རྒྱ་གཞུང་སྐབས་ ༡༨ པའི་ཚོགས་འདུ་དང་སྐབས་བསྟུན་ནས། མགོ་ལོག་རྨ་ཆེན་རྫོང་སྡོམ་ཁོག་ཞང་དུ་དྲག་རྡུང་དམག་སྦྱོང་ལས་འགུལ་ཞིག་སྤེལ་ཏེ། ལོ་ ༡༥ ནས་ ༦༥ བར་གྱི་སྐྱེས་པ་ཚང་མར་གཅར་རྡུང་བྱས་ཡོད་འདུག
ཕྱི་ཟླ་ ༡༠ ཚེས་ ༢༤ ནས་བཟུང་རྒྱ་གཞུང་གིས་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་ཞང་སོ་སོའི་ནང་དྲག་རྡུང་ལས་འགུལ་ཞིག་སྤེལ་མགོ་བརྩམས་ཡོད་པ་དང་། ཕྱི་ཟླ་ ༡༡ ཚེས་ ༣ ནས་བཟུང་སྡོམ་ཁོག་ཞང་དུའང་དམངས་དམག་སྦྱོང་བརྡར་ལ་ཁ་གཡར་ཏེ། རྨ་ཆེན་རྫོང་ཉེན་རྟོག་པ་དང་སྡོམ་ཁོག་ཞང་ཉེན་རྟོག་པ། ༡༡༠ ཉེན་ཟོན་རུ་ཁག་བཅས་མཉམ་འབྲེལ་ཐོག་ཉིན་ ༡༠ རིང་དྲག་རྡུང་ལས་འགུལ་སྤེལ་མགོ་བརྩམས་ཡོད་འདུག
འ་འ་ད་ངོ་མ་ཅིག་དཀའ་ཐ་འུ་ཚང་གི ལྷ་ས་དང་མདོ་སྨད་མཚོ་ལྷོ་མཚོ་བྱང་དང་མདོ་སྟོད་འབའ་ཐང་གསུམ་ལ་དྲག་རྡུང་བྱེད་ཀྱི་མེད་པ།
ད་ཡང་མགོ་ལོག་ལ་དྲག་རྡུང་ཚབ་ཆེན་གྱི་ལས་འགུལ་འགོ་བཙུགས་ཡོད་ན་མགོ་ལོག་ལ་སྐད་འབོད་
བརྒྱབ་ས་ལྟེ་བ་དེ་ཆགས་ཡིན་གྱི་རེད་ད་མགོ་ལོག་ཚོ་དཀའ་ཐ།
འདི་བདེན་པ་ཡིན་པར་ཡིད་ཆེས་ཏན་ཏན་ཡོད། ངས་འདིའི་དམིགས་ཡུལ་ཅི་ཡིན་གསལ་པོ་ཤེས། འདི་ཨུ་ཐུག་པའི་གཡོ་ཐབས་ཤིག་རེད། འདི་ལྟར་བྱས་ན་ད་གཟོད་བོད་མི་ཚོས་དྲག་པོའི་ཡ་ལན་ཞིག་སློག་པའི་རེ་བ་རྒྱག་བཞིན་ཡོད་པ་རེད། ཉེས་པ་མེད་བཞིན་དུ་དྲག་རྡུང་བྱས་ན་ཡུལ་མི་ཚོ་ཁོང་ཁྲོ་ལངས་ནས་ཉེན་རྟོག་པའི་སྟེང་ལ་ལག་བཀྱག་ཡོང་ན་ད་ཁོང་ཚོས་དེ་ལུགས་རྒྱ་ནག་ནང་དང་འཛམ་གླིང་ལ་ཁྱབ་བསྒྲགས་བྱས་ནས་ད་བོད་མི་འཇིགས་སྐུལ་རིང་ལུགས་པ་ཡིན་ཚུལ་སྒྲོག་གི་རེད།
