བོད་ཀྱི་དུས་བབ་ནས་དྲངས།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་བལ་གཉིས་ནས་ཕེབས་པའི་བོད་རིགས་མཐོ་རིམ་སློབ་མ་ཚོར་མ་འོངས་མགོ་འཁྲིད་གནང་ཕྱོགས་དང་འབྲེལ་ལམ་སྐོར་ལ་གཏམ་བཤད་གནང་སོང་།
ཟླ་འདིའི་ཚེས་ ༢༥ ཉིན་ནས་ཕྱི་ཚེས་ ༣༠ བར་ཉིན་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བལ་ཡུལ་དང་རྒྱ་གར་བཅས་ཀྱི་མཐོ་སློབ་ཁག་ ༣༢ ནས་སློབ་ཕྲུག་ ༩༥ ཙམ་ལ་མགོ་ཁྲིད་ཀྱི་ཟབ་སྦྱོང་ཞིག་གནང་གི་ཡོད་པ་དང་། དེ་རིང་ཉིན་རྒྱབ་ཀྱི་ཆུ་ཚོད་ ༢།༠༠ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མགོ་ཁྲིད་དང་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སོང་།
སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མགོ་ཁྲིད་ཞེས་པ་དེ་དབྱིན་ཇིའི་ནང་ལ་ Leader ཞེས་པ་དེར་འགྲེལ་བཤད་མང་པོ་ཡོད་ཀྱང་སྔོན་མ་ནས་འགྲེལ་བཤད་གཅིག་ནི་ ‘To go forward and die’ (མདུན་དུ་སྐྱོད་པ་དང་ཤི་ཐུབ་པ།)ཟེར་བ་དེ་འགྲེལ་བཤད་རྙིང་པ་རེད། སྔོན་མ་ལུས་ཀྱི་ནུས་སྟོབས་ལ་བརྟན་ནས་མགོ་ཁྲིད་ཆགས་དགོས་སྟབས། དམག་རྒྱག་ཐུབ་མཁན་དང་ཕར་ཕྱོགས་ཀྱི་ས་དང་ཆུ་འཕྲོག་ཐུབ་མཁན། གྲོང་གསེབ་དང་སྟོན་ཐོག་འཕྲོག་ཐུབ་མཁན་དང་། མདུན་དུ་ཕྱིན་ནས་སོ་སོ་བློས་གཏོང་ཐུབ་མཁན་ཞིག་ལ་ཟེར་གྱི་ཡོད་རེད།
རྗེས་སུ་མགོ་ཁྲིད་ལ་འགྲེལ་བཤད་མང་པོ་ཡོང་ཡོད། activist (ལས་འགུལ་བའི་) མགོ་ཁྲིད་དང་། creative (གསར་གཏོད་ཅན་གྱི་) མགོ་ཁྲིད། authoritative (དབང་འཛིན་ཅན་གྱི་) མགོ་ཁྲིད། transformational བཅོས་སྒྱུར་ཅན་གྱི་མགོ་ཁྲིད། transactional (ལས་དོན་ཐག་གཅོད་ཀྱི་) མགོ་ཁྲིད་སོགས་ཡོད། མགོ་ཁྲིད་ཟེར་དུས་མདུན་དུ་སྐྱོད་མཁན་ཞིག་ཡིན་ཡང་། དམག་རྒྱག་སྐབས་དམག་སྤྱི་མགོ་ཁྲིད་ཡིན་ཡང་། དམག་གི་མདུན་ལ་རྒྱུག་དགོས་པའི་ངེས་པ་མེད། མདུན་དུ་བསྡད་ནས་མགོ་ཁྲིད་མཁན་དང་རྒྱབ་ལ་བསྡད་ནས་མགོ་ཁྲིད་མཁན། ཟུར་དང་དཀྱིལ་སོགས་སུ་བསྡད་ནས་མགོ་ཁྲིད་མཁན་ཡོད་སྟབས། མགོ་ཁྲིད་ཟེར་བ་དེ་མགོ་མ་རེད། ཁྲིད་ཐུབ་མཁན་གྱི་མི་དེ་རེད། དབྱིན་ཇིའི་ཚིག་གི་ Leader ཞེས་པ་དང་བོད་པའི་ཚིག་གི་མགོ་ཁྲིད་ཟེར་བ་གཉིས་སྡུར་ན་བོད་པའི་ཐ་སྙད་དེ་ཡག་པོ་འདུག དབྱིན་ཇིའི་ཐ་སྙད་ནང་ལ་Lead (སྣེ་ཁྲིད) ཟེར་བ་དེ་ངེས་པར་དུ་མདུན་ལ་འགྲོ་དགོས་པ་ཞིག་གོ་ཡོང་གིན་འདུག
མདུན་དུ་རྒྱུག་ནས་སྐད་རྒྱག་མཁན་ལས་རྗེས་ལ་འགྲོ་མཁན་མེད་པ་ཡིན་ན། མི་ཚང་མས་སྨྱོན་པ་རེད་ཟེར་གི་རེད། དེར་བརྟེན། ཁ་རྒྱག་པ་བཤད་མཁན་དང་སྐད་ཆ་རྫིག་པོ་བཤད་མཁན་རྣམས་མགོ་ཁྲིད་རེད་དམ་ཞེས་ན་མ་རེད། སྐད་ཆ་སྙན་པོ་བཤད་ཙམ་གྱིས་མགོ་ཁྲིད་ཡིན་པའི་ཁྱབ་ཀྱི་མ་རེད་ལ། རྫིག་པོ་ཡིན་པ་ཙམ་གྱི་མགོ་ཁྲིད་ཡིན་པའི་ཁྱབ་ཀྱི་མ་རེད། མགོ་ཁྲིད་ཟེར་པ་དེ་མི་སུ་ཡིན་རུང་ཡོང་ཆོག་པ་ཞིག་རེད། ཅེས་གསུངས་སོང་།
མགོ་ཁྲིད་ལ་ཆ་རྐྱེན་གཙོ་བོ་ག་རེ་ཡིན་མིན་སྐོར་ལ་ཁོང་གིས། མགོ་ཁྲིད་ལ་དགོས་པའི་ཆ་རྐྱེན་མང་པོ་ཡོད་པ་རེད། དཔེར་ན། འཆར་སྣང་དང་སྙིང་སྟོབས་སོགས་ཡོད་ཀྱང་དེ་དག་ལས་ཆེས་གལ་ཆེ་ཤོས་དེ་སྙིང་རྗེ་རེད། ཡིན་ནའང་དཀའ་ངལ་ལ་འཕྲད་མཁན་ཞིག་མཐོང་ན་སྙིང་རྗེ་དང་། ལམ་འགྲམ་གྱི་སྤྲང་པོ་མཐོང་དུས་སྙིང་རྗེ་ཟེར་བ་དེ་མ་རེད། དེ་ལ་དབྱིན་ཇིའི་སྐད་ནས་empathize (གཞན་གྱི་ཚོར་བ་རྟོག་ཐུབ་པ)ཟེར་གྱི་ཡོད་རེད། གཏིང་ཟབ་མོ་ན་ཡོད་པའི་སྙིང་རྗེ་དེ་ལ་ཟེར་གྱི་ཡོད་པ་རེད། དབྱིན་ཇིའི་ནང་ལ་empathy དང་ compassion (སྙིང་རྗེ་)ཟེར་བ་གཉིས་ཡོད་པ་དང་། སྙིང་རྗེ་ཞེས་པ་ནི་བྱ་སྤྱོད་ཞིག་ཡིན་སྟབས་དེ་ནི་སྙིང་སྟོབས་ཀྱི་རྩ་བ་རེད། ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་དུ་འབྲེལ་ལམ་གཏམ་བཤད་གནང་སྟངས་སྐོར་གསུངས་དོན། མགོ་ཁྲིད་ཀྱི་གཏམ་བཤད་དེ་ཡང་གལ་ཆེན་པོ་ཡིན་སྟབས། ཚོགས་འདུ་ལ་དཔག་པའི་གཏམ་བཤད་གནང་དགོས། དཔེར་ན། ཁོར་ཡུག་གི་ཚོགས་འདུ་ཞིག་ཡིན་ན་ཁོར་ཡུག་སྐོར་དང་། ཆབ་སྲིད་ཀྱི་སྡངས་ཆའི་ཐོག་ནས་ཆབ་སྲིད