ཤིང་རྟ་ནས།
མཁྱེན་རབ་ཀྱི་ཁོ་ལག་ཡོངས་སུ་རྫོགས་ཤིང་དམར་སེར་དགེ་འདུན་གྱི་སྡེ་ལ་ཤ་ཞེན་ཟབ་པའི་རྒྱ་ཆེན་སྨྱུག་ཐོགས་པ་དག་གི་དྲུང་དུ་ཞུ་བྱ། ཆོས་བྱེད་ངུར་སྨྲིག་གི་དཔུང་སྡེ་འདིའི་ཁ་ཕྱོགས་འཚོལ་བའི་ཆེད་དུ་ང་ཚོ་གྲྭ་རྐྱང་འགས་ལོ་སྔོན་མར་གསར་ཤོག་ཅིག་འདོན་སྤེལ་ཞུས་པ་བཞིན། ཐེངས་འདིར་ཡང་བཀའ་བརྒྱུད་སྨོན་ལམ་དང་སྟབས་བསྟུན་ཏེ་ཡང་བསྐྱར་འདོན་འཆར་ཡོད་པས་ཚིག་བསྡུས་ལ་དོན་རྒྱས་པའི་རྩོམ་ཡིག་གང་མང་བསྐུར་གནང་རོགས་ཞུ།
ང་ཚོས་ལས་བྱ་འདི་ལྟར་ལ་ཞུགས་དགོས་དོན་ཡང་ཕ་མེས་ནས་ནང་པ་སངས་རྒྱས་པའི་ཆོས་ལ་དད་མཁན་གྱི་མི་རིགས་མང་པོ་ཞིག་ཡེ་ཤུའི་ཆོས་ལ་ཞུགས་དང་འཇུག་བཞིན་པ་རེད། དེ་དག་རྒྱུ་རྐྱེན་གང་ཡིན་འཚོལ་སྐབས། ཡེ་ཤུ་བ་ཚོས་སོ་སོར་དཔལ་འབྱོར་ཏོག་ཙམ་ཡོད་ན། ཉམ་ཐག་གི་རིགས་ལ་ཕན་ཆེད་སྨན་ཁང་རིན་མེད་རྒྱག་པ་དང་། སློབ་གྲྭའི་མཐུན་རྐྱེན་སྐྲུན་པ། ཞ་བོ་ལོང་བ་སོགས་ཉམ་ཐག་དབང་པོ་སྐྱོན་ཅན་རིགས་ལ་འཚོ་བའི་མཐུན་རྐྱེན་བསྐྲུན་པ་སོགས་ཀྱིས་ཡིན་པར་དཔོག་ཐུབ། ང་ཚོ་བོད་རྒྱུད་ནང་བསྟན་རྗེས་འཇུག་པ་ཚོས་སེམས་ཅན་ཐམས་ཅད་ལ་ཕན་བདེ་ སྒྲུབ་དགོས་སྐོར་ཁ་བཤད་ཙམ་མ་གཏོགས་ལག་ལེན་མེད་པའི་ངང་ནས་མུ་མཐུད་དེ་བསྡད་ན་ང་ཚོ་སྤྱི་ཚོགས་ཀྱི་གྲལ་ནས་བུད་ངེས་པས། མཁྱེན་ལྡན་སྨྱུག་ཐོགས་པ་དག་གིས་དམར་སེར་གྱི་སྡེ་འདིའི་མདུན་ཕྱོགས་ཀྱི་ལམ་ཆེན་གང་ཡིན་གྱི་ སྐོར་ལ་སྨྱུག་ཁ་བཀོལ་རོགས་ཞུ་རྒྱུ་ཡིན།
རྩོམ་ཡིག་གི་ཆ་རྐྱེན་གང་དགོས་སྐོར།
༡༽བརྗོད་གཞི་གཙོ་བོར་དེང་དུས་ཀྱི་སྤྱི་ཚོགས་ཁྲོད་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མཐུན་ པའི་མང་ཚོགས་ཀྱི་ཞབས་ཞུ་དང་། ཁོར་ཡུག་སྲུང་སྐྱོབ། བཟང་སྤྱོད་དར་སྤེལ་སོགས་ཐབས་མཁས་ཀྱི་བྱ་བར་ཞུགས་དགོས་པ་གལ་ཆེ་བའི་སྐོར་དང་། མདོར་ན་རབ་ཏུ་བྱུང་བ་རྣམས་ཀྱིས་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་མང་ཚོགས་ཀྱི་ཞབས་འདེགས་ ཇི་ལྟར་བྱ་དགོས་པའི་སྐོར་ལས་འཕྲོས་ཏེ་དགེ་འདུན་གྱི་སྡེ་འདིའི་མ་འོངས་པའི་ཁ་ཕྱོགས་མཛུབ་སྟོན་གནང་དགོས།
