལ་ལུང་།
༡༤༽སྨོན་ལམ་ཆེན་མོའི་འགྲེལ་པ།
༡༥༽ སྡོམ་གསུམ་གྱི་རྩ་བ།
༡༦༽ འབྲི་གུང་ཆོས་འབྱུང་།
༡༧༽ སྐྱོབ་པ་འཇིག་རྟེན་མགོན་པོའི་རྣམ་ཐར།
༡༨༽ འབྲི་གུང་ཐེལ་དགོན་གྱི་ལོ་རྒྱུས།
༡༩༽ གྲུབ་དབང་ཨ་མགོན་རིན་པོ་ཆེའི་རྣམ་ཐར།
༢༠༽འབྲི་གུང་རྟེན་ཕྱག་གི་ལོ་རྒྱུས།
༢༡༽དཀར་ཟས་རིང་ལུགས་ཀྱི་ཕན་ཡོན།
༢༢༽འབྲི་གུང་ཨ་ཕྱིའི་རྣམ་ཐར།
༢༣༽བཀའ་བརྒྱུད་རྟེན་འདུས་ཀྱི་དཀར་ཆག
༢༤༽ལྷག་བསམ་གྱི་འབེལ་གཏམ།
༢༥༽གདན་ས་ཕག་གྲུའི་ལོ་རྒྱུས།
༢༦༽གངས་ཏེ་སེའི་གཟི་འོད།
༢༧༽ཡང་སྒར་དགོན་གྱི་ལོ་རྒྱུས།
༢༨༽མེས་པོའི་ཤུལ་ལམ་གྱི་རྗེས་དྲན།
༢༩༽དགོངས་གཅིག་གི་དགོངས་རྒྱན།
༣༠༽དགོངས་གཅིག་གི་མཛེས་རྒྱན།
༣༡༽དྲི་ལན་དོན་གཅིག་མ།
༣༢༽ནང་བསྟན་ལ་བཅངས་པའི་ལྷག་བསམ།
༣༣༽འབྲི་གུང་སྤྲེལ་ལོ་འཕོ་བ་ཆེན་མོའི་ལོ་རྒྱུས།
༣༤༽ལྔ་ལྡན་སྔོན་འགྲོའི་ཁྲིད་ཡིག
༣༥༽ནང་བསྟན་ལ་འཇུག་པའི་ལམ་ཡིག
༣༦༽ སྐྱབས་འགྲོའི་ཁྲིད་ཡིག
༣༧༽བཀའ་བརྒྱུད་པའི་ཕྱག་བཞེས་ཕྱོགས་སྒྲིག་ཆེན་མོ།
༣༨༽ གངས་ཅན་བོད་ཀྱི་མཛངས་མིའི་ལོ་རྒྱུས།
༣༩༽ དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་འབྱུང་།
༤༠༽ ཤེས་རབ་ཀྱི་མེ་ལྕེ།
༤༡༽ བོད་རེ་བ་ཅན།
༤༢༽ རྒོད་ཕུག་དགོན་གྱི་ལོ་རྒྱུས།
༤༣༽ རྩེ་བ་དགོན་གྱི་ལོ་རྒྱུས།
༤༤༽ འབྲི་གུང་ཆོས་མཛོད་ཆེན་མོའི་དཀར་ཆག
༤༥༽ གང་ལྗོངས་སྐྱེས་མའི་ལོ་རྒྱུས།
༤༦༽ ཕྱག་ཆེན་ལྔ་ལྡན་གྱི་སྟོང་ཐུན།
༤༧༽ ཆོས་ལུགས་རྒྱུན་སྤྱོད་ཤེས་བྱ།
༤༨༽དེང་རབས་ཆོས་ལུགས་པའི་སྨྱོ་གར།
༤༩༽རྟགས་ཙམ་འཛིན་པའི་ཆོས་པའི་སྐྱོ་གར།
༥༠༽འཁོར་ཡུག་སྲུང་སྐྱོབས་ཀྱི་བསྐོར་སོགས་དཔེ་དེབ་ཁག་ལྔ་བཅུ་ལྷག་བརྩམས་ཟིན་པ་མ་ཟད་༼དུས་དེབ༽ བོད་ལྗོངས་ཞིབ་འཇུག བོད་ལྗོངས་ནང་བསྟན། གངས་ལྗོངས་རིག་གནས། གངས་ལྗོངས་རྩོམ་རིག་སྒྱུ་སྩལ། སྤང་རྒྱན་མེ་ཏོག བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག བདག་པོ། གངས་ལྗོངས་གསོ་རིག་མྱུ་གུ་བཅས་དུས་དེབ་ཁག་མང་པོར་བརྩམས་ཆོས་སྤེལ་མྱོང་ལ། ཀློག་པ་པོ་དང་ཞིབ་འཇུག་པ་མང་པོས་བསྔགས་བརྗོད་ཐོབ་པ་མ་ཟད། ལྷག་ཏུ་སྙན་རྩོམ་༼སེམས་ཁོངས་ནས་བརྡོལ་བའི་གླུ་དབྱངས།༽ཞེས་པར་དམིགས་གསལ་གྱི་བྱ་དགའ་ཐོབ་ཡོད། ད་ལྟ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་དང་། བཀའ་བརྒྱུད་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་དང་རང་ལུགས་བསྟན་དགོངས་སོགས་ཀྱི་འཆད་ཁྲིད་དང་། རླབས་ཆེན་གྱི་བྱ་བཞག་གིས་དུས་འདའ་བའོ།།དམ་པ་གང་ཉིད་མཛད་འཕྲིན་གྱི་དབྱར་མཚོ་ལྟར་རྒྱས་ཞིང་སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན།།
ཁོང་གིས་བརྩམས་པའི་འབྲི་གུང་ཆོས་འབྱུང་ལ་ངས་རགས་ལྟ་ཞིག་བྱས་པ་ཡིན། སྤུས་དག་པོ་ཧ་ལས་པ་ཞིག་བྲིས་འདུག་བསམ་སོང་། ཉེ་ཆར་བྲིས་པའི་པའི་ལོ་རྒྱུས་ཡིག་ཆ་ཞིག་གི་ནང་ནས་སྤུས་དག་ཤོས་ཤིག་རེད་བསམ་སོང་། དེ་མིན་ཁོང་ལ་ཆ་རྒྱུས་ཆེན་པོ་ནི་གང་ཡང་མེད།
ཤེས་ཡོན་འཇོན་ཐང་ཅན་གྱི་མི་སྣ་རེ་རེ་ཡིན་ན་ཡང་ཁོང་རྣམས་པའི་མཛད་པ་ལེགས་ཕྱོགས་ནས་ལྟ་ཨེ་ཐུབ་བལྟ་རྒྱུ་དེ་ནི་ངའི་ད་ལོའི་ལོ་གསར་པའི་དམ་བཅའ་ཡིན། དེ་ལྟར་ཡིན་དུས། སྐུ་ཞབས་སྙན་ངག་པ་འབའ་སྲས་མཆོག་གིས་བརྩམས་པའི་སྙན་ངག་དེ་ལ་ཡག་བྱུང་ཞེས་ཞུ་རྒྱུ་ཡིན།
མིག་དམར་ཟེར་བ་ཕྱོགས་རིས་དང་། ཆགས་སྡང་གདོན་གྱིས་བཟི་བའི་མི་ཞིག་ཡིན་ཁོ་ཐག་རེད། དེ་མིན་ཟུར་གནས་མཁས་པ་ཞིག་ཡིན་ན། ཁྱོད་ཀྱིས་བོད་མི་རིགས་དང་། རིགས་གནས་ལ་ཕན་པའི་བརྩམ་ཆོས་ག་རེ་ཡོད། ཡོད་ན་སྟོན་ཤོག ར་སེས་བྲིས་པའི་གངས་ལྗོངས་སྐྱེས་མའི་ལོ་རྒྱུས་དང་། བོད་རེ་བ་ཅན་སོགས་དཔེ་དེབ་མང་པོ་བོད་ནང་ཧ་ཅང་དགའ་བསུ་ཆེན་པོ་ཐོབ་ཡོད། ཁྱོད་ཀྱིས་ཨམ་སྐད་ཆ་ལེ་མོ་ལེ་ལས་ཤེས་ཀྱི་མི་འདུག ཨ་མདོ་བ་ཞིག་མིན་པ་ཐག་ཆོད། དེ་ལས་བརྡ་སྤྲོད་དང་མཐུན་པའི་དགག་སྒྲུབ་ཀྱི་རྩོམ་ཡིག་གང་ཡོད་བྲིས་ཤོག དེ་མིན་ཁུངས་མེད་གཏམ་མང་པོ་མ་བཤད། བླུན་པོ་སྨྲ་བ་ཉུང་ན་མཛེས། །