་བཤད་དགོས། དེ་བཞིན་མིའི་མཉམ་དུ་བཤད་ཐུབ་དགོས་པ་དང་། མིའི་སེམས་འགུག་ཐུབ་པ་ཞིག་ཡིན་དགོས། གཏམ་བཤད་སྐབས་དང་པོ་རང་ཉིད་ངོ་སྤྲོད་བྱས་པ་ནས་མགོ་བཙུགས་དགོས་པ་དང་། དེ་ནས་ང་ཚོ་ཚོང་མ་གཅིག་པ་ཡིན་པ་ཚོར་དགོས་པ་ཞིག་བཤད་དགོས། དེ་ནས་གནས་ཚུལ་ཛ་དྲག་ཡིན་པ་ཞིག་བཤད་དགོས། དེ་ནས་ག་རེ་བྱས་ནས་ལག་བསྟར་བྱ་དགོས་མིན་ཞིག་བཤད་དགོས། དེ་ལ་ང་དང་ང་ཚོ། ཛ་དྲག ལག་བསྟར་ཞེས་བརྗོད། ཨ་རིའི་སྲིད་འཛིན་ཨོ་བྷ་མས་བཤད་སྟངས་འདི་ལག་བསྟར་བྱས་ཏེ་གཏམ་བཤད་བྱས་ཏེ་སྐད་གྲགས་ཆགས་ཡོད་པ་རེད། ཅེས་སོགས་གསུངས་སོང་།
སྲིད་སྐྱོང་མཆོག་གི་གཏམ་བཤད་གྲུབ་རྗེས་སློབ་ཕྲུག་ཚོ་དང་ཆུ་ཚོད་གཅིག་རིང་དྲི་བ་དྲིས་ལན་གནང་སོང་། དེའི་རྗེས་སྲིད་སྐྱོང་མཆོག་དང་ལྷན་དུ་སྐུ་པར་བསྒྲོན་སོང་།
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
མགོ་ཁྲིད་ཀྱི་ཆ་རྐྱེན་གཙོ་བོ་ཀླད་པ་ཡིན།
སྤྱིར་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་མགོ་ཁྲིད་ལ་འདུག་མཁན་ཙམ་གྱིས་ནི་ནམ་ཡང་ཕོངས་མེད། སྙིང་རྗེ་ཆ་རྐྱེན་གཙོ་བོར་འདོན་པའི་མགོ་ཁྲིད་ཟབ་སྦྱོང་ལྟ་བུས་བོད་ཀྱི་རྩ་དོན་ལ་གར་ཡང་མི་ཕན་ཞིང་། དེ་འདྲའི་མགོ་ཁྲིད་ནུས་མེད་ཅིག་གིས་བོད་སྐྱོབ་པར་ནམ་ཡང་མི་རེ།
སྲིད་སྐྱོང་གི་མིང་དོན་དང་འབྲེལ་བའི་སྐབས་བབ་བོད་ཀྱི་རྩ་དོན་དང་སྲིད་དོན་དག་ནི་ཆུ་ཡི་གཉེར་རིས་བཞིན་དུ་རིམ་ནས་རིམ་བཞིན་གཏན་ཡལ་དུ་གྱུར་དང་འགྱུར་བཞིན་འདུག
རྒྱ་ནག་གི་བཙན་དབང་གཉའ་གནོན་འོག་ཆེས་ཉག་ཕྲ་བར་འགྱུར་བཞིན་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་ཐབས་ལམ་ཕྱོགས་ལ་འབད་བརྩོན་ཅི་ཡང་མི་བྱེད་པར་འདུག
མདོར་ན། དགོས་སར་ཆད་པ་དང་། མི་དགོས་སར་ལྷག་པའོ།།
སྙིང་རྗེ་ལ་སྐྱབས་བཅོལ་བའི་མི་ཞི་གི་མི་མང་ནམ་ཡང་འགོ་འདོན་མི་ཐུབ་།
མི་མང་འགོ་འཁྲིད་ཐུབ་པ་བློ་ཁོག་དང་མཆོད་སེམས་འགན་འཁུར་དགོས་པ་
རེད་།དེ་ཚོ་མེད་ན་གཏམ་བཤད་ལ་སྐྱབས་བཅོལ་་ནས་དུས་ཚོད་རྫོགས་འགྲོ་