ལས་འགུལ་འདི་འགོ་ལོག་ཏུ་སྤེལ་དགོས་པ་ལ་ཡང་རྒྱུ་མཚན་ཡོད། འགོ་ལོག་ནི་ས་ཆ་ཁུག་ཀྱོག་རེད། རྒྱ་དམར་ལ་དྲག་པོའི་ལོ་རྒོལ་བྱས་པའི་ལོ་རྒྱུས་མང་པོ་རེད། དཀར་མཛེས་དང་རྔ་བ་ལྟ་བུའི་མི་ཚོ་མགོ་ལོག་དང་བསྡུར་ན་ས་མདོ་ཆེ་ས་དང་མི་མང་གྲུང་པོ་རེད། མེ་མདའི་སྔོན་ལ་ཁུ་ཚུར་འཕྱར་ནས་མི་རྒྱུགས་པ་རྒྱ་དམར་གྱིས་ཤེས་ནས་ཆེད་དུ་མགོ་ལོག་ཏུ་ཚོད་ལྟ་བྱས་པ་རེད། ༢༠༠༨ལོའི་གོ་རྒོལ་སྐབས་སུ་ཡང་མགོ་ལོག་གི་གོ་རྒོལ་བ་ཞིག་གིས་རྒྱ་དམར་གྱི་དྲག་རྡུང་བ་དང་མེ་མདའ་འཕེན་རེས་བྱས་པ་མ་གཏོགས་བོད་ཀྱི་ས་གནས་གཞན་ལ་དེ་འདྲ་མ་བྱུང་བ་རེད།
རྒྱུ་མཚན་གཞན་ཞིག་ནི་མགོ་ལོག་ནི་འབྲོག་སྡེ་གཙོ་ཆེ་བའི་ས་ཁུལ་ཡིན་སྟབས་རྒྱ་དམར་རང་གིས་བྱ་སྤྱོད་དེ་གཞན་གྱིས་མཐོམ་མི་ནུས་པའི་གདེངས་ཚོད་ཡོད་པ་རེད། དེ་ནི་ས་གནས་གཞན་ལས་ཀྱང་འགྲིམ་འགྲུལ་དཀའ་སྟབས་གསར་འགོད་པ་སོགས་སླེབས་དཀའ་བས་ཁོ་ཚོས་འདི་འདྲ་བྱེད་ཕོད་ཀྱིན་ཡོད་པ་རེད།
སྔོན་མ་དབྱིན་ཇི་ཨུ་ཐུག་ནས་རྒྱ་གར་མི་མང་ལ་འདི་འདྲ་བྱས་མྱོང་བ་རེད
ད་ཉི་མ་རིང་དུ་རིང་། རྩམ་པ་ཞིབ་ཏུ་ཞིབ་རེད། སྤོབས་པ་མཐའ་ཡས་ཀྱིས་གསུངས་པ་ལ་རྒྱུ་མཚན་མཐོང་། སྒུག་ཨ།
གོང་གི་གནས་ཚུལ་དེ་བདེན་པ་རེད་འདོད། གང་ཡིན་ཟེར་ན་ཉིན་འགའི་སྔོན་ལ་ཕྲན་གྱི་ཕ་ཡུལ་དུ་ཁ་པར་བཏང་བ་ཡིན་མོད། དེ་དུས་ཤེས་གཏོགས་བྱུང་བ་སྟར་ན་ལས་ཁུང་གྱི་ལས་བྱེད་ཚང་མ་ཉིན་མཚན་གཉིས་ག་སྡེ་བ་ཚང་མ་སྲུང་ནས་བསྡད་འདུག། དེས་དམིགས་ཡུལ་ནི་ད་ལྟ་ཚོགས་བཞིན་པའི་བཏང་གི་ཚོགས་ཆེན་ལམ་སློང་ཡོང་བའི་ཆེད་དུ་རེདཟེར།
༼ ལོ་༡༥་ནས་༦༥ མན་གྱི་སྐྱེས་པ་ཚང་མར་གཅར་རྡུང་དྲག་པོ་བྱས་ཡོད་འདུག ༽ཞེས་ཟེར།
གནས་ཚུལ་འདི་བདེན་པ་དངོས་ཨེ་ཡིན་བསམ།
