བསྟན་འཛིན་ཤེས་རབ།
མི་རིང་བར་རང་རེའི་བོད་ཀྱི་སྤྱི་ཚོགས་ཁྲོད་སྙན་ངག་གྱེར་འདོན་དང་སྙན་ངག་རྩོམ་རིག་བྱ་དགའ། སྙན་ངག་པའི་ཚབ་མཚོན་མི་སྣ་གཟེངས་བསྟོད། ཚབ་མཚོན་དུ་འོས་པའི་སྙན་ངག་གི་དེབ་ཕྲེང་འདོན་སྤེལ། སྙན་ངག་རྩོམ་རིག་གི་ཚོགས་ཆེན་བཅས་སྙན་ངག་གི་ལས་རིམ་ཞིག་སྤེལ་རྩིས་ཡོད་པ་དང་། ལས་རིམ་དེ་རྒྱ་ཆེ་བ་ཞིག་ཡིན་སྟབས། ཚགས་ཚུད་དང་སྤུས་ལེགས་ཤིག་ཡོང་ཕྱིར་རང་རེའི་སྙན་ངག་པ་གཙོས་པའི་རྩོམ་པ་པོ་ཡོངས་ལས་རིམ་འདིར་མཉམ་ཞུགས་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད།
བཙན་བྱོལ་ནང་གི་སྙན་ངག་པ་གཅིག་དང་སྙན་ངག་གཅིག་བཅས་ལ་བཙན་བྱོལ་ནང་གི་ཕུལ་དུ་བྱུང་བའི་དེང་རབས་སྙན་ངག་རྩོམ་རིག་གི་བཟང་རྟགས་དང་བྱ་དགའ་འབུལ་རྒྱུ་དང་། གཞན་བོད་ནང་གི་སྙན་ངག་པ་ལྔ་དང་བཙན་བྱོལ་ནང་གི་སྙན་ངག་པ་ལྔ་བཅས་དེང་རབས་ཕུལ་བྱུང་སྙན་ངག་པའི་གཟེངས་བསྟོད་ཀྱི་ཆེ་མཐོང་འབུལ་རྒྱུའི་ཐད། རང་རེའི་སྙན་ངག་པ་གཙོ་བྱས་པའི་རྩོམ་པ་པོ་དང་ཤེས་ཡོན་ཅན་རྣམས་ཀྱིས་ད་ལྟ་ནས་རང་རང་གིས་ད་སྔ་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་ནས་མཐོང་བའི་ཕུལ་བྱུང་གི་སྙན་ངག་དང་སྙན་ངག་པ་འདེམས་སྒྲུག་གནང་རྒྱུ་ཅི་ནས་གལ་ཆེ། ལས་རིམ་འདི་དག་ནི་སྤྱི་བའི་དོན་དག་ཅིག་ཡིན་པ་ངེས་པར་བགྱིས་ཏེ་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་འཐེན་འཁྱེར་དང་ཕྱོགས་ལྷུང་དུ་མ་སོང་ཞིང་ཚགས་ཚུད་དང་སྤུས་ལེགས་ཤིག་ཡོང་བའི་ཕྱོགས་ལ་འབད་བརྩོན་གནང་རོགས།
ལས་འགུལ་འདི་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད། ངས་ཀྱང་བྱེད་ཐུབ་ན་ལས་འགུལ་འདི་ལྟ་བུ་ཞིག་སྤེལ་ས་རེད་དེ། ནུས་མེད་ང་ལྟ་བུས་ཅི་བྱེད་ཐུབ། དེ་བས་དགའ་བསུ་ཞུ།
ཡིན་ཡང་ལས་འགུལ་འདི་ཡར་རྒྱས་དང་རྒྱུན་གནས་ཐུབ་མིན་ལ་བར་ཆད་མང་སྲིད་ཀྱང་། གཙོ་ཆེ་བ་ཕྱོགས་ལྷུང་ཤོར་མི་ཉན་པ་དེ་རེད། བོད་ནང་གི་གུར་ཀུམ་ཆེན་མོའི་བྱ་དགའ་ལྟ་བུ་དང་། སྦྲང་ཆར་བྱ་དགའ་ལྟ་བུ་དགོས་པ་རེད། དེ་མིན་གོ་སྒྲིག་པ་ཨ་མདོ་བའམ་ཁམས་པ་གང་རུང་ཞིག་ཡིན་ཚེ། བྱ་དགའ་ཐོབ་མཁན་ཡང་ཨ་མདོ་བའམ་ཁམས་པ་ཆགས་སོང་ན། དེས་གོ་ཆོད་མེད། ཡོད་པས་ཡོད་གོ་ཆོད་མེད་ལ་མེད་པའི་མེད་པའི་མེད་གོ་ཆོད་མེད།
གུར་ཀུམ་ཆུན་པོ་རེད། ཆེན་པོ་མ་རེད། བཏགས་ནོར་ཤོར་འདུག