གི་རེད་དོ་།
རང་གི་དམིགས་ཡུལ་དུ་གྱུར་པའི་གང་ཟག་ལ་དམིགས་ནས་སྡུག་བསྔལ་ལས་བསྐྱབ་པར་འདོད་པའི་རྣམ་པར་མི་འཚེ་བའི་སེམས་བྱུང་དེ་སྙིང་རྗེའི་མཚན་ཉིད་དུ་བཞད། སྲིད་སྐྱོང་གིས་empathy དང་ compassion སོགས་དབྱིན་ཚིག་རེ་དྲངས་ནས་བོད་མིའི་གསོན་རྩ་ཚོར་ཆོས་ཀྱིས་རྒྱལ་ཁབ་སྐྱོང་བར་བྱ་བར་དགོངས་འདུག ག་ལེར་ག་ལེར་ཁོང་གིས་བདག་གཞན་མཉམ་བརྗེ་དང་། རྒྱུ་འབྲས་མན་ངག་བདུན་ནི་མ་འོངས་པའི་མགོ་ཁྲིད་ཀྱི་ཆ་རྐྱེན་དུ་འདྲེན་རྒྱུ་རེད། མ་འོངས་གསོན་རྩ་ཚོས་ཀྱང་མ་ཤེས་དྲིན་དྲན། དྲིན་བཟོ་སོགས་ཀྱི་གནས་ལུགས་རྙེད་རྒྱུ་རེད། སྐབས་དེར་ཁོང་ཚོས་རང་གི་དགྲ་བོའང་མ་ཡིན་པའི་གནས་ལུགས་རྙེད་རྒྱུ་རེད།
ཕ་བསད་དགྲ་བོར་མགོ་བོ་གུར་མཁན་དེ་སྙིང་རྗེ་རེད་དམ་སྙིང་མེད་།
བུ་ཕྲུག་ཚ་བོ་ཚ་མོ་དམར་གསོད་གཏོང་མཁན་ལ་མགོ་བོ་གུར་ན་སྙིང་རྗེ་རེད་དམ་་སྙིང་མེད་རེད་།
དགྲ་ངོ་མ་ལོང་གཉེན་མགོ་སྡུང་།
ཕ་དེ་བསད་ནས་མ་མགོ་སྡུང་།
དངས་བའི་དགྲ་བོ་མགོ་ལ་འཁུར་།
ནང་ཁུལ་ཆིག་བསྒྲིལ་རྩ་གཏོར་བཏང་།
དབུ་མ་རང་བཙན་ནང་དུ་བརྩོད་།
གུང་ཁྲན་དམར་པོར་ཕྱག་རྒྱ་ཕུལ་།
མགོ་ཁྲིད་ཀྱིས་མི་དམངས་ཀྱི་མགོ་ཁྲིད་མི་དགོས་པར་མི་དམངས་ཀྱི་རྐུབ་ནས་ཕུད་རྒྱག་བརྒྱབ་ཐུབ་ན་འགྲིག་གི་རེད་ཟེར་བ་འདིར་གོ་རྒྱུ་འདུག་ག སྔ་ནས་ད་ལྟའི་བར་དུ་བོད་མི་རིགས་ཀྱི་འཐབ་རྩོད་བྱེད་དུས་མགོ་ཁྲིད་ཚོས་མི་དམངས་ཀྱི་རྐུབ་ནས་ཕུད་རྒྱག་བརྒྱབ་བསྡད་པ་རེད། མགོ་ཁྲིད་ཁོ་རང་ཚོ་མདུན་དུ་ཐོན་ནས་འགྲོ་གི་མ་རེད། མ་ཧ་དུ་མ་གྷ་དན་མཆོག་གིས་རྒྱ་གར་གྱི་རང་བཙན་འཐབ་རྩོད་བྱས་སྐབས་ཁོང་རང་གིས་དབྱུག་པ་བཙུགས་ནས་མདུན་དུ་མཆོངས་འགྲོ་གི་ཡོད་པར་གློག་བརྙན་ནང་དུ་བལྟ་ཡ་འདུག་ག
རྒྱ་གར་བའི་རྐུ་དཔོན་ཇག་དཔོན་ལྟ་བུའི་དཔོན་ངན་ཚོས་མི་དམངས་ཀྱི་རྐུབ་ནས་ཕུད་རྒྱག་བརྒྱབ་ཀིན་རེད། ཁོ་རང་ཚོ་སྐྱིད་པོ་བྱས་ནས་ཁ་ཇ་ཆང་ཤ་རེ་བྱས་ནས་ནང་དུ་བསྡད་ཀྱི་རེད། མི་དམངས་ཉམ་ཆུང་ཚོ་ངོ་རྒོལ་སྐད་འབོད་བརྒྱབ་མཁན་བཏང་གི་རེད། མི་དམངས་ཉམ་ཆུང་ཚོ་ལ་རང་སྲོག་བློ་བཏང་ནས་འཐབ་རྩོད་བྱས་བཅུག་གི་རེད།