ཨ་ཙི་འབའ་སྲས་འདི་སྙན་ངག་དང་མཁས་པ་དཔྱོད་ལྡན་ཞིག་རེད་བསམས་སོང་ར། ར་སེ་འདྲ་བོ་དེབ་གྲངས་མང་ཉུང་རྩི་བ་ལས་དཔེ་ཆ་མི་ཤེས་མཁན་ཞིག་ཡིན་ས་རེད། ཕལ་ཆེར་ཁོས་དེབ་གཅིག་ཀྱང་ཡག་པོ་ཀློག་ཡོད་ས་མ་རེད། ཀྲུང་གོ་བོད་ཟེར་མཁན་ཚོ་ལ་དཔེ་བསྐྲུན་གྱི་དངུལ་དང་དབང་ཆ་ཆེ་བས་དེབ་བརྒྱ་སྟོང་བསྒྲིགས་རུང་གང་མོས་རེད་པ། དེང་དུས་མཁས་དབང་ཟེར་ནས་འཛིན་མཚམས་མེད་པར་ཡིན་ནམ། ཡང་ན་དོལ་དགེ་སྐལ་བཟང་ལ་བཀའ་གདམས་གསར་མའི་སྐོར་དབྱིན་དེབ་སུམ་བརྒྱའི་ཁ་ལོངས་ཚར་འདུག་པས་མཁས་དབང་ཟེར་ས་རེད། ཧ ཧ
ད་ཡང་པདྨ་ཟེར་བ་དངོས་བདེན་ལ་ཁྱོག་བཤད་བྱེད་མཁན་གཅིག་དོན་སོང་། མཁས་དབང་ར་སེ་དཀོན་མཆོག་རྒྱ་མཚོའི་རྩོམ་རིགས་ཚང་བློ་གཟུ་བོར་གནས་པས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་མུ་རེད། ཁྱོས་ཀྱིས་ངོམ་འདོད་པའི་དོལ་དགེ་སྐལ་བཟང་ཟེར་བ་དང་ག་ལ་མཚུངས།
ང་རང་མཐོ་སློབ་ནང་ཡོད་སྐབས། ས་རེ་མཆོག་གི་གངས་ཅན་སྐྱེས་མའི་ལོ་རྒྱུས་ཀློག་མྱོང་ལ། དེ་ནི་ཧ་ལམ་བོད་ཀྱི་ལོ་རྒྱུས་ཐོག་གི་སྐྱེས་མའི་ལོ་རྒྱུས་ཐད་སྤེལ་བའི་དཔྱད་རྩོམ་དང་པོ་ཡིན་པས། བློ་སྒོ་འབྱེད་པར་ཕན་ཐོགས་བླ་ན་མེད་པ་བྱུང་སོང་།
གོང་དུ་བཀོད་པའི་མཆན་ཁག་ལ་གཞིགས་ན། ད་ལྟ་ཁོང་གིས་དེབ་ལྔ་བཅུ་ལྷག་བརྩམས་ཡོད་པ་འདྲ། འབྲི་མཁན་ཕར་ཞོག་ཀློག་མཁན་ཞིག་ལའང་ལོ་ངོ་བཅུ་ཕྲག་འགོར་སྲིད་པར་མ་ཟད། མི་ཚེ་ཧྲིལ་བོའི་ནང་དུ་དེབ་ལྔ་བཅུ་ཀློག་མ་མྱོང་བའི་ཤེས་ཡོན་པའང་གང་མང་ཡོད་པ་རེད། དེ་བས། ཉུང་མཐར་ཁོང་གིས་ཆུ་ཚོད་བཏང་ནས་དཀའ་ལས་བསྐྱོན་པར་ངོས་ལེན་གནང་དགོས་ངེས་རེད།
དེ་མིན་ལྟ་བ་མི་མཐུན་ས་དང་མ་འདང་ས་ཡོད་ན་བཤད་ཆོག་གི་རེད་དེ། ཐོག་མར་ཕ་རོལ་བོའི་བརྩམས་ཆོས་ཀློག་ཚར་དགོས་པ་ནི་མ་མཐའི་ཆ་རྐྱེན་ཞིག་རེད། དེ་འདྲ་ཞིག་རེད་དམ།
དྲ་གྲོགས་ཚོ་དོན་མེད་འུད་སྒྲོག་མ་གནང་རོགས་ཞུ། ངས་ཁོང་གིས་དེབ་ཁ་ཤས་ཀློག་ནས་སྐད་ཆ་བཤད་ཀི་ཡོད། འབའ་བསམ་གཏན་གྱིས་ཕལ་ཆེར་དེབ་ཀྱི་གྲངས་ཀ་ཙམ་བསྟོད་ཀྱི་ཡོད་པ་ཐག་ཆོད་རེད། དེ་ལ་ཁྱད་པར་མི་འདུག