༢༽ ནང་པའི་རྗེས་འཇུག་པ་ཚོས་ཁྲོ་བ་ལ་སླར་མི་ཁྲོ་སྡིག་པ་ལ་སླར་མི་སྡིག་པ་སོགས་ དགེ་སྦྱོང་གི་ཆོས་བཞི་ཉམས་ལེན་བྱ་དགོས་ཚུལ་དང་། དེ་ལྟར་མ་མཛད་ན་ནང་པའི་གྲལ་དུ་མི་ཚུད་པའི་ཚུལ་ལས་འཕྲོས་པའི་སློབ་གསོ་སྟེ། མདོར་ན་ཆོས་ལུགས་འཆམ་མཐུན་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་ནི། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་ནང་པ་སངས་རྒྱས་པའི་རིག་པའི་གཞུང་ལུགས་སམ་ལྟ་སྤྱོད་འདི་ཁོ་ན་ཡིན་པ་ནང་པའི་རྗེས་འཇུག་པ་ཡོངས་ཀྱིས་མཁྱེན་དགོས་ཚུལ་དང་།
༣༽ཆོས་བྱེད་མི་སྣའི་རུས་རྐང་གི་གསེང་དུ་ཐིམ་ཟིན་པའི་ཆོས་ལུགས་ཀྱི་གོམས་སྲོལ་དང་། དེ་བཞིན་གང་ཟག་སྒེར་པ་དང་། ཚོགས་སྡེ་བྱེ་བྲག་པ་ལ་དགག་རྒྱག་དང་། ཉེས་སྐྱོན་ཐེར་འདོན། སུན་འབྱིན་རིགས་སྐབས་འདིར་བྱ་མི་རུང།
༤༽གསར་ཤོག་གི་ས་ཁྱོན་དང་མི་མཚམས་འདུག་པས་རྩོམ་ཡིག་གི་ཚིག་འབྲུ་མང་ཉུང་ཡང་དེ་བཞིན་ཐུགས་ལ་འཛིན་དགོས། དུས་ཡུན་སྤྱི་ལོ་༢༠༡༢ སྤྱི་ཟླ་ ༡༡ ཚེས་༢༨ ནང་ལ་རྩོམ་ཡིག་རྣམས་འབྱོར་ཐུབ་ན་བཟང།
འབྲེལ་བ་གནང་ཡུལ།
samten_1987@yahoo.com
ogyen888@gmail.com
རྙིང་མའི་སེར་ཁྱིམ་པ་ཁ་གཏོང་ཡོང་མ་མ་གཏོགས་ཁྱེད་ཅག་ལྟད་མོ་ཡོད་ད།
དེ་ནི་བོད་ཕྱི་ནང་(ལྷག་པར་དུ་བོད་ནང་)ཡོད་པའི་དགོན་སྡེ་ཁག་ནས་མི་དམངས་ལ་གསོན་ཆོས་དང་གཤེན་ཆོས་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་བྱེད་དགོས་བར་མཐོང་། ཕ་ཡུལ་གྱི་དགོན་པ་སྤྱི་ལ་དཔལ་འབྱོར་མ་མང་ན་མི་ཉུང་བའི་དུས་འདིར་ལྷ་ཁང་མཆོད་ཁང་བསྐྲུན་པ་ཙམ་མ་ཡིན་པར་སྐྱ་སེར་ཁྱད་མེད་པར་སློབ་གསོ་དང་སློབ་གསོ་ལ་མཐུན་སྐྱེན་བཟོས་ན་ལེགས་པོར་མཐོང་།
ང་ལ་རྩོམ་ཡིག་ཐུང་ཐུང་ཁ་ཤས་དེ་ཚོ་འདིར་བཀོད་ཨེ་ཆོག གལ་ཏེ་འགྲིགས་པ་ཡིན་ངས་སུ་ལ་སྐུར་དགོས།
ནང་པ་སངས་རྒྱས་པའི་ཞབས་འདྲིན་ཞུ་མཁན་དེ་གདན་ས་ཁག་ནང་ཡོད་པ་རེད་་་་་ཁོ་ཚོ་ལ་གསུང་རོགས་གནང་་་་་སངས་རྒྱས་ཕེབས་རྗེས་བྱུང་མ་མྱོངས་བ་ཀྱང་ཀྱང་བྱུང་བ་རེད་་་་་་་
ད་དེང་སང་དགེ་ལུགས་པའི་གྲགས་པ་ལ་དོད་པ་བྱེད་མཁན་ནི་ཉུང་རུ་ཉུང་རུ་་་་་་རྒྱུ་མཚན་གང་ཡིན་གསལ་པོ་མེ་ཤེས་་་་་་ཁྱོད་རྣམས་ཤེས་ན་འབྲེལ་བཤད་གནང་རོགས་གནང་་་་
