ལོག་སྨྲ་ཚར་གཅོད།
ང་འདུག་ས་མི་མེད་མཐའ་འཁོབ་ཡིན།།
གནས་བཅའ་ས་རང་བྱུང་ཁོར་ཡུག་ཡིན།།
གྲོགས་འགྲོགས་ས་རི་དྭགས་གཅན་ཟན་ཡིན།།
བློ་སྨོན་ས་སེམས་ཀྱི་ཞི་བདེ་ཡིན།།
འདང་རྒྱག་ས་གཏན་གྱི་མདུན་མ་ཡིན།།
ཡིད་སྐྱོ་ས་འཇིག་རྟེན་འཁོར་བ་ཡིན།།
སྙིང་རྗེ་ས་འགྲོ་དྲུག་སེམས་ཅན་ཡིན།།
སྐྱབས་བཅའ་ས་བསླུ་མེད་དཀོན་མཆོག་ཡིན།།
ཡིད་ཆེས་ས་ཚེ་རབས་ལས་འབྲས་ཡིན།།
སེམས་ཆགས་ས་སྟོང་ཉིད་བྱང་སེམས་ཡིན།།
ཞེ་སྡང་ས་བདག་འཛིན་གཅེས་འཛིན་ཡིན།།
སྒོམ་རྒྱག་ས་ཟབ་གསལ་དབྱེར་མེད་ཡིན།།
སེམས་འཛིན་ས་རྩ་རླུང་ཐིག་ལེ་ཡིན།།
བློ་གཏོད་ས་བླ་མ་ཡིད་དམ་ཡིན།།
མཐར་གཏུག་ས་བདེ་སྟོང་ཟུང་འཇུག་ཡིན།།
ང་འདུག་ས་མི་མེད་མཐའ་འཁོབ་རེད། །
གནས་བཅའ་ས་རང་བྱུང་ཁོར་ཡུག་རེད། །
གྲོགས་འགྲོགས་ས་རི་དྭགས་གཅན་ཟན་རེད། །
བློ་སྨོན་ས་སེམས་ཀྱི་ཞི་བདེ་རེད། །