ཁྱེད་ཚོས་ཁོང་གི་དགོངས་གཅིག་གི་དགོངས་རྒྱན་ལ་བལྟས་ཨེ་མྱོང་བོད་ནང་ཁུལ་དང་གྲུབ་མཐའ་ནང་ཁུལ་ལ་དཀྲུགས་ཤིང་ག་ཚོད་སློང་འདུག དེ་མིན་བོད་རེ་བ་ཅན་ལ་བལྟས་ཨེ་མྱོང་། བོད་རང་གི་རིག་གནས་ལ་འགྲེལ་བཤད་ཇི་ལྟར་བསྐྱོན་འདུག ནང་ཆོས་སྐོར་འགྲེལ་སྐོར་དེ་དག་མང་ཆེ་བ་བཤུས་པ་རེད། ཧ་ལས་རྒྱུ་མི་འདུག
མི་འདི་ཙམ་བསྟོད་བསྔགས་ཕལ་་ན་ངན་པ་ལངས་ཤོར་མ་རེད་པས་་་་་་་
མིག་དམར་ཟེེར་བའི་མི་ལས་ངན་དེ་སྨྱོ་ཟིག དགོངས་གཅིག་དགོངས་རྒྱན་མིང་ཤེས་ཙམ་ལས་ཀློག་མྱོང་མེད་པ་འདྲ། ཆོས་ལུགས་བར་དབྱེན་དཀྲུགས་ག་རེ་བྱས་འདུག འདི་དང་འདི་བྱས་འདུག་ཅེས་གསལ་བོར་སྟོན་ཤོག་དང་། བདེན་པ་སྤུ་ཙམ་མེད་པ། ཕྲག་དོག་མེ་འབར་འབར། སྙིང་རྗེ། མིག་དམར་པོ་དེ་སེར་པོ་གྱུར་ཟིག
ར་སེ་དཀོན་མཆོག་རྒྱ་མཚོའི་གསུང་འབུམ་གྱི་ཁ་བྱང་མཐོང་མ་ཐག་ང་རང་མ་སྐྱིད་པ་དང་ཕྲག་དོག་ཆེན་པོ་བསླེབས་བྱུང་། རྒྱུ་མཚན་ནི་དཀོན་རྒྱམ་འདིས་མི་ཚེ་ཐོས་པ་དང་འཆད་པར་འདས། སངས་རྒྱས་བསྟན་པ་སྤྱི་དང་བྱེ་བྲག་འབྲི་གུང་བཀའ་བརྒྱུད་ལ་ཞབས་འདེགས་འདི་འདྲ་ཞུ་ཐུབ་པ་འདིས་ང་རང་སྐྱིད་པོ་བྱུང་མ་སོང་།
ཁོང་ལ་མཚོན་ན། ངའི་མི་ཚེ་དོན་མེད་ཟད་འདུག ད་འགྱོད་པ་སྐྱེ་རུང་མི་ཕན། འོན་ཀྱང་སངས་རྒྱས་ཀྱིས་དགེ་བའི་རྗེས་ལ་ཕྲག་དོག་མིན་པར་ཡི་རངས་བྱས་ན་ཕན་པ་ཆེན་པོ་ཡོད་པ་ཐོས་པས། ར་སེ་དཀོན་མཆོག་རྒྱལ་མཚན་གྱི་དགེ་བའི་ལས་ཐ་དག་ལ་རྗེས་སུ་ཡི་རངས་དང་། དྲ་བུ་བདག་ཚོ་ཡང་ཁོང་ལྟ་བུར། འདུག་ས་རང་གི་ཕ་སར་སྡོད། སྦྱང་རྒྱུ་རང་གི་ཕ་མེས་ཀྱི་ཤེས་བྱ་སྦྱོང་། བསྐྱང་རྒྱུ་རང་གི་རིགས་རུས་ན་གཞོན་ཚོ་སྐྱོང་ནས་སྡོད་ཐུབ་པའི་སྨོན་ལམ་ཆེན་པོ་དང་དྲག་པོ་ཞིག་འདེབས་པའོ།
འོ་དེ་དང་ཆབས་གཅིག་སྐྱེ་བུ་དམ་པ་ཁོང་གི་མཚན་ཐོས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་ང་ལྟ་བུའི་ལས་ངན་ཕྲག་དོག་ཞི་བ་དང་། བྱམས་སྙིང་རྗེ་འཕེལ་བར་ཤོག