ནང་བ་ནི་རྩོལ་སྒྲུབ་དང་ཀུན་སློང་གཉིས་ལས་ཀུན་སློང་ལ་གཙིག་ཆེན་བྱེད་པའི་ཆོས་སྨྲ་བའི་དཔུང་སྡེ་ཞིག་མ་ཡིན་ནམ།
༥༽ མཁས་དབང་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༥ གི་ཆུ་ཚོད་ ༨ སྐར་མ་ ༥༢
་་་་ཁྱོད་རྣམས་ཤེས་ན་འབྲེལ་བཤད་གནང་རོགས་གནང་་་་ ཟེར།
མཁས་དབང་ལགས།
འབྲེལ་བཤད་མ་རེད། འགྲེལ་བཤད་ཅེས་འབྲི་དགོས་རེད།
བཀའ་བརྒྱུད་སྨོན་ལམ་སྐབས་སུ་ལས་བྱེད་པ་ཚོས་དོན་དམ་པར་ཆོས་ཞིག་བསྒྲུབ་གནང་ན་བཟང་བ་མ་རེད་དམ། སྔོན་གྱི་བཀའ་བརྒྱུད་གོང་མས་གང་མ་གནང་བ་དང་། གང་སྤང་བའི་བྱ་བ་རྒྱབ་འགལ་དེ་ཚོ་བླང་བྱ་ཚུལ་མ་གནང་ན་མི་བཟང་ངམ། རྩོམཤོག་རེ་གཉིས་བསྡུ་རུབ་བཟོད་པས་ཅི་ཕན་མི་ཐོག། དེ་ལས་༧ གོང་ས་མཆོག་ནང་པའི་ལྟ་སྤྱོད་ཀུན་བཏུས་དང་། རྫ་དཔལ་སྤྲུལ་གྱིས་གསུངས་བསླབ་བྱ་དུམ་བུ་རིགས་ཆོས་སྦྱིན་འདྲ་བྱས་ན་མི་བཟང་ངམ། གལ་ཏེ་མོས་མཐུན་མེད་ན་ རྗེ་བཙུན་མི་ལའི་མགུར་འབུམ་རིན་པོ་ཆེ་འདི་ལོ་བཀའ་བརྒྱུད་་སྐབས་སྨོན་ལམ་སྐབས་མང་་ཚོགས་ཐུན་མོང་གི་་གསུང་ཐུབ་ན་སྤྲུལ་སྐུ་སྟོབས་ཅན་གྱི་སེམས་རྒྱུད་འདུལ་ཐུབ་ཡག་མི་བཟང་ངམ།
ཏི་སི་ལགས་སེམས་རྒྱུད་འདུལ་དགོས་པའི་སྤྲུལ་སྐུ་སྟོབས་ཆེན་ཟེར་བ་དེ་སུ་ལ་བཤད་ཀྱི་ཡོད། ཁྱོད་ཁ་མེ་འབར་ཡོང་ཁོ་རེ་དེང་སང་བཀའ་བརྒྱུད་པ་ཟེར་དུས་ལས་སླ་བོ་ཞིག་ཡོད་ཚོད་མི་འདུག གཟབ་གཟབ་བཤད་ན་ཡག་ཡོང་། སྔོན་ཆད་ཡིན་ཁྱོད་དང་ཁྱོད་ལྟ་བུ་དྲ་འབུ་དག་ལ་ལེན་བྱེད་མཁན་མེད་ན་ཡང་། ད་བཀའ་བརྒྱུད་པ་ལ་བུ་རྒོད་མང་དུ་ཡོད་པས་ཤེས་པར་གྱིས་ཤིག
བོད་མཁས་པས། ཕྱག་ཆེན་སྒོམ་པས་ཕྱག་ལས་ཇེ་མང་སོང་།།ཞེས་པ་སི་ཏུ་པཎ་ཆེན་ལ་བཤད་པ་ལྟར་སྒོམ་ཚུགས་འཆོར་བའི་མཁས་པ་བཀའ་རྒྱུད་པ་མང་པོ་ཡོད་ཚོད་གདའ། གང་ལྟར་ཚགས་པར་འདོན་པ་ཡིན་ན་མཁས་གྲུབ་གོང་མ་ཚོའི་མགུར་ཚིག་ཉུང་ཉུང་རེད་འགོད་ཐུབ་ན་ལེགས།
ནང་པའི་ཆོས་ལ་སྐྱོན་མེད་པ་རེད་་་་་་་ཆོས་དེ་འཛིན་མཁན་གང་ཟག་མང་པོ་ཞིས་་་་་་གཏམ་སྙན་གྲགས་དང་་་་་དཔལ་འབྱོར་སོགས་ལ་་་་དོན་གཉིར་ཁོ་ན་བྱས་པ་ཡིན་ཙམ་་་་ནང་པའི་ཆོས་ལ་དོད་མཁན་ཉུང་རུ་འགྲོག་གིན་ཡོད་རེད་ཟེར་མཁན་ཡང་འདུག་་་་་་་དྲངས་པོ་རེད་དམ་མ་རེད་གྲོགས་པོ་ཚོ་་་་་་