གལ་སྲིད་དངོས་བདེན་ཡིན་ཚེ་ཕོ་ཟད་མོ་ལ་ཐུག་ཀྱང་ཐུག་པའི་དུས་ཚོད་རེད། ད་ནི་ངག་བསྡོམས་ནས་འདུག་པའི་དུས་མ་རེད། འག་རྒྱག་དགོས་པ་རེད། འག་རྒྱག་པའི་དུས་ལ་བསླེབས་པ་རེད། མགོ་ལ་ཕོག་དུས་འག་མ་རྒྱབ་ན་འག་རྒྱག་པའི་སྐབས་མེད་པ་རེད། འག་ཡག་ཐག་ཆོད་ཅིག་རྒྱག་དགོས་པ་རེད།
ཡིན་ན་ཡང་། མགོ་ལ་མ་བརྒྱབས་ན་བརྒྱབས་སོང་ཞེས་རྩ་ནས་ཟེར་མི་ཉན། ལས་ཀྱི་འབྲས་བུ་མགོ་ལ་སྨིན་ཡོང་གི་རེད། གཅིག་ཡིན་ན་གཅིག་དང་།གཉིས་ཡིན་ན་གཉིས། ག་རེ་དང་གང་གིས་ཕྱིར་སོགས་ལའང་ཆད་པ་དང་ལྷག་པ་མ་ཤོར་པ་བྱེད་དགོས་གི་རེད། དེ་འདྲ་བྱས་ན་ང་ཚོའི་བདེན་པའི་རྒྱལ་ཁ་ལ་ནག་ཐིག་ཤོར་མི་སྲིད། སྐད་ཆ་ཚིག་གཅིག་ཡིན་ན་ཡང་ང་ཚོའི་བདེན་གཏམ་ལ་དུས་ནམ་ཡང་ནག་ཐིག་མི་ཤོར་པར་བྱེད་རྒྱུ་དེ་གཙོ་བོར་འཛིན་དགོས།
ཐུ་བ་རྒྱ་མཚོ་ལགས་བསམ་ཚུལ་ལ་འཐད་པ་ཡིན། གནས་ཚུལ་དངོས་བདེན་ཡིན་རྒྱུ་གལ་ཆེན་རེད་འདོད། འོན་ཀྱང་བོད་ཀྱི་ས་ཁུལ་ཚང་མ་ཡིན་པ་ངའི་མི་ཤེས་མ་བྱུང། རེད་ཏེ་མདོ་སྨད་གྱི་ས་ཁུལ་མང་ཆེ་བའི་ནང་དུ་ལས་བྱེད་དང་དམག་མི་བཅས་ཀྱི་དམངས་ཚོགས་ལ་བལྟ་སྲུང་ནན་པོ་བྱེད་གྱིན་ཡོད་པ་དེ་དངོས་ཡོད་རེད་འདུག།
མཆན་དང་པོ་ལགས་ཐུགས་ཁུར་མ་གནང་དང་ས་ཁུལ་དེ་དག་ལ་དྲག་རྡུང་སླེབས་མི་སྲིད།དེ་དག་དགའ་བ་གསུམ་ལྡན་གྱི་ས་ཁུལ་དག་རེད།
ཁ་བ་འཚོ་ལགས། ཚིག་མཚོན་ནང་ལ་འཕངས་པ་ངོ་མི་ཚ་འམ། ང་ཚོ་འདི་འདྲ་བྱེད་པའི་དུས་ཡིན་ནམ།
དྲག་རྡུང་ཇི་ཙམ་བྱས་ན་སྙིང་སྟོབས་དེ་ཙམ་ཆེ་རུ་འགྲོ་བ་ལས་དཔའ་ནམ་ཡང་ཞུམ་མི་སྲིད། འགྲོ་བ་མིའི་ལོ་རྒྱུས་ནང་ལ་ཡང་དྲག་རྡུང་གིས་གནས་སྐབས་ཙམ་ལས་མཐར་ཕྱིན་པ་མནན་ཐུབ་པའི་ལོ་རྒྱུས་མེད། ལྷག་ཏུ་བོད་མི་རིགས་ནི་དཔའ་བོའི་མི་རིགས་ཡིན་པས་དྲག་རྡུང་ལ་ནམ་ཡང་མགོ་མི་སྒུར་བའི་ཡིད་ཆེས་ཡོད།