སེང་གེ་སྙིང་རྗེ་ཅན་འདི་ཡང་མི་དམངས་ཀྱི་རྐུབ་ནས་ཕུད་རྒྱག་རྒྱབ་མཁན་གྱི་དབུ་ཁྲིད་ཤིག་བྱས་དང་བྱེད་བཞིན་ཡིན་པར་འདྲ། བོད་མི་རིགས་ཀྱི་རྐུབ་ནས་ཕུད་རྒྱག་བརྒྱབ་མཁན་གྱི་མགོ་ཁྲིད་ཤིག་མ་གཏོགས་མདུན་དུ་མཆོངས་ནས་རྒྱུགས་མཁན་གྱི་མགོ་ཁྲིད་ཤིག་ལས་དབང་ལ་བསྐོས་མེད་པར་འདྲ། ག་དུས་ཤིག་ལ་མདུན་དུ་མཆོངས་མཁན་གྱི་དབུ་ཁྲིད་ཚོད་ལྡན་ཞིག་ཕེབས་འོང་ངམ།
ད་ག་ལེ་ག་ལེར་སྲིད་སྐྱོང་འདི་ཡང་རྒན་ཆོས་བྱེད་རན་འདུག ཆབ་སྲིད་པས་སྙིང་རྗེ་ཨེ་་་་། ཆབ་སྲིད་པས་ལས་འགན་གཙོ་བོ་ནི། དགྲ་འདུལ་གཉེན་སྐྱོང་། རང་རྒྱལ་གཞན་ཕམ། ཆགས་སྡང་
ཕྱོགས་རིས། རང་དོན་ཁོག་བཅུག ཡར་འཐེན་མར་འཐེན། ཕུ་དཀྲུགས་མདའ་དཀྲུགས། མགོ་བསྐོར་བསླུ་འཁྲིད་ལ་སོགས་པ་་་་་་་་་མ་རེད་པས། ད་སླ་རུ་སླ་རུ་འགྲོ་གིན་འདུག་གོ།།
ཧ་ཧ་ཧི་ཧི་་་་་་་་
འགོ་ཁྲིད་ཟེར་བ་དེ་རང་འདོད་ཚ་བོ་ཞིག་ངེས་པར་དུ་ཡིན་དགོས་པ་རེད། རང་གི་རྒྱལ་ཁབ་དང་རང་གི་མི་རིགས་ཀྱི་ཁེ་ཕན་ཁོ་ནར་གཙོ་བོར་འཛིན་མཁན་ཞིག་ཡིན་ན་འགོ་ཁྲིད་ཡག་པོ་རེད། འདོད་ཆུང་ཆོག་ཤེས་ཅན་དང་སྙིང་རྗེའི་བདག་ཉིད་ཅན་ཞིག་འགོ་ཁྲིད་ལ་སླེབ་དུས་རྒྱལ་ཁབ་དང་དེའི་མི་རིགས་རིམ་གྱིས་ཉམས་འགྲོ་བ་རེད། མི་དམངས་ཀྱི་བསམ་འཆར་ལ་ཉན་མཁན་ཞིག་དང་བསམ་བློ་གཏིང་ཟབ་མོ་གཏོང་ཤེས་མཁན་གཅིག་ལོས་ཡིན་དགོས། ལྷག་པར་དུ་ཆོག་ཤེས་མེད་པ་དང་སྤོབས་པ་ཆེན་པོ་ཞིག་ངེས་པར་དུ་ཡིན་དགོས། །
ཆབ་སྲིད་ཀྱི་ནང་དོན་ཅི་ཡིན་མི་ཤེས་མཁན་ཚོས་ཆབ་སྲིད་བཤད་ན་དགོད་སྐྱེད་རེད་ཡ།
སྲིད་སྐྱོང་གིས་སྡོད་ཀྱིན་སྡོད་ཀྱིན་གླེན་བཤད་ཇེ་མང་ནས་ཇེ་མང་རེད་་་་་་་
བོད་ཀྱི་རྩ་དོན་འགྲུབ་པ་ལ་སྙིང་རྗེའི་ནམ་ཡང་ཕན་གྱི་
མ་རེད་།
བོད་ཀྱི་རྩ་དོན་འགྲུབ་པ་ལ་ཐབ་ཇུས་དགོས་པ་རེད་།
ཆབ་སྲིད་ངོ་མི་ཤེས་མཁན་གྱི་བོད་ཀྱི་ རྩ་དོན་ག་འདྲ་
བྱས་ནས་སྒྲུབ་ག་།
ང་བགད་མོ་ཤོར་སོང་།